མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིག་གི་སྒང་ལ་སྟ་རེའི་དཔེ། སྤྲེལ་ཚང་ཨ་དགེ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྤྲེལ་ཚང་ཨ་དགེ།

ཉེ་ཆར་མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་འགའ་ཕྱིར་བོད་དུ་གཏོང་འཆར་གྱིས་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཡོད་པའི་གསར་གནས་འདི་ཐོས་མ་ཐག་ནམ་རྒྱུན་ང་ཚོ་བོད་པའི་ཁ་ནང་ན་མ་ཎི་བཞིན་ཡོད་པའི་སྙིང་རྗེ་ཟེར་བའི་ཐ་སྙད་དེ་དབང་མེད་དུ་ཁ་ནས་ཤོར་སོང་། དོན་ལ་ཡང་སྙིང་རྗེ་རང་ལས་མ་འདས་པ་ཞིག་ཏུ་མཐོང་། གང་ཡིན་ཞེ་ན། དང་ཐོག་བྱིས་པ་དེ་དག་གི་ཕ་མ་སྤུན་མཆེད་ཀྱིས་འུ་ཅག་གངས་ཅན་པ་ཚང་གི་མ་འོངས་ཕུགས་འདུན་གྱི་དམིགས་རྒྱང་ཞིག་གི་ཆེད་དུ།  ཡིད་ཆེས་ཀྱི་སྟེང་ལ་རེ་ལྟོས་ཀྱིས་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་རྣམས་ཀྱི་ཐ་ན་གཅེས་པའི་ཚེ་སྲོག་ཚུན་བློས་བཏང་སྟེ་རི་ཆུ་སྟོང་ཕྲག་གི་ཕ་རོལ་ནས་སྐྱབས་བཅོལ་དུ་བཏང་།  བཏང་བ་ཙམ་དུ་མ་ཟད་འབྱོར་ཙམ་ནས་བཟུང་སྐྱབས་བཅོལ་ས་ཞིག་དང་བསྐྱབས་དང་སྐྱོབ་བཞིན་ཡོད་པ་ཞིག་གི་ཡིད་ཆེད་དང་བློ་གཏད་ངང་ད་དུང་རེ་བ་བརྒྱབ། བྱིས་པ་ཚོས་ཀྱང་རང་གི་མ་ཡུམ་སློབ་གྲྭ་དང་རང་གཞུང་ལ་གཞིས་ཁྱིམ་དང་ཕ་མ་ལས་བརྩེ་བ་དང་ཡིད་ཆེས་བཅངས། མཚམས་འདིར་ཕྱོགས་གཉི་ཀའི་རེ་བ་དང་ཡིད་ཆེས་ཡོད་ཚད་གློ་བར་རྣམ་པ་གཞན་ཞིག་ཏུ་བསྒྱུར་སོང་། དངོས་གནས་སྙིང་རྗེ་དང་ཕངས་སེམས་རང་རེད། མ་གཞི་ནས་དེ་འདྲའི་སྒྲིག་འགལ་རིགས་བྱུང་ན་སློབ་ཁོངས་ནས་གནས་དབྱུང་གཏོང་ལོས་ཀྱང་དགོས་ཏེ། འོན་ཀྱང་མཐའ་མཚམས་ཀྱི་ཉེན་ཁའི་འོག་ཕྱིར་བོད་དུ་སྤྱུགས་དགོས་པ་སྒྲིག་གཞིའི་འབྲུ་དོན་ཨེ་ཡིན་ནམ།  གལ་སྲིད་སྒྲིག་གཞིའི་འབྲུ་དོན་དང་གཞུང་གི་དགོངས་དོན་གང་ཡིན་ཡང་ཤིག་གི་སྟེང་ལ་སྟ་རེ་གཞུས་པའི་དཔེ་ལས་མ་འདས་ལ།  ཆེ་ས་གཞིས་བྱེས་བོད་མིའི་མཛའ་མཐུན་དང་། ཆབ་སྲིད་ཀྱི་གནས་བབ།༼འདི་འདྲའི་གོ་སྐབས་བེད་སྤྱད་ཀྱིས་རྒྱ་གཞུང་གིས་གཡོ་ཐབས་དང་འཁྱོགས་བཤད་འདྲ་མིན་ཡོང་མི་སྲིད་པ་མ་རེད་སྙམ། ༽མ་འོངས་བོད་ཀྱི་རྩ་དོན་ཐད་ལའང་དགོས་ཕན་དགེ་སྐྱོན་ཅི་འབྱུང་དང་། ཆུང་ས་ནས་ཞུས་ན། བྱིས་པ་ཚོའི་ཚེ་སྲོག་གི་འགན་འཁུར།  ལམ་བར་གྱི་དཀའ་སྡུག  སྤྱི་ཚོགས་ཀྱིས་རང་གཞུང་ལ་ལྟ་སྟངས་སོགས་ལ་ཐུགས་བསམ་མ་གནང་བར། ཐད་ཀར་དེ་འདྲའི་ཐག་ཆོད་བྱས་འདུག་པ་འདིས། གཅིག་ནས་དབང་འཛིན་པ་དེ་ཚོའི་ཆབ་སྲིད་བསམ་བློའི་གོ་རྟོགས་ཀྱི་གནས་བབ་དང་། གཉིས་ནས་ཁོང་ཚོས་རང་རིགས་སློབ་ཕྲུག་དེ་དག་གི་ཚེ་སྲོག་གི་རིན་ཐང་ཐད་ལ་བཟུང་པའི་འདུ་ཤེས་ལ་སྡོམ་ཚིག་ཅིག་བཞག་པ་མ་རེད་དམ། ད་དུང་ནམ་རྒྱུན་གཞུང་ཞབས་དང་སྐུ་ངོ་ལྕེ་བདེ་འགས་ང་ཚོ་བོད་མི་རྐང་གཅིག་གི་ཚེ་སྲོག་ཡན་གལ་ཆེན་དང་གཅེས་སྐྱོང་དགོས་ཚུལ་གྱི་རིགས་ཞེན་དང་ཤ་ཚའི་གཏམ་བཤད་དེ་དག་ཀྱང་ཁ་གཡང་ཙམ་ཡིན་པ་ད་རེབ་གསལ་སྟོན་བྱས་སོང་། མདོ་དོན། ད་རེས་སྤྱི་འཐུས་ཀྱི་སྙན་ཞུའི་འབྲི་དོན་བཞིན་གཞུང་དང་དེར་འབྲེལ་དབང་ཡོད་ཚོགས་སྡེ་གང་ཡིན་གྱིས་བོད་ཕྲུག་དེ་རྣམས་ཕྱིར་བོད་དུ་གཏོང་པའི་ཐག་ཆོད་ཕྱིར་འཐེན་གནང་རྒྱུ་གལ་ཆེ་བར་མཐོང་ངོ་།།

 

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 5

  1. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    དངོས་ཉིད་ཡག་པོ་གསུང་འདུག་ཐུགས་རྗེ་ཆེ། ངའི་ནམ་རྒྱུན་ནས་དེའི་སྐོར་ལ་སྐད་ཆ་དྲིས་མཁན་འདྲ་བྱུང་ན་ཁྱེད་ཀྱི་གསུང་པ་བཞིན་ཞུ་གི་ཡོད། ང་གྲྭ་རྐྱང་ཞིག་གི་གུང་སེང་གི་ཉི་གྲངས་ཚང་མ་སློན་ཕྲུག་ཚོའི་ཆེད་དུ་འབུལ་ངེས་ཡིན།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    དེང་དུས་འཁྲིག་སྤྱོད་ཀྱི་ཚུལ་འཆལ་ནི། འཁྲིག་སྤྱོད་དྲྭ་རྒྱ་གློག་བརྙན་སོགས་ལས་བྱུང་བ་ཡིན་པས་བྱས་རྗེས་ཅན་གྱི་ཕ་ཚབ་མ་ཚབ་དག་ལམ་སེང་འབུད་ན་འགྲིག་ཨེ་ཡོང་། དེང་སང་ཕྲུ་གུས་ཕྲུ་གུ་དམར་གསོད་གཏོང་བའི་ཉེས་པ་ལས་ཧ་ཅང་ཆུང་བར་བརྟེན་ཆད་པ་ངེས་པར་དུ་གཅོད་དགོས་ཀྱང་ཐབས་གཞན་ཞིག་འཚོལ་དགོས་ཏེ། ང་ཚོ་ནི། རྒྱལ་ཁབ་མེད་པའི་བཙན་བྱོལ་བ་ཞིག་ཡིན་པ་དང་། དཔེར་ན། ཕྲུ་གུ་དེ་སློབ་སྤྱི་རང་གི་ཕྲུ་གུ་ཡིན་ན་ཐབས་ཇི་ལྟར་འཚོལ་དགོས་པ་བཞིན་ནོ། །

    Reply
  3. གནམ་ལྕགས། says:
    ལོ་ 16 སྔོན།

    སྦྲེལ་ཚང་ཨ་དགེ་ཡིས་མཁོ་ཐོག་ལ་རྒྱབ་པའི་རྩོམ་ཡིག་ཅིག་བྲིས་འདུག བདག་གིས་ཀྱང་འདི་འདྲ་ཞིག་ལ་བསམ་བློ་བཏང་ནས་བསྡད་ཡོད་མོད། འོན་ཀྱང་འདི་ལས་ལྷག་ཅིག་འབྲི་རྒྱུ་མེད་པས་ན། སྦྲེལ་ཚང་ཨ་དགེའི་རྩོམ་ཡིག་འདིས་ང་དང་བཅས་པའི་མི་མང་བོ་ཞིག་གི་མགྲིན་ཚབ་བྱེད་ཐུབ་པའི་རེ་བ་བཅས་བཀྲིས་བདེ་ལེགས་ཞུ།

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ་གསར་འགོད་པ་ཨ་རིག་ལགས
    ང་ཚོའི་ཚོགས་འདུ་དེའི་འཇུག་བསྡོམ་ལ་རེ་ནས་ཡོད་པས་ཉིད་ཀྱི་སྐུ་ངལ་ལ་མི་འཛེམས་པར་ང་ཚོ་ཉམ་ཆུང་པ་དག་གི་ཆེད་བུ་ཕྲུག་དག་གི་ཐད་ཚོགས་འདིར་ཐག་བཅོད་གང་ཡོང་གསར་ཤོག་འདིར་འགོད་ཐུབ་པ་གནང་རོགས་ཞུ་རྒྱུ་ཡིན

    Reply
  5. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ཨོ་ཧོ། བྱིས་བའི་ཐོབ་ཐང་འཕྲོག་ནས་འཇོན་ཐང་ཞིག་ཏུ་བརྩི་བཞིན་ཡོད་པ་སྨྲོས་མེད་རེད། ངོ་མ་སྙིང་རྗེ་རེད། ད་ནི་ཕྲུ་གུ་དེ་ཚོ་ལ་བོད་རིགས་སྐྱབས་བའི་ཐོབ་ཐང་ཡང་མེད་པ་རེད། ང་ཚོ་གནས་སའི་སྐྱབས་བཅོལ་བའི་ཡུལ་ལུང་འདི་ནས་ཁོང་ཚོ་ཕ་ཡུལ་ཕྱོགས་སུ་རྒྱང་འཕུད་དུ་བཏང་ནས་གཟི་བརྗིད་ཞིག་ཏུ་འདོད་ཀྱིན་ཡོད་ན་རྦད་དེ་ནོར་བ་རེད། ད་དུང་ཤུལ་དུ་ཡོད་སློབ་ཕྲུག་ཚོར་འཇིག་སྐུལ་གྱི་ཚུལ་དུ་ཡིན་ན་དེ་ལས་ནོར་བ་རེད། མ་གཞིར་ད་དུང་ང་ཚོའི་སྐྱབས་བཅོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་རྒྱ་ནག་གིས་བཤད་བཞིན་པའི་བཀོས་བཀོད་རྒྱུན་འཛིན་རང་ལུགས་ཀྱི་ནད་རྙིང་དེ་ལྷག་བསྡད་ཡོད་པ་རེད། བྱིས་བ་དེ་ཚོས་འཁྲུག་སྤྱོད་ཀྱི་བྱ་སྤྱོད་ཙམ་ལ་བརྟེན་ནས་གནས་སའི་ཡུལ་ལུང་ནས་འཕུད་རྒྱུའི་དབང་ཚད་ཡོད་ན། དགོན་ཁག་ནས་བཙུན་པ་ཕོ་མོ་དམ་ཚིག་ཉམས་པ་དེ་ཚོ་ཡུལ་ཕྱོགས་གང་དུ་གཏོང་རྩིས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese