མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རཱ་ལོ་དང་བགྲོ་གླེང་བའི་གཏམ། ཨ་རིག་འགྱུར་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་རཱ་ལོ། བོད་ཀྱི་དུས་བབ་ངོས་ན་གཡག་ཞ་ར་ཡོད་མེད་དང་ཁྱོས་དེ་ཚོར་འུར་རྡོས་འཁེལ་མིན་གནད་འགག་མ་རེད། གཙོ་བོ་ཁྱེད་ཀྱིས་ཐེངས་འདིར་རང་གི་ལྟ་ཚུལ་ཅི་བཞིན་དྲང་པོ་དྲང་བཞག་གི་སྐད་ཆ་ཚིག་འགའ་བཤད་པ་དང་། བློ་དོགས་ཇི་ལྟར་མི་མང་ལ་དོགས་འདྲི་བྱས་པ་འདི་གལ་ཆེན་པོ་རེད།

སྤྱི་ཡོངས་ནས་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཕྱིར་འབུད་བཏང་བའི་སློབ་མ་དེ་ཚོར་ ༼ བྱིས་པ་ ༽ ཞེས་འབོད་དོན། དེ་དག་གི་ཁྲོད་ན་རང་ལོ་ ༡༣ ཅན་ཡང་ཡོད་པས་ ༼ བྱིས་པ་ ༽ ཟེར་བའི་མིང་འདི་བཙན་གྱིས་བླངས་ས་འགྲོ་གི་མ་རེད། དེའི་ནང་གི་བུ་མོ་དེ་ལོ་ ༡༨ ཡིན་པའི་རྒྱུ་མཚན་གྱིས་བྱིས་པ་ཟེར་བའི་མིང་འདི་སློབ་ཕྲུག་སྤྱི་ཡོངས་ཀྱི་མགོ་ནས་ལེན་དགོས་པའི་ངེས་པའང་མི་འདུག ཡང་བྱིས་པ་ཞིག་གི་ངོ་བོར་བཙན་གྱིས་བཀབ་སྟེ་བཙན་བྱོལ་བོད་གཞུང་དང་མ་སུ་རི་སློབ་གྲྭ་བཅས་རང་རེའི་སྒྲིག་འཛུགས་གལ་ཆེན་པོ་འདི་དག་ལ་ནག་ཉེས་འགེལ་ཇི་ཐབས་བྱས་པའང་མ་རེད།

དེང་སྐབས་མི་ཕལ་ཆེ་བས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྐད་ཆ་གཅིག་རང་གཅིག་བཤད་ཀྱིན་པ་ནི། ཕུད་ཟིན་པའི་སློབ་ཕྲུག་དེ་དག་ཆུ་བཞུར་མཁན་ཡིན་ཡང་། དེའི་ཤུལ་གྱི་སློབ་མ་སྤྱི་བྱིངས་གྲམ་པ་འདུག་མཁན་ཡིན་པས། འབྱུང་འགྱུར་གྱི་སློབ་གྲྭའི་སྒྲིག་འཛུགས་དང་སློབ་གྲྭའི་ཆེ་མཐོང་བསམ་ན་སློབ་མ་དེ་དག་སློབ་གྲྭ་ནས་ཕུད་པ་འགྲིག་འདུག་མོད། ཕྱིར་བོད་དུ་གཏོང་རྩིས་བྱིས་པ་འགྲིག་མི་འདུག་ཟེར་བ་དེ་རེད། དེ་གཞོན་སྐྱེས་དང་མང་ཚོགས་ཤིག་གཅིག་རྒྱབ་གཅིག་ལངས་བྱས་ཏེ་བོད་གཞུང་བཀའ་ཤག་དང་བཅས་པར་གཞི་མེད་སྐྱོན་འཛུགས་བྱེད་འདོད་པ་མ་རེད། མི་ཚང་མས་གནད་དོན་འདི་དེ་ལྟ་བུ་ཞིག་ཏུ་ངོས་བཟུང་བས་རེད།

ཁྱེད་རང་ཐུགས་སེམས་མ་འཁྲུལ་བར་བློ་བདེ་བར་བཞུགས་རོགས། རང་རེའི་དབུ་ཁྲིད་དམ་པ་མེད་དུས་ཤིག་ལ་བོད་མི་མང་སྤྱི་བྱིངས་ཀྱིས་འབངས་གྱེན་ལོག་གི་བྱ་སྤྱོད་སྤེལ་རྩིས་མི་འདུག གནས་ལུགས་དང་ལམ་ལུགས་ལ་མི་ལྟ་མི་དཔྱོད་པར། རྡོ་དང་རྒྱུགས་པ་བཟུང་ནས་ཡོང་སྟེ་གངས་ཅན་སྐྱིད་གཤོངས་འདི་ལེབ་ལེབ་མི་བཟོ་བའི་གདེང་ཚོད་ནི། ཁྱོད་རཱ་ལོའི་མིང་ཅན་པོ་མ་གཏོགས་མགོ་འཛིན་སྐྱོང་བཀའ་ཤག་ནས་འོག་ང་ལྟ་བུའི་བར་དུ་ཡོད་ཚོད་འདུག

རེད། ཁྱོད་ཀྱིས་བཤད་པ་ཇི་བཞིན། བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ནང་འབྱུང་བཞིན་པའི་འཁྲིག་སྤྱོད་སྐོར་གྱི་གནད་དོན་འདི་དེང་སྐབས་ཛ་དྲག་གི་ངོ་བར་འགྱུར་གྱིན་འདུག དེ་ཡང་སློབ་གྲྭའི་གནས་སྐབས་སུ་བུ་མོ་གཅིག་ལ་བུ་དགུས་སྤྱོད་ཀྱིན་པའི་ཛ་དྲག་གི་ངོ་བོར་འཕེལ་གྱིན་འདུག འདི་ལྟར་གནད་དོན་ཛ་དྲག་གི་ངོ་བོར་འཕེལ་དུས་མི་མང་ནང་གླེང་ཕྱོགས་འདྲ་མིན་སྣ་ཚོགས་ཡོང་བ་ཆོས་ཉིད་རེད་ལ། འདི་ལྟར་གནད་དོན་ཛ་དྲག་གི་ངོ་བོར་འཕེལ་དུས་ད་གཟོད་ཐག་གཅོད་ཀྱི་བྱ་བའང་ཏན་ཏན་ཏིག་ཏིག་གིས་གནང་དགོས་པ་གནད་འགག་རེད།

ཁྱོད་ཀྱིས་གནད་དོན་འདི་ཛ་དྲག་ཏུ་གཟིགས་པ་ལྟར་བཀའ་ཤག་དང་ཤེས་རིག་ལས་ཁུངས། མ་སུ་རི་བོད་ཁྱིམ་བཅས་ཀྱིས་ཀྱང་ཛ་དྲག་གི་ངོ་བོར་གཟིགས་ཏེ་སློབ་ཕྲུག་དེ་ཚོ་དགུ་བོ་བྱས་ཉེས་ཆེ་ཆུང་གི་གོ་རིམ་ལྟར་ཐག་གཅོད་ཀྱང་བྱས་མེད་པར། ཉེས་ཆད་གཅིག་པ་དང་སློབ་གྲྭ་ཙམ་དུ་མ་ཟད་ཕྱིར་ཕ་ཡུལ་དུ་སྐྱེལ་དགོས་པའི་ཛ་དྲག་གི་ངོ་བོར་གཟིགས་སྟབས། མེ་དམར་བོའི་སྟེང་དུ་ཤིང་བསྣན་པ་ལྟ་བུའི་ཛ་དྲག་གི་ངོ་བོར་གྱུར་སོང་བ་རེད།  ཁྱོད་ཀྱིས་བཤད་པ་ལྟར་གནས་ཚུལ་འདི་ལྟ་བུ་སུ་ཇཱ་གཙོས་འཛིན་རིམ་དམའ་ཡང་ལོ་ཚོད་མཐོ་ཞིང་བོད་ནས་ཡོང་བ་མང་བའི་སློབ་གྲྭ་ཁག་ཏུ་ཡོད་སྲིད་པ་རེད།

ཡིན་ནའང་། ཁྱོད་ཀྱིས་མ་བརྗེད། སློབ་གྲྭ་གང་ཞིག་ནས་འཁྲིག་སྤྱོད་ཀྱི་གནད་དོན་བྱུང་སྟེ། སློབ་མ་ཕྱིར་ཕ་ཡུལ་བར་དུ་བསྐྱལ་བའི་གནས་ཚུལ་བྱུང་འདུག ལྷག་པར་དུ་བཙན་གྱིས་བསྐྱལ་བ་དང་རང་འགུལ་གྱིས་འགྲོ་མཁན་ལ་ལམ་འཇུག་བྱས་པ་གཉིས། གཏན་ནས་ངོ་བོ་གཅིག་ས་འགྲོ་གི་མ་རེད། དེར་བརྟེན་མང་ཚོགས་ཀྱིས་ཁེ་བཟང་དེ་སྤྱད་ནས་བོད་གཞུང་ལ་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་རེད་ཅེས་པ་ཁྱོད་ཀྱི་རྫུན་གཏམ་རེད། སྒྲོ་འདོགས་རེད། བསྐུར་བ་བཏབས་པ་རེད། འདི་བོད་གཞུང་གིས་ཀྱང་གསལ་བོར་མཁྱེན་གི་རེད་འདོད།

ཡང་ཁྱོད་ཀྱིས། གནད་དོན་གཞན་ཞིག་ནི། སྤྱིར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བཙན་བྱོལ་དུ་ཡོང་བའི་མི་རྣམས་བཙན་གནོན་བྱེད་མཁན་དེ་ལ་བཙན་ཚུགས་ཀྱིས་ཕྱིར་རྩིས་སྤྲོད་བྱེད་པའི་ལུགས་སྲོལ་མེད་ལ། དེ་ནི་བྱིས་པ་ཙམ་དུ་མ་ཟད། མི་རྒན་ཚོར་ཡང་དེ་འདྲའི་བྱ་བ་ལག་བསྟར་བྱེད་ཆོག་གི་མ་རེད། ཅེས་དང་། ཡང་གཅིག་བཤད་ན། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་ན། བྱིས་པ་ལ་རྒྱལ་མཚམས་ཡོད་པ་མ་རེད། ཁོང་ཚོ་གང་དུ་འགྲོ་ན་རང་དབང་རེད། དེར་བརྟེན་བོད་རིགས་བྱིས་པ་ཚོ་ཕྱིར་རང་གི་ཕ་མའི་འགྲམ་དུ་ལོག་བཅུག་པ་འདི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགྲིག་བསྡད་ཡོད་པ་རེད། ཅེས་ཟེར།

གོང་གི་དུམ་ཚན་ཐུང་ངུ་དེར་བསམ་ན་སྤྱིར་ཁྱོད་ཀྱིས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་བསམ་བློ་མཚོན་མི་ཐུབ་པའི་ཁར། རྒྱལ་སྤྱིའི་ཁྲིམས་ལུགས་བཤད་དུས་མུན་ནག་མདའ་འཕེན་གི་སྐད་ཆ་བཤད་ཀྱིན་འདུག ངས་གཅིག་གཅིག་གཉིས་གཉིས་བྱས་ཏེ་འདི་འདི་རེད་དང་གན་གན་རེད་ཟེར་མི་དགོས་པར། ཁྱོད་རཱ་ལོའི་མིང་ཅན་པོས་རང་མཚང་རང་གིས་བྲུས་འདུག

དངོས་གནས་བཤད་ན་སྐད་ཆ་འདི་ཁ་སང་དེ་རིང་གི་གླེང་ཕྱོགས་ངོ་མ་དེ་ཡིན་ཡང་། ཁྱོད་ཀྱིས་གླེང་དགོས་པ་ངོ་མ་དེ་འདི་ལྟར་སྟབས་བདེ་མོ་བདེ་མོ་ཞིག་གིས་འགྲེལ་འདུག སྤྱིར་བཀའ་ཤག་གིས་བྱིས་པ་འདི་ཚོ་ཕ་མའི་འགྲམ་དུ་ལོག་འཇུག་གི་ཡིན་ཟེར་གི་ཡོད་ལ། མང་ཚོགས་ཀྱིས་བྱིས་པ་འདི་ཚོ་རྒྱ་ལག་ལ་བཞག་སོང་ཟེར་གྱིན་ཡོད། མང་ཚོགས་ཀྱིས་བཀའ་ཤག་ལ་ཁོང་ཚོ་ལམ་བར་ནས་བདེ་འཇགས་ངང་ཕ་མའི་འགྲམ་དུ་སྐྱེལ་ཐུབ་པའི་གདེང་ཚོད་ཡོད་མེད་ཚ་འདྲི་ཡང་འདྲི་བྱེད་ཀི་ཡོད་ལ། ད་བར་བཀའ་ཤག་གིས་ཁག་ཐེག་འོག་ཕ་མའི་འགྲམ་དུ་བསྐྱལ་བའི་བྱིས་པ་ཞིག་མེད་ཚོད་ཡིན། དེས་ན་བཀའ་ཤག་གིས་བྱིས་པ་འདི་ཚོ་ཕ་མའི་གམ་དུ་བསྐྱལ་བ་འགྲིག་པའི་དབང་དུ་བཏང་རུང་། ཁྱོད་རཱ་ལོ་གཙོས་པའི་བཙན་བྱོལ་གྱི་རྒན་མགོ་དཀར་ནས་གཞོན་སོ་དཀར་ཚུན་གྱི་བོད་མི་ཚང་མར། བྱིས་པ་འདི་ཚོ་ལམ་བར་ནས་རྒྱ་ལག་ཏུ་མི་འཆོར་བའི་གདེང་ཚོད་མེད་པས་ན། བྱིས་པ་ཚོ་རྒྱ་ལག་ལ་བསམ་གཟས་ནས་བཞག་པ་མིན་ཡང་། རང་ཤུགས་ཀྱིས་ལག་ཏུ་ཤོར་འགྲོ་བའི་སྡུག་སྐད་རྒྱག་མགོ་ཚུགས་པ་རེད། ཆོ་ངེ་ཤོར་བ་རེད། ཁེངས་ཚིག་བོར་བ་རེད། དེ་མ་བརྗེད།

ཁྱོད་ལྟར་ན།  བོད་གཞུང་གིས་བོད་ནས་ཡོང་བའི་གཞོན་སྐྱེས་ཚང་མ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད། དཔེར་ན། གསོག་སྒར་སློབ་གྲྭའི་སློབ་མ་དང་འཛིན་གྲྭ་ཁུངས་མ་འཁྱོལ་མཁན་བོད་ཁྱིམ་གྱི་བྱིས་པ་ཚང་མ་ཕྱིར་བོད་དུ་ལོག་དགོས་པའི་སྲིད་བྱུས་བཟུང་ཡོད་པ་མ་ཟད། ད་བར་དུ་བོད་གཞུང་གིས་བྱིས་པ་དེ་དག་ལ་སོ་སོའི་ཕ་ཡུལ་བར་དུ་འདང་ངེས་པའི་ལམ་གྲོན་ཡང་སྤྲོད་ཀྱི་ཡོད། འདི་དག་ཀྱང་བཤད་ཕྱོགས་བརྗེ་ན་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཡིན་པས་ཁྱབ་དགོས་ཟེར་མོད། གོང་ཞུས་ལྟར་རང་ངོས་ནས་འགྲོ་འདོད་ཡོད་མཁན་ཞིག་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལྟར། ལམ་མཇུག་གནང་བ་དང་འགྲོ་འདོད་མེད་མཁན་ཞིག་སློབ་གྲྭ་ནས་ཕུད་པའི་མ་ཚད། ཕྱིར་བོད་དུ་སྐྱེལ་རྒྱུ་ཟེར་བ་འདི་གཉིས་ངོ་བོ་གཅིག་གི་སྟེང་ལ་འཇོག་སྟངས་མེད་པས། ཁྱོད་ཀྱིས་ཁྱབ་མཐའ་ཡང་ལས་སླ་བོར་འཆོར་དུ་དོགས་པའི་གནས་སོ། །

ལྷག་པར་དུ་སྐབས་འདིར་ངས་ཁྱོད་ལ་གསལ་འདེབས་ཤིག་བྱེད། ང་སློབ་གྲྭར་ཡོད་སྐབས་འཁྲུག་འཛིང་བྱས་པ་དང་རྐུན་མ་བརྐུས་པ་སོགས་སློབ་གྲྭའི་སྒྲིག་གཞི་དང་འགལ་བའི་བྱིས་པའམ། སློབ་མ་བསྡོམས་པས་དྲུག་ཙམ་སློབ་གྲྭ་ནས་ཕྱིར་འབུད་བཏང་སོང་ཡང་། སློབ་གྲྭ་ནས་ཕུད་ཉིན་ནས་བཟུང་ ༼ ཕྱིར་འབུད་ ༽ ནི་ཕྱིར་འབུད་ཡིན་སྟབས། ཉལ་ཆས་དང་ཕོར་བ་རྩིས་སྤྲོད་བྱས་རྗེས་རྡོག་ཁྲེས་ཁུར་ནས་འགྲོ་རྒྱུ་ལས། དེ་ནས་བཟུང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་གང་དུ་ཕྱིན་ནས་འདུག་མིན་དང་། འཚོ་བ་ཇི་ལྟར་རོལ་མིན་སོགས་ཀྱི་ཐད་ལ་སློབ་གྲྭས་སྟངས་འཛིན་བྱེད་ཀྱི་མེད་པ་དེ་རེད།

མཇུག་གི་ཁྱོད་ཀྱི་དྲི་བ་དེ་ཚོར་ལན་སྟབས་བདེ་རེ་བཏབས་ན། བུ་མོ་དེ་བུད་མེད་ཅིག་རེད་ཟེར་ཆོག་ཡང་། མོ་དང་མཉམ་དུ་ཉལ་མཁན་ནང་རང་ལོ་ ༡༣ ཅན་གྱི་བྱིས་པ་འདུག་ལ། དེ་ལྟ་བུའི་བྱིས་པ་བསམ་མེད་ཅིག་ཕྱིར་ཕ་ཡུལ་དུ་ལམ་བར་གྱི་དཀའ་ཁག་དང་། རྒྱ་ལག་ཏུ་མི་འཆོར་བའི་གདེང་ཚོད་མེད་བཞིན་དུ་ཕ་ཡུལ་དུ་སྐྱེལ་རྒྱུ་ཟེར་ན་ལུགས་མཐུན་མ་རེད།

བཙན་བྱོལ་བོད་གཞུང་གིས་ལམ་མཇུག་བྱས་པ་རེད་ཟེར་དུས་ཁོང་ཚོ་རང་རང་གི་འདོད་བློ་བཞིན་ལམ་འཇུག་བྱས་པ་ཞིག་ལ་གོ་དགོས་མོད། ད་བར་བྱིས་པ་ཚོས་ཁ་ནས་ཁོང་ཚོ་ཕྱིར་རང་ཡུལ་དུ་ལོག་འདོད་ཡོད་སྐོར་ཞིག་མ་གོ་བའི་ཐོག ངས་དེ་སྔོན་ནས་དོགས་འདྲི་བྱས་པ་བཞིན་བྱིས་པ་ཚོར་རང་རང་གི་བསམ་ཚུལ་རྗེན་པ་བཤད་རྒྱུའི་གོ་སྐབས་བྱུང་ཡོད་མེད་དེ་རེད།

མཇུག་ཏུ་ངས་རཱ་ལོའི་མིང་ཅན་པོར་རེ་སྐུལ་ཞུ་རྒྱུ་ཞིག་ལ། ངས་ཁྱེད་དང་དངོས་ཡོད་གནས་ཚུལ་གྱི་སྟེང་ནས་བགྲོ་གླེང་ཙམ་བྱེད་འདོད་པ་ལས། དམིགས་འདུན་གཞན་ཅི་ཡང་མེད། གལ་སྲིད་ཁྱོད་ལ་ཐུགས་འདུན་ཡོད་ན་མུ་མཐུད་དེ་བགྲོ་གླེང་བར་བྱ། ཡིན་ནའང་། ང་འདི་ཡང་ཁྱོད་ལྟར་ཅིག་བཤད་རྒྱུར་དགའ་བ་ཙམ་ལས་ཅང་ཤེས་མཁན་ཞིག་མིན་པས། འུ་གཉིས་ཀྱིས་མི་གཞན་གྱི་མིག་མདུན་ནས་མྱིག་ག་ལོས་སྟོན་བསམ་ན་སྐྲག་གི  དེ་ཐུགས་ལ་ཉར་རོགས།

མཆན། 11

  1. སྟག་སྨྱོན། says:
    ལོ་ 13 སྔོན།

    སྤྱི་བཏང་བུ་མོ་དེའི་བྱེད་སྟངས་ལ་ལྟོས་ན་སློབ་གྲྭ་ནས་མ་པར་མུ་མཐུད་བཞག་ན་སློབ་སྦྱོང་བྱེད་རྒྱུའི་འདོད་པ་ཡོད་པ་འདྲ་བོ་མཐོང་གི་མི་འདུག མོ་ལ་མཚོན་ན་སློབ་གྲྭ་ནས་ཕུད་དང་མ་ཕུད་ལ་ཁྱད་པར་མི་འདུག་སྙམ། འོ་ན་མོས་སློབ་གྲྭའི་ཁྲིམས་འགལ་བ་ལས་རྒྱལ་ཁབ་ཀྱི་རྩ་དང་འགལ་བ་མ་རེད། བྱས་ཙང་བཀའ་ཤག་བར་དུ་འགྲོ་དགོས་པའི་གནས་ཚུལ་ཞིག་མ་རེད། མ་ཟད་མོ་རང་ལ་མཚམས་པའི་ལས་ཞིག་སྦྱོང་རྒྱུ་གོ་སྐབས་སྤྲོད་དགོས་པ་རེད། བོད་དམ་རྒྱ་དམར་ཕྱོགས་སུ་བཏང་བ་འགྲིག་མི་འདུག

    Reply
  2. འཇམ་གྲགས says:
    ལོ་ 13 སྔོན།

    སློབ་ཕྲུག་དེ་རྣམས་ཀྱིས་སློབ་གྲའི་སྒྲིགས་དང་འགལ་བ་བྱས་ཙང་སློབ་གྲ་ནས་ཕྱིར་ཕུད་པ་ཡིན། འོན་ཀྱང་བྱིད་པ་ནར་མ་སོན་བ་དང་། ཕ་མས་ང་ཚོ་སྐྱབས་བཅོལ་གཞུང་ལ་ཡིད་ཆེས་བཅོལ་བ་ཡིན་ཙང་། ང་ཚོས་ཐབས་ཤེས་འདི་དང་འདིས། ཕྲུ་གུ་འདི་རྣམས་ལ་མདུན་ལམ་འདི་དང་འདི་བཙལ་བ་ཡིན་ཟེར་ཐབས་ཤེས་ཞིག་བྱས་ཡོད་ན། ཡིན་ད་ཡིན། རྗེས་སུ་ཡི་རང་ཞུ།

    Reply
  3. རླུང་པུ says:
    ལོ་ 13 སྔོན།

    རྭ་ལོ་ཞེས་པའི་མི་དེ་མ་སུ་རི་སློབ་གྲྭའི་སློབ་མ་བཙན་བྱོན་གཞུང་ནས་རྒྱང་ཕུད་བཏང་མཁན་གྱི་མི་གཏེ་བོ་དེ་ལས་ཡིན་སྙམ་པའི་ཚོར་བ་ཞིག་ང་ལ་འདུག ཨ་རིག་འགྱུར་མེད་ཁྱོས་ལན་སློག་པ་གནད་དུ་ཕོག་འདུག བུ་རྒོད་པོ། འགྲིག་འདུག

    Reply
  4. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    དགེ་སློང་བཀའ་ཤག་ཚང་གིས་འདོད་པའི་བདེ་བ་སྤྱད་པ་དེ་ལ་ཚུལ་མིན་གྱི་བྱ་སྤྱོད་ཅེས་ངོས་འཛིན་གནང་འདུག ཧཧཧཧཧཧ

    ཚུལ་མིན་བྱ་སྤྱོད ཚུལ་མིན་བྱ་སྤྱོད ཚུལ་མིན་བྱ་སྤྱོད ཚུལ་མིན་བྱ་སྤྱོད་ལ་བརྟེན་ནས་སྐྱེས་པའི་མི་རྣམས་ཀྱིས་ངོ་མ་དགེ་སློང་རྣམ་པར་སེམས་ངལ་བཟོ་ཞོར། ཕྲག་དོག་སླངས་ཞོར་ཐག་གཅོད་ཡ་མཚན་ཅན་བྱེད་དུ་འཇུག་གི་ཡ
    ཆོས་ས་ཆོས་ཡུལ་འདྲ་ས་མི་འདུག ཚུལ་མིན་བྱ་སྤྱོད ཚུལ་མིན་བྱ་སྤྱོད

    Reply
  5. ཀུན་དགའ། says:
    ལོ་ 13 སྔོན།

    གསར་འགོད་པ་ཨ་རིག་འགྱུར་མེད་ལགས་ཀྱིས་དོན་དངོས་ལྡན་པའི་བགྲོ་གླེང་གནད་དུ་སྨིན་པ་ཞིག་གནང་འདུག རྒྱབ་སྐྱོར་ཡོད།

    Reply
  6. ཚྭ་སྒང་ཕོ་ཉ། says:
    ལོ་ 13 སྔོན།

    དྲ་གྲོགས་ཨ་རིགས་ཀྱི་སྐད་ཆ་ལ་མོས་མཐུན་ཡོད་ཐུགས་རྗེ་ཆེ་ཞུ།
    སློབ་གྲྭའི་སྒྲིགས་དང་འགལ་ན་སློབ་གྲྭ་ནས་ཕྱིར་འབུད་བྱེད་རྒྱུའི་དབང་ཚད་དེ་སློབ་གྲྭའི་དབུ་འཛིན་རྣམས་ལ་ཡོད་ཀྱང་དེ་ཙམ་གྱིས་མ་ཚད་པརདབང་མེད་དུ་སློབ་ཕྲུག་རྣམས་བོད་ནང་དུ་ཕྱི་བློག་པ་འམ་སྐད་ཆ་གཞན་ཞིག་ནས་བཤད་ན་བསྟན་དགྲ་རྒྱ་དམར་གྱི་ལག་ཏུ་ཕྱི་སྤྲོད་བྱེད་རྒྱུའི་དབང་ཆ་དེ་སུས་སློབ་གྲྭ་ལ་སྤྲད་པ་རེད། དེ་ནི་རྒྱུ་འབྲས་མེད་པའི་བྱ་སྤྱོད་ཅིག་ཅི་ལ་མིན། དྲང་མོ་བཤད་ན་སློབ་ཕྲུག་དེ་ཚོ་སྙིང་རྗེ་མུ་ཡུལ་ས་མཐའ་འདིར་སྤུན་ཉེ་སོགས་མེད་པའི་ཐོགས་རང་གི་ཡིད་ཆེས་བློས་འགེལ་བྱེད་སའི་སློབ་གྲྭས་དེ་ལྟ་བུ་བྱ་སྤྱོད་ཅིག་སྤེལ་ཡོང་བསམ་པའི་བསམ་པའི་ཡུལ་ལ་ཡང་ཡོད་རྒྱུ་མ་རེད། དྲ་གྲོགས་རྣམས་ལ་སློབ་གྲྭའི་དབུ་འཛིན་གྱི་ཁ་པར་ཨང་གྲངས་ཡོད་ན་གུས་པར་གནང་རོགས་ངའི་སེམས་སྟེང་གི་སྐད་ཆ་ཁ་ཤས་བཤད་འདོད་ཡོད་ལ་དྲི་བ་ཡང་འགའ་ཤས་འདྲི་དགོས་སྙམ།།

    Reply
  7. འབའ་ཐང་གི་བུ། says:
    ལོ་ 13 སྔོན།

    ང་ཚོ་ལ་བཀའ་ཁྲི་མི་རྙེད་པའི་རྒྱུ་མཚན་ཅི་ཡང་མེད། ད་དུང་ཤེས་འཇོན་ཆེ་ལ། ཉམས་མྱོང་ལྡན་པ། མི་རབས་གསར་པ་ཡིན་པའི་བཀའ་ཁྲིའི་འོས་མི་གང་འཚམ་འདུག སེམས་ཁྲལ་བྱེད་མི་དགོས། གཤམ་དུ་འོས་མི་ཁག་ཅིག་བཏོན་ཡོད། དེ་དག་ཐུགས་ཞིབ་གནོངས་རོགས།
    ༡ བློ་བཟང་སེང་གེ།
    ༢ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༣ སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    ༤ ཚོགས་གཙོ་སྤེན་པ་ཚེ་རིང༌།
    ༥ སྤྱི་འཐུས་ཀརྨ་ཆོས་འཕེལ།
    ༦ ཚོགས་གཞོན་རྒྱ་རི་སྒྲོལ་མ།

    Reply
  8. འབའ་ཐང་གི་བུ། says:
    ལོ་ 13 སྔོན།

    དགག་རྩ་ཐུག་ས་དེ་ཉེས་ཆད་ཏག་ཏག་ཅིག་དང་འོས་འཚམ་ཞིག་བྱུང་ཡོད་མེད་གླེང་ཕྱོགས་མི་འདྲ་བ་གཉིས་བྱུང་བ་འདི་རེད་སྙམ། མ་སུ་རི་སློབ་གྲྭ་ནས་ཐོག་མར་ཐག་གཅོད་འོས་པོ་ཞིག་དང་རན་པོ་ཞིག་བཏང་ཡོད་ན་ད་གཟོད་རྙོག་གླེང་འདི་འདྲ་ཡོང་ཤེས་ཀྱི་མ་རེད། གནད་དགག་འདི་ལ་ཐུག་ཡོད་པ་ཚང་མས་ཤེས་དགོས་ཀྱི་རེད་གདཱའ།

    Reply
  9. BLACK DIAMOND says:
    ལོ་ 13 སྔོན།

    hi gyurmay lak…
    you have brought out here a logical reason .
    to dismiss the students from the school is the right means to sqeeze the rest students in school and to maintain a standard discipline on the other hand.
    And it would gonna be an alarm to the students remaining in the school to obstain from committing any misdeed which do not only dirt the name of school but also to one’s own life.

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་སློབ་མ་དེ་དག་སློབ་གྲྭ་ནས་ཕུད་པ་འགྲིག་འདུག་མོད། ཕྱིར་བོད་དུ་གཏོང་རྩིས་བྱིས་པ་འགྲིག་མི་འདུག་ཟེར་བ་དེ་རེད། ་་།ཅེས་པ་འདིས་ཁྱད་པར་ཀུན་གྱིས་འབྱེད་ཤེས་དགོས།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཨ་རིག་གིས་བགྲོ་གླེང་ཡག་པོ་བྱས་འདུག ཁྱོད་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist