མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་ཀ་ཆེན་གསུམ་པོས། སྤྱི་དོན་གུར་ཁང་འདེགས་དགོས། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།
སུ་དག་རྒྱལ་དབང་བཀའ་བཞིན་སྒྲུབ་ནུས་པ། །དེ་དག་བཀའ་སྤྱིའི་གོ་སར་འོས་པ་ཉིད། །
གང་དག་དམངས་གཙོའི་ཁྲིམས་སྲོལ་མི་བརྩི་བ། །དེ་དག་དམངས་ཀྱི་འགོ་བར་ག་ལ་འོས། །

    འོས་འདེམས་ནི་དམངས་གཙོའི་ཁྱད་ཆོས་གལ་ཆེ་ཤོས་དེ་ཡིན། འོས་འཕེན་དེ་མི་དམངས་ཀྱི་ཆེད་དུ་ཡིན། མི་དམངས་ལ་གང་མཁོ་བ་དེ་མི་དམངས་ཀྱིས་འདེམས་ངེས་ཡིན། ཚང་མ་མི་དམངས་ལ་རག་ལས་ཡོད། དེ་བས་མི་དམངས་ནི་གལ་ཆེ་ཤོས་ཡིན། འདིའི་ནང་ན་ཕོ་མོ་དང་རྒན་གཞོན། སྐྱ་སེར་སོགས་ཀྱི་ཁྱད་པར་ཅི་ཡང་མེད་པར་ཚང་མ་གལ་ཆེན་ཡིན། མི་དམངས་ལ་དགོས་ངེས་ཀྱི་ཆ་རྐྱེན་གཅིག་རང་ཡོད་པ་ནི་སྤྱི་སེམས་ཡིན། དམངས་ལ་སྤྱི་སེམས་ཡོད་ན་སྤྱི་མི་ངོ་མ་ཞིག་རག་ངེས་ཡིན། དེ་བས་འདི་ནི་དམངས་གཙོའི་གོ་རྟོགས་ཀྱི་སྙིང་བོ་ཡང་ཡིན་པར་འདོད། གང་ལྟར་དམངས་གཙོའི་སྤྱི་ཚོགས་སུ་མི་དམངས་ཀྱི་དབུ་ཁྲིད་ཅིག་མི་རྙེད་པའི་སེམས་ཁྲལ་ཅི་ལ་བྱ།

    བཀའ་ཁྲི་དང་སྤྱི་འཐུས་བྱེ་བྲག་པ་ཞིག་ལས་གང་ཞིག་གལ་ཆེ་མིན་སུས་ཀྱང་ཤེས། འོན་ཀྱང་བཀའ་ཁྲི་མི་གཅིག་དང་གྲོས་ཚོགས་ཀྱི་འཐུས་མི་བཞི་བཅུ་ལྷག་གདམ་རྒྱུ་གཉིས་ལས་གང་གལ་ཆེ་མིན་རྩོད་ན་དགོད་བྲོ་བོ་ཞིག་རེད། འཐུས་མི་དེ་མི་དམངས་ཀྱི་སྐུ་ཚབ་དངོས་ཡིན་ལ། གཞུང་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་དོན་ཆེན་ཐག་གཅོད་ཀྱི་དབང་ཚད་ཆེས་མཐོ་བའི་གྲོས་ཚོགས་ཡིན། “ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་ཁ་ལེགས་པ”ནི་གཏན་ཚིགས་ཤིག་ཡིན། དེ་བས་འཐུས་མིའི་སྤུས་ཚད་འདི་ཉིད་ཤིན་ཏུ་གལ་ཆེ། དེ་ཡང་རེ་གཉིས་ཙམ་མིན་པར་ཅུང་མང་ཙམ་དགོས་པས་རྙེད་སླ་བ་ཞིག་ཀྱང་མིན་པ་ད་བར་གྱི་སྤྱི་འཐུས་རིམ་པར་གཟིགས་ན་རྟོགས་ཐུབ།

    བཀའ་ཁྲི་ཡང་གལ་ཆེ་མོད། ད་བར་བཀའ་ཁྲི་མ་རག་པའི་དཀའ་ངལ་བྱུང་མྱོང་མེད། འོན་ཀྱང་བཀའ་ཁྲི་ལས་ཀྱང་བཀའ་ཤག་གལ་ཆེ། ད་བར་གྱི་བཀའ་ཤག་རིམ་པའི་ནང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་འདི་ལས་ལྷག་པའི་མཐུན་ལམ་དང་ལས་དོན་ཚགས་ཚུད་གནང་ཐུབ་མཁན་བྱུང་མེད་སྙམ། གཞུང་གི་འཛིན་སྐྱོང་འདི་བཀའ་བློན་རྣམ་པའི་ནུས་པ་མཉམ་རུབ་ཀྱི་འབྲས་བུ་ཞིག་ཡིན། ཁོང་ཚོའི་ཕྱག་འོག་ན་དྲུང་ཆེ་རྣམ་པས་གཙོས་གཞུང་ཞབས་སྲི་བ་མང་པོ་ཡོད། བཀའ་ཤག་གི་ནུས་པ་གཅིག་ཏུ་སྒྲིལ་ཐུབ་ན་སྲི་ཞུ་བའི་ནུས་པའང་ཕྱོགས་གཅིག་སྒྲིལ་ཐུབ།

    ད་དུང་གལ་ཆེ་བ་གཞན་ཞིག་ཡོད་པ་ནི་ཁྲིམས་ཞིབ་ཁང་ཡིན། ཁྲིམས་ཞིབ་ཁང་ལ་ཁྲིམས་དཔོན་ཚད་ལྡན་ཞིག་ད་དུང་རག་མེད། གྲོས་ཚོགས་མེད་ན་ཁྲིམས་བཟོ་བ་མེད། ཁྲིམས་ཞིབ་ཁང་མེད་ན་ཁྲིམས་འགལ་ཡིན་མིན་གྱི་རྩོད་ཉོག་སེལ་ཐབས་མེད། བཀའ་ཤག་མེད་ན་ཁྲིམས་ལུགས་ལྟར་གྱི་གཞུང་གི་འཛིན་སྐྱོང་མེད། དེ་བས་འདི་གསུམ་པོ་ནི་གཅིག་ཀྱང་མེད་དུ་མི་རུང་བའི་དམངས་གཙོའི་ཀ་ཆེན་གསུམ་པོ་ཡིན། དེ་ལ་གལ་ཆེ་ཆུང་གི་དབྱེ་བ་འབྱེད་རྒྱུ་མེད། འོན་ཀྱང་ད་ལྟའི་ང་ཚོའི་གནས་བབ་ལ་མཚོན་ན་ཆེས་གལ་ཆེ་ཤོས་དེ་སྤྱི་འཐུས་ཀྱི་འོས་འདེམས་རེད་སྙམ།

    ཁྲིམས་ཞིབ་པ་དང་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ཆོས་དེ་བཅའ་ཁྲིམས་ནང་གཏན་ལ་ཕབ་ཡོད། དེ་དག་གི་རྒྱབ་རྟེན་དུ་བསོད་ནམས་དང་དབང་ཐང་ཟེར་བ་ཞིག་ཀྱང་མེད་ན་དཀའ། ཚང་མར་མཁྱེན་ཡོན་དང་སྙིང་སྟོབས། འཇོན་ཐང་། དྲང་ཚུགས་བཅས་ལྡན་དགོས་པ་ནི་གལ་ཆེ་བ་བཤད་ཅི་ལ་དགོས། དེ་དག་ལས་ཀྱང་གལ་ཆེ་ཤོས་ཤིག་ནི་༸གོང་ས་མཆོག་གི་བཀའ་དགོངས་དང་གྲོས་ཚོགས་ཀྱི་ལམ་སྟོན་ཇི་བཞིན་ལག་ལེན་ཐུབ་མཁན་ཞིག་ཅིས་ཀྱང་གལ་ཆེ།

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནི་འོས་འདེམས་ཀྱི་བརྒྱ་ཆ་ཆེས་མཐོ་ཤོས་ཤིག་ཆགས་ཡོད་མོད། ཁོང་ལའང་མ་དགའ་ཕྱོགས་ལྷུང་གིས་ཁ་གཏད་གཅོག་མཁན་མི་ཉུང་བ་བྱུང་ཡོད། རང་གི་ཆོལ་ཁོངས་ནས་བྱུང་ཡོད་ལ། མཐོ་རིམ་མི་སྣའི་ནང་དུའང་བྱུང་ཡོད། འོན་ཀྱང་ཁོང་གི་དབུ་ན་༸གོང་ས་མཆོག་གི་ཕྱག་དབང་དང་ཞབས་ན་རྒྱ་ཆེའི་མི་དམངས་ཀྱི་བཀུར་བཟོ་ཡོད་ཐོག རང་ཉིད་ཀྱི་མཁྱེན་ཡོན་དང་བློ་སྤོབས། འཇོན་ཐང་མངོན་སྟངས་ཁྱད་པར་བ་ཡོད། ད་དུང་སྐུ་བསོད་དང་དབང་ཐང་ཡང་ཆེ་བར་མངོན། དེ་བས་འདི་ལྟར་གཞན་ལས་ཁྱད་པར་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་རེད།

    ཁོང་གི་ཞབས་གྲས་སུ་སྙན་གྲགས་ཆེ་ཤོས། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་བཅས་ལ་བཀའ་ཁྲིའི་འོས་བབ་ཡོད་ལ་ཐོབ་པའི་རེ་བ་ཡང་ཆེ།

    སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་ཆེད་སྦྱང་ཤེས་ཡོན་དང་སྤྱི་བའི་འགན་དབང་ཁུར་ལེན་གྱི་སྙིང་སྟོབས་ལྡན་པ་ནི་ཆ་རྐྱེན་གཙོ་བོ་ཞིག་རེད། ཁོང་གི་ཞབས་སྟེགས་ངོ་མ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ན་ཡོད་པར་འདོད། འོན་ཀྱང་བཙན་བྱོལ་བོད་གཞུང་ལ་ཁྲིམས་དོན་ལས་ཀ་ཉུང་བས་དེར་འཇོན་ཐང་ངོམ་དཀའ་ན་ཐང།  དེ་བས་བཀའ་བློན་དང་སྤྱི་འཐུས་གཉིས་སུ་ནུས་པ་འདོན་ཐུབ། འོན་ཀྱང་བཀའ་ཁྲིས་གཞུང་གི་འཛིན་སྐྱོང་སྤྱི་ལ་བཀོད་འདོམས་དང་གྲོས་ཚོགས་ར་བའི་ནང་དུ་ལན་འདེབས་གནང་དགོས་པ་སོགས་ནི་ལས་སླ་བོ་ཞིག་མིན་པས། ཐོག་མར་སྤྱི་འཐུས་ནང་ལ་སྦྱོང་བརྡར་ཅིག་གནང་ནས་བཀའ་བློན་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང། “གསེར་ས་འོག་ན་ཡོད་ན་འོད་ནམ་མཁའ་ལ་འཕྲོ”ངེས་པར་སུས་ཀྱང་སེམས་ཁྲལ་བྱ་དགོས་མེད།

    བོད་ནང་ལ་རིག་གནས་སྙིང་སྟོབས་ཀྱི་མི་རབས་གསར་བ་རབས་དང་རིམ་པ་ཞིག་འབྱུང་གིན་ཡོད། ད་ལྟ་བཙན་བྱོལ་ནང་ལ་སྲིད་དོན་གྱི་མི་རབས་གསར་བ་ཞིག་གླེང་སློང་ཡོང་གིན་འདུག མི་རབས་རྙིང་པ་རིམ་བཞིན་ཚར་འགྲོ་བས་མི་རབས་གསར་བས་མཇུག་སྐྱོང་དགོས་པ་ཆོས་ཉིད་རེད། (སྤྱིར་ན་མི་རབས་གསར་བ་དང་གཞོན་སྐྱེས་གཉིས་ལ་ཁྱད་པར་ཡོད། ད་ལྟ་ཁོ་ཚོས་གླེང་བཞིན་པ་འདི་ད་ལྟའི་གཞོན་སྐྱེས་ཚོར་ཟེར་གྱིན་པ་འདྲ།) གཞོན་སྐྱེས་ཕོ་མོ་དག་གིས་གཞུང་འཛིན་སྐྱོང་བྱ་འདུན་གྱི་བསམ་བློ་དང་སྤོབས་པར་རྗེས་སུ་ཡི་རངས་ལོས་ཞུ། ཡིན་ཡང་མི་རབས་གསར་བར་གོ་སྐབས་སྤྲད་མེད་པའམ་མི་རབས་གསར་བ་ཡར་ལངས་ནས་གོ་གནས་འཕྲོག་དགོས་པ་འདྲ་བོའི་གནས་སྟངས་ཤིག་མེད། རྒྱ་ནག་གཞུང་ལ་མཚོན་ན་རྒས་འཁོགས་མང་པོས་དབང་ཆ་གཡོ་འཛིན་བྱས་པའི་དུས་ཡུན་རིང་ཙམ་བྱུང་མོད། བཙན་བྱོལ་བོད་གཞུང་ནང་ལ་ལམ་ལུགས་འདི་སྔ་ས་ནས་བསྒྱུར་ཚར་ཡོད། དེ་ཡང་དུས་ཀྱི་འགྱུར་རིམ་བཞིན་དུ་གཞུང་ཞབས་དང་སྤྱི་འཐུས། བཀའ་བློན་བཅས་པའི་ནང་དུ་གཞོན་སྐྱེས་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་པས། མི་རབས་གསར་བ་གཞི་ནས་ཡར་ལངས་དགོས་པ་འདྲ་བོ་ཞིག་ངས་མཐོང་གི་མི་འདུག

    གཉིས་ནས་ལོ་གཞོན་པ་དང་ལོ་རྒན་པ་གཉིས་ལ་བཟང་ངན་གྱི་ཁྱད་པར་འབྱེད་དཀའ། བོད་ཀྱི་གཞོན་ནུ་ཚོགས་པའི་ནང་དུ་ལོ་ན་བདུན་ཅུ་བརྒྱད་ཅུ་ཅན་ཡང་ཡོད་པ་མིན་ནམ། ཁོང་ཚོ་གཞོན་སེམས་ཡོད་པས་གཞོན་ལུས་ཅན་དག་དང་དཔུང་བ་སྡེབ་ཐུབ་ཀྱིན་ཡོད་ན། བཀའ་བློན་རྣམ་པའི་སེམས་ཀྱིས་མ་ལྕོགས་པ་ཅི་ཞིག་ཡོད་དམ། དེ་སྔོན་བཀའ་ཁྲི་མཆོག་གིས་ཀྱང་གྲོས་ཚོགས་ར་བའི་ནང་དུ། ལུས་ཀྱིས་འཁུར་དགོས་པ་ཅང་མེད་པས་སེམས་ཀྱིས་མི་ཐེག་པ་ཅང་མེད་ཚུལ་གསལ་བོར་གསུངས་མྱོངས། “གཞོན་པའི་ཤེད་ལས་རྒན་པའི་ཇུས་བཟང་བ”ཡང་ཆོས་ཉིད་ཅིག་ཅི་ལ་མིན།

    དེ་སྔོན་ཕྱི་གླིང་བའི་ནང་དུ”མི་རབས་གསར་བ”ཟེར་བའི་ལས་འགུལ་རིགས་བྱུང་བ་དེ་དག་ནི་བསམ་བློ་གསར་རྙིང་དབར་གྱི་འཐབ་རྩོད་ཅིག་ཆགས་ཡོད། ང་ཚོའི་སྤྱི་ཚོགས་ནང་དུ་དེ་འདྲའི་གནད་དོན་ཅི་ཞིག་ཡོད་དམ། ཡོད་ན་རེ་རེ་བཞིན་བགྲང་ནས་དགག་རྒྱག་དང་ལྷན་དུ་བསམ་བློ་གསར་བརྗེའི་ལས་འགུལ་སྤེལ་དགོས་པ་ལས། ལ་རྒས་ཀྱི་ཉི་མ་ཡིན་པ་ཙམ་ནི་གནས་ལུགས་མི་བཙན་ནོ།

    ༸གོང་ས་མཆོག་གི་ཕྱག་རོགས་སུ་བཀའ་ཁྲི་གོ་ཆོད་ཅིག་བྱུང་ན་ལོས་བཟང་མོད། གལ་ཏེ་དེ་འདྲ་ཞིག་མ་རག་ཀྱང་ད་ལྟའི་ཆར་དེ་ཙམ་སྐྱོན་མི་ཆེ་སྟེ། ང་ཚོའི་བཀའ་ཁྲི་འདི་རྒྱལ་ཁབ་ཅིག་གི་སྲིད་བློན་ཇི་བཞིན་མིན་པས་སོ། ནམ་ཞིག་༸གོང་ས་མཆོག་མ་བཞུགས་པའི་ཚེ་ན་ད་གཟོད་ཁོང་གི་རྒྱལ་ཚབ་ཀྱི་ཁུར་ཐེག་པའི་བཀའ་ཁྲི་ཞིག་ངེས་པར་མཁོ། དེ་དུས་ཀྱི་བཀའ་ཁྲི་ནི་མི་རབས་རྗེས་མ་གཞན་ཞིག་ཡིན་ངེས་ལ། སྐབས་དེར་ང་ཚོར་ད་ལྟ་ལས་ལྷག་པའི་བཀའ་ཁྲིའི་འོས་བབ་ཅན་ཡོད་པའི་རེ་བ་ཡང་བྱེད་ཆོག

    མདོར་ན། ངས་ནི་གཞུང་དམངས་གཉི་གའི་མཉམ་རུབ་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུ་ཅི་བས་ཀྱང་གལ་ཆེ་བར་མཐོང། དེ་བས་བསམ་བློ་དང་ནུས་པ་ཕྱོགས་གཅིག་ལ་སྒྲིལ་རྒྱུར་མི་རེ་རེ་ནས་རང་ཉིད་ལ་ཞུ་དག་ལེགས་པར་བགྱིད་འཚལ་ལོ།

རྒྱལ་བ་བཞུགས་དུས་བཀའ་ཁྲི་མི་གཙོ་སྟེ། །རྒྱལ་བའི་བཀའ་དགོངས་སྒྲུབ་རྒྱུ་གལ་ཆེན་ཡིན།
དམངས་ལ་སྤྱི་སེམས་ལྡན་ན་སྤྱི་མི་རྙེད། །རང་སེམས་ཞུ་དག་གྱིས་དང་སྤུན་ཟླ་ཚོ།
༢༠༡༠།༦།༢༤།

འབྲེལ་ཡོད་གསར་འགྱུར།

བསྟན་འཛིན་ཆོས་མཚོ་ཞེས་པའི་ཨ་མ་ཞིག་གིས་རང་ལོ་ ༣ ཙམ་སོན་པའི་བྱིས་པ་དང་ལྷན་དུ་རྒྱུག་ཆུར་མཆོངས་ནས་རང་ཤི་བརྒྱབ་འདུག  ༢༠༢༥།༨།༢༦ གསང་བའི་བརྙན་ཆས་ཀྱི་པར་བཤུས།
Mobile App

བྷུན་ཏར་ནས་བོད་པའི་ཨ་མ་ཞིག་གིས་བྱིས་པ་འཁྲིད་དེ་རྒྱུག་ཆུར་མཆོངས་ནས་རང་ཤི་བརྒྱབ་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག་ནང་ཐོ་འགོད་བྱེད་མཁན་ཁྱིམ་ཚང་ ༡༧༨༦ བྱུང་འདུག

ཆུ་ཚོད་ ༡༥ སྔོན་ལ།
ཨ་ཉག་སེང་སྒྲ་སོགས་ལས་འགུལ་བ་གསུམ་ལ་ལྷག་དཀར་གཟེངས་རྟགས་འབུལ་གཏན་ཁེལ།
Mobile App

ཨ་ཉག་སེང་སྒྲ་སོགས་ལས་འགུལ་བ་གསུམ་ལ་ལྷག་དཀར་གཟེངས་རྟགས་འབུལ་གཏན་ཁེལ།

ཆུ་ཚོད་ ༡༧ སྔོན་ལ།
His Holiness the Dalai Lama teaching at Karsha Phodrang in Zanskar, Ladakh, India on July 25, 2025. (Photos by Tenzin Choejor)
༸གོང་ས་མཆོག གསར་འགྱུར།

ལ་དྭགས་གླེ་རུ་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཆིབས་བསྒྱུར་ཕྱིར་འགྱངས་གནང་།

༢༠༢༥/༠༨/༢༦
Ven. Zega Gyatso Arrested. Photo :Tibettimes 2025/8/25
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༨/༢༥
རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་འཁྱིལ་དགོན་པར་རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་གཤེགས་ཡོད་འདུག ༢༠༢༥།༨།༢༥
Mobile App

རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་ཞི་བར་གཤེགས།

༢༠༢༥/༠༨/༢༥

མཆན། 11

  1. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    གོང་གི་འོས་མི་ནང་འཇོན་ཐང་ཤིན་ཏུ་ཆེ་བའི་བློ་བཟང་སྙན་གྲགས་ལགས་ལུས་འདུག་ཨ་རིའི་དོན་གཅོད་

    Reply
  2. lhamodondub says:
    ལོ་ 15 སྔོན།

    ངེས་པར་དུ་ལོ་གཞོན་ཙམ་དང་བུད་མེད་ཅིག་དགོས་མཁོ་ཆེ་ན། སྒྲོལ་མ་རྒྱ་རི་ལས་སུ་ཡོད། དེ་མིན་གོ་ཆོད་ཕན་ཐོགས་ཤིག་དགོས་གལ་ཆེ་ན་བཀའ་ཁྲི་ཟམ་གདོང་མཆོག་བསྐྱར་དུ་གདམ་ན་བཟང་ངོ།

    Reply
  3. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ཧཧཧ ཁྱོད་ལ་སྤྱིར་དོན་བསམ་བློ་བར་སྤུ་ཙམ་ཡང་མེད་པ་སྤྱིར་དོན་གུར་ཁང་གང་འདྲ་ཞིག་འདེགས་སམ

    Reply
  4. བྱམས་རྒྱལ། says:
    ལོ་ 15 སྔོན།

    རྒན་ལགས་ཀྱིས་གསུངས་བྱིན་རླབས་ཅན་ཞིག་ཕེབས་འདུག་།
    ཐུགས་རྗེ་ཆེ།

    Reply
  5. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    ང་ཚོ་ལ་བཀའ་ཁྲི་མི་རྙེད་པའི་རྒྱུ་མཚན་ཅི་ཡང་མེད། ད་དུང་ཤེས་འཇོན་ཆེ་ལ། ཉམས་མྱོང་ལྡན་པ། མི་རབས་གསར་པ་ཡིན་པའི་བཀའ་ཁྲིའི་འོས་མི་གང་འཚམ་འདུག སེམས་ཁྲལ་བྱེད་མི་དགོས། གཤམ་དུ་འོས་མི་ཁག་ཅིག་བཏོན་ཡོད། དེ་དག་ཐུགས་ཞིབ་གནོངས་རོགས།
    ༡ བློ་བཟང་སེང་གེ།
    ༢ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༣ སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    ༤ ཚོགས་གཙོ་སྤེན་པ་ཚེ་རིང༌།
    ༥ སྤྱི་འཐུས་ཀརྨ་ཆོས་འཕེལ།
    ༦ ཚོགས་གཞོན་རྒྱ་རི་སྒྲོལ་མ།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སྤྱི་འཐུས་ལྷ་མོ་སྐྱབས་ཀྱི་དགོངས་ཚུལ་འདིར་རྒྱབ་བསྐྱོར་ཡོད། དེ་བས་ཀྱང་དུམ་ཙམ་འདི་བདག་གི་བློ་དང་ཤིན་མཐུན་《 བཀའ་ཁྲི་དང་སྤྱི་འཐུས་བྱེ་བྲག་པ་ཞིག་ལས་གང་ཞིག་གལ་ཆེ་མིན་སུས་ཀྱང་ཤེས། འོན་ཀྱང་བཀའ་ཁྲི་མི་གཅིག་དང་གྲོས་ཚོགས་ཀྱི་འཐུས་མི་བཞི་བཅུ་ལྷག་གདམ་རྒྱུ་གཉིས་ལས་གང་གལ་ཆེ་མིན་རྩོད་ན་དགོད་བྲོ་བོ་ཞིག་རེད། འཐུས་མི་དེ་མི་དམངས་ཀྱི་སྐུ་ཚབ་དངོས་ཡིན་ལ། གཞུང་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་དོན་ཆེན་ཐག་གཅོད་ཀྱི་དབང་ཚད་ཆེས་མཐོ་བའི་གྲོས་ཚོགས་ཡིན། “ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་ཁ་ལེགས་པ”ནི་གཏན་ཚིགས་ཤིག་ཡིན། དེ་བས་འཐུས་མིའི་སྤུས་ཚད་འདི་ཉིད་ཤིན་ཏུ་གལ་ཆེ། དེ་ཡང་རེ་གཉིས་ཙམ་མིན་པར་ཅུང་མང་ཙམ་དགོས་པས་རྙེད་སླ་བ་ཞིག་ཀྱང་མིན་པ་ད་བར་གྱི་སྤྱི་འཐུས་རིམ་པར་གཟིགས་ན་རྟོགས་ཐུབ།》

    འོན་ཀྱང་དུམ་ཙམ་དེའི་ནང་《 ཁོང་གི་ཞབས་གྲས་སུ་སྙན་གྲགས་ཆེ་ཤོས། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་བཅས་ལ་བཀའ་ཁྲིའི་འོས་བབ་ཡོད་ལ་ཐོབ་པའི་རེ་བ་ཡང་ཆེ།》བདག་གི་བཀའ་ཁྲིའི་འོས་དམིགས་དེ་ཁོད་མིན་འདུག་འོས་གཞི་མ་མཚམས་པ་ཡིན་ནམ། རྒན་རབ་དང་ན་གཞོན་གསར་པའི་བར་དུ་ལུས་པ་ཡིན་བཤད་ཚོད་མ་ཐིག། དེ་ནི་གཞན་མ་ཡིན་ཏེ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན། སྤྱི་འཐུས་མཆོག་ནས་དེ་ལ་བཀའ་ལན་ཞིག་གནང་རོགས།

    Reply
  7. པད་མ་མཁའ་འགྲོ། says:
    ལོ་ 15 སྔོན།

    གུས་མོས་བསམ་པར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རེ་བ་ཆེ་བ་འདུག་་རྒྱུ་མཚན་ནི། ཁོང་ལ་འཇོན་ཐང་དང་ཤེས་ཡོན་གཉིས་ཀའི་སྒང་ལ་ལྷག་བསམ་ཀྱང་རྨ་མེད་པ་ཞིག་འདུག་་་ཡིན་ནའང་། བཀྲ་ཤིས་སྣ་ནག་མ་མང་པོ་ཞིག་གིས་ཁོང་གི་གཟི་བརྗིད་ལ་ཕྲག་དོག་གི་ལས་གཞི་བརྩམས་དང་རྩོམ་བཞིན་པར་བོད་གངས་ཅན་གྱི་ལས་བསྐལ་གྱི་ངོས་ནས་སྙིང་ལ་ན་ཟུག་ལངས་ཀྱི་འདུག

    གོང་གི་རྩོམ་ཡིག་འདི་དངོས་གནས་བཙན་བྱོལ་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་ད་ལྟའི་གནས་བབ་དང་ཧ་ཅང་ནས་ཤིན་ཏུ་རང་འཚམ་པའི་རྩོམ་ཡིག་དཔེ་ལེགས་པོ་ཞིག་རེད་འདུག་དྲན། རྩོམ་པོར་ཐུགས་རྗེ་ཆེ་ཞུ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་་་་སྐུ་ཞབས་བློ་བཟང་སེང་གེ་ལགས་ཁྲིམས་ཞིབ་པ་འོས་པདང་། ་་་་་་་སྙན་གྲགས་ཆེ་ཤོས། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་བཅས་ལ་བཀའ་ཁྲིའི་འོས་བབ་ཡོད་ལ་ཐོབ་པའི་རེ་བ་ཡང་ཆེ། ་་་་་།གཞོན་པའི་ཤེད་ལས་རྒན་པའི་ཇུས་བཟང་ཟེར། འདི་ཡང་བློ་ལ་མི་འཐད་པ་མི་འདུག ཀུན་གྱིས་སོམས་དགོས།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཁྲིམས་ཞིབ་ཁང་འདི་ང་ཚོ་ལ་ཡོད་དགོས་མོད་ད་ལྟ་གལ་ཆེན་ཞིག་མིན་པ་འདྲ། ང་ཚོས་ད་ལྟ་བར་དུ་བོད་རང་གི་ཁྲིམས་ཞིབ་ཁང་འདི་བེད་སྤྱོད་ཆེན་པོ་ཞིག་བྱེད་ཐུབ་ཡོད་པ་མ་རེད། ཁྲིམས་ཞིབ་ཁང་གིས་ལས་ཀ་འདི་བྱས་སོང་ཟེར་བ་ངས་མང་པོ་ཞིག་གོ་མྱོང་མེད། ཁྱེད་ཚོས་གོ་མྱོང་ཡོད་ན་གསུངས་དང་། བཀའ་སྤྱི་གཞིས་ལས་དངོས་གནས་བྱས་ན་སྤྱི་འཐུས་འདི་གལ་ཆེ་བར་མཐོང་། སྤྱི་མཐུས་ཀྱི་བཀས་བཅད་དེ་རྩིས་མེད་གཏོང་བའི་དབང་ཚད་བཀའ་ཁྲི་ལ་མེད་པས་སོ༎

    Reply
  10. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ེསྐུ་ཉིད་ཀྱིས་དཔྱད་བརྗོད་བྱས་པ་ཤིན་ཏུ་ལེགས་ལ་དོན་སྙིང་ཡང་ལྡན། ང་ཚོའི་སྤྱི་ཚོགས་འདིར་མི་དམངས་ཀྱི་བསམ་བློའི་གོ་རྟོགས་ད་དུང་ཧ་ཅང་དམའ་བས་དགའ་ཁ་དང་། ཉེ་རིང་གི་དབང་དུ་ཤོར་བཞིན་འདུག་པས་ས་གནས་སོ་སོའི་འོས་འཕེན་སྐབས་ཀྱང་མགོ་བདེ་གཡོ་སྒྱུ་ཅན་ཁག་གཅིག་ནས། རང་ཕྱོགས་འཐེན་ཏེ་ཡི་གེ་མི་ཤེས་མཁན་ཞིག་ལ་རོགས་པ་བྱེད་ཁུལ་གྱིས་གོ་སྐབས་ལེན་མཁན་མང་ལ། མི་དམངས་ཀྱི་གོ་རྟོགས་མེད་པ་དེས་སྤྱི་འཐུས་ནང་ཀླད་མེད་རང་ཕྱོགས་རྐྱང་རྐྱང་འཐེན་ནས་ཁུར་ཚུར་གཅིག་པུ་གཡུག་ནས་ད་དུང་སྔར་གྱི་ལུགས་སྲོལ་བཞིན་འགྲོ་བ་འདིེ་རེད། དེ་བས་ང་ཚོའི་སྤྱི་ཚོགས་འདི་མངོན་སུམ་གྱི་ཡར་རྒྱས་ཤིག་འགྲོ་ཐུབ་མེད་ལ་ཕྱོགས་རིས་པ་དང་། དབྱེན་སྦྱོར་བ་ཡང་གང་མང་འདུག་པས་ཤེས་མེད་མང་ལ་ཤེས་ལྡན་ཉུང་སྟབས་ཤེས་ཡོན་ཅན་ཡང་ཆུ་སྣ་གར་འཁྲིད་བཞིན་དུ་ཆགས་ཡོད་པ་རེད། དེ་ན་མི་དམངས་ལ་བསམ་བློའི་གོ་རྟོགས་གང་འདྲ་ཞིག་བྱས་ནས་སྤེལ་ན་ད་གཟོད་ང་ཚོའི་སྤྱི་ཚོགས་དང་སྤྱི་འཐུས་ཡར་རྒྱས་ཡོང་ཐུབ་བམ། ཚང་མའི་མནོ་བསམ་ཞིག་བཞེས་རོགས།

    Reply
  11. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    དངོས་ཉིད་མཁས་པ་ཞིག་གི་གསུང་རང་རེད། འོན་ཀྱང་བཀའ་ཁྲིའི་འོས་དམིགས་ད་དུང་ཡག་པོ་ཞིག་རགས་མི་འདུག མཁས་དབང་བློ་བཟང་སེང་གེ་ཁོང་གི་དང་པོ་ཁྲིམས་ཞིབ་པ་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན། དེ་ནས་འཇོན་ཐང་ཡོད་ན་བཀའ་ཁྲིའི་སྐུབ་སྟེབས་དེ་ཡོད་ཡོད་པ་རེད། ངོ་མ་དགེ་རྒན་དམ་པ་ཁོང་གི་གསུང་རྩོམ་ལ་གོ་ཡ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese