མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་གཙང་གི་བཀའ་སྤྱིའི་འོས་མི་ཕྱིར་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

               
དེ་རིང་དབུས་གཙང་ཆོལ་ཁས་ཕྱི་ལོ་ ༢༠༡༡ ལོའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མི་རྣམས་ཡོངས་ཁྱབ་ཕྱིར་བསྒྲགས་བྱས་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་ཏེ་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡  ཐོག་གངས་སྐྱིད་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་གཅིག་དང་། སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་བོད་མང་སྤྱི་འཐུས་ཀྱི་འོས་མི་རྣམས་ཕྱིར་བསྒྲགས་གནང་ཡོད།

ཐེངས་འདིར་དབུས་གཙང་ཆོལ་ཁའི་བཏོན་པའི་བཀའ་ཁྲིའི་འོས་མིར་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བདམས་ཡོད་ལ། གསར་འགོད་གསལ་བསྒྲགས་ཐོག་དབུས་གཙང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས། ང་ཚོས་ཉེ་ཆར་འོས་བསྡུ་དང་འབྲེལ་བའི་དམིགས་བསལ་ལྷན་ཚོགས་སྐབས། ཆོལ་ཁའི་མི་མང་གི་མངོན་འདོད་གཞིར་བཞག་ཐོག་བཀའ་བློན་ཁྲི་པའི་འོས་དམིགས་སུ་ཆོལ་ཁ་དབྱེར་མེད་ཀྱིས་འོས་མི་གསུམ་བདམས་མོད། གཉིས་ཀྱིས་དགོངས་ཞུ་གནང་སོང་། ཁོང་རྣམ་གཉིས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བཀྲ་ཤིས་དབང་འདུས་རྣམ་གཉིས་རེད་ཅེས་གསུངས།

དེ་བཞིན་འོས་བསྡུ་དང་འབྲེལ་བའི་དམིགས་བསལ་ལྷན་ཚོགས་སྐབས་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་ཁྱོན་མི་ ༢༠ ཙམ་བདམས་ཐོན་བྱུང་ཡོད་ལ། དེ་དག་ནི། ༡། སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང་ལགས་དང་།   སྤྱི་འཐུས་ཟླ་བ་ཚེ་རིང་།   སྤྱི་འཐུས་ཟླ་བ་ཕུན་སྐྱིད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན།   སྤྱི་འཐུས་ཀརྨ་ཡེ་ཤེས།  སྤྱི་འཐུས་ཚེ་བརྟན་ནོར་བུ།   སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས།   དབུས་གཞོན་ནུའི་ཚོགས་ཟུར་སྒོ་དྲུག་སྐལ་བཟང་ཕུན་ཚོགས། དབུས་གཙང་དབུས་རྒྱུན་ཁྱུ་གསར་དངོས་གྲུབ་དཔལ་ལྡན།   དབུས་བུད་མེད་ཚོགས་ཟུར་བུ་མོ་ཆེ་རིང་།  སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས།   སྤྱི་འཐུས་ཚེ་རིང་སྒྲོལ་མ།   དབུས་གཙང་དབུས་རྒྱུན་ཟུར་པ་འཕན་པོ་རྒྱལ་མཚན།  སྤྱི་འཐུས་ངག་དབང་ལྷ་མོ།  མོན་གྷོ་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྐྱིད་གྲོང་ཚེ་དབང་ནོར་བུ།  རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཚོགས་གཙོ་འཇམས་དབྱངས་རྡོ་རྗེ།   རྩིས་ཞིབ་དྲུང་ཟུར་འཇིགས་མེད་འབྱུང་གནས།  ས་གནས་གཞོན་ནུའི་ཚོགས་ཟུར་བྱ་ཉལ་ཚེ་རིང་ལྷ་སྐྱབས།   བདེ་སྐྱིད་གླིང་གཞིས་ཆགས་ཀྱི་སྤྱི་མི་ཚེ་རིང་དོན་གྲུབ།  དབུས་གཙང་དབུས་རྒྱུན་ལས་ཀྱི་དགེ་བཤེས་ངག་དབང་དཔལ་ལྡན་བཅས་ཡིན་པ་རེད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཐེངས་འདིར་དབུས་གཙང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་རྣམས་ལ། ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་བཅུག་ཡོད་ལ། ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་། རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་། གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན།

གོང་གསལ་གྱི་དབུས་གཙང་ཆོལ་ཁོངས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱིས་ཆ་རྐྱེན་དེ་གཉིས་ཁས་ལེན་དང་མཚན་རྟགས་བསྐྱོན་ཡོད། ཡིན་ནའང་། དབུས་གཙང་ཆོལ་ཁར་ཤ་ཞེན་ཞེས་པ་སྤྱི་པའི་འཐུས་མིའི་ཡོང་ཁུངས་བཅའ་ཁྲིམས་རིན་པོ་ཆེའི་ནང་ཆོལ་ཁ་ཆོས་བརྒྱུད་ཅེས་གསལ་ཡོད་པ་དང་། ཆོལ་ཁའི་སྒྲིག་འཛུགས་འདི་བཞིན་ཚགས་ཚུད་སྲ་བརྟན་ཡོང་དང་མི་ཡོང་སྤྱིར་ཆོལ་ཁའི་སེར་སྐྱ་མི་མང་ཡོངས་དང་། སྒོས་སུ་ཆོལ་ཁའི་གནད་དོན་མི་སྣ་རྣམས་ཀྱི་ཕྱར་གྲུ་མཉམ་འདེགས་ཀྱིས་ཆོལ་ཁའི་གོང་བུའི་ནུས་པ་དང་། བོད་སྤྱིར་རྣམ་དཔྱོད་འདོན་སྤེལ་གྱི་སྲི་ཞུ་སྒྲུབ་སའི་གླེང་སྟེགས་ཤིག་ཏུ་བསྐྲུན་ཐབས་མཐུན་འགྱུར་དགོས་པའི་གནད་དོན་ཁོ་ནའི་ཆེད་དུ་ཡིན་ཞེས་བརྗོད་ཡོད།

གསར་འགོད་པ།   དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 60

  1. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅༑ དབུས་བཙང་རྒྱུན་ལས་རྣམས་ཀྱིས་བཀའ་ཁྲི་དང་སྤྱི་འཐུས་འོས་གཞི་ཞིག་སྟོན་འདུག་པར་གུས་
    འདོད་བློ་རྩ་བ་ནས་ཁེངས་མ་སོང། བཀའ་ཁྲི་འོས་མི་གཅིག་མ་གཏོགས་མ་སྟོན་པ་གང་ཡིན། ཕྱོགས་ལྷུང་
    གི་སྤྱན་བསྒྲིབ་ནས་ཅིག་མ་གཏོགས་མ་མཐོང་བ་ཡིན་པ་འདྲ། གལ་ཏེ་ཁྱེད་རྣམས་ཀྱི་ཕྱོགས་ལྷུང་གཏན་
    མིན་བཀའ་ཁྲི་འོས་མིང་ནང་སྐུ་ངོ་བཀྲ་ཤིས་དབང་འདུས་དང་ཨ་མ་རྗེ་བཙུན་པེད་མ་འོས་གཞི་སྟོན་ཡོད་ཀྱང་
    ཁོང་རྣམས་གཉིས་ཀྱི་དགོངས་པ་ཞུས་པ་རེད་བརྗོད་ཚེ། གུས་པ་རང་དབང་མེད་པར་སྣང་རྟོག་འདི་ལྟར་
    ཞིག་ཆར། སྤྱོ་ཚོགས་ནང་གླེང་སློང་གཏན་ནས་མེད་མཁན་མི་གཉིས་གདམས་པ་གང་ཡིན། སྤྱོ་ཚོགས་
    ནང་ཡོངས་སུ་གྲགས་མཁན་མཁས་དབང་སློ་བཟང་སེང་གེ་ཆ་རྐྱེན་གང་མ་ཚང་བའི་དབང་ལས་བཀའ་ཁྲི་འོས་
    མིང་དུ་མ་བཀོད་པ་ཡིན། འདི་ལ་ལན་དཀྱིད་ཕྱིན་པ་ཞིག་མ་བཏབ་ཚེ་བོད་མི་ཕལ་མོ་ཆེ་ལ་དོགས་པ་འདི་
    བསལ་མི་ཐུབ། གཙན་བྱོལ་བའི་སྤྱི་ཚོགས་འཕྲོད་ཕྱོགས་ལྷུང་བྱེད་མཁན་སྤྱི་འཐུས་རྣམས་ཕྱིར་འབུད་བཏང་
    དགོས་ཀྱི་འདུག་ཅེས་ནམ་མཁའི་འབྲུག་སྒྲ་ལྟར་སྒྲོག་བཞིན་པའི་སྐབས་འདིར་ཁྱེད་རྣམས་ཀྱིས་ཟླ་བ་ཚེ་རིང་
    འོས་མིང་དུ་བཀོད་པ་འདི་མི་མང་སྨྱོ་བྱེད་ཀྱི་དུག་ཆུ་བཏབ་པ་མིན་ནམ། ཁྱེད་རྣམས་ཀྱིས་སྔར་ལོ་ནད་གཞི་
    རྙིང་པ་སླར་གསོ་བའི་ཆེད་དུ་གཏན་ནས་ཡིན་གྱི་མ་རེད། ད་ལྟའི་སྤྱི་ཚོགས་ནང་བཀའ་ཁྲི་དང་སྤྱི་འཐུས་
    གླེེང་སློང་འཕྲུག་ཆ་དོད་པའི་སྐབས་འདིར་ཁྱེད་རྣམས་འོས་མིང་སྟོན་པ་འདི་བའི་རྐྱེན་བྱས་ནས་མ་འོང་པར་
    འོས་བསྡུས་ཡང་དག་པ་ཞིག་མ་བྱུང་ཚེ་འགས་ཚང་མ་ཁྱེད་རྣམས་ཀྱི་བཞེས་དགོས།

    Reply
  2. འཇམ་གྲགས says:
    ལོ་ 15 སྔོན།

    སྐབ་བརྒྱད་པའི་སྤྱི་མཐུས་གྲོས་ཚོགས་ནང་གི་འཁྲབ་སྟོན་དེའི་འབྲས་བུ་སྨིན་གྲབས་འདུག དཔེར་ན་དབུས་གཙང་ཆོལ་ཁའི་འོས་གཞི་གདམ་ལུགས་ལ་ལྟོས་ད། ད་མདོ་སྟོད་གི་འོས་གཞི་ཡང་དེ་ནང་བཞིན་ཡིན་པ་ཐག་གི་ཆོད།
    དྲངས་པོར་བཤད་ན་ནམ་རྒྱུན་འོས་བླུག་སྐབས་དབུས་གཙང་ཕྱོགས་དེ་ཅུང་དྲངས་ཚུགས་སུ་མཐོང་གི་ཡོད། ཡིན་ནའང་ད་ལོ་རང་མདོག་སྟོན་སོང་། ལྷག་པར་རང་བཙན་དོར་དགོས་པའི་ས་ཡིག་བརྒྱབ་ཟེར་བ་ཐོས་དུས་ཞེན་པ་ལོག་སོང་།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འགྲན་རྩོད་ཀྱང་དགོས་ངེས་ཞིག་རེད་ལ། ཐོབ་ཤོར་ཀྱང་ཡོད་སྲིད་པ་ཞིག་རེད།
    འོན་ཀྱང་དེའི་བར་ནས་སྤྱི་དོན་མ་ཤོར་བ་ཞིག་བྱེད་རོགས་ཞུ་རྒྱུ་ཡིན།

    Reply
  4. ཕྱོགས་གླང། says:
    ལོ་ 15 སྔོན།

    ཆོལ་ཁའི་ཚོགས་པས་བོད་མི་ཡོངས་རྫོགས་ཀྱི་སྐུ་ཚབ་མཚོན་ཐབས་མེད་ཙང་ཆོལ་ཁའི་ཚོགས་པར་དོ་སྣང་བྱེད་ཀྱི་མེད། རྒྱུ་མཚན་ནི་ང་ཚོ་་བོད་རིགས་ནང་ཁུལ་ཕྱོགས་རིས་འཐེན་འཁྱེར་བཟོ་མཁན་ཞིག་ལས་དགེ་མཚན་གང་ཡང་མཐོང་།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁས་བློ་བཟང་སེང་གེ་ལྟ་བུའི་དུས་གསར་བའི་མི་བུ་དག་མཐོང་གི་ཡོད་ས་མ་རེད། ཡ་ཡ་གནའ་ནས་ད་བར་ཅི་འཇོན་འདི་འཇོན་མེད་པའི་རྒད་པོ་ཞིག་ལ་དམིགས་འདུག ལོ་ལོན་ཆ་བོ་འགྲོ་ས་ཞིག་ལ་འགྲོ་མ་་ཚར་བར་དུ་ཤེས་འཇོན་ཉིས་ལྡན་གྱི་གཞོན་སྐྱེས་དག་ལ་གོ་སྐབས་ཡོད་ས་མ་རེད།

    Reply
  6. གཉན་པོ། says:
    ལོ་ 15 སྔོན།

    བོད་མིའི་སྤྱི་འཐུས་ཚོར་བོད་ཀྱི་ཞེན་ཁོག་ཡོད་དགོས་པ་ལས། ཆོལ་ཁའི་ཞེན་ཁོག་ཡོད་དགོས་ཟེར་བ་འདི་ཅི་རེད་དམ། ངོ་མ་ད་ཆུ་མགོ་ནས་རྙོག་གི་འདུག

    Reply
  7. kalsang says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁའི་མི་དམངས་རྣམས་ཀྱི་མངོན་འདོད་གཞིར་བཞག་ཡོད་ན་རྡ་སའི་ཁུལ་གྱི་དབུས་གཙང་མི་དམངས་རྣམས་ལ་གསལ་བསྒྲགས་མི་བྱེད་པའི་རྒྱུ་ཚན་ཅི་ཡིན་ནམ?

    Reply
  8. རྒྱང་རིང་ནས། says:
    ལོ་ 15 སྔོན།

    འགོ་བརྗོད་འདི་ཡི་འོག་གི་གདམ་པའི་བཀའ་སྤྱི་གཉིས་ནི་དྲག་མི་ཚར་བའི་ནད་པ་འགས་བསམ་ཚུལ་ཡིན་པ་ལས་དབུང་གཙང་མི་དམངས་ཀྱི་མངོན་འདོད་ནམ་ཡང་སྟོན་མི་ཐོབ ཟླ་བ་ཚེ་རིང་སོགས་ཆོལ་ཁ་གསུམ་གྱི་སྤྱི་མཐུས་སྐོར་ཞིག་གིས་དྲག་མི་ཐོབ་པའི་ན་ཚའི་མངོན་རྟགས་སྟོང་ལོ་དགུ་པའི་གྲོས་ཚོགས་སུ་མངོན་གསར་སྟོན་ཡོད ཡིན་ཡང་ཚོགས་པ་འདིས་ཟླ་བ་ཚེ་རིང་འོས་མིང་དང་པོར་གདམ་ཡོད་པ་དང་ སྤྱི་མཐུས་རྐམ་ཆོས་འཕེལ་ལ་ཤེས་འཇོན་གཉིས་ཀྱིས་ཕྱུག་པ་ཡོད་ཀྱང་ཁོང་འདི་ལས་ཕུད་འདུག་པ་དང་ སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལ་རང་བཙན་ལྟ་བ་དོར་བཅུག་པ་སོགས་ལ་གཞིགས་ན་ཚོགས་པ་འདི་ལ་ཡག་རྟགས་གང་ཡང་མེད་ ད་དུང་ཟླ་བ་ཚེ་རིང་གི་ཡོངས་གླིང་སློབ་གྲྭའི་སྐོར་གྱི་རྙོང་གླེང་གྲོས་ཚོགས་སུ་ཐག་མ་ཆད་པ་ལུས་ཡོད་དོ།

    Reply
  9. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཕྱོགས་རིས་འདུག་ག ཕྱོགས་རིས་འདུག དཀོན་མཆོག་མཁྱེན།
    མདོ་སྟོད་ལ་ཁ་གཏད་བཅོག་མཁན་ཚོ་དབུས་གཙང་གི་སྤྱི་འཐུས་ཡག་སའི་གྲས་ལ་བཀོད་འདུག་ག དེ་རིང་ཡིན་ན། སྤྲེའུ་སུན་འུ་ཁུང་གིས་སྤྲུལ་པ་བསྟན་མི་དགོས་པར། དབུས་གཙང་རྒྱུན་ལས་ཚོའི་རང་གཟུགས་གསོན་པོ་མངོན་བྱུང་ང་། དབུས་གཙང་མི་མང་གཟབ་གཟབ་གནང་། བརྟག་དཔྱད་གནང་གཞན་མ་གཏོགས་འཁྲིད་ས་ཞིག་ལ་འཁྲིད་ཡོང་ང་།
    མདོ་སྟོད་ཀྱིས་ཀྱང་དབུས་གཙང་ལ་ཁ་གཏད་གཅོག་མཁན་ཚོ་སྤྱི་འཐུས་ཡག་གྲས་སུ་བདམས་ན། སྔོ་ལོ་ལངས་ནས་འཕྱར་རྒྱུ་རེད། བོད་ཀྱི་ལས་དབང་། ཨ་ཙ་མ།
    མདོ་སྨད་ད་ལོ་སེམས་ཁྲལ་དགོས་ཀྱི་མ་རེད། ཟམ་གདོང་བླ་མ་བཀའ་ཁྲི་མིན་སྟབས་དེ་ལ་ཁ་གཏད་བཅོག་མཁན་ཞིག་འཚོལ་དགོས་ཀྱི་མ་རེད།
    བོད་འདི་སྙིང་རྗེ།

    Reply
  10. དབྱངས་བུ། says:
    ལོ་ 15 སྔོན།

    དོགས་དྲི།
    དབུས་གཙང་རྒྱུན་ལས་ཟེར་བ་དེ་དག་སུས་འདེམས་བསྐོ་བྱས་པ་རེད་དམ།
    རྒྱུན་ལས་དེ་དག་གིས་འོས་དམིགས་བཏོན་པའི་བཀའ་སྤྱིའི་འོས་མི་དེ་དག་དབུས་གཙང་མི་དམངས་ཡོངས་ཀྱི་ཁས་ལེན་བྱེད་ཐུབ་བམ།
    ང་རང་དབུས་གཙང་མི་མང་ཞིག་ཡིན་མོད། གོང་གསལ་ཟླ་བ་ཕུན་སྐྱིད་དང་། བུ་མོ་ཚེ་རིང་ལྟ་བུ་སྤྱི་འཐུས་འོས་མིར་ཁས་ལེན་ཐུབ་ས་མ་རེད།

    Reply
  11. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    དབུ་གཙང་ཆོལ་ཁ་ནས་ངེས་པར་དུ་བཀྲས་མཐོང་བསྟན་འཛིན་རྣམ་་རྒྱལ་མཆོག་གི་ལོ་སྒྱུ་བྱུང་རབས་ཐོག་ནས་མ་འོང་བཀའ་ཁྲིའི་འོས་ཆོས་ཚང་གི་་ཡོད་མེད་བརྟག་དཔྱད་དང་གསལ་བཤད་དགོས་།།

    Reply
  12. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    ཡག་པོ་འདུག
    ཁ་ཤས་ལྷག་འདུག་བསམ་བོད་མི་རིགས་ཡིན་ཞེས་པའི་ལྟ་བ་ཁྱེར་མཁན་མིན་པ་དང་བོད་དེ་རྒྱ་ནག་དང་ཐ་དད་ཡིན་པ་ལྟ་བ་མེད་མཁན་ཞིག་དགོས་ཞེས་ཁ་སབ་གནང་ན་ལེགས།

    Reply
  13. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁ་ཡ་་དབུས་གཙང་ཆོལ་ཁ་་་ཁྱོད་ཚོས་མངོན་གནས་རྒྱ་གཞུང་གི་ལམ་ཕྱོགས་ནང་བསྐྱོད་སོང་། ལོ་རྒྱུས་ལ་རྡོ་རྫི་བཏང་སོང་།

    Reply
  14. འཇམ་གྲགས says:
    ལོ་ 15 སྔོན།

    དབུ་མའི་ལམ་ལ་དུས་རྒྱུན་རྒྱབ་སྐྱོར་ཞུ་གི་ཡོད། ཡིན་ནའང་རང་བཙན་མི་དགོས་པའི་ས་ཡིག་རྒྱབ་བཅུག་པ་དེ་དངོས་གནས་ཞབས་འདྲེན་རེད།

    Reply
  15. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    འོ སྒོ་དྲུག་ལགས་ཀྱིས་ཀྱང་རང་བཙན་ལྟ་བ་དོར་པ་ཡིན་ནམ

    Reply
  16. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    བཀའ་བློན་གྱི་འོས་ཆོས་དེ་ནི། ཕྲུག་གུ་བསམ་མེད། ཞེན་རྒོག་རྐྱང་རྐྱང་བསླབ་པ་ཞིག་ལ་ཚང་་ངེས་རེད། འོས་ཆོས་རང་བཙན་གྱི་ལྟ་བ་འདོར་བའི་ས་ཡིག་བཀོད་དགོས་པ་དང་། དབུས་གཙང་ཆོལ་ཁ་ལ་ཞེན་ཆགས་ཡོད་པ་ཞིག་དགོས་ཟེར་འདི་མཐོང་སྐབས། ད་དངོས་གནས་ཆོལ་ཁ་དང་ཆོས་ལུགས་སོ་སོར་འབྱེད་ནས། ཚོགས་པ་འདྲ་མིན་འཛུགས་པ་འདི་ལ་ཞེན་པ་གཏིང་ནས་ལོག་ཡོང་གི

    རང་རེ་གཅིག་གྱུར་མ་ཆགས་ནས་བོད་ཤོར། གཅིག་གྱུར་མ་ཆགས་ནས་བོད་སིལ་བུར་འཐོར། གཅིག་གྱུར་མ་ཐུབ་ནས། ཆོས་ལུགས་བཞི་དང་། ད་ནི་ལྔ་དང་དྲུག་ལ་སོགས་པར་གྱེས་དང་གྱེས་བཞིན་པ་དང་། མཁྱེན་ཡོན་ཅན་དུ་རློམ་མཁན་རྣམས་ཀྱིས་ཀྱང་། ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་བོད་སྤྱི་བའི་དོན་ལས་ཀྱང་གལ་ཆེས་བརྩི་བཞིན་པ་འདི་མཐོང་དུས། འོད་ཟེར་ལགས་ཀྱི་མི་རྒན་གྱིས་ནར་ལོར་གསར་འགོད་པའི་དྲི་ལན་དུ་བཤད་པ་ལྟར། རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་འདི་ཏ་ལའི་བླ་མའི་སྐུ་ཚེ་དང་མཉམ་དུ་རྫོགས་པའི་སྡོམ་བརྩིས་རྒྱག་གིན་ཡོད་རེད་གསུང་པ་དེ་མ་འོང་ལུང་བསྟན་ཆགས་མི་འགྲོ་བསམ་ཡོང་གིན་འདུག

    Reply
  17. རི་བོང། says:
    ལོ་ 15 སྔོན།

    བོད་རང་བཙན་གྱི་ལྟ་བ་དོར་དགོས་པའི་ས་རྟགས་མ་ཟད་ཧྥུའུ་ཅིན་ཐུའུ་ལ་མགོ་བཏགས་ལུས་འབུལ་བྱེད་དགོས་པའི་ས་རྟགས་བསྡུ་ནའང་བསྡུས་བཅུག ཁྱེད་ཚོར་ཇུས་གཏོགས་ཡོད་པ་མ་རེད། འོས་མི་མང་ཆེ་བ་འགྲིག་འདུག དབུས་གཙང་ཚང་ལ་དེ་ལས་འདེམས་རྒྱུ་ཡོད་པ་མ་རེད། ཀརྨ་ཆོས་འཕེལ་ཟེར་བའི་ར་བཟི་དེ་ལ་འཇོན་ཐང་ཡོད་ཟེར་ན་ད་རྣམ་རྟོག་རེད།

    Reply
  18. འཇམ་གྲགས says:
    ལོ་ 15 སྔོན།

    ད་ཡིན་ན་མདོ་ཁམས་ཆོལ་ཁ་གཉིས་ལ་བཀའ་ཁྲིའི་ལས་ཀ་མི་འདུག
    ཆོལ་ཁ་དང་ཆོས་ལུག་གི་སྤྱི་འཐུས་ལ་ཡིན་ད།

    Reply
  19. ལྷ་སྨོན་པ། says:
    ལོ་ 15 སྔོན།

    དབུས་གཙང་དབུས་རྒྱུན་གྱིས་ཆུ་གློད་འདུག
    ད་ལྟ་བཙན་བྱོལ་ཁྲོད་ཀྱི་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་ཞེས་པ་འདིས། སྤྱི་ཚོགས་ལ་ཕན་ཐོགས་གཏན་ནས་མ་མྱོང་ཞེས་བརྗོད་ཀྱང་མི་ཆོག་པ་མེད་ལ། དུས་རྒྱུན་སྒྲིག་འཛུགས་འདི་གསུམ་གྱིས་སྤྱི་ཚོགས་ནང་ཟང་ཟིང་བཟོས་པའི་གནས་ཚུལ་ནི་རྒྱུན་ཆད་མྱོང་གཏན་ནས་མེད། དཔེར་ན་མདོ་སྟོད་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་རྩོད་རྙོག་རྒྱུན་ཆད་མེད་པ་ཞིག་བསླངས་ཡོད་ལ། ད་ལྟའི་ཆར་ཡང་སྒྲིག་འཛུགས་གཉིས་ཀྱི་མིང་ཐོག་ནས་མདོ་སྟོད་མི་མང་དུམ་བུ་གཉིས་སུ་འགྲོ་རྒྱུའི་ཐབས་ཤེས་གང་ཡོད་བྱེད་བཞིན་ཡོད་པ་རེད།
    མདོ་སྟོད་ཀྱི་སྒྲིག་འཛུགས་ཆུ་བཞི་སྒང་དྲུག་ཟེར་བ་དེ་ལ་མཚོན་ནའང། གཟི་བརྗིད་ཅན་གྱི་སྒྲིག་འཛུགས་དེ་ཆོལ་ཁ་ཞིག་གི་སྒྲིག་འཛུགས་ཀྱི་མིང་དུ་ཐོགས་པའི་རྗེས་ནས་སྤྱི་ཚོགས་ནང་ཕན་ཐོགས་པའི་བྱ་བ་གཅིག་ཀྱང་བྱེད་མྱོང་མེད་ཅེས་བརྗོད་ཆོག ད་ལྟའི་ཆར་ཡང་དཔལ་འབྱོར་ཆེན་པོ་ཡོད་མདོག་དང་ས་ཁང་མང་པོ་ཡོད་ཅེས་སྤྱི་ཚོགས་ནང་འུར་སྒྲོག་བྱེད་བཞིན་ཡོད་ཀྱང་མ་འོངས་པར་སུ་ལ་ཕན་ཐོགས་མིན་ནི་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་པ་ཞིག་རེད། དེ་བཞིན་སྤྱི་ཚོགས་ནང་མཐོང་རྒྱུ་མེད་ཀྱང་ཆུ་སྒང་དབུས་རྒྱུན་ཟེར་བའི་མིང་ཐོག་ནས་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ ཞིག་བཏོན་ཡོད་འདུག སུ་དང་སུ་ཡིན་མིན་མི་ཤེས་ཀྱང། སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་རྙོག་གྲྭ་སློང་མཁན་གཙོ་བོ་རྣམས་ཡིན་ངེས་པ་རེད། ཚོགས་གཙོ་དང་ཚོགས་གཞོན་སོགས་དབུས་རྒྱུན་རྣམས་རྒྱ་གར་གྱི་ས་གནས་གང་སར་འོས་ཤོག་ཁྱབ་བསྒྲགས་བྱེད་དུ་འགྲོ་བཞིན་ཡོད་ཚུལ་འདུག གསལ་པོ་མི་ཤེས་ཀྱང་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ པོ་འདི་དག་ལའང་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་ཆ་རྐྱེན་ཞིག་བཏོན་ཡོད་ཚུལ་འདུག དེ་ག་རེ་ཡིན་མིན་མི་ཤེས་ཀྱང་དམིགས་ཡུལ་བཟང་པོ་ཞིག་གི་ཐོག་ནས་བཏོན་མེད་པ་ཧ་ཅང་གསལ་པོ་རེད་སྙམ།
    ཁ་སང་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཟེར་བའི་མིང་ཐོག་ནས་བཀའ་བློན་ཁྲི་པའི་འོས་གཞི་དང། སྤྱི་འཐུས་ཀྱི་འོས་གཞི་༢༠ བཏོན་འདུག དེ་ཡང་“ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དང། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་རྒྱུར་ངོས་ལེན་དགོས་”ཞེས་ཆ་རྐྱེན་གཉིས་བཏོན་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་གང་ཞིག་ར་སྤྲོད་བྱས་པ་རེད་ཅེས་བརྗོད་ན། དུས་རྒྱུན་དབུས་གཙང་པ་ལ་མཚོན་ན་ཆོལ་ཁའི་ཞེན་ཁོག་མེད། བོད་པ་སྤྱི་ཡོངས་ལ་བསམ་བློ་གཏོང་གི་ཡོད་ཅེས་བརྗོད་བཞིན་ཡོད་ལ། བཙན་བྱོལ་ནང་དུ་དབུས་གཙང་པ་ཚོ་མི་འབོར་མང་ཤོས་ཡིན་པས་བཀའ་བློན་ཁྲི་པ་སུ་ཞིག་འདེམས་དགོས་པ་དབུས་གཙང་མི་མང་གི་ལག་པར་ཡོད་ཀྱང། བཀའ་བློན་ཁྲི་པར་སྐབས་གཉིས་ལ་ཟམ་གདོང་རིན་པོ་ཆེ་བདམ་པ་དེ་དབུས་གཙང་མི་མང་གི་ཆོལ་ཁའི་ཞེན་ཁོག་བྱེད་ཀྱི་མེད་པའི་དཔང་རྟགས་རེད་ཅེས་སྤོབས་པས་ཐོག་ནས་བགྲང་ཆོག་ཆོག་ཡོད། ད་ལན་ཡང་དབུས་གཙང་ཆོལ་ཁའི་ངོས་ནས་བཀའ་ཁྲིའི་འོས་གཞི་འདོན་སྟངས་ལ་སྐབས་འདིར་གླེང་སློང་གང་ཡང་བྱེད་རྒྱུ་མིན་མོད། སྤྱི་འཐུས་ཀྱི་འོས་གཞི་འདོན་སྟངས་ཀྱི་ཐོག་ལ་བསམ་ཚུལ་ཁ་ཤས་ཤིག་མ་བཤད་ཐབས་མེད་ཆགས་སོང།
    ༡༽ དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ ནང་གི་འོས་མི་ཨང་གཉིས་པ་སྤྱི་རྒྱུ་སྒེར་བདག་དང། བོད་གཞུང་ས་གནས་གཞུང་གི་ཁྲིམས་ཁང་དུ་སྐྱེལ་མཁན་ཡོངས་གླིང་ཟླ་བ་ཚེ་རིང་རེད། ཁོས་ལོ་སྔོན་མའི་གྲོས་ཚོགས་ནང་གྲོས་ཆོད་འདོན་མཁན་དང། རྒྱབ་སྐྱོར་བྱེད་མཁན། དགག་པ་རྒྱག་མཁན་བཅས་ཀྱིས་བཤད་ཟིན་པ་དང། ཡིག་ཆ་དེ་གྲོས་ཚོགས་སུ་ཚུད་ཟིན་པའི་རྗེས་སུ་བགྲོ་གླེང་བྱེད་མཁན་དང་པོ་ཡོངས་གླིང་ཟླ་བ་ཚེ་རིང་རེད། ཁོས་གྲོས་ཆོད་དེའི་ངོ་གདོང་གི་འགྲེལ་བཤད་ཚིག་གཅིག་མ་བརྒྱབ་པ་མ་ཟད། ཐ་ན་གྲོས་ཆོད་དེ་ལ་རྒྱབ་སྐྱོར་ཡོད་མེད་ཙམ་ཡང་མ་གླེང་བར་ཕུ་དུང་གཡས་བརྫེས་གཡོན་བརྫེས་ཀྱིས་དབུས་གཙང་ཆོལ་ཁ་ངའི་རྒྱབ་ཏུ་ཡོད་མདོག་མདོག་དང། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྐྱོན་འཛུགས་སོགས་སྤྱི་འཐུས་ནང་ཁུལ་ལ་སྐྱོན་འཛུགས་དང་དཔའ་ངོམ་དཔུང་ངོམ་གྱིས་ཆོལ་ཁའི་ཞེན་གོག་བཤད་སོང་ལ། དེ་ལ་བརྟེན་ནས་གྲོས་ཚོགས་ནང་ཚ་ཚ་འུར་འུར་ཞིག་ཏུ་ཆགས་པ་རེད། བགྲོ་གླེང་གི་ཁ་ཕྱོགས་ཀྱང་ཁོས་མགོ་བཙུགས་ནས་གཞན་ཞིག་ཏུ་བསྒྱུར་སོང། དངོས་གནས་ཁོ་མི་ཐ་ཆད་རེད། འོན་ཀྱང་མདོ་སྟོད་ཆུ་སྒང་དང་དེའི་ཕྱོགས་གཏོགས་རྣམས་ལ་ཁ་གཏད་གདོང་ལ་བུད་ནས་གཅོག་བཞིན་ཡོད་སྟབས་དབུས་གཙང་དབུས་རྒྱུན་གྱི་ངོས་ནས་ཁོང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞི་ཨང་གཉིས་པར་བཞག་པ་རེད། འདི་དངོས་གནས་བློ་ཕམ་གྱི་རང་བཞིན་རེད།
    ༢༽ གཉིས་པ་ཟླ་བ་ཕུན་སྐྱིད་ལ་མཚོན་ན་མི་བཟང་ངན་གྱི་སྐད་ཆ་གང་ཡང་བཤད་རྒྱུ་མེད་ཀྱང། སྐབས་བཅུ་བཞི་པའི་འོས་ཤོག་བླུག་པའི་སྐབས་ཁོ་སྤྱི་འཐུས་ཨང་༩ པ་རེད། རྒྱུ་མཚན་ཀརྨ་ཆོས་འཕེལ་དང་འཆམ་པོ་ཡོད་ཚུལ་དང་དེ་བརྒྱུད་ནས་ཆུ་མདོ་སྟོད་ཀྱི་ཕྱོགས་གཏོགས་རྣམས་དང་ཉེ་བོ་མེད་དམ་བསམ་པ་ཞིག་གི་ཐོག་ནས་དབུས་གཙང་དབུས་རྒྱུན་གྱི་ངོས་ནས་ཁོ་མི་སླེབས་པའི་ཐབས་ཤེས་གང་མང་བྱས་པའི་ལོ་རྒྱུས་ཡོད་པ་རེད། དེ་ལ་བརྟེན་ནས་ཁོས་སྐབས་བཅུ་བཞི་པའི་ནང་དུ་གནད་དོན་དེ་གཙང་སེལ་བྱེད་ཆེད་དུ་སྐད་ཆ་གལ་ཆེན་པོ་གཉིས་བཤད་པའི་ལོ་རྒྱུས་ཡོད་ཚུལ་གནད་ཡོད་མི་སྣ་ཞིག་གིས་བརྗོད་སོང་ལ། རྗེས་སུ་གྲོས་ཚོགས་ལས་རིམ་གསར་ཤོག་སོགས་ལ་ཞིབ་སྐབས་བདེན་པ་རེད་འདུག དང་པོ་ཆུ་སྒང་ལྔ་བཅུའི་དུས་དྲན་སྐབས་མང་གཙོའི་ཀ་བ་གསུམ་སྐུ་མགྲོན་དུ་ཕེབས་པ་དེ་གང་མིན་ཚད་རེད་ཅེས་བཤད་པ་རེད། དོན་དངོས་ཁོས་དེ་ལྟར་བསམ་ཡོད་མེད་མི་ཤེས་ཀྱང། གནད་དོན་གཙོ་བོ་མདོ་སྟོད་ཆུ་སྒང་གི་སྒྲིག་འཛུགས་ལ་སྡང་པོ་ཡོད་མདོག་བྱས་ནས་དབུས་གཙང་པ་ཚོའི་རྒྱབ་སྐྱོར་འཐོབ་ཐབས་བྱས་པ་རེད། གཉིས་པ་ཉེ་བའི་ཆར་༧གོང་ས་མཆོག་གི་གསུང་འཕྲིན་ལ་ཉན་ཞིབ་སྐབས་ཁོས་བཀའ་ཟུར་དེ་ཚོས་སྔོན་མ་ཞབས་སྟེགས་སྟེང་དུ་ཡོད་དུས་སྐད་ཆ་གཅིག་བཤད། ཟུར་པ་ཆགས་དུས་སྐད་ཆ་གཅིག་བཤད་ནས་སྤྱི་ཚོགས་ནང་འཁྲུག་ཐེབས་ཀྱི་ཡོད་ཚུལ་བཤད་པ་རེད། བཤད་དུས་བཀའ་ཟུར་སྤྱི་ཡོངས་ལ་བཤད་པའི་སྐད་ཆ་ཡིན་ནའང། དོན་དམ་དུ་དམིགས་ས་གཙོ་བོ་འཇུ་ཆེན་ཐུབ་བསྟན་རེད། སྐབས་དེར་ཉན་ཞིབ་བྱེད་དགོས་དོན་ཡང་གཙོ་བོ་གཅིག་འཇུ་ཆེན་ཐུབ་བསྟན་གྱི་སྐད་ཆ་ལ་བརྟེན་ནས་བྱུང་བ་ཡིན་སྟབས་ཁོས་བཤད་པ་དེ་ཐད་ཀར་འཇུ་ཆེན་ཐུབ་བསྟན་པ་བཤད་པ་རེད། གནད་དོན་དེའི་ཐོག་ནས་ཟླ་བ་ཕུན་སྐྱིད་འཇུ་ཆེན་ཐུབ་བསྟན་ལ་སེམས་གཏིང་ནས་མི་དགའ་བ་ཡིན་མིན་མི་ཤེས་ཀྱང། དོན་དམ་འཇུ་ཆེན་ལ་ཁ་བཏང་ན་དབུས་གཙང་མི་མང་དགའ་ཐུབ་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་བྱས་ནས་བཤད་པ་རེད་ལ། དེ་ལ་བརྟེན་ནས་ཁོ་དབུས་གཙང་སྤྱི་འཐུས་ཀྱི་འོས་གཞི་ཨང་གསུམ་པར་བཀོད་པ་རེད།
    ༣༽ ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་མདོ་སྟོད་ཀྱི་ཕྱོགས་གཏོགས་རྣམས་ཀྱིས་བཤད་སྟངས་དང་གཅིག་པ་བཤད་པ་མ་ཟད། དེ་ལས་ཀྱང་ཅུང་ངར་བའི་བཟོ་ལྟ་བསྟན་པར་བརྟེན། ད་ལྟའི་ཆར་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ ནང་དུ་གཏན་ནས་བཞག་མེད་པ་རེད།
    ༤༽ པདྨ་འབྱུང་གནས་སྔོན་མ་ཡིན་ན་ས་སྐྱ་ཆོས་བརྒྱུད་ཁོ་ནའི་སྤྱི་འཐུས་རྐྱང་པ་བྱས་ནས་ཡོང་བ་ཞིག་ཡིན་ཡང། ད་ལོ་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཡོད་བཞག་ཡོད་པ་རེད། རྒྱུ་མཚན་ནི་ཚོགས་དུས་བརྒྱད་པའི་རྩོད་རྙོག་ནང་དབུས་གཙང་ སྤྱི་འཐུས་པདྨ་དང་བདེ་ཆེན་དང། དབུས་གཙང་སྤྱི་འཐུས་ ཀརྨ་རྒྱ་མཚོ་ཞེས་སྐད་ཆེན་པོ་དང་གདངས་རིང་པོ་འཐེན་ནས། ང་ཚོ་དབུས་གཙང་སྤྱི་འཐུས་ལ་ཐོབ་ཐང་དེ་མ་རག་ཙང་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་སྤྲོད་མི་ཆོག་ཚུལ་རྩོད་གླེང་ཤུགས་ཆེ་ཤོས་བྱེད་མཁན་ཡིན་པས་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་གཞིར་བཏོན་པ་རེད།
    ༥༽ སྤྱི་འཐུས་རྙིང་པ་རྣམས་ཀྱི་ནང་ནས་ཨང་རིམ་དམའ་ཤོས་ངག་དབང་ལྷ་མོ་ཡིན་པ་དང། སྐབས་བཅུ་བཞི་པའི་སྐབས་སུ་མཐོ་ཤོས་ཨང་གསུམ་པ་རེད། ད་ལྟ་དམའ་ཤོས་ཀྱི་གྲས་སུ་བཀོད་པ་དེ་ལ་རྒྱུ་མཚན་གཅིག་ལས་ཡོད་པ་མ་རེད། ཚོགས་དུས་བརྒྱད་པའི་སྐབས་ངག་དབང་ལྷ་མོས་ཡིག་ཆང་ཨང་༣༨ ལ་ས་ཡིག་བརྒྱབ་ཡོད་པ་རེད། མོ་རང་གི་ངོས་ནས་དེ་ལྟར་བྱས་ན་དབུས་གཙང་མི་མང་གི་རྒྱབ་སྐྱོར་རག་ཆེད་དུ་ཡིན་ཡང། ད་ལྟའི་དབུས་གཙང་ཚོགས་གཙོ་སྒྲོལ་མ་ཚེ་རིང་དང་ཁོང་གཉིས་རྒྱུ་མཚན་ག་རེ་ཡིན་མི་ཤེས་ཀྱང་གཏན་ནས་མི་འཆམ་པས་ཁོང་འོས་གཞིའི་ནང་ཨང་གྲངས་དམའ་ཤོས་ཀྱི་གྲས་སུ་བཏང་བ་རེད།
    ༦༽ ཚེ་རིང་སྒྲོལ་མས་ཡིག་ཆ་ཨང་༣༨ པར་རྒྱབ་སྐྱོར་དང་སྐད་ཆ་མང་པོ་ཞིག་ངར་ངར་ཤོར་ཤོར་གྱིས་བཤད་ཁུལ་བྱས་ཀྱང། མོ་དང་ངག་དབང་ལྷ་མོ་གཉིས་འཆམ་པོ་ཡོད་སྟབས། ཕོ་རོག་ནག་པོའི་སྡིག་སྒྲིབ་ཀྱིས་ངང་པ་སེར་པོ་འདམ་ལ་ཚུད་ཟེར་བའི་དཔེ་བཞིན། དབུས་གཙང་དབུས་རྒྱུན་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་བསམ་ངན་བྱས་ནས་འོས་གཞི་ཨང་དམའ་ཤོས་ཀྱི་གྲས་སུ་བཞག་པ་ཚོད་དཔག་བྱེད་ཐུབ།
    གཞན་ཆ་རྐྱེན་གཉིས་ཀྱི་སྐོར་ལ་བསམ་ཚུལ་ཁག་ཅིག་བརྗོད་རྒྱུ་ཡིན། “ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དང། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་རྒྱུར་ངོས་ལེན་དགོས་”སྤྱིར་མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་གྲོས་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་མི་གཅིག་པ་ཁུར་མི་ཆོག་པ་མེད་ཀྱང། ང་ཚོའི་མང་གཙོའི་ནང་རང་བཙན་གྱི་ལྟ་གྲུབ་ཁུར་མཁན་སླེབས་མི་ཆོག་པ་འགན་ཁུར་མཁན་མང་པོ་ཞིག་གི་དགོངས་བཞེས་སྟངས་རེད། དེར་བརྟེན་ད་ལྟའི་ཆར་ལངས་ཕྱོགས་མི་འདྲ་བ་ཞིག་ཁུར་ཡང་ནུས་པ་འདོན་ཐུབ་པའི་ཁོར་ཡུག་གཏན་ནས་མེད་པས་དབུས་རྒྱུན་གྱིས་གོང་རིམ་ལ་སྤྲེལ་ལད་འཁྲབ་བྱེད་ཀྱི་ལག་ཆ་ཞིག་ཏུ་དབུ་མའི་ལམ་དུ་ཤར་བསྐྱོད་དགོས་ཚུལ་བརྗོད་པ་དེ་སྤྱི་ཚོགས་ཀྱི་གནས་སྟངས་ཆ་ནས་ང་ཚོའི་མང་གཙོའི་སྤུས་ཚད་ཀྱི་ཐོག་ནས་བལྟས་ནས་བརྗོད་མི་སྲིད་པ་ཞིག་གང་ཡང་མ་རེད། ཡིན་ནའང་གཞོན་ནུའི་རྒྱུན་ཟུར་རྣམས་ཀྱིས་ཆ་རྐྱེན་དེ་དག་ཁས་ལེན་བྱས་པ་ནི། ཡིད་ཆེས་བློ་གཏད་བྱེད་ཆོག་པའི་ལངས་ཕྱོགས་གང་ཡང་མེད་པ་གསལ་སྟོན་བྱས་པ་རེད། དངོས་གནས་ཡིག་ཐོག་ནས་ཁས་ལེན་བྱས་ཡོད་ན་ཞབས་འདྲེན་རེད། ལྷག་པར་དུ་དབུས་གཙང་ཆོལ་ཁར་ཞེན་གོག་ཡོད་དགོས་ཞེས་ཁས་ལེན་བྱེད་བཅུག་པ་དེ་དངོས་གནས་བློ་ཕམ་གྱི་རང་བཞིན་ཞིག་རེད། ཞེན་གོག་ནི་ཞེན་གོག་རང་རེད། དེ་ལ་ཡག་ཉེས་ཀྱི་སྐད་ཆ་གང་ཡང་མེད། ཞེན་པ་གོག་པོ་ཞེས་པ་དེ། གླང་གོག་དང། ཁྱི་གོག སྤྲང་གོག ཞེན་གོག་སོགས་མིང་གང་གི་མཐའ་རུ་གོག་ཅེས་པ་ཡོད་ཀྱང་སྡུག་ཕྱོགས་སུ་གོ་བ་རེད།
    མི་ཁག་ཅིག་དང་ལྷག་པར་དུ་དབུས་གཙང་ཆོལ་ཁའི་ངོས་ནས་ཆོལ་ཁའི་ཞེན་གོག་བྱེད་ཀྱི་མེད་ཚུལ་བརྗོད་བཞིན་ཡོད་མོད། དོན་དངོས་དེ་ལྟར་མ་ཡིན་པར་བློ་གྲོད་པར་བཀལ་གྲོད་པས་ཆུ་གློད་ཅེས་པ་བཞིན། དབུས་གཙང་ཆོལ་ཁའི་དབུས་རྒྱུན་གྱི་ངོས་ནས་ཡུན་རིང་ས་འོག་དར་ཐག་གི་ཚུལ་དུ་གབ་སྦས་བྱས་པའི་ཕྱོགས་ཞེན་དེ་ད་ལོ་དངོས་སུ་ཁྲོམ་བསྒྲགས་བྱས་པ་རེད། འདི་ནི་ཕྱོགས་གང་ལ་བལྟས་ཀྱང་བཀྲ་མི་ཤིས་པ་ཞིག་ལས་ལེགས་པའི་གནས་ཚུལ་ཞིག་གཏན་ནས་མ་རེད། ལྷག་པར་དུ་ཆོལ་ཁ་ལ་ཞེན་གོག་བྱེད་དགོས་ན་སྤྱི་མི་ཚད་དང་ལྡན་པ་ཞིག་ཡོང་ཐབས་གཏན་ནས་མེད་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་པ་རེད། ད་མདོ་སྟོད་ཀྱི་ངོས་ནས་ཆུ་སྒང་གི་མིང་ཐོག་ནས་འདི་དང་འདྲ་བའི་ཞེན་གོག་གི་རྨང་གཞི་བྱས་ནས་སྤྱི་འཐུས་ཀྱི་འོས་གཞི་ཞིག་བདམ་ཡོད་ངེས་པས་མ་འོངས་པར་ཡང་གྲོས་ཚོགས་ནང་ཞེན་གོག་དང་འཐེན་འཁྱེར་རྐྱང་པ་ལས་གནས་སྟངས་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་གཏན་ནས་མི་འདུག སྔོན་མ་ཡིན་ན་ད་ལོའི་གྲོས་ཚོགས་ཀྱི་གནས་སྟངས་དེ་མི་མང་ལ་གསལ་པོ་ཆགས་ཡོད་ཙང། འགྲོ་སྟངས་ལྟར་ན་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་གནས་ཚུལ་ལྷགས་པའི་སྐབས་འཐེན་ཁྱེར་བྱེད་མཁན་གཙོ་བོ་རྣམས་སྤྱི་འཐུས་ཀྱི་རྐུབ་སྟེགས་ལས་ཕབ་དགོས་པ་རེད། འོན་ཀྱང་ཆོལ་ཁ་སོ་སོའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་ཚོའི་རྐུབ་སྟེགས་མཐོ་རུ་གཏོང་རྒྱུའི་གྲ་སྒྲིག་བྱས་འདུག མི་མང་ཡང་དེའི་རྗེས་སུ་ཞུགས་ནས་གོ་ལོག་བརྩེས་པ་ཡིན་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཚར་བ་རེད། སེམས་གཏམ་ཁག་ཅིག་ངག་ནས་ཤོར་བ་མ་བཅོས་པར་ཐད་ཀར་བྲིས་པ་ཡིན།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་བོད་མིང་ཅན་ཁྱོད། ཁྱོད་ཀྱི་མིང་བོད་ཞེས་བྲིས་འདུག་ཀྱང་སེམས་པས་དགའ་ཕྱོགས་རྒྱ་མི་ཡིན་པ་འདྲ།
    བོད་ཀྱི་གཞོན་ནུ་ཚོགས་པའི་བྱས་ཉེས་ཀྱི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པར་ང་ཅོ་རིས་མ་མཐོངབ་དང་གཅིག
    གཉིས་ནས་གཞི་ལུས་བོད་མིས་ངོ་རྒོལ་སྐད་འབོད་བྱས་པ་དེ་ཚོ་༧གོང་ས་མཆོག་བོད་ནང་དུ་ལྟ་སྐོར་ཕེབས་ཐུབ་པས་ཆེད་དུ་མ་རེད།
    བོད་རང་དབང་རང་བཙན་དང་རྒྱལ་བ་རིན་པོ་ཆེན་ཁྲི་ལ་འཁོར་དགོས་ཞེས་པའི་དོན་རེད། ཁྲི་ལ་འཁོར་དགོས་ཞེས་པ་འདི་ནི་བོད་གཞུང་གི་ཆོས་སྲིད་གཉིས་ཀྱི་བཞུགས་ཁྲི་ལ་གོ་དགོས་པ་ལས་དགྲ་བོ་རྒྱ་དམར་གྱི་གོང་ཁྲན་ཏང་གི་སྲིད་ཁྲི་དེ་མིན་པ་ཁྱོད་ཀྱིས་ཧ་གོ་མ་གོ་བ་དེར་སྙིང་རྗེ།
    རྒྱ་དགའ་མ་ཁྱོད་རང་གིས་བོད་རང་བཙན་མི་དགོས་པས་ས་ཡིག་རྒྱབ་འདོད་ན་རྒྱག་རོགས། བཙན་བྱོལ་མི་དམངས་ཀྱིས་བོད་རང་བཙན་མིན་པ་དང་བོད་རང་བཙན་གྱི་ལྟ་བ་མི་ཁུར་པའི་ས་ཡིག་ནམ་ཡང་རྒྱག་གི་མ་རེད་དོ།

    Reply
  21. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་དམིགས་ཀྱི་ཆ་རྐྱེན་འདིའི་ཐོག་གསར་འགོད་རྣམས་ཀྱི་གསར་འགྱུར་སྤེལ་ཕྱོགས་ངོ་ནས་ཁྱད་པ་ཆེན་པོ་ཞིག་ཡོད་པ་མཐོང་གི་འདུག་

    དེ་ཡང་དུས་བབ་དྲྭ་ཐོག་ཏུ་༼སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཐེངས་འདིར་དབུས་གཙང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་རྣམས་ལ། ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་བཅུག་ཡོད་ལ། ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་། རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་། གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན།༽འདི་འདྲ་ཞིག་གསུང་འདུག་ཀྱང་།

    བོད་ཀྱི་བང་ཆེན་དྲྭ་ཐོག་ཏུ་༼ཟླ་འདིའི་ཚེས་༢༥ ཉིན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་ནས། བཀའ་བློན་ཁྲི་པའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མི་༢༠ གསལ་བསྒྲགས་གནང་བ་དང། སྤྱི་འཐུས་ཀྱི་འོས་མི་རྣམས་ལ་དབུས་གཙང་ཆོལ་ཁའི་སྒྲིག་གཞི་ལྟར། “ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དང། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་རྒྱུར་ངོས་ལེན་དགོས་པའི་”ཆ་ རྐྱེན་གཉིས་བཏོན་པ་དང། འོས་མི་ཉི་ཤུ་དེ་དག་གིས་ཆ་རྐྱེན་ལ་ཁས་ལེན་ཡོད་པའི་སྐོར་ཡིག་ཐོག་ནས་ཕུལ་ཡོད་ པ་རེད།༽འདི་འདྲ་ཞིག་གསུང་འདུག

    དེ་གཉིས་གང་ལ་ཆ་འཛིན་བྱ་དགོས་སམ་ཁོ་བོས་དཔྱད་པ་བྱས་ན་དུས་བབ་དྲྭ་ཐོག་ནས་བཤད་པ་དེ་ལ་འུར་བཤད་ཞིག་འབྲེལ་མེད་དམ་མཉམ་གང་ལ་ཞེ་ན་ཆ་རྐྱེན་གཉིས་སྟོན་ཡོད་པ་གསལ་འདོན་བྱས་ཡོད་ཀྱང་ཆ་རྐྱེན་གསུམ་འདྲ་བ་ཞིག་བཟོས་ནས་ཡོད་པ་དེ་ཡིན།

    དེ་ལྟར་ཡིན་མིན་དྲྭ་གྲོགས་ཡོངས་ནས་དཔྱད་པ་བྱ་དགོས་པ་ཞིག་ཡིན་པ་མ་ཟད་དབུས་གཙང་རྒྱུན་ལས་འགན་ཡོད་རྣམས་ནས་ཀྱང་ཁ་དྲགས་རན་སོང་།

    སྤྱིར་ན་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཡིན་པ་ཤེས་བཞིན་དུ་རང་བཙན་གྱི་ལྟ་བ་འཁྱེར་མཁན་མིན་པའི་ས་ཡིག་རྒྱག་འཇུག་དང་རྒྱག་མཁན་གཉིས་ཀ་ཁྱད་མཚར་གྱི་མ་རེད་དམ་སུ་ལ་མགོ་བསྐོར་གཏོང་གི་ཡོད་དམ། དེ་ཚོ་དངོས་བདེན་ཡིན་ན་ཡག་པོ་མ་རེད་དེ་དག་ལ་འབྲེལ་ཡོད་ཁག་ནས་ཁ་གསལ་པོ་བཟོ་དགོས་པ་ནི་གལ་ཆེན་པོ་མཐོང་གི་འདུག

    Reply
  22. GYAMTSO says:
    ལོ་ 15 སྔོན།

    ཐུགས་རྗེ་ཡག་པོ་བཏོན་འདུག མུ་མཐུད་དུ་ཤོག་གི་སྐོར་ཤུགས་རོགས།

    Reply
  23. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁའི་སྤྱི་འཐུས་ནང་འགྲོ་དུས་སུ་རང་བཙན་ལྟ་བ་ཁྱེར་མཁན་མིན་ཞེས་པས་མིང་རྟགས་བཀོད་དགོས་པ་དེ་ཡག་པོ་ཨེ་ཡོད་ན།དེ་ནི་བོད་དེ་རང་བཙན་མ་ཡིན་ཟེར་མཁན་འདྲ་པོ་ཞིག་མི་འདུག་གམ།

    Reply
  24. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོར་འབོད་སྐུལ་ཞུ་རྒྱུར་དབུས་གཙང་ཆོལ་ཁར་གཙང་སྟོད་ཆོལ་ཁ་ཞེས་གསུང་རོགས་གནང་གང་ཡིན་ཞེས་ན་དབུས་པ་རྣམས་འོས་མིའི་ཁོངས་སུ་སླེབ་རྒྱུ་ནི་ཧ་ལམ་མི་སྲིད་པ་ལྟ་བུ་ཞིག་རེད་་་གལ་ཏེ་ཡོད་པའི་དབང་དུ་བཏང་ཡང་དེ་ནི་ཉི་མོའི་སྐར་མ་ཙམ་རེད།

    Reply
  25. བཤད་སྒྲུབ says:
    ལོ་ 15 སྔོན།

    དབུས་གཙང་རྒྱུན་ལས་ཀྱི་བྱས་སྟངས་འདིར་ལྟས་ན་དེ་སྔོན་སྐུ་དྲག་ང་ཕོད་གི་ཆིངས་དོན་ ཚན་བཅུ་བདུན་བཞག་པ་དང་དེ་རིང་རང་བཙན་འདོད་མི་ཆོག་པའི་ས་ཡིག་རྒྱབ་དགོས་པའི་ཆ་རྐྱེན་གཉིས་གོ་རིམ་ནོར་མེད་པ་འདྲ། དྲང་པོ་ཞུས་ན་བོད་ཆོལ་ཁ་གསུམ་ནང་བཀའ་ཁྲིར་འོས་མི་སྐུ་དྲག་ཅིག་ལས་མེད་མི་སྲིད། ད་དུང་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་ཅེས་པ་ཆ་རྐྱེན་སྟོན་སྟངས་འདིར་ ལྟས་ན། མི་རིང་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོལ་ཁའི་དམག་འཁྲུག་ལང་འདོད་པ་དང་བོད་གཞུང་གི་བདག་དབང་དབུས་གཙང་ཆོལ་ཁའི་དབང་རྒྱུར་འདོད་པ་འདི་ལས་གཞན་ཅི་ཡོད།

    Reply
  26. ནོར། says:
    ལོ་ 15 སྔོན།

    བརྟག་རྗེས། གོང་གསལ་གྱི་འོས་མི་སྐོར་ཞིག་ནས་ཆ་རྐྱེན་དེ་གཉིས་ལ་ཁས་ལེན་བྱས་མེད་ལ། ས་ཡིག་དེ་བས་ཀྱང་བརྒྱབ་མི་འདུག དེའི་རྐྱེན་དབུས་གཙང་ཆོལ་ཁས་སྐྱག་རྫུན་བཤད་དགོས་པའི་ཡང་སྙིང་དེ་ཧ་གོ་མ་སོང་།

    Reply
  27. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    བོད་རང་བཙན་བློས་མི་གཏོང་བའི་མི་ལ་དབུས་སའི་གཞོན་ནུའི་ལས་ཁུངས་གཉིས་ལས་འགྲོ་ས་མེད་ན། འུ་ཅག་གི་མང་གཙོའི་སྲིད་གཞུང་འདིར་རུས་པ་ཅན་གྱི་མི་ག་ཚོད་ཅིག་སླེབས་ཐུབ་ཀྱི་རེད་དམ། འུ་ཅག་གི་སྲིད་གཞུང་འདི་ཡང་དག་པའི་མང་གཙོའི་སྲིད་གཞུང་ཞིག་དང་བར་ཐག་ཅི་ཙམ་གྱིས་ཆོད་ཡོད་དམ།

    Reply
  28. གངས་ཕྲུག says:
    ལོ་ 15 སྔོན།

    རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་ཞིག་དགོས་ན། བོད་རང་བཙན་མ་རེད་ཟེར་ནས་མཚན་རྟགས་བསྐྱོན་དགོས་པ་རེད་དམ་
    ད་དང་ཆ་སྐྱེན་གསུམ་པ་དེ་ཡང་རང་བཞིན་གྱི་དྲི་སླེབ་བ་ཡོང་གི་་་་་་་་་་་་་་་་་་་་་་་་་་་
    ད་ཡིན་ན་རྣམ་རྟོག་ལངས་ཡ་རང་རེད།

    Reply
  29. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁའི་ཁོ་ཚོར་ཞེན་ཁོག་བྱེད་མཁན་ཤ་སྟག་འདེམས་ཡོངས་དུས་ཡ་མ་བརླ་གི་གཞོན་ནུ་ཚོགས་ཟུར་ཚོས་གདོན་གཟུགས་བསྟན་སོང་ང་། ལྟོས་དང་སྐྱུགས་བྲོ་བ་ལ། ནམ་ཞིག་སྤྱི་འཐུས་སམ་བཀའ་ཁྲིའི་ཆ་རྐྱེན་ལ་༧གོང་ས་མཆོག་ལ་ཐ་གཅིག་ཏུ་དགག་པ་རྒྱག་དགོས་ཞེས་བཀོད་ཡོད་པའི་དབང་དུ་བཏང་ནའང་མགོ་སར་གཏུགས་ལ་ཁད་དང་ཡར་བཤད་མར་བཤད་ཚང་མར་༧གོང་ས་མཆོག་ཟེར་མཁན་ཚོས་དེ་ལྟར་བྱེད་ངེས། དེ་ཡང་གཞོན་ནུའི་ཚོགས་ཟུར་ཚོ་ནང་བཞིན།

    Reply
  30. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    དེང་སང་རང་དབང་དང་ཡོངས་སུ་བྲལ་བའི་བོད་ཡུལ་་དུ། རྒྱ་དམར་གྱིས་རྒྱ་གཅེས་ཆོས་གཅེས་སོགས་ཀྱི་ལས་འགུལ་སྤེལ་ནས། བོད་རང་བཙན་གྱི་ལྟ་བ་ཁྱེར་མི་ཆོག་པའི་སྒྲིག་ཁྲིམས་ལ་མིང་རྟགས་བཀོད་ཆེད། ཞི་བས་བསླུ་ཐབས་དང་དྲག་པོས་མནར་གཅོད་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་ཀྱང་། ད་དུང་གཞིས་ལུས་བོད་མི་ཚོས་སེམས་ཤུགས་ཆེན་པོས་བོད་རང་བཙན་ཀྱི་ལྟ་བ་ནི་རང་གི་སྲོག་ལྟར་གཅེས་འཛིན་བྱས་ཡོད་པ་ལས་དོར་མྱོངགཏན་ནས་མེད།
    འོན་ཀྱང་འདིར་རང་དབང་ཡུལ་་དུ་གནས་པའི་དབུས་གཙང་པའི་ལས་བྱེད་རེ་ཟུང་གིས། མ་བསྐུལ་དང་བླང་གིས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གྱི་ལྟ་བ་ནི། རང་གིས་དོར་ནས་གཞན་ལ་འང་དོར་དགོས་པའི་མིང་རྟགས་བཀོད་བཅུག་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་དུ། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་ཐབས་ཀྱི་ཐབས་ཇུས་༼རྒྱ་གཅེས་ཆོས་གཅེས་ལས་འགུལ་༽ཞེས་པ་དེ་དངོས་གནས་སླེབས་མི་གམ?????????

    དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐྱོར་བྱས་པས་མ་འཐུས་པར། ད་དུང་བོད་རང་བཙན་གྱི་ལྟ་བ་དོར་དགོས་པའི་སྒྲིག་ཁྲིམས་བཞག་པ་འདི་ལ་བལྟས་ན། ཁྱེད་ཚོ་ནི་རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་གྱི་ཐད་ཀར་བཀོད་ཁྱབ་འོག་ཡོད་པའི་གུང་ཁྲན་ཏང་ཡོན་རྙིང་པ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་ཞིག་ཤར་སོང་ལ། འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་སྙམ་པའི་ཐེ་ཚོམ་ཡང་ཤར་སོང་།
    སྔོན་མ་བོད་དུ་རྒྱ་མིས་བཙན་འཛུལ་བྱེད་སྐབས་སུ། 
བོད་མི་བསམ་མེད་འགའ་རེས་རྨོངས་གླུ་ཞིག་སྐྱོར་ཡོད།
    
གླུ་ཚིག་ནི།
    
རྒྱ་གུང་ཁྲན་ཏང་གི་བཀའ་དྲིན་གྱིས།

    དངུལ་དཀར་པོ་ཆར་བ་བབ་བབ་རེད།

    འདི་ལ་དུས་ངན་མའི་གླུ་ཞེས་མིང་བཏགས་ཡོད།

    ད་ལྟ་བོད་མི་ཁྱེད་ཚོས་ཀྱང་ཡང་སྐྱར་དུས་ངན་མའི་གླུ་གསར་བ་ཞིག་ལེན་བཞིན་ཡོད་པ་འདྲ་བའི་སྐྲག་སྣང་ཞིག་སེམས་ལ་བྱུང་བས།
    བདག་གིས་དྲང་པོའི་བློ་ཡིས་བོད་དབུས་གཙང་མངའ་རིས་ཀྱི་མི་དམངས་འཐུས་ཚབ་ཚོ་ལ་རེ་བསྐུལ་ཞུ་རྒྱུ་ནི།
    ཁྱེད་ཚོས་བཞག་པའི་དབུས་གཙང་སྤྱི་འཐུས་ཀྱི་ཆ་རྐྱེན་གསུམ་ལས།
    ༡༽བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐྱོར་གནང་མཁན་དང་།
    ༢༽རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་།
    ༣༽དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ།
    བཅས་གསུམ་བཀོད་འདུག་པས་ཆ་རྐྱེན་གཉིས་པ་རང་བཙན་གྱི་ལྟ་བའང་དོར་དགོས་པའི་བསམ་ཚུལ་་ངན་པ་འདི་་གང་འགྱོགས་མེད་པར་བྱེད་རོགས་ཞུ།
    རྒྱུ་མཚན་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  31. kunsal says:
    ལོ་ 15 སྔོན།

    ཆ་རྐྱེན་གསུམ་ཀ་འོས་ཤིང་མཚམས་པ་ཞིག་མ་མཐོང་།

    Reply
  32. འོས་ལངས། says:
    ལོ་ 15 སྔོན།

    བོད་རྒྱ་གཉིས་ཐ་དད་དུ་འཛིན་པའི་བཀའ་ཁྲི་ཞིག་དགོས། བོད་རྒྱ་འོག་ཏུ་མི་འཇུག་པའི་བཀའ་ཁྲི་ཞིག་དགོས། ཡོད་ཚད་རྒྱ་གཞུང་ལ་བསྟུན་ཐལ་མི་བྱེད་པའི་བཀའ་ཁྲི་ཞིག་དགོས། མི་རིགས་ཀྱི་ཆེད་དུ་ཅི་ཡང་བསྒྲུབ་ཕོད་པའི་བཀའ་ཁྲི་ཞིག་དགོས། མདོར་ན་བོད་མི་མང་གི་ཚབ་མཚོན་བྱེད་ཐུབ་པའི་བཀའ་ཁྲི་ཞིག་དགོས།

    Reply
  33. བོད་ says:
    ལོ་ 15 སྔོན།

    དབུས་གཙང་གིས་བྱས་པ་ནོར་མི་འདུག་རང་བཙན་གྱི་ལྟ་བ་ཁུར་མཁན་ཚོས་གཞུང་དང་༸གོང་ས་མཆོག་གི་དགོངས་གཞི་དང་ལངས་ཕྱོགས་དཀྲུག་རྒྱུ་དང་མི་མང་མགོ་སྐོར་གཏོང་རྒྱུ་ལས་གཞན་ག་རེ་འབྱོན་སོང་།
    རྒྱ་དམར་གཞུང་གིས་གཞོན་ནུ་ཚོགས་པའི་བྱེད་སྟངས་ཁ་ལ་ཁྱེར་ནས་༸གོང་ས་མཆོག་ལ་གང་བྱུང་ལབ་བཞིན་ཡོད་པ། ཅོ་རི་ཁྱོད་ཀྱི་ཐོས་མྱོང་ངམ། འོ་ན་དེ་འགྲིག་པ་རེད་དམ།
    གཞི་ལུས་བོད་མིའི་སྐད་འབོད་ཀྱི་དང་པོ་གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པ་ཁྱོད་ཀྱི་རྣ་རྒྱབ་ཀྱི་རླུང་ཆགས་པ་མ་ཡིན་ནམ།

    གང་ལྟ་བཀའ་སྤྱི་འོས་གཞིའི་ནང་དུ་༸གོང་ས་མཆོག་དང་གཞུང་ཕྱོགས་སུ་ལྷག་བསམ་དང་དམ་བཅའ་བརྟན་པོ་ཅན་ཞིག་ངེས་པར་དགོས།

    Reply
  34. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    ན་ནིང་སྒོ་དྲུག་སྐལ་བཟང་གི་གཞོན་ནུའི་མགོ་ཕྲིད་དེ་རང་བཙན་རྩོད་ཀྱིན་འདུག་ད་ལོ་རང་བཙན་མི་རྩོད་པའི་མིང་རྟགས་འགོད་ཀྱིན་འདུག་མི་དེ་ཚོ་ལ་ཡིད་སྟོན་བྱེད་ས་མི་འདུག་གོ།

    Reply
  35. གླང་དར་མ། says:
    ལོ་ 15 སྔོན།

    སྤྱི་འཐུས་གི་འོས་མི་ཕལ་ཆེ་བ་འགྲིག་འདུག་ཡིནའང་རང་བཙན་ལྟ་བ་ཁྱེར་མཁན་མིན་པའི་ས་ཡིག་དེ་གང་འདྲ་ཡིན་ནམ་ཨ་ཧཧཧཧཧཧཧཧཧཧཧ བཀའ་ཁྲིའི་འོས་མི་ལ་མོས་མཐུན་མེད་གང་ཡིན་ཟེར་ན་གོ་སྐབས་བྱུང་ཚར་བ་རེད་གང་ཡང་འཇོན་ཡོད་པ་མ་རེད་ལ་འཇུག་ཡང་འཁྱོལ་ཡོད་པ་མ་རེད་རྩིས་སྤྲོད་ཡང་ཡག་པོ་མ་བྱས་པར་ཨ་རིར་བྲོས་ཕྱིན་པ་རེད་ དབུས་ཙང་མི་དམངས་ལྐུག་པ་མ་རེད་ལོ།

    Reply
  36. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    དབུས་གཙང་གི་སྤྱི་འཐུས་འོས་གཞི་སྟོན་འདུག་པ་གུས་པ་འདོད་བློ་རྩ་བ་ནས་ཁེངས་མ་སོང་འདི་ལ་ངས་དྲི་བ་ཁ་ཤས་ཞིག་མི་བཏང་བཀའ་མེད་བྱུང་བཀའ་བློན་ཁྲི་པའི་འོས་གཞི་ནང་མི་གཅིག་མ་གཏོགས་མི་བཏང་བ་གང་ཡིན་ནམ།ཕལ་ཆེར་བཙན་བྱོལ་ནང་དུ་ཁོ་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་གྱི་གང་ཟག་ཅིག་མ་མཐོང་བའི་ཚོད་དུ་སྣང་།དེ་ནི་ཁྱེད་ཅག་གིས་མིག་ལྟ་སྟངས་ཐད་སྔར་ལྟར་འགྱུར་བ་གང་ཡང་མ་སོང་བར་མིག་གཅིག་གིས་རང་ཕྱོགས་ཁོ་ན་གཞན་མི་མཐོང་བར་སྔར་ནས་ཕྱོགས་ལྷུང་གིས་བསྒྲིབས་ནས་ཡོད་འདྲ།སྤྱི་འཐུས་ཟླ་བ་ཚེ་རིང་ཡང་སླར་ཡང་སྤྱི་འཐུས་སུ་བཀོད་ནས་ལོ་སྔ་མའི་ནད་གཞི་རྙིང་སླར་གསོ་ཡོངས་ཐབས་སུ་བཏང་ཡིན་པ་འདྲ། འདི་གཉིས་ཀྱི་ཐོག་ངེས་པར་གསལ་བཤད་རེ་གནང་རོགས

    Reply
  37. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    ད་དངོས་གནས་རྣམ་རྟོག་སླང་གི་འདུག།
    ཞེན་ཁོག་ཡོད་མཁན་དགོས་བ་ནང་བཞིན་འདམ་འདུག།
    ལྷག་དོན་ཟླ་བ་ཚེ་རིང་འདམ་པ་དེའི་བག་ཆག་ཡག་པོ་ཞིག་གཞག་སོང།
    ཟླ་བ་ཚེ་རིང་ཡང་སྐྱར་འདམ་ན། གཞན་དག་གིས་ཀྱང་ཁ་ལྡང་ནས་སྡད་ཨ་ཡོང་དེ་མཚུངས་ཀྱིས་བྱ་སྤྱོད་ཅིག་སྤེལ་རྒྱུའི་ཐག་ཆོད་དེའི་འགན་ཚང་མ་དབུས་གཙང་ཀྱི་རྒྱུན་ལས་མིང་འཛིན་པ་དེ་དག་གི་ཁུ་དགོས། ཡང་ངས་བྱ་སྤྱོད་ཟེར་དུས་རྡོ་དང་དབྱུག་པའི་བྱ་སྤྱོད་ལ་བཤད་ཀྱི་མེད་གོ་ནོར་མ་ཐབ་རོག། ད་ལྟའི་བར་དུ་དེ་འདྲ་རྐྱང་རྐྱང་བྱས་ནས་སྡད་ཡོད་ད་དུང་ཡང་འདི་འདྲ་རེད་་་་་་་་་་་་་་་་་་་་་་་་ཧ་ཧ་ཧ་ཧ་་་་་་་་་་་་་་་་་་་་་་་་་་
    རང་བཙན་རྩོད་རྒྱུ་མིན་ཟེར་ནས་བོད་མི་ནང་ཁུལ་ལ་ཡང་གསལ་ཡིག་རྒྱག་དགོས་ཀྱི་ཡོད་བཟོ་འདུག་ད་དངོས་གནས་དགོད་དྲོ་བ་ལ། དགྲ་བོ་རྒྱ་དམར་ཀྱི་འོག་ནས་ཡང་བོད་རང་བཙན་དང་༧གོང་ས་མཆོག་ལ་ཁ་གཏང་བ་དང་ངོ་རྒོལ་བྱེད་རྒྱུའི་གསལ་ཡིག་མ་རྒྱབ་ནས་རྒྱ་དམར་གྱི་གཙོན་འོག་དུ་ལོ་གསུམ་ཙམ་སྡོད་དགོས་བྱུང་ད་ལྟ་ཡང་རང་སྲོག་དོར་དགོས་ཀྱང་གསལ་ཡིག་མི་རྒྱབ་རྒྱུའི་དམ་བཅའ་གཙང་མ་ཡོད། ཁྱོད་ཚོ་ལ་གོ་ཙམ་བྱེད་འདོད་བྱུང། ངས་བསམ་ན་བོད་རང་བཙན་མི་རྩོད་རྒྱུའི་གསལ་ཡིག་སྡུ་རྒྱུ་དེ་དབུས་གཙང་རྒྱུན་ལས་ཀྱི་ལས་འགན་མ་རེད། དེ་རྒྱ་ནག་གཞུང་གི་ལས་འགན་རེད་ཁྱོད་ཚོས་ཡིག་ཆ་ནོར་སོང་བ་མ་རེད་དམ། ངས་ལྟས་ན་དེ་ཕལ་ཆེར་ཡིག་ཆ་ནོར་ཡོད་རྒྱུ་རེད་བསམ་སོང། རྨི་ལམ་ནས་རེད་མི་འདུག་གང་ཡིན་ཟེར་ན་ངས་ང་རང་ལ་འགྲམ་ལྕག་གཅིག་ཞུས་ཡིན་པས་ཚ་ཡི་འདུག།
    དེ་ཙམ་ཡིན་་་་་་་་་་་་་་་་་་་་་རྣམ་རྟོག་སླང་མཁན་ཚོ།

    Reply
  38. ཆོས་འཕེལ། says:
    ལོ་ 15 སྔོན།

    བོད་ཀྱི་རྒྱལ་དར་ཁྱེར་ན་བཙན་བྱོལ་བོད་གཞུང་དུ་འཛུལ་མི་ཆོག་པའི་གནས་ཚུལ་འགྱོག་པོ་ཡོངས་ཉེས་འདུག་གོ
    རང་བཙན་གྱི་ལྟ་བ་ཁྱེར་མཁན་བོད་ཀྱི་སྤྱི་འཐུས་ནང་དུ་ལོངས་ཆོག་གི་མེད་ན། ཁྱད་མཚར་པོ་རེད།

    Reply
  39. kunsal says:
    ལོ་ 15 སྔོན།

    འོས་མི་རྣམས་ལས་ཟླ་ཕུན་སྐྱིད་མ་གཏོགས་ཚང་མ་ཡག་པོ་འདུག ཟླ་ཕུན་སྐྱིད་ཞུ་དེ་སྔ་ལོའི་གྲོས་ཚོགས་ཀྱི་རྙོག་གླེང་སྐབས་སྤྱི་སྨན་གྱི་གྲོས་འཆར ལ་དགག་བྱ་བྱེད་མཁན་ཁོངས་སུ་ཡོད་པ་དེས་མི་དེ་ག་འདྲ་ཡོད་པ་ཤེས་ཐུབ།

    Reply
  40. རྨེ་རུ། says:
    ལོ་ 15 སྔོན།

    སྤྱིར་བཏན་དབུས་གཙང་ཆོལ་ཁའི་སྤྱིས་འཐུས་སྐབས་བཅོ་ལྔ་བ་དང་བཀའ་བློན་ཁྲི་བ་སྐབས་གསུམ་པའི་གལ་ཆེར་གྱི་གནད་དོན་འདིར་དགོངས་པ་ཞེས་པར་ཡིད་རངས་ཡོད།

    ཡིན་ན་ཡང་སྤྱི་འཐུས་ཀྱི་འོས་མིར་ག་དུས་ཡིན་ན་ཡང་ཤེས་ལྡན་གྱི་མི་སྣ་
    འཚོལ་ཐབས་མི་བྱེད་པར་ཚོང་པ་དང་སྤྱིས་འཐུས་རྙིང་པ་ཡང་སྐོར་སྐྱོར་སྐོར་གྱི་བྱེད་ཐབས་འདིར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྤྱི་འཐུས་ཀྱི་འོས་མིར་
    གཞོན་སྐྱེས་སམ་མི་རབས་གསར་པ་གང་མང་བསླེབ་ཐབས་ལ་འབད་བརྩོན་
    གནང་རྒྱུ་ནི་དུས་ཚོད་འདིར་འོས་འཚམས་ཤིག་རེད། གུས་པའི་རེ་བ་ལ་
    སྐབས་བཅོ་ལྔ་བའི་དབུས་གཙང་སྤྱི་འཐུས་ཚང་མ་གསར་བ་བསླེབས་བའི་རེ་བ་བྱེད་བཞིན་ཡོད།
    དབུས་གཙང་མི་མང་གི་ད་ལྟ་ནས་དགོངས་པ་གཏིང་ཟབ་
    བཞེས་རོགས་གནང་།

    Reply
  41. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    དངོས་གནས་མང་གཙོའི་རྣམ་པ་མངོན་འདུག

    Reply
  42. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    ཡེ་ཤེས་ཕུན་ཚོགས་དང་ཀརྨ་ཆོས་འཕེལ་གཉིས་ཕྱིར་འབུད་རྒྱག་པ་དེ་དངོས་ཉིད་བློ་ཕམ་ཡོད་ཁོང་གཉིས་ལས་ལྷག་པའི་འོས་མིང་ཞིག་ཅི་ཡང་རྙེད་མི་འདུག་མ་ཟད།
    ཁོང་རང་ཚོ་ནང་ལོག་ལ་ངོ་དགའ་དང་སྤྲེལ་ལད་འཁྲབ་མཁན་རྐྱང་རེད་འདུག
    ད་དུང་དབང་ཚད་གཏན་ནས་མེད་པའི་ལས་ཀ་ཞིག་ལ་ཚོགས་ཟུར་སྤྱི་འཐུས་པདྨ་འབྱུང་གནས་ད་བར་ཆོས་བརྒྱུད་གཅིག་གི་སྤྱི་འཐུས་གནང་ནས་བཞུགས་བཞིན་དུ་དབྱེན་སྦྱོར་
    དཀྲུགས་གཤེགས་ཀྱི་བྱ་བ་ཞིག་མགོ་རྩོམ་འདོད་ནས་དབུས་གཙང་གི་འོས་མིར་བཞག་པ་དེར་རྙོགས་གླེང་ཞིག་ཡོང་རྒྱུ་ཐག་ཆོད།

    Reply
  43. བོད་ཀྱི་བུ། says:
    ལོ་ 15 སྔོན།

    ཅོ་རི་ལགས། ད་ཁོ་ཚོ་ལ་ས་ཡིག་རྒྱག་དགོས་ན་ཡོད་རེད། ཉ་ཉིང་གྲོས་ཆོད་ཞིག་ལ་ས་ཡིག་བརྒྱབ་རེད་པ།

    Reply
  44. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཚོར་རང་བཙན་གྱི་ལྟ་བ་དོར་དགོས་ཞེས་ས་ཡིག་ལེན་པ་ནི་ཧ་ཅང་དགོད་དྲོ་པོ་ཞིག་རེད། དབུས་གཙང་མི་མང་ལ་རང་བཙན་མི་དགོས་ཞེས་མི་མང་ནས་གང་དུ་བཤད་ཡོད་དམ། དབུས་གཙང་མི་མང་ནང་རང་བཙན་གྱི་ལྟ་བ་བཟུང་མཁན་དག་ལ་རང་དང་ལྟ་བ་མཚུངས་པའི་སྤྱི་འཐུས་འོས་འདེམས་བྱ་རྒྱུའི་ཐོབ་ཐང་མེད་པ་བཟོ་བ་འདྲ་བོ་ཞིག་མཐོང་སོང་།

    སྤྱིར་བཙན་བྱོལ་གྲོས་ཚོགས་འདི་ཧ་ཅང་གི་གུ་དོགས་པོ་ཞིག་བཟོ་རྒྱུ་མེད། གྲོས་ཚོགས་འདི་རྒྱལ་ཁབ་གཅིག་གི་གྲོས་ཚོགས་ཞིག་ཡིན་པས་དེར་ལྟ་བ་འདྲ་མིན་དང་བསམ་ཚུལ་འདྲ་མིན་དགོས་པ་ཞིག་མ་ཡིན་ནམ།

    དེ་སྔ་རང་བཙན་གཙང་མའི་ལྟ་བ་བཟུང་མཁན་ཞིག་གི་འོས་ཤོག་རེག་ཐབས་ཁོ་ནའི་ཆེད་རང་གི་ལྟ་བ་དོར་བ་ཡིན་ན་དེ་ནི་རང་ཚུགས་མི་ཐུབ་མཁན་ཞིག་དང་སྐབས་འཚོལ་རིང་ལུགས་པ་ཞིག་རང་མ་རེད་དམ་དེ་དག་ལ་ང་ཚོས་འོས་ཤོག་སྤྲད་ཀྱང་མི་མང་གི་ཆེད་དུ་ལས་དོན་མི་གཉེར་མཁན་ཞིག་ཡིན་པ་མ་བསམ་ཀྱང་ཤེས་ཚོད་རེད།

    མཚན་དང་སྙན་གྲགས་ཆེད་རང་མི་རིགས་དང་རིག་གཞུང་ཡོངས་རྫོགས་བློས་གཏོང་བྱ་སྲིད་པ་ཡིན་པས་དབུས་གཙང་མི་མང་ནས་སྐབས་འཚོལ་བར་རྒོལ་ལན་ནན་མོ་ཀློག་དགོས།

    Reply
  45. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ད་ཡིན་ན་རྣམ་རྟོག་ལངས་ཡ་རང་རེད། སྤྱི་འཐུས་ཀྱི་འོས་མི་ནང་དུ་སླེབས་པ་ལ་བོད་རང་བཙན་གྱི་ལྟ་བ་མི་ཁྱེར་མཁན་དགོས་འདུག་པར་མ་ཟད་ས་ཡིག་རྒྱག་དགོས་པ་འདི་འདྲ་ག་རེ་རེད་ཨ།
    གཞི་ལུས་བོད་མི་དཔའ་བོ་ཚོས་བོད་རང་དབང་རང་བཙན་དང་རྒྱལ་བ་རིན་པོ་ཆེན་་ཁྲི་ལ་འཁོར་དགོས་ཞེས་དགྲ་རྒྱ་ནག་གི་འོག་ཏུ་རང་སྲོག་ཤོར་བཞིན་པ་འདིར་རིན་ཐང་མེད་པར་ཡག་པོ་མ་རེད།
    སྤྱི་འཐུས་ནང་དུ་བོད་རང་བཙན་གྱི་ལྟ་བ་ཡོད་མཁན་ཡོང་བཅུག་གི་མེད་ན་བཙན་བྱོལ་མང་ནང་དུ་ཡང་བོད་བཙན་གྱི་ལྟ་བ་ཡོད་མཁན་རྣམས་སྡོད་བཅུག་གི་མེད་པ་འདྲ།
    ལོ་མང་རིང་དུ་བཙན་བྱོལ་གཞུང་གིས་བོད་ཀྱི་རྒྱལ་དར་གནམ་ལ་ཕྱར་ནས་རྒྱ་དང་བོད་ཁ་ཁ་སོ་སོར་ཡིན་ཞེས་འབོད་བསྡད་ཡོད་པ་རྣམས་དེང་སང་ག་པ་ཕྱིན་པ་རེད་དམ།
    དབུ་གཙང་སྤྱི་འཐུས་འོས་མི་ལ་ཚང་དགོས་པའི་ཆ་རྐྱེན་ད་དུང་གོང་ཁྲའི་ཏྭ་ཡ་ཡིན་དགོས་ཀྱི་ཡོད་འདྲ།

    Reply
  46. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁའི་འོས་མིའི་ནང་དུ་ག་དུས་ཡིན་ནའང་དབུས་ཀྱི་མི་སླེབས་རྒྱུ་ནི་ཉི་མོའི་སྐར་མ་ཙམ་རེད་དེ་ལས་གཙང་སྟོད་ཆོལ་ཁའི་འོས་མི་་ལབ་ན་རྟག་རྟག་རེད

    Reply
  47. བོད་ཀྱི་བུ། says:
    ལོ་ 15 སྔོན།

    བོད་རྒྱ་འབྲེལ་མོལ་གཞོགས་འདེགས་ཡག་པོ་ཡིན་རྒྱུ་རེད།

    Reply
  48. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གཞོན་ནུའི་སྒྲིག་འཛུགས་ཀྱི་རྩ་བའི་རྩ་དོན་བཞིའི་ནང་དུ། ༧གོང་ས་མཆོག་གི་དབུ་ཁྲིད་འོག་ཤར་སྐྱོད་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད། དེ་ལས་ལྷག་ཅིག་ཁ་གསལ་དགོས་དོན་མི་འདུག་སྙམ་ཡང་། ད་ནི་ས་ཡིག་དང་བཅས་ཁྲིད་བསླེབས་འདུག

    འདི་ཞིན་ཧྭ་གསར་ཁང་གིས་སྤེལ་དགོས་པའི་གསར་འགྱུར་གལ་ཆེན་ཞིག་ཡིན་ཡང་སྲིད།

    Reply
  49. བོད་ཀྱི་བུ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པས་བཤད་པ་བཞིན་ཀརྨ་ཡེ་ཤེས་དང་སྒོ་དྲུག་སྐལ་བཟང་ཕུན་ཚོགས་སོགས་ཀྱིས་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པའི་ས་ཡིག་བརྒྱབ་ཡོད་དམ། སྔོན་མ་ཟླ་བ་ཕུན་སྐྱིད་བོད་རང་བཙན་འདོད་མཁན་རེད་ཟེར་སྲོལ་འདུག་སྟེ་དེང་སང་རང་ཚུགས་ཅི་ཡང་ཐུབ་ཀྱི་ཡོད་སྐད་མི་འདུག་པས་རང་བཙན་གྱི་ལྟ་བ་མི་ཁྱེར་བའི་ས་ཡིག་བརྒྱབ་ཡོད་སྲིད།

    Reply
  50. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཡིན་རྒྱུ་མ་རེད། གཞོན་ནུའི་ཚོགས་གཙོ་ཟུར་པ་ཚེ་བརྟན་ནོར་བུ། ཚོགས་གཞོན་ཟུར་པ་ཀརྨ་ཡེ་ཤེས། ཚོགས་གཙོ་ཟུར་པ་སྒོ་དྲུག་སྐལ་བཟང་། ས་གནས་གཞོན་ནུའི་ཚོགས་ཟུར་བྱ་ཉལ་ཚེ་རིང་ལྷ་སྐྱབས་བཅས་ཀྱིས་བོད་རང་བཙན་གྱི་ལྟ་བ་མི་འཁྱེར་ཅེས་ས་ཡིག་བརྒྱབ་འདུག་ཟེར།

    དེའི་ཚད་དུ་འདེད་དགོས་དོན་གང་ཡིན་ནམ།

    རྒྱ་ནག་གཞུང་གིས་ད་གཟོད་ཁ་བྲལ་གྱི་བྱ་བ་མི་རྩོམ་པའི་ཁར་དེའི་ལྟ་བ་ཙམ་ཡང་མི་འཁྱེར་མཁན་ཚོ་དམར་ཤོག་ཚོགས་པའི་ནང་ལེན་གི་ཡོད་པ་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese