མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱི་སྤུས་ཀ་དང་བྱུང་རིམ། བསྟན་འཛིན་འཇམ་དབྱངས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་ཁབ་དང་། མི་རིགས། སྤྱི་སྒེར་གྱི་ཆབ་སྲིད་ཚོགས་པ། མདོར་དེད་ན་ཚོ་ཁག་རེ་རེར་ནས་སྤྱི་འཐུས་འདེམས་སྟངས་ཐད་ཀྱི་སྒྲིག་གཞི་གཅིག་མཚུངས་ཤིག་མེད་ཀྱང་།  སྤྱི་འཐུས་ཀྱི་མཚན་ཉིད་དང་ངོ་བོ་འདོད་ལུགས་ལ་མི་མཐུན་པ་མེད། འུ་ཚོའི་སྤྱི་འཐུས་ནི་ཡུལ་གྱར་བོད་མི་ཡོངས་ཀྱི་ཡིད་ཆེས་དང་མངོན་འདོད་དེ་མི་བུ་རེ་ཟུང་འགས་ཚབ་མཚོན་ཐུབ་པ་དང་འཐུས་གོ་ཆོད་པ་ཞིག་ལ་གོ་དགོས།      

སྤྱི་འཐུས་ཀྱི་སྔ་ཕྱིའི་བྱུང་རིམ་དང་འབྱུང་འགྱུར་བའི་འུ་ཚོའི་སྤྱི་འཐུས་ཀྱི་བྱུང་རིམ་ལ་རྟོག་ཞིབ་བྱེད་མཁན་མི་རེ་ཟུང་བྱུང་ཡོད་ཀྱང་མི་མང་གིས་དོ་སྣང་དེ་ཙམ་བྱེད་ཀྱིན་མི་འདུག 

བཙན་བྱོལ་གཞུང་གི་སྤྱི་འཐུས་སྤུས་གཙང་མི་འདུག་ཅེས་འུ་ཅག་གི་ཆབ་སྲིད་པ་དང་ཉམས་ཞིབ་པ་མང་པོ་ཞིག་བརྒྱུད་ནས་གླེང་གིན་ཡོད།  སྤྱི་འཐུས་ཀྱི་སྤུས་ཀ་ཡག་བཙོག་དེ་གཙོ་བོ་འབྱུང་ཁུངས་ལ་ཐུག་ཡོད་སྙམ།

ད་ལྟའི་ཆར་བཙན་བྱོལ་བོད་མི་མང་གི་སྤྱི་འཐུས་ཡོང་ས་དང་།  འབྱུང་ས།  གཙོ་རྒྱུགས་ཆེ་ཤོས་ཏེ་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་འབྱུང་ཁུངས་གཅིག་ལ་ཐུག་ཡོད། མི་འབོར་ཕོན་ཆེན་ཡོད་པའི་ལུང་ཚན་དང་།  མི་རྒྱུད་དང་། རྩོམ་པ་བོ།  དམིགས་གཏད་ས་འདི་གསུམ་གྱི་ངོས་ནས་བོད་མི་མང་གི་འཐུས་ཚབ་ཀྱི་རྩ་བའི་གནས་གཞི་ལྟ་བུར་གྱུར་འདུག  དབུས་གཙང་གི་སྤྱི་འཐུས་ཡོང་ཁུངས་ལ་གཞིག་ན། སྤྱི་འཐུས་ག་གེ་མོ་རེ་མ་གཏོགས།  གཙོ་རྒྱུགས་ཆེ་ཤོས་དེ་གཙང་དང།  སྟོད་མངའ་རིས་གཉིས་ནས་གདམས་ཐོན་བྱུང་ཡོད། མདོ་སྟོད་ཀྱི་སྤྱི་འཐུས་ཡོང་ས་དེ་མི་རྒྱུད་དང་།  མི་ཚང་ཆེན་པོ་ཁག་དང།  མདོ་སྨད་ནི་རྩོམ་སྒྲིག་པ་དང་རྩོམ་པ་བོ་ཞིག་ཡིན་ཕྱིན་སྤྱི་འཐུས་འོས་གཞི་དང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོབ་ཀྱི་ཡོད། འབྱུང་ཁུངས་དེ་དག་གི་ནང་ནས་ཀྱང་སྤྱི་འཐུས་ལེགས་པོ་དང་ཡག་པོ་མེད་ཅེས་གཏན་ནས་བཤད་རྒྱུ་མེད་མོད་ཀྱང་། ཡོང་ས་དང་འབྱུང་ཁུངས་གཅིག་ནས་མུ་མཐུད་ནས་འདི་བཞིན་བྱུང་ན།  ལུང་ཚན་དང་། མི་ཚང་ཆེན་པོ། རྩོམ་པ་བོ་དེ་གསུམ་གྱི་ཆ་ཤས་ལེན་རྒྱུ་མེད་པས། ཁྲིམས་ལུགས་དང་། ཆབ་སྲིད། འཐབ་རྩོད་ཀྱི་གཞུང་ལུགས་རྒྱུན་འབྱམས་སུ་གྱུར་ཡོད་པའི་མི་དེ་ཚོའི་རིགས་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོབ་རྒྱུ་ཧ་ཅང་དཀོན་པོ་རེད་བསམ།           

སྤྱི་འཐུས་ཀྱི་འབྱུང་རྩ་ལ་གཙང་བཤེར་བྱེད་དགོས་ན། ལོ་གང་མང་ཞིག་ལ་སློབ་གསོའི་བྱ་བ་གཉེར་མྱོང་བ། སྤྱི་ཚོགས་སྟེང་གི་བྱ་བ་ཆེ་འབྲིང་ཆུང་གསུམ་ལ་གཞོལ་མྱོང་བ་དང་བྱ་བ་བསྒྲུབས་པའི་སྔ་གཞུག་ཀུན་ཏུ་ལས་རིགས་ཀྱི་རྒྱབ་ལྗོངས་གཙང་བ། རྩོད་ཉོག་ལྷག་མེད་པ། དོགས་གཞི་དང་སྤྱི་སྒེར་གྱི་སྒྲིག་གཞི་ལ་འགལ་ཟླར་སོང་མེད་པ། སྤྱི་སྒེར་གྱི་བྱ་བ་བསྒྲུབ་དུས། ཡུལ་མིའི་ཁྲིམས་ལུགས་དང་ལས་ཁུངས་ཀྱི་སྒྲིག་འཛུགས་སྐྱབས་མགོན་ཏུ་བརྩི་མཁན་ཞིག་ངེས་པར་དུདགོས།                     

དེ་ལས་ལྡོག་སྟེ། འདས་ཟིན་པའི་བྱ་བའི་རྒྱབ་ལྗོངས་མི་གཙང་བ་དང་།  ད་ལྟ་དང་མ་འོངས་པའི་ཐད་ལ་ཁ་མཆུ་དང་ཉོག་དྲ་མང་པོ་ཡོད་པའི་མི་དེ་ཚོ་སྤྱིའི་ རྐུབ་སྟེགས་སླེབས་ན་རང་ཉིད་ཀྱི་ལངས་ཕྱོགས་དང་བསམ་བློའི་དམིགས་འདུན་ལ་གཙོ་ བོ་བཟུང་སྟེ་མདུན་སྐྱོད་བྱ་རྒྱུ་ལས། མི་མང་གི་མངོན་འདོད་ལ་བསམ་གཞིག་གཏོང་གི་མེད་པ་སྔ་གཞུག་སྤྱི་འཐུས་འགས་བྱ་སྤྱོད་ལས་གསལ་ཞིང་དག་པ་ཤེས་རྟོགས་བྱ་ཐུབ།

སྤྱི་འཐུས་སྤུས་གཙང་ཞིག་ལ་འཁྲེང་ཞིང་ཡིད་རྟོན་བྱེད་དགོས་ན། སྤྱིའི་མི་རུ་མ་ཆག་པའི་ཡར་སྔོན་གྱི་བསྒྲུབས་ཟིན་བྱ་བའི་གྲུབ་འབྲས་དང་། བསམ་བློས་རྟོག་ཉུལ་བྱེད་སྟངས། མི་མང་གི་དཀའ་སྡུག་རྨེལ་མཁས་དང་། ལེགས་ཉེས་འབྱེད་ཕྱོགས་ཀྱི་བློ་རིག་ལ་གཡོ་གཟུར་མེད་པ་ཞིག་བཙག་གང་ཐུབ་བྱེད་དགོས། དེ་ཡང་སྐྱོན་ཡོན་གཉིས་ཀྱི་ཕྱོགས་ནས་རྟོག་ཞིབ་བསྲེག་བཅད་བརྡར་གསུམ་བགྱིས་ནས། སྒྲིག་གཞི་དང་། ཚད་འཛིན་ངེས་ཅན་གྱིས་མཐར་མི་མང་གི་རེ་འདུན་ཁེན་ས་བྱ་སའི་མི་ཞིག་བསྐོས་འཇོག་བྱ་རྒྱུ་ཚང་མའི་འོས་འགན་ཉག་གཅིག་ལ་བྲེལ་འདུག                                                        

སྤྱི་མི་དང་། སྒེར་མི་གང་ཡིན་ཀྱང་། ཆབ་སྲིད་པ་ཡིན་ཁུལ་དང་། རྒྱལ་ཁབ་ཤར་ནུབ་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་མཁྱེན་རྟོགས་གཏིང་ཟབ་ཡོད་མདོག་ བགྱིས་པའི་མི་བུ་སྐོར་ཅིག་གིས། ཆབ་སྲིད་ཀྱི་ཟབ་སྦྱོང་། བསམ་བློའི་ཟབ་སྦྱོང་། མདོར་དེད་ན་རང་ཁོ་ནའི་མིང་གྲགས་ཀྱིས་ཆེད་དང་། གཡབ་རྒྱུགས་པ་འཚོལ་དོན་ཆེད།  ས་གནས་ཁག་སོ་སོར་ན་འཚོགས་འདུ་སྐོང་ནས་གཞུང་མང་དབར་ལ་སྐྱོན་འདོགས་མཚང་བྲུས་རྐྱེན་གྱིས་འུ་ཅག་ཆབ་སྲིད་ཀྱི་ཁོར་ཡུག་འདི་ལ། ཆབ་སྲིད་ནུས་པ།  གཅིག་སྒྲིལ་གྱི་ནུས་པ། ལྟ་གྲུབ་དང་། ལངས་ཕྱོགས་ཀྱི་ནུས་པའི་ཐད་ལ་སྔོ་ཡག་པོ་ཞིག་སྐྱེ་རུ་བཅུག་མེད། རྒྱུ་རྐྱེན་དེས་རྒྱ་ནག་གིས་ཀྱང་ལག་སྙོབ་བྱེད་ས་དང་། ལག་པ་འབྱིད་ས་རེ་རྙེད་ཀྱིན་ཡོད་པ་འདི་ཚོ་ལ་ཐུག་ཡོད། བསམ་བློ་འདིའི་རིགས་བཅིངས་གྲོལ་མ་ཐོབ་པའི་མི་བུ་དེ་དག་ལ། བཙན་བྱོལ་གཞུང་གི་རྐུབ་སྟེགས་ཡང་དང་བསྐྱར་ཏུ་བརྙེས་ན་ཆབ་སྲིད་ཁོང་བུ་གཅིག་ གྱུར་གྱི་ནུས་པའི་ཐད་ལ་ཐན་པ་མུ་མཐུད་དུ་འཁོར་རྒྱུ་ཡིན་པ་སྨྲས་ག་ལ་དགོས། སྒྲིག་གཞི་དང་། ཁྲིམས་ལུགས་ལ་བརྩི་སྲུང་མི་བྱེད་པའི་མི་བུ་དེ་ཚོའི་རིགས་ཀྱི་མི་མང་གི་བདེ་སྡུག་ལ་ནམ་ཡང་འགན་ཁུར་གཙང་ལེན་བྱ་མི་ཐུབ་ལ།  མི་མང་གི་མངོན་འདོད་དང་འཆར་ཟིན་ལའང་འཐུས་གོ་ནམ་ཡང་མི་ཆོད།

མཐར་གཏུགས་ནས་འཆད་ན་ཤེས་འཇོན་གཉིས་དེ་རྨང་གཞི་ཡིན་ཀྱང་། མི་མང་གི་འཐུས་ཚབ་ཡིན་པའི་ཆ་ནས་སྒྲིག་གཞི་དང་བཅའ་ཁྲིམས་གཉའ་ལ་ཁུར་ནས་འཐབ་རྩོད་འདིའི་ཐད་ནས་རྒྱང་ཤེད་ཤར་བསྐྱོད་ཕེབས་ཐུབ་མཁན་མི་རེ་ཟུང་རེ་ལ་ངེས་པར་དུ་འབད་པ་བརྩོན་དགོས། མཚམས་འདི་ནས་སྤྱི་འཐུས་ཤིག་གི་སྐད་ཆ་འདི་གཟིགས་རོགས།                    

{སྤྱི་འཐུས་གྲོས་ཚོགས་ནང་མ་སླེབས་སྔོན་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ནམ་ཡང་མི་གླེང་ཞེས་སེམས་ལ་རྒྱུད་དུ་དྲན་གྱི་འདུག་མོད་ཀྱང་། གྲོས་ཚོགས་ནང་ལ་ཐོན་ཚར་བའི་གཞུག་ལ་ཕྱོགས་ཞེན་གྱི་ཉོག་དྲ་ཞིག་མ་གླེང་རང་གླེང་རེད།  ཁྱེད་རང་ཚོ་ལ་དེའི་ཉམས་མྱོང་ད་ལྟ་གང་ཡང་མེད} ཅེས་སྐད་ཆ་འདིའི་དངོས་ཤུགས་ཡོངས་ནས་འུ་ཚོའི་ཆབ་སྲིད་ཀྱི་ནུས་པ་ལ་ད་དུང་ཐན་ པ་ནས་མུན་པ་ཡང་འཐིབས་ཡོད་པ་གསལ་པོར་རྟོགས།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 7

  1. ཀུན་དགའ། says:
    ལོ་ 16 སྔོན།

    བསྟན་འཛིན་འཇམ་དབྱངས་ལགས་ཀྱི་སྐད་ཆར་བདེན་ཆ་གང་མང་འདུག སྔར་གྱི་སྐུ་དྲག་དང་ཁྱིམ་རྒྱུད་དབང་འཛིན་གྱི་དུས་སྐབས་དེ་མཇུག་སྒྲིལ་ཟིན་ནའང་། རེ་འགའི་སེམས་ངོས་ན་དུ་དུང་བག་ཆགས་ངན་པའི་ནད་རྙིང་རེ་ཡོད་ན། དེ་ཡོངས་སུ་དོར་ནས་སྤྱི་སྒེར་སུ་ཡིན་ནས་དམངས་གཙོ་ཡང་དག་པའི་ལམ་ལ་འབད་དགོས་ལ། གྲོས་ཚོགས་ཀྱི་འགན་འཁྲི་འམ་ཕྱག་ལས་ཀྱང་སྙན་ངག་དང་རྩོམ་སྒྲིག་མིན་པའང་ཤེས་དགོས།

    Reply
  2. གངས་མྱུག says:
    ལོ་ 16 སྔོན།

    བསྟན་འཇམ་ལགས་ཀྱིས་བཤད་པ་ལྟར་ངས་ཀྱང་དེ་ལྟ་བུ་ཞིག་ཏུ་མཐོང་། རྩོམ་ཙམ་འབྲི་ཤེས་པ་དང་མི་ཆེན་དཔོན་ཆེན་གྱི་ཁོངས་སུ་གཏོགས་པ་ས་གནས་གཅིག་ཏུ་ཐོན་དགོས་པའང་མེད་ལ་ཕན་ངེས་ཀྱང་མེད། ང་ཚོར་དགོས་རྒྱུ་ནི་ཤེས་འཇོན་ལྷག་བསམ་ཅན་ནང་ཁུལ་གྱི་ཕྱོགས་རེས་བྲལ་ཞིང་གོང་ས་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་ཐུབ་པ་ཞིག་དགོས་པར་སྙམ།

    Reply
  3. Palden says:
    ལོ་ 16 སྔོན།

    སྤྱི་འཐུས་ཀྱི་སྤུས་ཀ་དེ་བཞིན་སྤྱི་མི་མཚོན་ཐུབ་མིན་ལ་རག་ལས་པ་ཡིན། སྤྱི་མི་མཚོན་ཐུབ་མཚམས་སྤྱིའི་བདེ་སྡུག་ཇི་ཡོད་གཞུངས་ལ་ཞུ་རྒྱུ་དང་དེའི་བཀའ་ངལ་སེལ་ཐབས་ཁ་ཞེ་གཉིས་མེད་ལག་སྟར་བྱ་རྒྱུ་དེ་ཡིན་སྙམས། ད་ལྟའི་སྤྱི་འཐུས་མང་དག་ཞིག་ནས་དེ་ལྟའི་ལས་འགན་བསྒྲུབ་པ་ཕལ་ཆེར་མཐོང་རྒྱུ་དཀོན་ཞིང་། བཤད་རྒྱུ་ཇི་ལྟར་མཁས་ཀྱང་ལག་ལེན་ཐོག་ནས་དོན་འཁྱོལ་མ་བྱུང་ཚེ་དེས་མི་མང་གི་བཀའ་ངལ་སེལ་མི་ཐུབ། ཉེ་བའི་ཆར་བཀའ་བརྒྱུད་སྤྱི་འཐུས་ལ་ཆ་བཞག་ན། བཀའ་བརྒྱུད་པའི་ཆོས་ལུགས་ཀྱི་དབུ་འཛིན་བསྐོ་བཞག་བྱ་རྒྱུའི་ལས་ཀ་སྔོན་བྱུང་མ་མྱོང་བ་ཞིག་འགོ་བརྩམ་འདུག་ཅིང་། དེའང་ཕྱོགས་ལྷུང་གི་རླམ་པའི་ཕྱག་ལས་ཤིག་ལས་སྤྱི་སྨན་གྱི་ཐུགས་བསམ་མེད་པར་ཀཾ་ཚང་ལ་ཆ་བཞག་ན་ད་ལྟའི་ཆར་རྒྱུ་རྐྱེན་མང་དག་ཤིག་གི་རྐྱེན་པས་ཀཾ་ཚང་ཁག་གཉིས་ཆག་ཡོད་པ་དང་གཉིས་ཀའང་ཀཾ་ཚང་གི་རང་ལུགས་ལྟ་གྲུབ་ཉམས་བཞེས་དང་འཆད་སྤེལ་གང་ལེགས་གནང་བཞིན་ཡོད་ཅིང་། དེ་འདྲའི་གནས་སྟང་འོག་བཀའ་བརྒྱུད་སྤྱི་འཐུས་ཤེས་རབས་མཐར་ཕྱིན་དང་བསོད་ནམས་དགྲ་འདུལ་གཉིས་ནས་ཀཾ་ཚང་ཕྱོགས་གཅིག་གི་ཞེན་ཕྱོགས་དང་རྒྱལ་བ་ཞྭ་དམར་ནག་གཉིས་ཀྱི་དབུས་པའི་ཀཾ་ཚང་ལ་མཐའ་གཅིག་ཏུ་རྩི་འཇོག་མེད་པའི་ཐོག་འབྲེལ་བ་ཙམ་ཡང་མ་གནང་བར་རང་ཐག་རང་གཅོད་གནང་བ་འདི་ལྟ་བུ་བཀའ་བརྒྱུད་སྤྱིའི་འཐུས་མིའི་གོ་ཇི་ལྟར་ཆོད་དམ། དེའི་སྐོར་དྲ་རྒྱ་གཞན་ཞིག་ནས་གནས་ཚུལ་བྲིས་འདུག་པས་འདིར་གཟིག་གནང་རོགས། http://www.hetuprabav.blogspot.com

    Reply
  4. བསྟན་འཇམ says:
    ལོ་ 16 སྔོན།

    བོན་རྒྱ་བསྟན་འཛིན་རབ་རྒྱས།

    སྤྱི་ནི་མི་མང་དང་དེའི་ཚབ་མཚོན་ཐུབ་མཁན་ལ་སྤྱི་འཐུས་སམ་འཐུས་མི་ཟེར་ན་ཟེར་ན ། ཁྱེད་ཀྱི་ཚབ་བྱེད་ཐུབ་མཁན་ལ་སྤྱི་འཐུས་ཟེར་དགོས་སམ །
    བོད་མི་མང་གི་མོས་འདུན་དེ་མི་རེ་འགས་ཚབ་མཚོན་པ་དང་འཐུས་གོ་ཆོད་པ་ལ་མི་བྱེད་ན ། ཁྱེད་དང་ཁྱེད་འདྲ་བའི་མི་གོ་མི་ཆོད་པ་ལ་སྤྱི་འཐུས་ཞེས་་མིང་འདི་འདོགས་དགོས་སམ་། ཨ་ལ་ཀུ་རེ་ཡིན། མ་ཤེས་ན་རྗེས་སུ་སློབ་སྦྱོངས་བྱོས །

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    གྲོགས་པོ་ལགས། སྤྱི་འཐུས་ཀྱི་སྤུས་ཀ་བཤད་ཚུལ་མ་རེད། སྤྱི་འཐུས་ཟེར་བ་ཅི་འདྲ་ཞིག་དགོས་མིན་གཏན་ནས་ངོ་ཤེས་ཀི་མེད་མཁན་ཞིག་རེད། འོག་གི་ཁྱོད་ཀྱི་ཚིག་འདི་ལ་ལྟོས་དང་། (འུ་ཚོའི་སྤྱི་འཐུས་ནི་ཡུལ་གྱར་བོད་མི་ཡོངས་ཀྱི་ཡིད་ཆེས་དང་མངོན་འདོད་དེ་མི་བུ་རེ་ཟུང་འགས་ཚབ་མཚོན་ཐུབ་པ་དང་འཐུས་གོ་ཆོད་པ་ཞིག་ལ་གོ་དགོས། )

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    མདོ་སྨད་སྤྱི་འཐུས་ནང་ན་རྩོམ་པ་པོ་དུ་ཡོད་པ་རེད། ཁྱོད་ཀྱི་བཤད་སྟངས་ལྟར་ཕལ་ཆེ་བ་ལོས་ཡིན་སྙམ། རྩོམ་པ་ཡིན་ན་མི་བཟང་དོན་ཅི། གཙང་དང་སྟོད་པའི་མི་ཡང་ཡག་པོ་མེད་ཟེར་བ་ཡིན་ནམ། ཡང་ན་དེ་གསུམ་ལས་ཆ་སྙོམ་ཡོང་དགོས་འདོད་ན་ས་ཁུག་ལུང་ཁུག་གི་ཉོག་དྲ་གང་མང་ཡོང་རྒྱུ་ལས་མ་འདས། སྤྱི་འཐུས་རྣམས་ས་ཁོངས་གང་རུང་ཞིག་དང། ལས་རིགས་གང་རུང་ཞིག ཁྱིམ་རྒྱུད་གང་རུང་ཞིག་ནས་ཡོང་དགོས་ངེས་རེད། ངས་བལྟས་ན་ཡོང་ཁོངས་མི་གཙོ། གཙོ་བོ་མི་རང་རང་གི་སྤུས་ཀ་ལ་ཐུག་ཡོད།

    Reply
  7. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    ང་ལ་བསམ་ཚུལ་འདིའི་ཐོག་ནས་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱི་འོས་དམིགས་ཞིག་འདོན་འཇུག་རོགས་དེ་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese