མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཀརྨ་བསམ་འགྲུབ་ཀྱི་ལོ་རྒྱུས

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

རེ་ཁེ་ཀརྨ་བསམ་འགྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།

  སྒྲོལ་དཀར་མཚོའི་པོད་ཁུག་ལས་བསྒྱུར།  ནགས་ཤོད་སད་མི།

ཕོ། བོད་རིགས། ༡༩༦༨  ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་དུ་སྐྱེས།

༡༩༩༣ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་རོགས་དངུལ་བཏོན་ཏེ་ཟམ་པ་བཅུ་གྲངས་གསར་བསྐྲུན་བྱས་པ་མ་ཟད། མ་དངུལ་བཏང་ནས་ས་ཆ་དེ་གའི་ད་ཡོད་ཀྱི་སློབ་ཆུང་གཅིག་པུ་འདི་གསར་བསྐྲུན་བྱས།

༡༩༩༧ ལོར་བོད་སྐྱོར་ཐེབས་རྩ་ཚོགས་པར་ཞུགས། ལོ་དེ་གར་བོད་སྐྱོར་ཐེབས་རྩ་ཚོགས་པའི་ཀོང་ཏུང་དོན་གཅོད་ཁང་བཙུགས།

༡༩༩༨ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་ས་གནས་ཞིང་པ་མང་ཚོགས་ལ་རོགས་དངུལ་བཏོན་ནས་སྨན་ཁང་བཙུགས། 

༡༩༩༨  ལོར་པེ་ཅིང་རིག་དངོས་ཅུས་ནས་གཙོ་གཉེར་བྱས་པའི  ༼ཤར་ཕྱོགས་རིག་དངོས་བསྡུ་ཉར་མཐུན་ཚོགས༽ཀྱི་ཚོགས་མིར་གྱུར།
 
༡༩༩༩ ལོར་ཀོང་ཏུང་དུ་ཆེས་ཐོག་མའི་བོད་སྨན་ཆེད་ཚོང་ཁང་བཙུགས། 
༢༠༠༠  ལོར་འཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་རོགས་དངུལ་བཏོན་ནས་ས་གནས་ཞིང་པ་མང་ཚོགས་ལ་ཉི་ཐབ་ཉོ་སྤྲོད་བྱས་ནས་ནགས་ཚལ་གཅོད་འབྲེག་ཉུང་འཕྲི་ཡོང་ཐབས་བྱས།  དེའི་རྗེས་ནས་རྒྱལ་ཁབ་ཀྱིས་ཁ་གསལ་ཐོག་དེ་ལྟའི་བྱ་ཐབས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། འབྲི་ཆུའི་སྟོད་ཁུལ་དུའང་དེ་ལུགས་ཁྱབ་སྤེལ་བྱས།
༢༠༠༠ ལོར་རྒྱལ་ཁབ་རིག་དངོས་ཅུས་ནས་གཙོ་གཉེར་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྤྱི་ཚོགས་ཆེད་ལས་ཚོགས་པའི་ ༼ཀྲུང་གོ་ཡིག་རིས་བསྡུ་ཉར་མཐུན་ཚོགས་༽ ཀྱི་ཚོགས་མིར་གྱུར། 

༢༠༠༠ ལོར་ ༼ཀྲུང་གོའི་རིག་དངོས་བསྡུ་ཉར་མཐུན་ཚོགས་༽ཚོགས་མིར་གྱུར། 

༢༠༠༡ ལོར་ ༼རང་བྱུང་མཛའ་འབྲེལ་ཚོགས་པའི་༽ཚོགས་མིར་གྱུར། 

༢༠༠༡ ལོར་ ༼བོད་རང་སྐྱོང་ལྗོངས་ངལ་རྩོལ་དཔེ་བཟང་༽ མི་སྣར་བདམས་ཐོན་བྱས།

༢༠༠༡ ལོར་ ༼གཙང་གསུམ་མགོ་ཁུངས་སྐྱེ་དངོས་སྲུང་སྐྱོབ་ཚད་ཡོད་ཀུང་སི་༽གསར་འཛུགས་བྱས་པ་དང་། ཁོང་ལས་དོན་དེའི་མགོ་འཛིན་གནང་། 

༢༠༠༡ ལོར་གཙང་གསུམ་མགོ་ཁུངས་སྐྱེ་དངོས་སྲུང་སྐྱོབ་མཐུན་ཚོགས་གསར་འཛུགས་བྱས་ནས་མཐུན་ཚོགས་འདིའི་ཁྲིམས་མི་དང་དྲུང་ཡིག་ཆེན་མོ་གསར་བསྐོ་བྱས། 

༢༠༠༢ ལོར་མ་དངུལ་བཏོན་ནས་བོད་ལྗོངས་ཆབ་མདོ་ས་ཁུལ་རི་དུང་བོད་སྨན་ཞིབ་འཇུག་ལྟེ་གནས་ GMF བརྒྱུད་དངོས་སུ་ཚད་འཛིན་བྱས།

༢༠༠༢ ལོར་གཙང་གསུམ་མགོ་ཁུངས་སྐྱེ་དངོས་སྲུང་སྐྱོབ་མཐུན་ཚོགས་ཀྱི་སྐུ་ཚབ་བྱས་ནས་འཛམ་གླིང་འཁོར་ཡུག་ཐེབས་རྩའི་ GEF  ཚོགས་ཆེན་ལ་མཉམ་ཞུགས་བྱས་པ་དང་།  སྣ་མང་སྲོལ་རྒྱུན་རིག་གཞུང་གི་གལ་ཆེའི་རང་བཞིན་འགྲེལ་བརྗོད་བྱས་པས་འཛམ་གླིང་གི་འཁོར་ཡུག་ཁྱབ་ཁོངས་ན་གླེང་སློང་ཤུགས་ཆེ་བཟོ་ཐུབ་པ་བྱུང་།
 
༢༠༠༣  ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ ༼འཛམ་གླིང་ཞི་བདེའི་ཉིན་མོ  ༽  ཡི་དུས་དྲན་མཛད་སྒོར་མགྲོན་འབོད་ཐོབ་ནས་མཉམ་ཞུགས་བྱས། 

༢༠༠༤ ལོར་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚོགས་དུས་བཅུ་གཉིས་པར་མགྲོན་འབོད་ཐོབ། 
 
༢༠༠༤ ལོར་རྒྱ་གར་དུ་སྐབས་བཞི་པའི་འཛམ་གླིང་གི་སྤྱི་ཚོགས་གླེང་སྟེགས་སུ་མགྲོན་འབོད་ཐོབ། 
 
༢༠༠༥  ལོར་ཧུང་ཁུང་ཀྲུང་ཤིང་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན་ཀོ་ཡན་བོད་དུ་འཚམས་གཟིགས་ཡོང་བར་བསྐུལ་བ་མ་ཟད། རྒྱལ་སྤྱི་རང་བཞིན་ཅན་གྱི་ལན་སོ་མགྲོན་ཁང་ནས་དངོོས་སུ་མཚོ་བོད་ས་མཐོར་མ་དངུལ་གནང་ནས་ཝོས་ཤིང་ཅིས་མགྲོན་ཁང་གསར་འཛུགས་བྱས།  

༢༠༠༧ ལོར་བོད་ཀྱི་གཟི་ལམ་བུའི་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སི་གསར་འཛུགས་བྱས་པ་དང་དེའི་འགན་འཛིན་ལས་ཁུར་བྱས།
 
༢༠༠༨ ལོར་ཧུང་ཁུང་དུ་ཀརྨའི་རྒྱལ་སྤྱི་སྐྱེ་དངོས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་གསར་འཛུགས་བྱས་པ་དང་དེའི་འགན་འཛིན་ལས་ཀ་ཁུར། 

མིག་སྔའི་གོ་གནས།

ཀརྨའི་རྒྱལ་སྤྱི་སྐྱེ་དངོས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན། 
བོད་ཀྱི་གཟི་ལམ་བུའི་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན།
གཙང་གསུམ་མགོ་ཁུངས་སྐྱེ་དངོས་འཁོར་ཡུག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན།
མཚོ་སྔོན་གཙང་གསུམ་མགོ་ཁུངས་སྐྱེ་དངོས་འཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན།
བོད་སྐྱོར་ཐེབས་རྩ་ཚོགས་པ་ཀུང་ཏུང་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ།
ཤར་ཕྱོགས་རིག་དངོས་བསྡུ་ཉར་མཐུན་ཚོགས་ཀྱི་ཚོགས་མི།
ཀྲུང་གོ་ཡིག་རིས་བསྡུ་ཉར་མཐུན་ཚོགས་ཀྱི་ཚོགས་མི།
རང་བྱུང་མཛའ་འབྲེལ་གྱི་ཚོགས་མི།

ཁ་གསབ།          

གཞན་དུ་པེ་ཅིང་མི་རིགས་སློབ་ཆེན་ཀྲུའུ་པོ་སློབ་གླིང་ནས་གདན་ཞུས་དགེ་རྒན་ཆེན་མོར་བསྐོས་པ་བཅས།  

མཆན། 7

  1. སྣེ་མོ་བསྟན་དར། says:
    ལོ་ 13 སྔོན།

    ང་ཚོའི་མི་རིགས་ནང་ནས་འཇོན་གཏང་དང་དཔལ་འབྱོར་མི་རིགས་ཀྱི་ལ་བརྒྱ་ཡོད་པའི་མི་འདི་འདྲ་བ་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པ་ལ་སེམས་གཏིང་ནས་སྐྱོང་བྱུང་། གཞན་བྱེད་ཐབས་གང་མི་འདུག ཀརྨ་ལགས་སེམས་པ་མ་སྐྱོ་ཨ། ང་ཚོ་ཁྱེད་ཀྱི་རྒྱབ་དུ་ཡོད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ར་ཁེ་ཀརྨ་བསམ་འགྲུབ་ལགས་ལ་གུས་དུད་དང་སྐྱིད་སྡུག་མཉམ་འཁྱེར་ཡོད།

    Reply
  3. ངག་དབང་རབ་རྒྱས། says:
    ལོ་ 13 སྔོན།

    ནག་ཤོད་སད་མི་ལགས་ཀྱིས་ཀརྨ་བསམ་འགྲུབ་ལགས་ཀྱི་ལོ་རྒྱུས་འདི་བོད་བསྒྱུར་གནང་བ་ཐུགས་རྗེ་ཆེ། སྤྱིར་ཁོང་ལས་དོན་ཇི་བྱས་སྐོར་རོབ་ཙམ་ཧ་གོ་གི་ཡོད་ནའང། ཁྱེད་བོད་བསྒྱུར་མ་དེ་བཀླགས་རྗེས་ཕན་ཐོག་ལྷག་པར་བྱུང་སོང༌། ཀརྨ་བསམ་འགྲུབ་གཏོང་ཕོད་དང་ལྷག་བསམ་ཅན་བོད་པའི་འབྱོར་ལྡན་བ་མང་ཙམ་ཐོན་ན་བསམ་པའི་མཚམས་རེ་ཡིད་སྨོན་འདྲ་སྐྱེ་ཡི་འདུག་ ཁོང་ལ་ཉེས་མེད་བཙོན་འཇུགས་ཁྲིམས་ཆད་ཕོགས་པ་དེ་ང་ཚོའི་མི་རིགས་ཀྱི་གྱོང་གོན་ཞིག་ལོས་ཡིན།

    Reply
  4. ཀུན་དགའ། says:
    ལོ་ 13 སྔོན།

    དེང་རྒྱ་དམར་གྱིས་བོད་མི་ཤེས་ཡོན་པ་དང་ལྷག་བསམ་ཅན། རྒྱལ་གཅེས་པ་དང་རིགས་ཞེན་ཅན་རྣམས་རེ་རེ་བཞིན་མུན་དོང་དུ་འཇུག་བཞིན་པ་འདི་ཆེས་གཏང་ནག་པོའི་སྲིད་བྱུས་ཤིག་སྟེ། འུ་ཅག་གི་མི་རིགས་འདི་མི་བུ་ཞིག་ལ་དཔེར་ན། གླད་སྙིང་མིག་གསུམ་གཏོར་བའི་བེམ་རོ་བཞིན་གཏོང་རྩིས་ཡིན་པ་གསལ་བོ་རེད། དེས་ན་ད་ཐེངས་ཀརྨ་བསམ་གྲུབ་ལ་མཚོན་ན་ཡང་བཙོན་ཐག་བཅད་ཚར་རེད། ང་ཚོས་བསམ་ཚུལ་རེ་ཤོད་ནས་ཉན་འདུག་པ་ལས་ས་གནས་ཚོགས་པ་སོ་སོས་འགོ་ཁྲིད་ནས་ཁོང་ལ་རྒྱབ་སྐྱོར་གྱི་ལས་འགན་རེ་སྤེལ་ཨེ་ཐུབ་བལྟས་ན་མི་ལེགས་སམ།
    སྤྲེལ་ཚང་ཨ་དགེས།

    Reply
  5. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 13 སྔོན།

    ཡར་བརྗེ་ཐུབ་མཁན་གྱི་བོད་པ་ཚང་གི་སྒལ་ཚིག་ཅན་གྱི་མི་བུ་ཚོའི་མགྲིན་པ་ནི་གང་དུ་སོང་ཡང་ཁྲོམ་གཞུང་ལྕགས་ཀྱི་དྲ་བའི་ནང་དུ་ཡོད་པའི་དེ་ཕོའི་རྐེ་དང་ཨ་ན་མ་ན་རེད། ཨ་ཁ་ཁ་་་་་་་་་་་་་་་་་་་་་

    Reply
  6. སྡར་མ། says:
    ལོ་ 13 སྔོན།

    བཀའ་དྲིན་ཆེ། ཁོང་གི་ལོ་རྒྱུས་ཡག་པོ་ཞིག་བྲིས་འདུག འདི་འདྲ་རེ་ང་ཚོས་འཇོན་དགོས་པ་རེད་ཡ།

    Reply
  7. འཇམ་གྲགས says:
    ལོ་ 13 སྔོན།

    ཀརྨ་ལགས་དེང་སང་བོད་ནང་ལ་སྐད་གྲགས་ཅན་གྱི་མི་སྣ་ཆགས་ཡོད། ༢༠༠༣ ལོའི་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཞི་བདེའི་ཉིན་མོའི་དུས་དྲན་མཛད་སྒོ་ཐོག། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་༼ཀོ་ཕིས་ཨ་ནན་༽ལྷན་དུ་བསྐྱོན་པའི་འདྲ་པར་ཞིག་སྔོན་མ་མཐོང་མྱོང་ཡོད། ད་ཆ་རྒྱ་དམར་གྱིས་བོད་པའི་མི་སྣ་སྐད་གྲགས་ཅན་རྣམས་ལ་མནར་གཅོད་བཏང་བའི་སྐབས། ཁོང་ཡང་བསྡུག་བསྔལ་མྱང་སོང་། མི་ཚེ་འཕྲོ་བརླག་བཏང་སོང་། བློ་ཕམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist