མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངྷ་ས་ནས་འཛམ་གླིང་མནར་གཅོད་ཉིན་མོ་སྲུང་གཙི་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་མཚན་རྟགས་བསྡུ་རུབ་དང་བགྲོ་གླེང་། སྙན་ངག་གྱེར་འདོན། མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཏེ་བོད་ཀྱི་མནར་གཅོད་འགོག་པའི་ཉིན་མོར་སྲུང་གཙི་བྱས་ཡོད།

ཕྱི་ཚེས་ ༢༦ ཉིན་ནི་འཛམ་གླིང་མནར་གཅོད་འགོག་པའི་ཉིན་མོ་ཡིན་ལ། ཉིན་དེར་ངྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འཛམ་གླིང་མནར་གཅོད་འགོག་པའི་ཉིན་མོ་འདི། བོད་ཀྱི་མནར་གཅོད་འགོག་པའི་ཉིན་མོར་སྲུང་གཙི་བྱས་ཐོག ཉིན་དེའི་འཛམ་གླིང་མནར་གཅོད་ཉིན་མོ་དྲན་གསོ་བྱེད་པ་དང་། མནར་གཅོད་མཚམས་འཇོག་ཡོང་རྒྱུར་མཚན་རྟགས་བསྡུ་རུབ་དང་། མནར་གཅོད་འོག་གི་བོད་ཀྱི་ཆབ་སྲིད་བཙོན་པ་གླེང་བ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་། ཉེ་ཆར་འཛིན་བཟུང་བྱས་པའི་བོད་རིགས་རྩོམ་པ་བོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་གཙོས་བཙན་འོག་གི་རྩོམ་པ་བོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད།  སྙན་ངག་གྱེར་འདོན། ཞོགས་དུང་རྒྱང་འབོད་ཅེས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་དང་། མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད།

ཉིན་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་པའི་ནང་གསལ་བ་ལྟར་ན། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་མི་ལོ་ ༥༠ ལྷག་འདས་རིང་བོད་མི་ས་ཡ་གཅིག་ལྷག་མི་སྤྱོད་ལས་འདས་པའི་མནར་གཅོད་འོག་རྐྱེན་འདས་སུ་གྱུར་ཡོད་ལ། བོད་ཀྱི་དྲི་དོན་དང་། ཁྲིམས་ལུགས་ཞེས་པའི་དཔེ་དེབ་ནང་གསལ་དོན་ལྟར་ན། མནར་གཅོད་གཏོང་སྟངས་ཡང་ཆེས་གདུག་རྩུབ་དང་ཡ་ང་བའི་ཀླ་ཀློའི་བྱ་སྤྱོད་ཤ་སྟག་ཡིན་ཏེ། དམར་གསོད་དང་རྡུང་རྡེག རྒྱང་ཤིང་འགེལ་བ། གསོན་བསྲེགས། ཆུ་སྐྱུར། དྲས་གཏུབས། ལྟོ་བཀག སྐེ་བཙིར། གནམ་བཏགས་རྒྱག་པ། གསོན་སྦས། ནང་འཁྲོལ་འདོན་པ། ཆུ་འཁོལ་བཤོ་བ། སྐེ་གཅོད་པ་སོགས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་མཐོང་ཐོས་དཀའ་བས། དོན་དངོས་ཐོག་གུང་ཁྲན་ཏང་གིས་བོད་མི་རིགས་ལ་བཟོས་པའི་ཆགས་སྒོ་དང་མནར་གཅོད་དེ་རིགས་ནི་གྷི་རི་སིའི་མིའི་སྐྱོ་གར་གྱི་དུས་རབས་ལས་ཀྱང་ལྡབ་འགྱུར་གྱི་ཆེ་བ་བྱུང་ཡོད་ཅེས་གསལ་ཡོད།

བསྒྲགས་གཏམ་ཡི་གེ་དེའི་ནང་མུ་མཐུད་དེ་གསལ་དོན། འདས་ལོར་རྒྱ་ནག་གིས་བོད་མི་ཞི་རྒོལ་བ་ཚོ་སྡེབ་གསོད་དང་བཙོན་འཇུག དྲག་རྡུང་། མེར་བསྲེགས། ཡན་ལག་གཅོག་པ། རྐང་མཐིལ་ལ་ལྕགས་ཟེར་རྒྱག་པ། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། ད་ལྟ་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པ་རྣམས་འཕྲལ་དུ་གློད་གྲོལ་ཡོང་ཕྱིར། ང་ཚོས་ཉིན་མོ་འདི་སྲུང་གཙི་དང་བགྲོ་གླེང་། སྙན་ངག་གྱེར་འདོན་སོགས་གོ་སྒྲིག་བྱས་པ་ཡིན་ཞེས་དང་། བོད་ནང་གི་མནར་གཅོད་འགོག་ཐབས་དང་མིའི་རིགས་འཇིགས་སྣང་ལས་སྐྱོབ་ཐབས། ད་ལྟའི་བོད་ནང་དམྱལ་བ་མི་ཡུལ་དུ་འཕོས་པ་དང་འདྲ་བའི་ཡ་ང་བའི་གནས་སྟངས་བཅས་ལས་སྐྱོབ་ཆེད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་སྡེ་ཚན་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་མིན་འགྲོ་བ་མིའི་ཐོབ་ལ་འགན་ཁུར་ལྡན་པའི་རྒྱལ་ཁབ་དང་མི་སྒེར་ཚང་མར་འབོད་སྐུལ་ཞུ་གིན་ཡོད་ཅེས་གསལ་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།

མཆན། 2

  1. ལྷ་མོ་དོན་གྲུབ། says:
    ལོ་ 13 སྔོན།

    ཡག་པོ་འདུག ཡིན་ན་ཡང། ཉིན་མོ་འདི་རིགས་རྒྱལ་སྤྱིའི་ཉིན་མོའི་རིགས་ཡིན་པས་ཁེར་འགི་བུད་ན་མི་བཟང། མཉམ་འབྲེལ་གྱི་ལས་འགུལ་རིགས་བརྩམ་དགོས། མནར་གཅོད་མྱོང་བཞིན་པའི་མི་རིགས་དང་མི་སྒེར་ཚང་མར་གདུང་སེམས་མཉམ་སྐྱེད་བྱེད་དགོས་ངེས་རེད།
    མནར་གཅོད་མྱོང་མཁན་ཇི་སྙེད་པ། མྱུར་དུ་སྡུག་ལས་ཐར་བ་དང། མི་རིགས་མནར་གཅོད་མ་ལུས་པ། རྟག་ཏུ་འབྱུང་བ་མེད་པར་ཤོག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དམར་གསོད་དང་རྡུང་རྡེག རྒྱང་ཤིང་འགེལ་བ། གསོན་བསྲེགས། ཆུ་སྐྱུར། དྲས་གཏུབས། ལྟོ་བཀག སྐེ་བཙིར། གནམ་བཏགས་རྒྱག་པ། གསོན་སྦས། ནང་འཁྲོལ་འདོན་པ། ཆུ་འཁོལ་བཤོ་བ། སྐེ་གཅོད་པ་དང་སྲོག་ཐོག་གཏོང་བ་སོགས་གཞུང་ཅིག་གིས་མི་མང་ལ་ཁྲིམས་གཅོད་བྱེད་ཚུལ་དེ་ནི་ཤིན་ཏུ་ནོར་བ་མིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist