མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ྋགོང་ས་མཆོག་དང་བོད་དོན། ཚེ་བརྟན་བཀྲ་ཤིས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

ས་རཱ་མཐོ་སློབ། ཚེ་བརྟན་བཀྲ་ཤིས།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་གཙོ་སྔ་ཕྱི་རིམ་པས་བོད་ཀྱི་གནད་དོན་ཞེས་པ་དེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་རིང་གི་གནད་དོན་ཞིག་ཏུ་ངོས་འཛིན་གྱིས་བཙན་བྱོལ་བོད་གཞུང་གིས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཐག་གཅོད་ཡོང་ཐབས་ལ་རྒྱ་ནག་སྲིད་གཞུང་དང་མཉམ་དུ་ད་བར་ཞི་མོལ་ཐེངས་དགུ་ཙམ་གནང་ཡོད་ཀྱང་རྒྱ་ནག་སྲིད་གཞུང་གིས་ཁག་དཀྲི་སྣ་ཚོགས་ཀྱི་ཆ་རྐྱེན་འོག་དངོས་ཐོག་བདེན་འཚོལ་གྱི་ཞི་མོལ་ལས་གཡོལ་ཐབས་ཁོ་ན་བྱས་དང་བྱེད་བཞིན་ཡོད། དེ་ལྟ་ནའང་ྋགོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ྋཞབས་སོར་འཁོད་མ་ཐག་ནས་ཕུགས་རྒྱང་རིང་པོའི་དགོངས་བཞེས་ཀྱིས་བཙན་བྱོལ་བོད་གཞུང་མང་གཙོའི་ལམ་དུ་བཅོས་བསྒྱུར་གནང་བ་དང༌། སློབ་གྲྭ་དང་དགོན་སྡེ་སོགས་ཆོས་རིག་གི་ལྟེ་གནས་ཁག་གསར་འཛུགས་ཀྱིས་བོད་རིགས་གཞོན་སྐྱེས་རྣམས་གནའ་དེང་ཤེས་ཡོན་ལྡན་པའི་འདབ་གཤོག་གཉིས་ལྡན་གྱི་བོད་ཕྲུག་ཅིག་ཏུ་གསོ་སྐྱོང་དང་འཚར་ལོངས་ཐུབ་པའི་དགོངས་བཞེས་མཛད་ཡོད།  ཁོང་གིས་རྒྱུན་པར་རེ་བ་བཟང་སར་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱ་དགོས་ཞེས་གསུངས་པ་ལྟར། སྐབས་དེ་དུས་ནས་ཁོང་གིས་གྲ་སྒྲིག་སྡུག་ས་ནས་དགོངས་བཞེས་ཀྱིས་ཕྱག་ལས་གནང་ཡོད་ལ།  གཞུང་འབྲེལ་བཀའ་སློབ་ཁག་ཏུའང་ང་མེད་པ་ནང་བཞིན་བྱས་ཏེ་འགན་ཁྱེར་དགོས་ཚུལ་གྱིས་བཀའ་སློབ་ཕེབས་ཡོད་པ་ལས། བཙན་བྱོལ་གཞུང་གི་ལས་འགན་ཅི་ཞིག་ཡིན་པ་དང༌། བཙན་བྱོལ་གཞུང་མང་གཙོའི་ལམ་དུ་བསྒྱུར་གནང་བའི་དགོངས་གཞི་དགོས་པ་དང༌། ལམ་ལུགས་འདི་ལས་གྲུབ་པའི་སྲིད་གཞུང་འདི་ལ་ཁོང་གིས་རེ་བ་ཇི་ཙམ་བཅོལ་ཡོད་པ་ལྷང་ངེར་གསལ་མིན་འདུུག་གམ། བཀའ་སློབ་འདི་དག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་གཙོ་བོར་གྱུར་པའི་བོད་ཀྱི་གནད་དོན་འདི་ཁོང་གི་སྐུ་ཚེའི་རིང་གི་གནད་དོན་ཞིག་ཏུ་ངོས་འཛིན་གནང་མཁན་དག་དང༌། ཁོང་གི་ཡང་སྲིད་སྐོར་ལ་སེམས་ཁྲལ་བྱེད་མཁན་ཡོངས་ལ་ལན་འདེབས་ཆ་ཚང་བ་ཞིག་བྱས་ཡོད། འོན་ཀྱང་མང་པོ་ཞིག་གིས་ད་དུང་འདིའི་སྐོར་ལ་ཤེས་རྟོགས་མེད་པར་དོགས་དྲི་དང་གླེང་སློང་བྱེད་པ་ནི་བོང་རྣར་གསེར་བླུགས་དང་ཁྱད་ཅི་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ལོ་རབས་དྲུག་ཅུ་པའི་མཇུག་སྟེ་ཕྱི་ལོ་ ༡༩༦༩ ལོར་ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་བྱ་ཕྱོགས་ཀྱི་སྒྲིག་གཞི་འདི་ཕྱིས་འབྱུང་རྒྱུན་སྐྱོང་བྱ་རྒྱུ་ཡིན་དང་མིན་ཟེར་བ་འདི་བོད་མི་མང་ལ་སྐད་ཆ་དྲི་དགོས་པ་རེད་ཅེས་གསུངས་ཡོད་པ་ལས་ཁོང་གི་དགོངས་པར་ཕྱིས་འབྱུང་བོད་དོན་ཐོག་ཁོང་གི་ཡང་སྲིད་དེ་ཙམ་དགོས་མཁོ་མེད་པར་གཟིགས་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༡༩༩༢ ལོར་ཁོང་གིས་འབྱུང་འགྱུར་བོད་ཀྱི་གནད་དོན་ཐག་གཅོད་བྱུང་མཚམས། བོད་གཞུང་གི་གོ་གནས་གང་ཡང་ཁུར་རྒྱུ་མིན་ཞེས་གཞུང་འབྲེལ་གྱི་སྒོ་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད།  ལྷག་པར་དུ་ཕྱི་ལོ་ ༢༠༠༡ ལོར་གཞུང་འཛིན་བཀའ་ཁྲི་མི་མང་གིས་བདམས་པ་ནས་བཟུང་དེ་བས་ཀྱང་ཁོང་གི་ཡང་སྲིད་ཀྱི་སྒྲིག་གཞི་མ་ལག་འདི་གལ་ཆེན་པོ་མིན་པར་གསུངས་ཡོད། དེའི་རྒྱུ་མཚན་ནི་ཁོང་གི་ལོ་རྒྱུས་ཐོག་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་བཀའ་ཁྲི་དང་བཙན་བྱོལ་གཞུང་གི་སྒྲིག་འཛུགས་མ་ལག་འདིས་ཁྱེར་གྱི་ཡོད་པས་རེད། དེས་ན་ཁོང་མ་བཞུགས་ཀྱང་ཁོང་གིས་གྲ་སྒྲིག་སྡུག་ས་ནས་བྱས་པའི་བཙན་བྱོལ་བོད་གཞུང་འདིས་འགན་ཁུར་རྐང་ལེན་གྱིས་བོད་དོན་འཐབ་རྩོད་རྒྱུན་འཁྱོང་མུ་མཐུད་བྱ་དགོས་པ་ནི་སྲིད་གཞུང་འདི་མང་གཙོའི་ལམ་དུ་བསྒྱུར་གནང་བའི་ཕུགས་དམིགས་དང་འབྲེལ་ནས་ཡོད་ལ། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁོང་མ་བཞུགས་པའི་དུས་མཚམས་སུ་རྒྱ་ནག་སྲིད་གཞུང་གིས་བོད་དོན་བརླག་འགྲོ་ཚུལ་གྱི་ངོས་འཛིན་དེར་གདོང་ལེན་ཐུབ་ཆེད་དུ་སྒྲིག་འཛུགས་འདིར་ཐུགས་རེ་ཡང་ཆེན་པོ་གནང་ཡོད། དེས་ན་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདིའི་སྣེ་འཁྲིད་པ་ཞིག་ཡིན་ན་ངེས་པར་དུ་སྒྲིག་འཛུགས་འདིའི་ལས་འགན་གང་ཞིག་ཡིན་པ་དང༌། སྒྲིག་འཛུགས་འདིར་ཁོང་གི་ཐུགས་རེ་ཇི་ཙམ་གནང་གི་ཡོད་པ་ལྟར་གྱིས་ལས་འགན་ལེགས་འགྲུབ་ཐུབ་པ་ཞིག་སྲོག་ལ་བབ་ཀྱང་བྱེད་ཀྱི་ཡིན་བསམ་པའི་གདེང་སྤོབས་དང་སྙིང་སྟོབས་ངེས་པར་ལྡན་དགོས་པ་ལས། རང་ཉིད་ལ་དེ་འདྲའི་གདེང་སྤོབས་དང་ཡིད་ཆེས་མེད་པར་ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་བཞུགས་ན་ཡོད་ཚད་ཚར་སོང་སྙམ་སྟེ། ྋགོང་ས་མཆོག་སྐུ་འཚོ་བཞུགས་ཐོག་མ་འདས་སྤྲུལ་སྐུ་ཞིག་བདམས་ན་ལེགས་ཚུལ་བརྗོད་པའི་མི་སྣ་ཞིག་གིས་བཙན་བྱོལ་གཞུང་གི་བཀའ་ཁྲིའི་ཁྲི་སྟེང་ལ་རེ་སྙེག་བྱེད་པ་ནི་ཁྱེད་ཀྱི་ང་རྒྱལ་ཞིག་ཏུ་བརྩི་ཆོག་ཀྱང༌། ངའི་སེམས་ཁྲལ་འཕར་མ་ཞིག་ལས་ཅི་ཡང་མིན། དེས་ན་བཙན་བྱོལ་སྲིད་གཞུང་འདིས་ྋགོང་ས་མཆོག་མ་བཞུགས་པའི་དུས་མཚམས་སུ་ཁོང་གི་ཐུགས་རེ་ལྟར་གྱིས་ལས་འགན་ལེགས་འགྲུབ་མ་ཐུབ་ན་སྒྲིག་འཛུགས་འདི་བཙུགས་པའི་དམིགས་ཡུལ་དང་རྒྱབ་བརྒལ་དུ་གྱུར་པ་རེད་ལ། ལོ་རབས་དྲུག་ཅུ་པའི་དུས་སྨད་ནས་ཁོང་གི་དགོངས་གཞི་ཆེན་པོར་དམིགས་ཏེ་བཀའ་སློབ་ཕྱི་གསལ་ནང་གསལ་ཐོག་སྔ་ཕྱི་རིམ་པར་གལ་ཆེ་ནན་ཕེབས་ཀྱི་ཚུལ་དུ་གནང་ཡོད་ཀྱང༌། དེ་དག་རྒྱ་མཚོ་རྡོ་གཡུགས་ཀྱི་དཔེ་ལྟར་གྱུར་སོང་བ་རེད་ལ། བོད་ལ་མགོ་ཡོད་ཀྱང་མཇུག་མེད། ཤིང་ཅང་ལ་མཇུག་ཡོད་ཀྱང་མགོ་མེད། ཅེས་པའི་ཤོད་སྲོལ་འདི་གནས་ལུགས་དང་ལྡན་པ། རྒྱུ་མཚན་དང་ལྡན་པའི་སྡོམ་ཚིག་འཁྲུལ་མེད་ཅིག་ཆགས་སོང་བ་རེད། གལ་ཏེ། བཙན་བྱོལ་སྲིད་གཞུང་གིས་ཁོང་གི་ཐུགས་རེ་ལྟར་གྱིས་ལས་འགན་ལེགས་འགྲུབ་ཐུབ་ཚེ། སྲིད་གཞུང་འདིའི་ནུས་པ་སྔར་ལས་ལྡབ་བརྒྱའི་སར་གནས་པས་རྒྱ་ནག་སྲིད་གཞུང་གིས་བསམ་བློ་གཉིས་པ་ཞིག་དང་ལྟ་སྟངས་གསར་པ་ཞིག་མི་བཟུང་ཀ་མེད་ཆགས་ཡོད། དེས་ན་ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་བཞུགས་པའི་དུས་སྐབས་ནི་བཙན་བྱོལ་བོད་གཞུང་དང་བོད་རིགས་མི་མང་གིས་ཁོང་གི་དགོངས་གཞིར་ཇི་ཙམ་གདེང་འཇོག་གིས་ཕྱག་ལས་གནང་མིན་གྱི་རང་མདོག་ངོ་མ་དེ་གཡོལ་ཐབས་མེད་པར་འཛམ་གླིང་རྒྱལ་སྤྱིའི་མིག་མདུན་དུ་སྟོན་པའི་དུས་ཚོད་ཅིག་ཡིན་པས། ང་ཚོའི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་མིན་ཡང་དེའི་ཚེ་དེའི་དུས་ཀྱིས་ནུས་པ་ཁོ་ནས་ཐག་གཅོད་ཐུབ་བོ།།    །།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ་་་་་་་་་་་་་་་་་་་་་་་་་་་་ཡོད་ཀྱང༌། དེ་དག་རྒྱ་མཚོ་རྡོ་གཡུགས་ཀྱི་དཔེ་ལྟར་གྱུར་སོང་བ་རེད་ལ། བོད་ལ་མགོ་ཡོད་ཀྱང་མཇུག་མེད། ཤིང་ཅང་ལ་མཇུག་ཡོད་ཀྱང་མགོ་མེད། ཅེས་པའི་ཤོད་སྲོལ་འདི་གནས་ལུགས་དང་ལྡན་པ། རྒྱུ་མཚན་དང་ལྡན་པའི་སྡོམ་ཚིག་འཁྲུལ་མེད་ཅིག་ཆགས་སོང་བ་རེད། ་་་་་་་་། ཅེས་སོགས་ཟེར། ་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གི་སྐུ་ཚབ་སུས་གནང་དགོས་མིན་བོད་མི་དམངས་ཀྱིས་ཐག་གཅོད་ཐུབ་མོད། ཡང་སྲིད་ཟེར་བ་དེ་ཆབ་སྲིད་ཀྱི་གོ་གནས་ལྟ་བུ་ཞིག་ཏུ་བེད་སྤྱད་མི་ཆོག་སྙམ། འདི་༸གོང་ས་མཆོག་སྐུ་ཉིད་མ་གཏོགས་སུ་ལའང་དབང་ཚད་དང་ཐག་གཅོད་ཀྱི་ནུས་པ་མེད། འདི་གཉིས་ཁ་ཁ་རེད། དེ་ཚང་མ་ལ་གསལ་བཤད་ཙམ་ཡིན། སློབ་ཆེན་པ་ཞིག་གི་མིང་དོན་ཡོད་ཀི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese