མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཚོགས་པར་གལ་ཆེའི་རེ་སྐུལ་ཞིག སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

    དབུས་མེད་ལྷན་ཚོགས་ནས་༸རྒྱལ་བའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་བཀའ་ཁྲིའི་སྔོན་འགྲོའི་འོས་གཞི་སུ་འོས་ལ་ཚོད་ལྟའི་འོས་ཤོག་བསྡུ་བའི་ལས་འགུལ་འདི་ནི་ངོ་མ་ཐབས་མཆོག་ཅིག་སྟེ། བུད་མེད་ཤེས་རབ་ཀྱི་རང་བཞིན་ཅན་ཟེར་བ་ཡང་དོན་དང་ལྡན་པར་མཐོང་ཞིང། འདི་ལྟའི་ལས་འགུལ་རིགས་སྤེལ་ཐུབ་ན་ངོ་མ་དུས་ཆེན་སྲུང་བརྩི་ཟེར་བ་ཡང་གཟི་བརྗིད་དང་ལྡན་པའོ། དེ་བས་བོད་མི་ཚང་མ་དུས་ཆེན་སྲུང་བརྩིའི་ལས་འགུལ་འདི་ལ་མཉམ་ཞུགས་ཀྱིས་རང་གི་སེམས་པ་དམར་རྗེན་དེ་སྟོན་རོགས་ཞུ།

    འདི་དང་ལྷན་དུ་ད་དུང་བསམ་ཤོག་གཞན་ཞིག་ཀྱང་བསྡུ་གལ་ཆེ་བ་མཐོང་བས་བུད་མེད་ལྷན་ཚོགས་ནས་ཐུགས་བསམ་བཞེས་ངེས་ཀྱི་རེ་བས་ཐོགས་དྲངས་ཏེ་ཞུ་རྒྱུར།

    ཚང་མས་མཁྱེན་གསལ་བཞིན་ད་ལྟའི་བཙན་བྱོལ་བོད་ཀྱི་གྲོས་ཚོགས་འཐུས་མིའི་ནང་དུ་ཆོས་བརྒྱུད་སྤྱི་འཐུས་དེ་གལ་ཆེ་མིན་དང་དགོས་མི་དགོས་ཀྱི་གླེང་སློང་ཤུགས་ཆེན་བྱུང་དང་འབྱུང་བཞིན་པའི་སྐབས་ཤིག་ཡིན་ལ། སྤྱི་འཐུས་འོས་འདེམས་ཀྱི་དུས་ལའང་ཉེ་བས་གནད་དོན་འདི་ཐད་ལའང་རྒྱ་ཆེའི་སེར་སྐྱ་མི་དམངས་ཀྱི་དགོངས་ཚུལ་ཅི་ཡོད་ཚོད་ལྟ་ཞིག་གནང་དགོས་ངེས་པས། བསམ་ཤོག་འདི་ཡང་མཉམ་དུ་བསྡུ་ཐུབ་ན་དགེ་མཚན་ཆེའོ།

    དེ་ཡང། ༡། ཆོས་བརྒྱུད་སྤྱི་འཐུས་ཉུང་དུ་གཏོང་འོས། ༢། ཕྱིར་བསྡུ་བྱས་ན་འོས། ༣། ད་སྔ་བཞིན་དགོས། ཞེས་པའི་བསམ་ཚུལ་གསུམ་གྱི་མང་ཉུང་ཞིག་བསྡུར་ན་འོས།

    འདིའི་ཐད་ལ་བདག་གི་བསམ་ཚུལ་ཡང་ཅུང་སྨྲ་ན། དེ་སྔོན་ཞིག་ལ་མཁས་དབང་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་འཐུས་མིའི་ནང་ལ་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་བྱུང་བ་འདི་མ་འོས་ཚུལ་གསུངས་མྱོངས། དེ་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཞིག་ཡོང་དཀའ་བའི་ཁོང་གི་དགོངས་ཚུལ་དང་འབྲེལ་བ་ཞིག་རེད། དེང་སང་གླེང་བཞིན་པའི་བསམ་ཚུལ་དག་དེ་དང་གཅིག་པ་ཡིན་པ་དང་མིན་པ་གཉིས་ཀ་ཡོད་པ་ངས་འདིར་བསྐྱར་གླེང་བྱེད་ཅི་དགོས།

    སྤྱིར་ན་བོད་འདི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཅན་ཞིག་ཡིན་པས་དེ་ཉིད་ལེགས་བཅོས་དང་རྒྱུན་འཛིན་གྱི་ཆ་ནས་ཆོས་བརྒྱུད་སྤྱི་འཐུས་གལ་ཆེ་ཚུལ་གཅིག་དང། གཉིས་ནས་ཆོས་བརྒྱུད་ཁག་ལ་དོན་དམ་འདྲ་མཉམ་གྱི་ཐོབ་ཐང་ཞིག་ཡོང་ཆེད། གསུམ་ནས་ཆོས་ལུགས་དེ་ཉིད་སྤྱི་ཚོགས་ཁྲོད་གནས་བབ་མཐོར་གནས་དང་ཆབས་ཅིག་རང་གི་དགེ་མཚན་འདོན་རྒྱུ་བཅས་ཀྱི་དགོས་ཕན་ཞིག་ལ་དམིགས་ཡོད། འོན་ཀྱང་དེང་སང་ཉོག་དྲ་འདྲ་མིན་ཡོང་གིན་ཡོད་པས་དེའི་ལྡོག་ཕྱོགས་སུའང་འགྱུར་ཉེན་ཆེ། ངས་ནི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་མེད་ཀྱང་གོང་གི་དགོས་ཕན་དག་མེད་པར་མི་འགྱུར་སྙམ།

    དེའི་རྒྱུ་མཚན་ནི། གཅིག་ནས་འཛིན་སྐྱོང་བཀའ་ཤག་ནང་ལ་ཆོས་དོན་བཀའ་བློན་ཞིག་ཡོད་པ་དང། གཉིས་ནས་སྤྱི་འཐུས་རྣམ་པ་ཕལ་མོ་ཆེ་ཆོས་བརྒྱུད་གང་རུང་ཞིག་གི་ཁོངས་གཏོགས་ཡིན་པས་ཆོས་ལུགས་མི་སྣ་དམིགས་བསལ་བ་ཞིག་ལོགས་སུ་མི་མཁོ་བ། གསུམ་ནས་གྲོས་ཚོགས་ནང་དུ་ཆོས་བརྒྱུད་ཁག་གི་གནད་དོན་དམིགས་བསལ་བ་རིགས་ཐག་གཅོད་རྒྱུ་མེད་པའམ་ཐག་གཅོད་མི་ཐུབ་པ། (དཔེར་ན་ཇོ་ནང་བའི་གནད་དོན་བཞིན)བཞི་ནས་ཆོས་བརྒྱུད་ཁག་སོ་སོའི་གནད་དོན་སོ་སོའི་ཁོངས་ནས་ཐག་གཅོད་པའི་སྐུ་དབང་ཡོད་པ། ལྔ་ནས་ཆོས་ཀྱི་དབུ་ཁྲིད་རྣམ་པའི་དམིགས་བསལ་ཚོགས་ཆེན་བསྐོང་འཚོགས་ཀྱིས་ཆོས་ལུགས་འཛིན་སྐྱོང་གནང་གིན་ཡོད། དེ་བས་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་ནམ་རྒྱུན་མི་སྐྱ་ཚོ་དང་ལྷན་དུ་འཐབ་ཅིང་རྩོད་ནས་མི་དམངས་ནང་ལའང་བག་ཆགས་དང་ཤུགས་རྐྱེན་ངན་པ་རེ་བཞག་དང་འཇོག་བཞིན་པ་འདི་དག་ལས་དམིགས་བསལ་འགན་ཁྲི་ཅང་མེད་པར་མཐོང།

    རྒྱུ་མཚན་འདི་དག་གི་དབང་གིས་ཆོས་བརྒྱུད་སྤྱི་འཐུས་མེད་ཀྱང་ཆོག་ལ། མ་མཐར་ཡང་ཆོས་བརྒྱུད་སོ་སོ་ནས་རེ་རེས་མ་འཐུས་པ་ཅི་ཡང་མེད། ཆོས་སྲིད་ཟུང་འབྲེལ་ཟེར་བ་འདིའི་གོ་དོན་ངོ་མ་ནི་དེ་སྔའི་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཞེས་པའི་དོན་ཡིན། དེང་སང་དེ་བཞིན་གྱི་འཛིན་སྐྱོང་ངོ་མ་ཞིག་དཀའ། ཡིན་ཡང་དགོས་དོན་གཙོ་བོ་ནང་ཆོས་འདི་ཉིད་མ་ཉམས་གོང་སྤེལ་གྱིས་རང་གི་མི་རིགས་དང་མིའི་རིགས་ཡོངས་ལ་ཞབས་འདེགས་ཞུ་ཐུབ་སླད་ཡིན་པས། བཅའ་ཁྲིམས་ནང་མི་དམངས་ཀྱི་ཆོས་དད་རང་མོས་བཀོད་པ་དང་ཆོས་ཀྱི་བློན་ཆེན་བསྐོ་རྒྱུ་ཡོད་པ། དགོན་སྡེའི་འཛིན་སྐྱོང་ལམ་ལུགས་ཡག་པོ་ལྡན་པ་བཅས་བྱུང་ན་ཆོས་སྲིད་ལུགས་གཉིས་ཀྱི་རྣམ་གཞག་འཇིག་པར་མི་འགྱུར་རོ།

    དེང་སང་བོད་མི་མང་པོ་ཡུ་རོབ་སོགས་སུ་སྐྱོད་ཀྱིན་པས་དེ་དག་གི་ནང་ལ་དགོས་དབང་གིས་སྤྱི་འཐུས་གྲངས་ཚད་མང་དུ་གཏོང་འོས།

    མཐའ་དོན། བདག་ནི་སྤྱི་སེམས་ཆུང་ལ་ཤེས་འཇོན་དམན་པ་ཞིག་ཡིན་པས་འདི་ལྟར་བཤད་ན་མི་ཉུང་བ་ཞིག་གི་སྣང་བར་མི་འགྲོ་ན་ཡང་ད་ལྟའི་ཆར་སྤྱི་འཐུས་ལས་ཐོག་པ་ཞིག་གི་མིང་ཡོད་པས་སྒྲུབ་ཕོད་པ་ཆེར་མེད་ཀྱང་བསམ་ཕོད་པ་དང་བཤད་ཕོད་པའི་བརྟུལ་ཞུགས་འདི་འཆང་བཞིན་པ་ལགས་སོ།།

དོན་གྱི་དགོས་ཕན་མི་ཆེ་ཞིང། །ཉོག་དྲ་དག་ཀྱང་ཉུང་འགྱུར་ཕྱིར།
དགེ་འདུན་སྡེས་གཙོས་མི་དམངས་ཀྱིས། །བསམ་པ་དྲང་མོས་བསམ་གཞིགས་འཚལ།
འདི་ཐད་ཀློག་མཁན་རྣམས་ཀྱིས་ཀྱང། མཆན་བུ་མང་ཙམ་འདེབས་རོགས་ཞུ།
ཤེས་རབ་རང་བཞིན་བུད་མེད་ཚོས། ལྷག་བསམ་སྙིང་སྟོབས་སྐྱེད་ཅིག་གུ།
༢༠༡༠།༦།༣༠།

 

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 30

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སྤང་མདའ་སྟོབས་རྒྱས་ལགས། གནད་དོན་འདི་ཆུང་ཆུང་ཞིག་གཏན་མིན། སྤྱི་འཐུས་ཕྱོགས་སྐྱོད་ཐོབ་ཐང་སྐོར་གྱི་དོན་ཚན་འདི་གཏན་འབེབ་སྐབས་ངས་གྲོས་ཚོགས་ནང་དོན་ཚན་འདི་ཁ་གསལ་བོ་མི་འདུག་ཚུལ་ཡང་ཡང་བཤད་མོད། སྐབས་དེའི་ཚོགས་གཙོས་ཁ་གསལ་བོ་ཡོད་ཚུལ་མང་པོ་བཤད་ནས་ཁས་བླངས་མ་སོང། ང་རོགས་པ་བྱེད་མཁན་སྤྱི་འཐུས་ཀྱང་མ་བྱུང་བ་རེད། ཏག་ཏག་ལོ་གཅིག་གི་རྗེས་ལ་དོན་ཚན་དེའི་ཐོག་ནས་ཉོག་དྲ་དེ་བཟོས་པ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་བཞིན་དུ་བཟོས་པ་རེད། དེ་བས་ང་ཡ་མཚར་པོ་བྱུང། ང་རང་ཚོ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རང་གིས་བཅས་པའི་ཁྲིམས་རང་གིས་གཏོར་བཤིག་བཏང་ན་ག་རེ་ཆགས་ཀྱིན་ཡོད་དམ། འདི་ནམ་རྒྱུན་རྒྱ་ནག་གཞུང་གི་བྱེད་སྟངས་དང་གཅིག་པ་ཆགས་ཀྱིན་ཡོད་རེད། དེ་བས་ངས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེར་སྟོན་ཕྱིར་གྲོས་ཆོད་དེ་ལ་མིང་རྟགས་བརྒྱབ་པ་ཡིན། དེ་ནི་རྦད་དེ་ཡང་དག་པ་ཞིག་ཡིན། མ་འོངས་པར་ཡང་སུ་ཞིག་གིས་ཁྲིམས་འགལ་བྱས་པ་གསལ་རྟོགས་བྱུང་ན་ངོ་རྒོལ་མཐའ་གཅིག་ཏུ་བྱ་ངེས་ཡིན། འདི་བཅའ་ཁྲིམས་ཀྱི་དགོངས་དོན་རེད། དེ་ནི་སྤྱི་འཐུས་བྱེ་བྲག་པ་ཞིག་ལ་མ་དགའ་བ་དང་ཆོལ་ཁའི་ཕྱོགས་ཞེན་བྱས་པ་ཡིན་སྙམ་པ་ཞིག་རང་གི་བསམ་པའི་ཟུར་ནའང་མེད། འོན་ཀྱང་ཡོད་པར་འདོད་ན་ནི་རང་རང་གི་ལོག་མཐོང་རེད། ཐབས་ཤེས་མེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ང་དྲ་ཐོག་ལ་ཕྱོགས་སྐྱོད་དུ་ཡོང་ཡོད།

    དེ་རིང་གཞི་ནས་དུས་བབ་དྲ་ཐོག་ལ་དེབ་སྐྱེལ་ཞིག་བྱས་ནས་ཁ་བརྡ་རེ་བྱེད་དུ་ཡོང་དགོས་བྱུང།་ཐོག་མར་བསམ་འཆར་ཤོད་མཁན་དང་ཀློག་པ་པོ་ཚང་མར་དགའ་བསུ་ཞུ། བདག་ལ་རྒྱུས་ཡོད་མེད་ཚང་མས”གང་ཟག་ལ་མ་རྟོན་ཆོས་ལ་རྟོན”ཞེས་པའི་མཁས་པའི་གདམས་ངག་འདི་ལག་ལེན་རེ་གནང་ནས། གོང་དུ་གླེང་བ་འདི་ང་ཚོའི་དངོས་ཡོད་ཀྱི་གནད་དོན་ཞིག་ཡིན་མིན་ལ་བསམ་བློ་གཏོང་རོགས། མཁོ་མི་མཁོའི་རྒྱུ་མཚན་གཤའ་མ་རེ་གླེང་རོགས།
    འདི་དང་འབྲེལ་བའི་དོགས་གནས་རིགས་ལ་གང་ཐུབ་ཀྱི་ལན་འདེབས་ཆོག ད་དུང་དྲ་གྲོགས་མང་པོ་ཞིག་གོ་མེད་ཚོར་མེད་རེད། ཅི་བྱུང་ངམ། ང་ཚོས་སྤྱི་དོན་གླེང་གིན་ཡོད། གནད་དོན་གླེང་གིན་ཡོད། ཡག་པོ་བྱུང་ན་བོད་པ་ཚང་རེད་ལ་སྡུག་པོ་བྱུང་ཡང་བོད་པ་ཚང་རེད། གནས་ལུགས་ཤོད་རྒྱུར་སུ་ཡང་འཛེམས་དགོས་དོན་མེད། ཤོག་ཡ

    Reply
  3. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    ཆོས་རྒྱུད་སྤྱི་འཐུས་ལ་ རྙོག་དྲ་ཡོད་ན་ཆོས་ལུགས་སྤྱི་འཐུས་ལ་རྙོ་དྲ་ཡོད་ཡོད་པ་རེད། ད་བར་ཆོས་ལུགས་དང་ཆོས་ཁ་སྤྱི་འཐུས་གཉིས་ཀ་འཇོན་ན་འཇོན་མཉམ་མི་འཇོན་མཉམ་པ་ ཡིན། གྲོས་ཚོགས་ནང་གི་རྙོ་དྲ་ལ་ཆ་མཚོན་ན་ཐོག་མར་འགོ་སློང་བར་དུ་དཀྲུག་ཐ་མར་ཐོར་ པ་སོགས་ཚང་མ་བྱེད་མཁན་ཆོལ་ཁའི་སྤྱི་འཐུས་ཡིན།དེས་ན་སྐུ་ངོ་མཆོག་ལ་དྲང་བདེན་ གྱི་བློ་མིག་ཅིག་ཡོད་ན་ཆོལ་ཁའི་སྤྱི་འཐུས་ཀྱང་མི་མཁོ་གསུང་རོགསཞུ།

    འོ་་་ད་དུང་ཆོས་ལུགས་སྤྱི་འཐུས་དགོས་མི་དགོས་ཀྱི་ཐ་མའི་མཐའ་གཅོད་ཆོས་བྱེད་མི་སྣ་ཚོས་བྱ་དགོས་པ་ལས་ཁྱིམ་པའི་སྡེས་དེ་ལ་ཐེ་གཏོགས་བྱ་དབང་མེད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱུ་འབྲས་ཚུལ་བཞིན་སྲུང་བའི་ཆོས་འཐུས་དེ།
    དགོས་དང་མི་དགོས་ཞེས་པའི་འོས་འདེབས་ཞིག
    བུད་མེད་སྒྲོལ་དཀར་ལྷ་མའི་ལྟ་དགོས་པར།
    ལྷ་མོ་སྐྱབས་ཡིས་སྙན་རྩོམ་བྲིས་འདི་བཟང།

    ཁ་བ་གངས་ཅན་ཡུལ་གྱི་མི་རིགས་འདིའི།
    ལོ་རྒྱུས་ཕྱི་ལྟས་བྱས་ཀྱང་ལྷ་ཆོས་ཡིན།
    ཕྱི་ཡི་དགྲ་ལ་ངོམ་རྒྱུ་ལྷ་ཆོས་ཡིན།
    ནང་གི་གཉེན་ལ་འཕྱར་རྒྱུ་ལྷ་ཆོས་ཡིན།

    ཚན་རིག་སྲོལ་དང་མཐུན་པ་ལྷ་ཆོས་ཡིན།
    ཁ་བ་རི་པའི་སྙིང་ནོར་ལྷ་ཆོས་ཡིན།
    བླ་མའི་གསེར་ཁྲི་མཐོ་དོན་ལྷ་ཆོས་ཡིན།
    སློབ་མའི་འཚོ་བའི་ཡོང་ཁུངས་ལྷ་ཆོས་ཡིན།

    དྭང་གཙང་དྲི་མ་མེད་པའི་རིག་གནས་འདིར།
    ངག་ཏུ་ཆུ་བཞིན་སྐྱོར་མཁན་གྲྭ་ཚོགས་ཀྱི།
    སྐུ་ཚབ་གྲོས་ཚོགས་ནང་དུ་མི་དགོས་ཞེས།
    ལྷ་མོ་སྐྱབས་ཡི་ཕུགས་འདུན་གང་ཡིན་ནམ།

    གངས་ཅན་ཁ་བ་རི་པའི་མི་རིགས་འདིའི།
    རིག་གཞུང་རྩ་བ་འཛིན་པའི་གྲྭ་ས་ཡི།
    འཐུས་མི་གྲོས་ཚོགས་ནང་དུ་མི་དགོས་ཞེས།
    བོན་རྒྱ་བླ་མའི་དགོངས་གཞི་གང་ཡིན་ནམ།

    གངས་རིའི་རྭ་བའི་སྐོར་བའི་རྒྱལ་ཁབ་ཆེད།
    རང་སྲོག་བློའི་གཏོང་བྱེད་མཁན་གྲྭ་ཚོགས་ཀྱི།
    ཚབ་མཚོན་གྲོས་ཚོགས་ནང་དུ་མི་དགོས་ཞེས།
    ལྷ་མོ་སྐྱབས་ཀྱི་དམིགས་ཡུལ་གང་ཡིན་ནམ།

    གངས་ཅན་ཁ་བའི་ཡུལ་གྱི་ལྷ་སྐལ་གྱི།
    བླ་སྲོག་ལྟ་བུའི་གྲྭ་སའི་མཁས་དབང་ཚོའི།
    འཐུས་མི་གྲོས་ཚོགས་ནང་དུ་མི་དགོས་ཞེས།
    བོན་རྒྱ་བླ་མའི་གསར་བརྗེ་གང་ཡིན་ནམ།

    དེང་སང་ནུབ་ཕྱོགས་གནམ་བཤིས་སྐྱིད་པོ་འདུག
    ཅོ་རི་ང་ལ་དུས་ཚོད་དཀོན་པོ་འདུག
    རྐང་རྩེད་སྤོ་ལོ་ལྟས་མོ་ཆེ་པོ་འདུག
    འབྲི་དགོས་བསམ་ཀྱང་དུས་ཀྱི་མི་འདང་ཁུ།

    ཐུགས་རྗེ་གཟིགས།

    Reply
  5. མདའ་ཚན་ཐུབ་བསྟན་རྒྱ་མཚོ says:
    ལོ་ 15 སྔོན།

    ཕྲན་གྱིས་ཀྱང་སྔོན་མ་ནས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་མིན་བསམ་བློ་འཁོར་མྱོང་ལ།
    འདིའི་ཉོག་གྲ་གཅིག་ནི་དེང་སང་ཇོ་ནང་པས་ཆོས་བརྒྱུད་སྤྱི་འཐུས་ཐོབ་ཐང་རྩོད་ཀྱིན་ཡོད་པ་ལྟར་བོ་དུང་དང་གཞན་ཡང་བོད་ཀྱི་ཡེ་ཤུ་པ་དང་ཁ་ཆེ་བས་ཀྱང་རྩོད་མི་སྲིད་པ་ཞིག་མ་རེད།
    དེ་ནི་རྒྱལ་ཁབ་ཅིག་གི་ངོས་ནས་ཆོས་ལུགས་ཐམས་ཅད་འདྲ་མཉམ་ཡིན་དགོས་པས་སོ།
    དེ་བས་ཆོས་དོན་ལས་ཁུངས་ཀྱིས་འཐུས་ལ་ཉོག་འཛིང་ཡང་ཆུང་པར་སྙམ།
    སྤྱིར་རྒྱལ་ཁབ་གང་ཞིག་ལ་ཆོས་རྒྱལ་གྱི་སྤྱི་འཐུས་ཡོད་པ་གོ་ཐོས་བྱུང་མ་སོང་ལ་ང་ཚོར་ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་པའི་རྒྱུ་མཚན་ཆེར་མ་མཐོང་།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རེད་རེད་ད་ངའི་འདི་ན་ཐལ་ཚིག་ཞིག་བསྒྲིགས་རྒྱུ་ཡིན
    ཚང་མའི་ཉོན་ཤིག

    གོ་ལ་རིལ་བོ་འདིའི་ཐོག་ཏུ་ང་ཚོ་སྟེ་བོད་ཞེས་བ་འདི་གནས་ཐུབ་འམ་གོ་རྒྱུ་ཞིག་ཡོད་པ་འདི་ཆོས་རྒྱུད་ཁག་གི་བཀའ་དྲིན་རེད
    ཁོ་བ་ཚོའི་ལག་སྟོང་མཆན་སྟོང་དུ་འདི་ལྟར་སྲིད་ཞི་ལ་ཞབས་འདེགས་ཞུ་བཞིན་ཡོད
    ཁྱེད་རང་ཚོ་སྟེ་གཞུང་གི་བགོ་སྐལ་ཡོད་ཚད་ཁྱེད་ཅག་གི་བྱོས་སྐྱིད་ཉལ་བྱོས་ལ་སྡོད་ཨེ་གོ་ཐ

    Reply
  7. འཇམ་གྲགས says:
    ལོ་ 15 སྔོན།

    རྒན་ཆབ་བྲག་ལགས་ཀྱི་གསུངས་པར་རྒྱབ་སྐྱོར་ཡོད། ཆོས་རྒྱུད་སྤྱི་མཐུས་མེད་པ་བཟོ་དགོས་པ་མ་ཟད། མདོ་སྨད་སྤྱི་མཐུས་ཀྱང་ཉུང་རུ་བཏང་དགོས་ཀྱི་འདུག གང་ཡིན་ཟེར་ན་བཙན་བྱོལ་ནང་མདོ་སྨད་མི་སྟོང་ཕྲག་གཉིས་གསུམ་ལས་མེད་བ། མཐུས་མི་བཅུ་དགོས་ཡ་མི་འདུག

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མིའི་ནང་ལ་ཉུང་མཐའ་ཡང་ཆོས་བརྒྱུད་སྤྱི་འཐུས་རེ་རེ་ངེས་པར་དུ་དགོས་ངེས་ཡིན་ཏེ། བོད་ནང་ལྟར་ཆོལ་གསུམ་སོགས་ས་གནས་སོ་སོར་དབྱེ་རྒྱུ་མེད་པའི་ཚབ་ལ་དགོས།

    Reply
  9. རི་བོང། says:
    ལོ་ 15 སྔོན།

    ཆོས་ལུགས་སྤྱི་མཐུས་དགོས་པ་གང་ཡང་མི་འདུག རྒྱུ་མཚན་མང་བོ་བགྲང་རྒྱུ་ཡོད་ཀྱང་ཁོམ་པ་མི་འདུག ཆོས་བརྒྱུད་སྤྱི་མཐུས་དགོས་ན་ཇོ་ནང་སྤྱི་མཐུས་ཡང་དགོས་ལ། བོད་པཌྷི་ཁ་ཆེ་དང་ཡེ་ཤུའི་ཚོས་ཁོང་ཚོ་ལ་སྤྱི་མཐུས་དགོས་ལབ་ན་ཡང་། ཐོབ་ཐང་གཅིག་མཚུངས་སྤྲོད་དགོས།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    དགེན་ལྷ་མོ་ལགས་ཀྱི་དགོངས་ཚུལ་ལ་ཞིབ་ཀློག་ཐེངས་ཤིག་བྱས་པ་ཡིན། མཆན་བུ་རེ་ཟུང་ལ་ཡང་མིག་བཤེར་ཅིག་བྱས་པ་ཡིན། ད་གང་ལྟར། དགོན་པའི་ཁྱི་ལ་བརྡུང་ན་བླ་མའི་ཐུགས་ལ་ཕོགས་པའི་དཔེ་ལྟར་རེད། སྔོན་ཆད་ཞིག་ལ་སུ་ཞིག་གིས་ལམ་འདི་འདྲ་ཞིག་བཏོད་པ་ངས་མི་ཤེས། མང་པོ་ཞིག་གིས་ནི་་་་ འདི་༧གོང་ས་མཆོག་གི་དགོངས་གཞི་རེད་ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱིན་འདུག དེ་འདྲ་ཡིན་མིན་༧གོང་ས་མཆོག་ལ་ཅིག་བཀའ་འདྲི་གནང་ན་ཡག་ས་རེད། མ་ཟད། ཆོས་བརྒྱུད་སྤྱི་འཐུས་འདིའི་ཐད་་༧གོང་ས་མཆོག་ལ་དགོངས་ཚུལ་གང་ཡོད་ཅིག་བཀའ་འདྲི་གནང་དགོས་ངེས་རེད་འདུག

    མི་རེ་ཟུང་གིས་ཆོས་བརྒྱུད་སྤྱི་འཐུས་མེད་ན་བོད་ཀྱི་ངོ་བོ་བརླགས་འགྲོ་གི་རེད་ཟེར་ནས་བྲིས་འདུག ཡང་སངས་རྒྱས་ཆོས་ལུགས་ལ་མི་དགའ་ཚོས་འདི་འདྲ་བཤད་པ་རེད་་་་ཟེར་མཁན་ཡང་འདུག གང་ལྟར་་་ སྐད་ཆ་འདི་འདྲ་བཤན་མཁན་ཚོའི་དོན་སྙིང་ཅི་ཡིན་ཤེས་སླ་བས་་་ དེ་དག་ལ་ཉན་དགོས་པ་ཅང་མི་འདུག

    མདོ་དོན་ནི། ཆོས་བརྒྱུད་སྤྱི་འཐུས་ཡོད་པ་འདིས་་་་ སྤྱི་ཚོགས་ཁྲོད་དུ་རང་བཞིན་གྱིས་འདྲ་མཉམ་མིན་པའི་གནད་དོན་ཅིག་ལྷག་བསྡད་ཡོད་པ་རེད། དོན་དངོས་ཐོག་ནས་བོད་མི་རིགས་ཀྱི་གནད་དོན་ལ་བསམ་བློ་གཏོང་མཁན་ཞིག་ཡོད་ན། ནང་ཁུལ་འཐབ་རྩོད་ཁོ་ནའི་ལག་ཆར་གྱུར་ཡོད་པའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་ལམ་ལུགས་འདི་འདོར་དགོས་ཀྱིན་འདུག
    སྐད་ཆ་འདི་ལྟར་བཤད་ན་ད་ཡོད་ཀྱི་ཆོས་བརྒྱུད་སྤྱི་འཐུས་ཁག་ལ་ཕོགས་སོང་ན་དགོངས་འགལ་མེད་པར་ྮུ་རྒྱུ་ཡིན། སྐད་ཆ་འདི་ལྟར་བཤད་དོན་གང་ཟག་བྱེ་བྲག་ཅིག་ལ་དམིགས་ནས་བཤད་པ་མིན། མང་གཙོའི་འགྲོ་ལུགས་ཤིག་དང་། ང་ཚོའི་དགོས་མཁོ་ཞིག་ལ་དམིགས་ནས་བཤད་པ་ཙམ་ཡིན།

    Reply
  11. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    འདས་པའི་ལོ་རྒྱུས་ལ་གཟིགས་དང་། །གཞུང་ཕྱོགས་ཕྱོགས་འཛིན་དེ་ཆེ་དྲག
    རྙོག་དྲ་ད་ལྟ་ལས་མང་འདུག ངན་འབྲས་ད་ལྟ་ལས་ཆེ་འདུག

    གཞུང་ཕྱོགས་རིས་མེད་གཅིག་ཆགས་ན། །རྙོག་དྲའི་རྩ་བ་གཅིག་ཆད་འགྲོ།
    བུ་ཇོ་བོ་དོང་དང་བཀའ་བརྒྱུད། །ཆེ་བཞི་ཆུང་བརྒྱད་སོགས་ཀུན་ལ།

    སྤྱི་འཐུས་ཡོད་པ་གཅིག་བྱས་ན། །ཆོས་ལུགས་འདྲ་མཉམ་དེ་མཚོན་འགྲོ

    Reply
  12. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    བོད་ཀྱི་ཆོས་བརྒྱུད་ནི། བོད་ཀྱི་ཆབ་སྲིད་ཀྱི་སྲོག་ཏུ་ཆགས་ནས་སྡད་ཡོད། བོད་ཀྱི་ཆོས་མེད་ན། བོད་ཀྱི་ཆབ་སྲིད་དེ། སྲོག་དབུག་དང་བྲལ་བའི་རོ་དང་འདྲ།
    ད་ལྟ་ང་ཚོས་མི་རིགས་ཀྱི་དར་ཆ་ཕྱར་བ་ལ་དོ་སྣང་བྱེད་མཁན་དེ་དང་། ཆོས་ལུགས་ཀྱི་དེར་ཆ་ཕྱར་བ་ལ་དོ་སྣང་གནང་མཁན་མང་གི་འདུག་གཟིགས་དང་མཁྱེན་པར་འགྱུར།
    བོད་ཆོས་དེ་གང་ཐད་ནས་རྩ་ཆེན་འདི་ལྟར་ཡིན་པ་དེ་མཚོན་བྱེད་ཆོས་ལུགས་སྤྱི་འཐུས་འདི་དགོས་ངེས་ཡིན་ལ། བོད་གཞུང་གི་ལང་ཕྱོགས་དེ། ཆོས་ལུགས་རིས་མེད་ཡིན་པར་གསུང་གིན་ཡོད། ཇི་སྲིད་ཆོས་ལུགས་ཀྱི་སྤྱི་མཐུས་ད་ལྟའི་ལམ་སྲོལ་བཞིན་ཡོད་པ་དེ་སྲིད་དུ། ཆོས་ལུགས་རིས་མེད་ཡིན་ལ། ཆོས་ལུགས་ཀྱི་སྤྱི་འཐུས་རྩ་དགོངས་གནང་བའི་དུས་ལ་སླེབས་ཉིན་ནས་བཟུང་། ཆོས་ལུགས་རིས་མེད་ཟེར་བའི་མིང་ཡང་རྩ་དགོངས་གནང་དགོས་ཐུག་ཀྱི་རེད་བསམ་གྱིན་ཡོད།

    སྤྱིར་སྤྱི་འཐུས་མང་དྲག་འདུག་ན། ཆོལ་ཁ་དང་ཆོས་ལུགས་ག་འགའ་ནས་འཐེན་ཕྲི་བྱེད་དགོས་པའི་བསམ་ཆར་གནང་ན་འགྲིགས་ཀྱི་འདུག་ལ། དམིགས་གསར་ཆོས་ལུགས་ཀྱི་སྤྱི་འཐུས་དགོས་ཀྱི་མེད་ཟེར་བ་འདི། རྒྱབ་རྒྱང་ཞིག་ངེས་པར་ཅན་དུ་ཡོད་འགྲོ། ཡང་ན་དགེ་ལྡན་པའི་མི་འབོར་མང་པས། སྤྱི་འཐུས་མང་དགོས་པ་དང་། བོན་པོའི་མི་འབོར་ཉུང་པས་སྤྱི་འཐུས་ཉུང་དགོས་བསམ་པ་ཡིན་འགྲོ། དེ་ལྟར་ན། བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་། དབུ་གཙང་ལ་སྤྱི་འཐུས་མང་དགོས་ཤིང་། ཨམ་མདོ་ལ་སྤྱི་འཐུས་རེ་ཟུང་ལས་མི་དགོས་པ་དང་མཚུངས། ཆོལ་ཁ་ལ་འདྲ་མཉམ་དགོས་པ་བཞིན་ཆོས་ལུགས་ལ་ཐོབ་ཐང་འདྲ་མཉམ་ཡོངས་དགོས་ན། ཆོས་ལུགས་ཀྱི་སྤྱི་འཐུས་ངེས་པར་ཅན་ཡོད་དགོས།
    བོད་ཀྱི་རྩ་དོན་དེ། འཛམ་གླིང་གི་ཞི་བདེ་ཡོང་མིན་གྱི་རྩ་དོན་ལ་ཐུག་ཡོད་གསུངས་པ་དང་། དེ་ཡང་ཆོས་ལ་རག་ལས་ཡོད་ཟེར་ཡང་ཡང་གསུངས་པ་དེ་ཁ་ཞེ་གཉིས་མེད་ཡིན་ནའང་ཆོས་ལུགས་ཀྱི་སྤྱི་འཐུས་ངེས་པར་ཅན་དུ་དགོས་ཀྱི་འདུག

    Reply
  13. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱིས་བསམ་ཆར་ལེགས་པོ་ཤིག་སྟོན་ཤགས། ཆོས་སྲིད་ཟུང་འབྲེལ་གྱི་ལམ་འགག་འདི་རྩ་མེད་གཏང་དགོས་ངེས་ཤིག་རེད། ཆོས་རིག་ལས་ཁུངས་དེ་ཡང་སྒོ་རྒྱེབ། ཆོས་ལུགས་ཀྱི་སྤྱི་འཐུས་རྣམས་ཀྱང་རྩ་དགོངས་གནང་། བཀའ་ཁྲི་མན་ཆོད་ཀྱི་ཆབ་སྲིད་ཀྱི་ལས་སྣེ་གྲྭ་བ་ཡོངས་ཀྱིས། གྲྭ་ཆས་ཕུད་ན། དེང་དུས་ཀྱི་ཆབ་སྲིད་པ། ངན་ཁག་ཡོད་ཚད་ནང་ཆོས་དང་ཆོས་བྱེད་མི་སྣར་བཙན་འགེལ་རིང་ལུགས་ཀྱི་ཞེ་འདོད་དེ་འགྲུབ་ཀྱི་རེད་ལ། མན་ཇུའི་མི་རིགས་དེ། དུས་ཚོད་ཐུང་ངུའི་ནང་རྒྱ་ནང་དུ་ཐིམ་ཐུབ་པ་ནང་བཞིན་གྱི།
    བོད་འདི་ཡང་འཆི་བ་གནར་གཅོད་ཀྱི་སྡུག་བསྔལ་ཡུན་རིང་མྱོང་མི་དགོས་པའི་ཕན་པ་འབྱུང་འགྱུར་རེད།
    ལྷག་པར་དུ། སངས་རྒྱས་ཀྱི་བསྟན་པ་ལྷད་མེད་དུ་རློམ་པའི་ཆོས་བརྒྱུད་ཆེན་པོའི་བཞིའི་སྐུ་ཚབ་དགོས་མིན་ཀྱི་བཀའ་ཡི་བསྡུ་བ་དེ། བུད་མེད་ཚོགས་པར་རེ་བ་བཅོལ་བ་འདི། རྟེན་འབྲེལ་དེ་ལ་བསམ་གནོ་བསམ་ཞིག་གཏང་ན་། ཆོས་ཐམས་སྟོང་པ་ཉིད་ཏུ་རོ་གཅིག་ཏུ་སོང་ན་དགའ་བ་ལ

    Reply
  14. འབའ་སྲས། says:
    ལོ་ 15 སྔོན།

    རྒྱུ་མཚན་མང་པོ་ཡོད་ཀྱང་འབྲི་ཁོམ་མི་འདུག ཆོས་རྒྱུད་སྤྱི་འཐུས་དགོས་ན་དཀོན་མཆོག་གསུམ། འདི་མེད་པ་བཟོ་དགོས།

    Reply
  15. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    ང་ལྟ་བུ་ཞིག་གིས་ནང་རྒྱུན་ནས་རྒན་ལྷ་མོ་སྐྱབས་ལགས་ལ་ཡིད་ཆས་གཙང་མ་བྱེད་
    མཁན་ཞིག་ཡིན་འོན་ཀྱང་ད་གཟོད་ངས་ཁོང་ལ་ཡིད་ཆས་གཙང་མ་བྱས་པ་དེ་ངས་གླེན་རྟགས་ཤིག་སྟེན་ཡོད་པར་ད་ལྟར་གཞི་ནས་ཚོར། ཁོང་ཤེས་ཡོན་ཡོད་པའི་གྲལ་དུ་བཞུགས་པའི་མི་སྣ་ཞིག་གི་བྱས་མི་འོས་པའི་ལས་ཀ་
    དང་སྐད་ཆ་མང་པོ་བཤད་སོང་། དེ་ནི་དང་པོ་གྲོས་ཚོགས་ནང་ལོག་གནས་དོན་ཆུང་རྩགས་ཤིག་གི་གྲོས་ཆོད་ཅིག་ལ་མི་ངན་ཁག་ཅིག་དང་མཉམ་དུ་འདྲེས་ནས་ཆེད་དུ་ཁོང་གིས་མཚན་རྟགས་རྒྱབ་ནས་མདོ་སྨད་དང་དབུས་གཙང་ཆོལ་ཁའི་གཉིས་ཀྱི་ཕྱོགས་སུ་ལྷུང་ཡོད། དེ་རིང་ཡང་སྐྱར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་བརྒྱུད་སྐུལ་ཞིག་བེུད་ཚོག་པ་ལ་གཏང་ཡོད། དོར་ན་སྤྱི་ཚོགས་ནང་ལོག་དཀྲུགས་གཤེགས་སླང་རྒྱུ་ལས་ཕན་ཐོག་
    ཡོད་པའི་སྐད་ཆ་ཞིག་ཧ་ཅང་དཀོན། ཅི་སྟེ་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་ན་ཆོས་རིགས་ལས་ཁུངས་དེ་ཡང་མེད་པ་བཟོ་དགོས་པའི་གྲོས་འཆར་རམ་བསམ་འཆར་ཞིག་འབུལ་ཐབས་གནང་རོགས།

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒན་ལྷ་སྐྱབས་ལགས་ནས་ཇོ་ནང་སྤྱི་འཐུས་དགོས་ལ་ཆོས་རྒྱུད་སྤྱི་འཐུས་མི་དགོས་གསུང་ན་མཚམས་པོ་རང་ཨ་ཡོད། ཇོ་ནང་ནི་ཆོས་ལུགས་ཆེན་པོ་བཞིའི་ནང་ས་སྐྱའི་ཆོས་རྒྱུད་ཡིན་པས་ཇོ་ནང་ལ་སྤྱི་འཐུས་དགོས་ན་ང་ཚོ་འབྲུག་པ་བཀའ་རྒྱུད་དང་ཤང་པ་བཀའ་རྒྱུད་དྭགས་པོ་བཀའ་རྒྱུད་སོ་སོར་སྤྱི་འཐུས་གཉིས་རེ་དགོས་ཟེར་ན་ཧ་ཅང་མི་ཐལ་ཆེ་བ་མ་ཟད་གྲོས་ཚོགས་ཚོགས་སྐབས་མཁར་རྔ་བཏང་ཏེ་ཚོགས་དགོས་པ་ཞིག་ཏུ་མི་འགྱུར་རམ། སྐུ་ཚེ་ཡིན་དོན་དངོས་ཆོས་ལུགས་སྤྱི་འཐུས་ཉུང་དུ་བཏང་ནས་ཆོས་ལུགས་རེ་ནས་སྤྱི་འཐུས་རེར་བཞག་ན་མཚམས་པོ་མེད་བྲོ་གྲྭ་བ་ཁ་བདེ་པོ་མང་པོ་སྤྱི་འཐུས་ལ་སླེབ་སྡད་ན་ཤེས་ཡོན་ཅན་གྱི་མི་སྐྱ་རྣམས་ཁ་དྲགས་མ་ཐུབ་པ་ལུས་ན་སྙིང་ཡང་རྗེ་ལ་ཁོ་ཚོ་ངོ་ཡང་ཚ་གིད་རེད་པས།

    Reply
  17. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    གནས་ལུགས་འདུག ད་བུད་མེད་ཚོགས་པར་ཐུག་འདུག ངས་ནི། ཆོས་བརྒྱུད་སྤྱི་འཐུས་ཉུང་དུ་གཏོང་འོས། ཟེར་བ་དེར་མོས་མཐུན་ཞུ་རྒྱུ། འདི་གོམ་པ་སྤོ་ཚུལ་ཞིག་རེད།
    ཀློག་མཁན་ཚང་མས་ཀྱང་འདི་ལྟར་གོང་གི་གདམ་ཁ་གསུམ་པོའི་གང་ཞིག་ལ་མོས་མཐུན་ཡོད་མེད་ཀྱི་མཆན་བུ་རེ་བྲིས་ན་བཟང་གི
    བོད་ཀྱི་དུས་བབ་ཀྱིས་ཀྱང་འདི་འདྲའི་སྐོར་ལ་དྲ་ཐོག་འོས་འཕེན་ཞིག་ཡོད་པ་དེར་ཡང་ཚོད་ལྟ་ཞིག་བྱས་ན་ཅི་འདྲ་རེད།

    Reply
  18. རྐང་རྗེན་པ། says:
    ལོ་ 15 སྔོན།

    ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། ད་ལྟའི་ཆོས་རིག་ལས་ཁུངས་འདི་ཆོས་དོན་ལྷན་ཚོགས་ཤིག་ཏུ་སྒྱུར་བཞིན་པས། བོད་གཞུང་དམངས་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ལས་དོན་དང། ཆོས་བརྒྱུད་སོ་སོ་དང། དགོན་སྡེ་གྲྭ་ཚང་ཁག་དང་འབྲེལ་བའི་ལས་དོན་རྣམས་ལྷན་ཚོགས་འདིའི་ཐོག་ནས་གནང་རྒྱུ་ཡིན་པས། ཆོས་བརྒྱུད་སྤྱི་འཐུས་དགོས་པ་མེད་པ་ཆགས་ཀྱི་ཡོད་པ་མ་རེད་དམ། ལྷན་ཚོགས་འདིའི་སྒྲིག་གཞིའང་སྔ་ལོའི་གྲོས་ཚོགས་ཐོག་གཏན་འབེབས་གནང་ཟིན་ཡོད་པ་མིན་ནམ། ད་དུང་རྒྱུ་མཚན་གཙོ་བོ་ཞིག་ནི། བོད་གཞུང་འདི་རིམ་པས་ཆོས་ལུགས་རིས་མེད་ཀྱི་གཞུང་ཞིག་ཆགས་དགོས་པ་འདི་རེད།

    Reply
  19. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    གཉའ་འབྲོང་ཐུ་བུ་ཁྱེད་ཀྱིས་བཤད་པ་ལ་དོན་སྣང་བྱེད་དགོས་ཞིག་ཆགས་བསྡད་འདུག
    གང་ཡིན་ཟེར་ན་ཁྱེད་ཀྱི་ཆོས་སྲིད་ཟུང་འབྲེལ་མེད་ཟེར་མཁན་རེད།དེ་སྐབས་ལ་འགྲིགས་ཀྱང་ད་ལྟའི་སྐབས་ལ་རྩ་བ་ཉིད་ནས་འགྲིགས་གི་མ་རེད།དུས་ཚོད་ཉག་ཕྲ་སྐབས་འདི་ལ་སྐྱ་སེར་དབྱེར་མེད་ཆོལ་ཁ་དབྱེར་མེད་ཀྱི་བོད་རྒྱལ་ཁབ་ཆེན་པོའི་བདེན་མཐའ་སེལ་ཕྱིར་ཐབས་ཤེས་གང་ཡོད་བྱེད་དགོས་བ་རེད་མ་གཏོགས་ང་གྲ་བ་ཡིན་སྲིད་མི་དགོས་ཟེར་ན་ང་མི་རིགས་མི་དགོ་ཟེར་བ་དང་གཅིག་མཚུངས་རེད།ང་ཚོའི་སྲིད་འདི་རྒྱལ་ཁབ་གཞན་གྱི་སྲིད་དང་རྩ་བ་ཉིད་ནས་མི་མཚུངས་བ་ཁྱེད་ཀྱི་ཤེས་གསལ་རེད།ཞི་བདེ་དང་དྲང་བདེན་གནས་ལུགས་སོགས་ཀྱི་སྲེད་ཅིག་རེད་མ་གཏོགས་དམར་ཕྱོགས་ཀྱི་སྲིད་ནང་བཞིན་མ་ཡིན་པ་ཤེས་གསལ་རེད།གྲ་བའི་ལྷག་པར་དུ་སེམས་ཤུགས་བསྐྱེད་དགོས་བ་རེད།ང་ཚོ་གྲ་བ་ལ་སྲིད་མི་དགོས་ཟེར་ན་ཀླད་རྙིང་གི་ལབ་རྒྱུ་ཞིག་རེད།སྔོན་ཡང་གྲ་བ་ལ་སྲིད་མི་དགོ་ཟེར་ནས་རང་བཙན་ཤོར་བ་དེ་ཚོ་ཤེས་དགོས་རེད།

    Reply
  20. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གཉའ་འབྲོང་ཐུ་བུ་ལགས་ལ་ཞུ་རྒྱུར།།
    སྲིད་ཀྱི་སྟེགས་བུ་འདི་ལ་སྐྱ་སེར་དང་ཆོལ་ཁ་ཆོས་ལུགས་ཕོ་མོ་བླ་སློབ་དགེ་རྒན་དང་དགེ་ཕྲུག་སོགས་ཀྱི་ས་འཚམས་མེད་ཞུ་རྒྱུ་ཡིན།

    Reply
  21. འཇམ་གྲགས says:
    ལོ་ 15 སྔོན།

    རྒན་ཆབ་བྲག་ལགས་ཀྱི་ད་བར་དུ་ཇོ་ནང་ལ་སྤྱི་འཐུས་ཞིག་ཡོང་རེ་བྱས་པ་རེད། ད་ཆ་ཇོ་ནང་ལ་སྤྱི་འཐུས་མི་རག་བ་ཐག་ཆོད་དུས། ད་ཆ་ཆོས་བརྒྱུད་སྤྱི་མཐུས་མི་དགོས་གསུངས་གི་ཡོད་རེད།

    Reply
  22. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    ཆོས་བརྒྱུད་སྤྱི་འཐུས་མི་དགོས་པར་མ་ཟད་བཀའ་ཁྲི་དང་བཀའ་བློན་དེ་བཞིན་སྤྱི་འཐུས་སོགས་མདོར་ན་ཀྱི་སྲིད་སྟེགས་ཀྱི་ས་མིག་ཡོངས་རྫོགས་མི་སྐྱ་ཚོར་སྤྲད་ན་འོས་ཤིང་འཚམ་པ་ཞིག་རེད། གྲྭ་བ་ཚོ་ལ་འཇོན་ཐང་ཡོད་ན་ཟུར་ནས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ན་མ་འགྲིག་པ་ག་རེ་ཡོད། མ་གཞི་གྲྭ་བ་སྲིད་སྟེགས་སུ་བཞག་པ་ནི་ནོར་འཁྲུལ་ཚབ་ཆེན་ཞིག་རེད། གྲྭ་བ་ཚོས་སློབ་སྦྱོང་བྱེད་ས་དགོན་པ་ཡིན་ལ། དགོན་པའི་ནང་ཆོས་ཀྱི་བསླབ་བྱ་ལས་ཆབ་སྲིད་དང་རྒྱལ་ཁབ་ཀྱི་ལམ་ལུགས་སོགས་གང་ཡང་བཤད་ཀྱིན་མེད། དེ་ཙམ་མ་ཟད་དགོན་པའི་དབང་འཛིན་པ་ཕལ་ཆེ་བས་དགོན་པར་མང་གཙོ་མེད་པར་བཤད་ནས་སྒེར་གཅོད་ཀྱི་ལམ་ལུགས་འདོར་ཐུབ་མེད་ལ། དབང་ཆ་བེད་སྤྱོད་བྱེད་རྒྱུ་ལས། མི་མང་གི་བསམ་ཚུལ་ཉན་རྒྱུ་དང་། གནས་ལུགས་བཤད་ས་ཁེག་པོ་ཡིན་ལ།དེའི་སྟབས་གནས་ལུགས་བཤད་མཁན་ཡང་ཉུང་ཉུང་ཡིན། ཚང་མས་དེ་དེ་བཞིན་ནོ། །གསུངས་པ་ལ་མངོན་པར་བསྟོད་དོ། ། ཟེར་བ་དང་ཟེར་དགོས་པའི་ལམ་ལུགས་འདྲ་ཞིག་འདུག དེའི་ཕྱིར། གྲྭ་བས་སྲིད་བསྐྱངས་ན་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ར་བ་བཞིན་གྲྭ་བས་གནས་ལུགས་དང་། བདེན་རྫུན་ལ་མི་ལྟ་བར་ར་མ་སྐེ་ཐོག་ལ་བཞག་ན་རིལ་མ་མིག་མང་ལ་གཏོང་གི་མི་འདུག་གམ། ཁྱིམ་པ་གཉོམ་ཆུང་ཚོའི་སྟེང་དུ་ཁོང་ཁྲོའི་ངོ་ཤ་འཕག་བཞིན་ཆོས་རའི་ནང་གི་ཁ་ཤོམ་དང་དོན་མེད་མི་སེམས་དཀྲུག་པའི་ཆོལ་ཁ་ཕྱོགས་རིས་ཀྱི་སྐད་ཆ་དེ་ཚོ་བཤད་འོང་དུས་ང་ནི་ངོ་གནོང་དགོས་པ་ཞིག་དང་། ཁྱིམ་པ་གཉོམ་ཆུང་ཚོར་བཟོད་གསོལ་ཅིག་ཞུ་རྒྱུའི་གོ་སྐབས་བྱུང་ན་ཅི་མ་རུང་བསམ་ཡོད། དངོས་གནས་བཤད་ན་བོད་རྒྱ་ཆེའི་མི་མང་ཡང་ད་ནི་རྨོངས་གཉིད་ལས་སད་ན་རེད། སྔོན་ཆད་ལོ་རྒྱུས་སྟེང་གྲྭ་བས་སྲིད་སྟེགས་བརྩད་ནས་ང་ཚོ་གང་འདྲ་ཞིག་ལ་གཏུགས་འདུག ད་དུང་མུ་འཐུད་དུ་གྲྭ་བ་ཚོ་སྲིད་སྟེགས་ལ་བཞག་ན་ང་ཚོ་ཇི་འདྲ་ཞིག་ཏུ་འགྱུར་ས་རེད། བོད་རྒྱ་ཆེའི་མི་མང་གིས་སོམས་དང་། སྲིད་ཀྱི་སྟེགས་བུ་དེ་མི་སྐྱ་ཚོའི་རེད་དམ། གྲྭ་བ་ཚོའི་རེད། ད་ལྟ་ནས་ང་ཚོས་གྲ་སྒྲིག་སྡུག་ས་ནས་མ་བྱས་ན་༧གོང་ས་མཆོག་གི་རྗེས་སུ་སྲིད་སྟེགས་ན་ཡོད་པའི་གྲྭ་བ་ཚོས་རང་སྣང་གང་དྲན་བྱས་ན་མི་སྐྱ་ཚོས་སྡུག་སྨྲེ་ཞིག་འདོན་རྒྱུ་མ་གཏོགས་ཐབས་ཤེས་ཅི་ཞིག་ཡོད། ངས་འདིར་དོན་མེད་ཀྱི་སྐད་ཆ་ཞིག་བཤད་ཀྱིན་མེད། ནམ་རྒྱུན་སྐད་ཆ་མང་པོ་བཤད་འདོད་ཡོད་མཁན་ཞིག་མིན་ལ། ལྷག་པར་གཟན་ཆད་དམར་ལྷབ་སེ་ཞིག་གྱོན་ནས་ཆབ་སྲིད་བཤད་འདོད་ཀྱང་མེད། དེ་རིང་འདིར་བཀུར་འོས་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་སྐད་ཆ་འདིའི་མཆན་དུ་རང་གི་བསམ་ཚུལ་འདི་བཤད་ཐུབ་པར་ཧ་ཅང་དགའ་བོ་བྱུང་།

    Reply
  23. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྭ་བ་འདིའི་ནས་དུ་ཆོལ་ཁ་དང་ཆོས་ལུག་གི་ཁྱད་པར་མེད་ལད་བླ་མ་དང་སློབ་མ་དེ་བཞིག་དགེ་རྒན་དང་དགེ་ཕྲུག་སོགས་ཀྱི་ཁྱེད་དེ་པས་ཀྱང་མེད།
    གང་ཞོག་གི་གསུང་བ་དེ་དྲངས་བདེན་དང་ཡང་ན་སྤྱི་ལ་ཕན་ཐོག་ཡོད་མེད་རང་ཉིད་ཀྱི་ནུས་ཚོད་ཀྱི་དྲངས་གཏམ་བཤད་རྒྱུ་དེ་ཡིན།
    ངའི་བསམ་ཚུལ་བྱས་ན་རྒན་ལྷ་མོ་སྐྱབས་ལགས་ཀྱི་ཆོས་རྒྱུད་ཁག་གི་སྤྱི་མཐུས་ཚོར་ལས་མེད་ལྟ་བུ་གསུངས་འདུག་
    དེ་ནོར་བ་རེད་་་་གང་ཡིན་ཟེར་ན་ལས་དཀའ་མེད་སར་སྤྱི་མཐུས་ཞིག་བཀོད་དགོས་མེད་པས་སོ། ལས་དཀའ་མེད་པ་དང་ལས་དཀའ་མ་མཇོན་པ་ངོ་བོ་གཅིག་མ་རེད།་དེའི་ཕྱི་ཁོང་རྣམས་པ་ར་གླེང་གཞི་ཞིག་བྱུང་བཞིན་པ་འདི་ཡང་མཐར་གཏུག་ན་འོས་གཞིའི་སྐབས་ནས་མ་འགྲིག་པ་རེད་། དེར་བརྟེན་འབྱུང་འགྱུར་གྱི་ཆོས་རྒྱུད་ཁག་གི་སྤྱི་མཐུས་ཐོག་ང་རང་ཚོ་མི་སེར་དངོས་ནས་ཧོར་རྒྱུག་མི་བྱེད་རྒྱུ་གལ་ཆེན་པོ་རེད།

    Reply
  24. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 15 སྔོན།

    བདག་ལ་བཀའ་དྲིན་ཤིན་ཏུ་ནས་ཆེ་བའི་དགེ་རྒན་ལགས། ས་ཕྱོགས་གང་དང་ཡུལ་ཕྱོགས་གང་ལ་འབྱོར་ནའང་རྩོམ་འབྲིའི་ལང་ཕྱོགས་བརྟན་པོར་བཟུང་ནས་དགེ་མཚན་མངོན་གསལ་གྱི་དགོངས་ཚུལ་དག་རྒྱུད་མར་སྤེལ་བས་སྤྲོ་བ་རབ་ཏུ་བརྟས། དགེ་རྒན་ཁྱེད་དང་ཁ་བྲལ་ཁར་ཁ་ངོ་དངོས་སུ་མ་ཐུག་ནའང་སྨྱུ་གུའི་ལམ་དུ་འཕྲད་ན་འགྲིག་གི་རེད་ཅེས་སེམས་དང་སེམས་བསྟན་ཏེ་བསླབ་སྟོན་བསྩལ་བ་སེམས་ཀྱིས་མ་བསྐྱུད་པར་ད་དུང་ཉར་ཡོད། དགེ་རྒན་ལགས།

    Reply
  25. ཀུན་དགའ། says:
    ལོ་ 15 སྔོན།

    སྤྱི་འཐུས་ཆབ་བྲག་པས་གསུངས་པ་ཡི་རང་ཡོད། ཆོས་རིག་གིས་མི་འཐུས་པར་ཆོས་བརྒྱུད་སྤྱི་འཐུས་ཤིག་དམིགས་བསལ་དགོས་གལ་མི་འདུག་སྙམ། དོ་སྣང་ཅན་སུ་ཡིན་གྱིས་གཞན་རྗེས་ལ་གཡམ་རྒྱུག་མི་བྱེད་པར་རང་ཚུགས་བརྟན་པོའི་སྒོས་བསམ་ཞིབ་དང་བགྲོ་གླེང་གནང་རོགས།

    Reply
  26. བཤད་སྒྲུབ says:
    ལོ་ 15 སྔོན།

    དམངས་གཙོ་ཁ་ལ་འཁྱེར་ནས་སོ་སོའི་ཁེ་ཕན་བརྩོད་བཞིན་པའི་དམག་འཁྲུག་འདི་ཞལ་འཇམ་པོའི་ཐོག་སྨྲ་ན་ཡང་དོན་དངོས་མཁྱིན་མཁན་ཅིག་ཡིན་ན་དམིགས་ཡུལ་ཅིག་དང་རེ་བ་ཅིག་གི་ཐོག་དགྲ་ཁ་གཏད་གྱི་དམག་འཁྲུག་གི་ནུས་པ་སྟོན་པ་གསལ་པོ་རེད། ལྷ་རབ་བྱུང་ན་སོ་སོའི་ཁེ་ཕན་ལ་མ་ལྟ་བར་གནད་ལ་ཁད་པའི་དགོངས་ཚུལ་གཅིག་དགོས་པ་མཐོང་། དེ་ཡང་ཆོས་རྒྱུད་ཆེ་པོ་བཞིའི་ནང་ཚུད་པའི་ཆོས་རྒྱུད་ཅིག་ཆོས་ལུག་སྤྱི་འཐུས་དགོས་པ་སྒྲུབ་པ་དང་དེ་ཡོད་དེ་དག་མི་དགོས་པ་སྒྲུབ་པ་འདི་དམིགས་ཡག་པོ་འདུག་གམ།

    Reply
  27. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    རྒན་ལགས་ཆོས་རྒྱུད་སྤྱི་འཐུས་མེད་པར་མ་བཟོ་རོགས་སྐུ་ཚེ་རིང། གང་ཡིན་ཟེར་ན་ང་ཡང་ཆོས་རྒྱུད་སྤྱི་འཐུས་ལ་འགྲོ་བསམ་ནས་སྡད་ཡོད། གལ་ཏེ་མེད་པ་བཟོ་དགོས་ན་ཆོས་རིག་བཀའ་བློན་ཡང་མེད་པ་བཟོ་དགོས་པ་མཚུངས་སོ། དེ་བཟོ་དགོས་ན་ཤེས་རིག་བཀའ་བློན་ཡོད་ཆོག་ལ་ཆོས་རིག་བཀའ་བློན་ཡོད་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། གལ་ཏེ་ཆོས་རིག་བཀའ་བློན་མེད་པ་བཟོ་ཚེ་ང་ཚོ་གདན་ས་ཁག་གི་གྲྭ་བ་ཨ་ནེ་དེ་ཚོའི་སྐད་རྒྱོབ་ཐག་ཆོད་ཡིན། ཆོས་རྒྱུད་སྤྱི་འཐུས་དགོས། དགོས་་་་་དགོས་་་་་་་་་དགོས།

    Reply
  28. སོག་པོ་སྐྱབས། says:
    ལོ་ 15 སྔོན།

    དེ་འདྲའི་བསམ་ཚུལ་བསྡུ་བ་ལས་རྒན་ལགས་ཀྱིས་དགེ་ཕྲུག་ཚང་མ་ལ་བརྒྱུད་སྐུལ་ཞིག་བྱས་བཞག་ན་ཡག་བ་མེད་འགྲོ། ། ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་རག་གཞན་ཉུང་དུ་མ་གཏོང་ནའང་མི་འགྲིག་གམ། ད་དུང་དེའི་མཉམ་དུ་ཆོལ་ཀའི་སྤྱི་འཐུས་སྐོར་དང་བོད་པ་ངོ་མ་ལས་ང་ཚོ་སོག་པོ་དེ་ཚོར་ཐོབ་ཐང་མེད་པ་བཟོས་ལ་མི་ལེགས་སམ།

    Reply
  29. དོན་འགྲུབ་རྡོ་རྗེ། says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོའི་ཐུགས་རེ་ལྟར་ན་ཆོས་བརྒྱུད་སྤྱི་འཐུས་རྐང་གཅིག་མེད་པར་བཟོ་དགོས་ཀྱི་འདུག གལ་སྲིད་ཇོ་ནང་ལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་མ་རག་བར་དུ་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་འདི་ཚོ་ཕྱིར་བསྡུ་ངེས་པར་དུ་བྱ་དགོས།

    Reply
  30. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    ཁོང་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། དོན་དངོས་སུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་ན་འོས་ཤིང་འཚམས་པ་ཞིག་རེད། ཐག་གཅོད་ཀྱི་ནུས་པ་དང་དྲང་བདེན་གྱི་བློ་མིག་མེད་པའི་ཆོས་བརྒྱུད་སྤྱི་འཐུས་ཚོ་སྐུ་ངལ་གསོ་རན་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese