མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་མི་རིགས་གཉིས་རྒྱུད་པ་གཅིག་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་གཉིས་ཀ་ཐ་དད་ཡིན་ཚུལ་ལོ་རྒྱུས་ཀྱི་ཡིག་ཚང་དང་། རྡོ་རིང་སྟེང་དུ་ད་དུང་ཡོད་པ་རེད། ཡིན་ཡང་། ཚན་རིག་པ་དག་གིས་བོད་རྒྱ་གཉིས་ནི་རྒྱུད་རྒྱུ་གཅིག་ལས་མཆེད་པའི་མི་རིགས་ཤིག་ཡིན་པའི་ཁུངས་སྐྱེལ་རྙེད་འདུག

བོད་མི་རིགས་ནི་མཚོ་འཕགས་ Altitude ཀྱི་ཕི་ཊི་ ༡༣༠༠༠ གི་སར་འཚོ་ཞིང་གཞིས་ལ། རྒྱ་མཚོའི་སྙོམས་ངོས་སུ་ཡོད་བསྡད་པའི་འཚོ་དབུགས་ཀྱི་བརྒྱ་ཆ་ ༤༠ ལས་མེད་པའི་མཁའ་རླུང་རྔུབ་ཀྱིན་ཡོད། ཡིན་ཡང་། རྫ་དུག་ཕོག་གིན་མེད། རྒྱ་ནག་གི་སྐྱེ་དངོས་རིག་པ་བ་རྣམས་ལྟར་ན། འདིའི་རྒྱུ་མཚན་ནི་འགྲོ་བ་མིའི་འཕེལ་འགྱུར་གྱི་དབང་གིས་ཡིན་འདུག

ཕྱི་ཚེས་ ༢ ཉིན་གྱི་ཚན་རིག་དུས་དེབ་དུ་བཀོད་པ་ལྟར་ན། ཚན་རིག་པ་དག་གིས་བོད་རིགས་དང་རྒྱ་རིགས་རྣམས་ཀྱི་རྒྱུད་རྒྱུའི་ཕུང་པོ་ཕན་ཚུན་གཤིབ་བསྡུར་བྱས་སྐབས། བོད་རིགས་ཚོ་ནི་མཐོ་སྒང་དུ་འཚོ་གནས་བྱ་དགོས་པའི་རྐྱེན་གྱིས་ཉུང་མཐར་ཡང་བོད་མི་ཚོའི་རྒྱུད་རྒྱུ་ Genes ༣༠ ལ་འཕེལ་འགྱུར་རང་བཞིན་གྱི་འགྱུར་བ་བྱུང་ཡོད་འདུག་ལ། བོད་རིགས་དང་རྒྱ་རིགས་གཉིས་ནི་ལོ་ངོ་ ༣༠༠༠ གི་གོང་ནས་བཟུང་ཁ་ཁར་གྱེས་ཡོད་འདུག་ཅེས་བཤད་ཡོད་པ་རེད། ཚན་རིག་པ་འདི་དག་གི་གྲས་སུ་ཨ་རི་དང་ཌན་མག་ནས་ཕེབས་པའི་སྐྱེ་དངོས་རིག་པ་བ་ཡང་འདུག

བོད་རིགས་ཚོའི་དམིགས་བསལ་གྱི་རྒྱུད་རྒྱུ་གཅིག་ནི་ EPAS1 ཞེས་པ་འདི་ཡིན་པ་དང་། རྒྱུད་རྒྱུ་འདིའི་རྐྱེན་གྱིས་བོད་རིགས་ཚོ་མི་རིགས་གཞན་འཚོ་སྡོད་དཀའ་སའི་མཐོ་སྒང་དུ་འཚོ་ཐུབ་ཀྱི་ཡོད་པར་བཤད།

ཨ་རིའི་ཁ་ལེ་ཧྥོར་ནེ་ཡའི་གཙུག་ལག་སློབ་གྲྭ་ནས་ཕེབས་པའི་སྐུ་ཞབས་ Rasmus Nielsen ལགས་ཀྱིས་གསུངས་དོན། རྒྱ་མཚོའི་སྙོམས་ངོས་ Sea level ནས་བོད་ས་ཁུལ་དུ་ཡོང་མཁན་ཕལ་ཆེ་བ་ཐོག་མར་དབུགས་ཐང་ཆད་པ་དང་འགུལ་སྐྱོད་བྱེད་ཁག་པར་འགྱུར་ལ། ག་ལེར་བྱས་ནས་ཁོང་ཚོའི་གཟུགས་པོས་འཚོ་དབུགས་ཁྱེར་བའི་ཁྲག་དམར་སྒོང་དཀར་ hemoglobin མང་ཙམ་སྐྲུན་པ་དང་། རིམ་བཞིན་ཁོར་ཡུག་དེར་གོམས་འགྲོ་གི་རེད། ཡིན་ཡང་། བོད་རིགས་རྣམས་ནི་འཚོ་དབུགས་དམའ་བར་མ་ལྟོས་པར། ཁོང་ཚོའི་རྒྱུད་རྒྱུ་དམིགས་བསལ་གྱི་དབང་གིས་ཁྲག་དམར་སྒོང་དཀར་དམའ་མོ་ཡིན་ཡང་འགུལ་སྐྱོད་བྱེད་ཐུབ་གི་རེད་ཟེར།

ད་ནི་རྒྱུད་རྒྱུའི་གནད་དོན་གྱིས་ཁྱེར་ཡོང་བའི་སྲིད་དོན་གྱི་རྩོད་གླེང་དེ་རེད།

ཚན་རིག་པ་དེ་དག་གིས་བོད་རིགས་ ༥༠ དང་རྒྱ་རིགས་ ༤༠ ཡི་རྒྱུད་རྒྱུའི་ཕུང་པོར་ཞིབ་འཇུག་བྱས་སྐབས་བོད་རིགས་དང་རྒྱ་རིགས་གཉིས་ཀྱི་རྒྱུད་རྒྱུ་གཅིག་པ་ཡིན་པའི་ཁུངས་སྐྱེལ་རྙེད་ཡོད་པ་དང་། ལོ་ངོ་ ༣༠༠༠ གི་གོང་ནས་བཟུང་བོད་མི་ཚོའི་རྒྱུད་རྒྱུ་འགྱུར་ཏེ། བོད་རྒྱ་གཉིས་ཁ་ཁར་གྱེས་འདུག་ཟེར། ཚན་རིག་པ་དག་གིས་རྙེད་དོན། བོད་རིགས་ཚོའི་ལུས་སྟེང་ན་ DNA དང་བཅས་འགྱུར་བསྡད་པའི་རྒྱུད་རྒྱུ་སྣ་ཁ་ ༣༠ ལྷག་ཡོད་ལ། དེ་དག་ནི་རྒྱ་རིགས་ཚོར་མེད་པ་དང་། སྣ་ཁ་ ༣༠ དེའི་ནང་གི་ཕྱེད་ཀ་ལྷག་ནི་གཟུགས་པོས་འཚོ་དབུགས་ཇི་ལྟར་བེད་སྤྱོད་བྱེད་པའི་སྐོར་ཡིན་འདུག

གནའ་རྟོག་རིག་པ་བ་དག་གིས་ལོ་རྒྱུས་ཀྱི་ཁུངས་སྐྱེལ་བྱས་པ་ལྟར་ན། རིག་གཞུང་གི་ཐོག་ནས་བོད་རིགས་སུ་གྱུར་བའི་མི་རིགས་འདི་མདོ་དབུས་མཐོ་སྒང་དུ་གཞིས་བཅས་ནས་ད་བར་དུ་ཉུང་མཐར་ཡང་མི་ལོ་ ༡༡༠༠༠ ལྷག་ཕྱིན་པར་བཤད།

ཀོ་ལིམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤ་ཡའི་སྡེ་ཁག་གི་དེང་རབས་བོད་རིག་པ་ཚན་པའི་འགན་འཛིན་སྐུ་ཞབས་ རོ་བྷེར་ཊི་ བྷར་ནེ་ཊི་ལགས་ཀྱིས་གསུངས་དོན། རྒྱ་ནག་གི་ཚན་རིག་པ་དག་གིས་ལོ་ངོ་མང་པོ་ཞིག་གི་རིང་ལ། བོད་འདི་ནི་རྒྱ་ནག་གི་ཆ་ཤས་སམ། ཡང་ན། བོད་མི་རིགས་ནི་རྒྱ་མི་རིགས་ཀྱི་རིགས་རྒྱུད་ཡིན་པ་དང་། མི་རིགས་ཡིན་པ། རྒྱལ་ཁབ་གཅིག་པ་ཡིན་པ། ཡང་ན། འདི་གསུམ་ག་ཡིན་པར་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་རེད་ཟེར།

སྐུ་ཞབས་ Nielsen གྱིས་ཁོང་ཚོའི་ཞིབ་འཇུག་གི་གྲུབ་དོན་འདི་ནི་ཆབ་སྲིད་ཀྱི་ངོ་བོར་མི་འགྱུར་བའི་རེ་བ་ཡོད་ཅེས་དང་། མི་རིགས་ཞེས་པ་དེ་ནི་རིག་གཞུང་གི་ལོ་རྒྱུས་དང་སྐད་ཡིག་གིས་ཁ་ཁར་ཕྱེ་དགོས་པ་མ་གཏོགས། རྒྱུད་རྒྱུའི་སྒོ་ནས་ཕྱེ་གི་མ་རེད། དཔེར་ན། ཌན་མག་པ་དང་སི་ཝེ་ཌི་ཤི་མི་རིགས་ཀྱི་རྒྱུད་རྒྱུ་གཅིག་ཡིན་རུང་། རྒྱལ་ཁབ་གཉིས་སུ་བསྡད་ཡོད་པ་རེད་ཅེས་དང་། བོད་རྒྱ་མི་རིགས་གཉིས་ཀྱི་རྒྱུད་རྒྱུ་གཅིག་པ་ཡིན་པ་ཙམ་གྱིས་བོད་མི་རིགས་ཀྱི་རང་བཙན་འཐབ་རྩོད་དང་རང་ཐག་རང་གཅོད་ཀྱི་རྩོད་པ་འདིར་གནོད་གི་མ་རེད་ཅེས་གསུངས་འདུག

པེ་ཅིན་ལ་མཚོན་ན་འདི་ནི་གོ་སྐབས་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་དོན་འདི་རྒྱ་ནག་གི་མངའ་ཁོངས་སུ་ཚན་རིག་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱིས་བསྡུ་སྟངས་ཤིག་ཡིན།

གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 24

  1. སྣེ་མོ་བསྟན་དར། says:
    ལོ་ 15 སྔོན།

    བོད་དེ་ལྷོ་ཤར་ཨེ་ཤའི་མི་རིགས་ཐོག་མ་དེ་ཡིན་ཞེས་བཤད་ཆོག་པ་ཞིག་རེད། དེར་བརྟེན་ཤར་ཨེ་ཤའི་མི་རིགས་ཀྱི་ཐོག་མ་དེ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སེན་མ་ཡིན།

    Reply
  2. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 15 སྔོན།

    རྙིང་པ་གསར་པར་བཟོས་ནས་ག་རེ་བྱེད་ཀྱི་ཡིན

    Reply
  3. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    སྐུ་ཞབས་ལུང་རིགས་ལགས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རྒྱལ་ཁབ་གཞན་གྱི་སྐད་བོད་ཡིག་བེད་སྤྱོད་བྱེད་ནས་བྲིས་ཚེ། སྔོན་སྲོལ་བཞིན་ལོག་ཡིག་རྣམས་བེད་སྤྱོད་གཏང་ནས་བྲིས་ན། མགོ་རྙོག་ཉུང་དུ་འགྲོ་བ་མ་ཟད། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་སྐད་ཡིན་པ་སླ་མོར་ཤེས་ཐུབ་ཀྱི་རེད། ཡང་ན། བརྡ་སྤྲོད་ཀྱི་ཚིག་མཛོད་དབྱིན་ཇིས་ལ་ཡོད་པ་ནང་བཞིན་ཞིག་དྲ་རྒྱས་པོ་ཞིག་ཡོད་ཐུབ་ན། ཇ་མན་དང་ཕ་རན་སའི་སྐད་རྣམས་གཡར་ནས་དབྱིན་ཇིས་རང་སྐད་ནང་བཞིན་བཀོལ་གྱིན་འདུག་པ་ལྟར་ཆགས་མི་ཐུབ་པའི་ངེས་པ་མེད།

    རྒྱ་དང་བོད་གཉིས་ཀྱི་རིགས་རྒྱུད་ཀྱི་རྫས་རྡུལ་གཅིག་པ་ཡིན་པས་བོད་རྒྱའི་ཞབས་སུ་ནམ་ཡང་སྒྲུབ་མི་ཐུབ། གལ་སྲིད་ཐུབ་ན། རྒྱ་ཡང་བོད་ཞབས་སུ་འདོད་དགོས་དེ། དེ་གཉིས་ཀྱི་བཤིས་རྡུལ་གཅིག་པ་སྐྱེ་དངོས་རིགས་པས་རྟོགས་པས་སོ།
    བོད་མི་ལྔ་བཅུ་དང་བཤིས་རྡུལ་གཅིག་པས་བོད་ཡོངས་རྫོགས་རྒྱ་རིགས་དང་རིགས་བརྒྱུད་གཅིག་པར་སྒྲུབ་ནི། གདིང་ཚོད་མེད་ཀྱང་། ཚོད་དཔག་རིང་ལུགས་ཀྱི་ལུགས་ལ་འཐད་ཀྱང་། རིག་པ་སྨྲ་བ་སུ་ཞིག་ཡིད་ཆེས་ཀྱི་གནས་སུ་འགྱུར།
    བོད་ལ་ཡང་བོད་ཀྱི་གདོད་མིའི་མི་རིགས་དང་། རྒྱ་ལས་ཆད་པ་དང་། རྒྱ་གར་ནས་ཆད་པ་སོགས་མང་པོ་ཡོད་པ་གདོན་མི་ཟ།
    བོད་ཀྱི་གདོད་མིའི་མི་རིགས་ནི། བྲག་སྲིན་དང་སྤྲེལ་བརྒྱུད་དུ་ཡོངས་གྲགས་ཡིན་ལ། སུ་གང་གིས་བོད་ཀྱི་གདོད་མའི་མི་བརྒྱུད་བྲག་སྲིན་དང་སྤྲེལ་བརྒྱུད་མ་ཡིན་པར་ཡང་སྒྲུབ་མི་ནུས།
    ངས་དེ་འདྲ་བསམ་གྱི་འདུག། གཅིག་བྱས་ན་དེ་འདྲ་རེད་ཤགས་ཟེར་བ་ཙམ་གྱིས། དངོས་དོན་ཐག་གཅོད་གང་ཡང་མི་ནུས།

    གང་ལྟར་རྒྱ་རིགས་དང་བོད་རིགས་གཉིས་ལ། དམིགས་གསལ་གྱི་ཤ་ཁྲག་གི་འབྲེལ་བ་ཡོད་པ་ནི། དེང་སང་གི་ཚོད་དཔག་རིང་ལུགས་ལ་ལྟོས་མ་དགོས་པ་སོ་སོའི་ཉམས་མྱོང་གིས་ཀྱང་ཤེས་པར་ནུས།

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ད་དུང་སྐུ་ཞབས་ལུང་རིགས་ཀྱིས་ལོག་ཡིག་འདི་དག་འབྲི་བའི་རྒྱུ་རྐྱེན་བཤད་པ་འདི་ཧ་ཅང་ཡག་པོ་རེད། འདིའི་རིགས་ཆ་ཚང་དྲ་ངོས་ལ་འཇོག་ཐུབ་ན་ཡག་པོ་རེད། རང་ཉིད་ཡིན་ན་འདི་ཚོ་པར་སློག་བྱས་ནས་ཉར་གི་ཡིན། འདིའི་སྐོར་ལ་རྗེས་མར་འབད་པའང་བྱེད་རྒྱུའང་ཡིན། འདི་གལ་ཆེནཔོ་རེད། ང་ཚོས་བེད་སྤྱོད་གཏོང་གི་མེད་པའི་བོད་ཡིག་མང་པོ་ཞིག་ཡོད། ་དེ་ཚོ་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་རེད།

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    རེད། རྒྱ་བོད་གཉིས་ཀྱི་རིགས་རྫས་ཕྲ་མོ་ལ་འབྲེལ་བ་ཞིག་ཡོད་པ་དངོས་གནས་བདེན་ཚོད་རེད། ངས་སྔོན་ཞིག་ནས་དེ་འདྲ་ཞིག་དྲན་བསྡད་ཡོད། ལྷག་པར་འུ་ཚང་གི་གངས་སྐྱིད་སྐུ་ངོ་ཚོའི་DNAཡི་སྐས་སྒམ་སྣེ་མོ་པེ་ཅིང་ན་ཡོད་པ་འི་རྟོག་འཆར་དེ་ང་ལ་མང་དུ་བྱུང་མྱོང་། སྔོན་ཆད་ང་ཚོར་སེ་ར་ནས་རིགས་རྫས་ཁྲིད་སྐབས་སྐུ་ངོ་རྒྱ་རིའི་རིགས་རྫས་ཀྱི་སྐས་སྒམ་སྣེ་མོ་ཕལ་ཆེར་པེ་ཅིང་ན་ཡོད་ས་རེད་ཅེས་རྩེད་མཚར་བཤད་པ་ཞིག་ཀྱང་དེ་རིང་དྲན་་སོང་། ཡིན་ནའང་། ་དེ་དུས་བདག་གི་རྩེད་མཚར་གྱི་སྐད་ཆ་དེ་འདི་ལྟར་དོན་དངོས་ལ་འགྲོ་འདོད་ཅིག་སེམས་པའི་ཟུར་ནའང་མེད་མོད། ད་ནི་བོད་རྒྱ་གཉིས་རིགས་རྫས་ཀྱི་སྐས་སྒམ་གཅིག་ལས་གྱེས་པ་ཡིན་པས། ཕྱིར་རྩ་ཁྲིམས་ཀྱི་སྐས་སྒམ་གཅིག་གི་སྟེང་མཉམ་བགྲོད་བྱས་ན་དེ་འོས་པ་ཞིག་རེད། འདི་ནི་པེ་ཅིན་གྱི་ལག་ཆ་ཆེ་ཞིག་ཡིན་པ་མ་ཟད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གཅིག་ཡོངས་ཐབས་ཀྱི་བསམ་འཆར་ཆེན་མོའི་ཟབ་ཊཱིཀ་གཅིག་པུ་རུའང་་གྱུར་བ་མ་ཡིན་ནམ།

    ད་ཅུང་སྡོད་དང་། ནང་བའི་མཚན་ཉིད་རིག་པའི་སྟེང་ནས་བལྟས་ནའང་བོད་རྒྱ་གཉིས་རྣམ་ཤེས་གཅིག་ཡིན་པ་དང་། རིགས་མཐུན་་གྱི་བག་ཆགས་གཅིག་སད་སྟབས་ཀྱིས་བྱུང་བ། ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་གཅིག་གིས་སྐྱེད་པ་སོགས་ཅུང་སྡོད་དང་ངས་ཞིབ་འཇུག་བྱེད་ཆོག་ཨ། འདི་ནི་རིགས་པ་གསར་བ་ཞིག་རེད།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁ་བ་ནག་པོ་ལགས།

    མཐུག་པོ་དང་ལོག་ཡིག་རྣམས་བེད་སྤྱོད་གཏོང་སྟངས་འདི་ནི་སྔོན་མ་བཞུགས་སྒར་གྱི་ཤེས་ཡོན་པ་སྐོར་ཞིག་གིས་ཐ་སྙད་བེད་སྤྱོད་གཅིག་གྱུར་ཡོང་ཐབས་ལ་བཟོས་པའི་དེབ་ཅིག་ཏུ་གསལ་འདུག་ལ།
    T ཊ
    d ཌ
    b བྷ
    I ི
    u ུ
    e ེ
    o ོ
    ལྟ་བུར་བཀོད་འདུག བོད་ཀྱི་དུས་བབ་གསར་ཁང་གིས་སྔོན་མ་ནས་འབྲི་སྟངས་འདི་རྩ་འཛིན་བྱེད་གང་ཐུབ་བྱེད་ཀྱིན་ཡོད་པ་རེད།

    བོད་ཡིག་གི་ཀྲ་གྲ་དྲ་སོགས་ཀྱི་མང་པོ་ཞིག་ལ་རང་སྟེང་གི་གོ་དོན་ཡོད་པ་དང་། ཊ་དང་ཌ་ལྟ་བུ་ཡིན་ན་ཡི་གེ་རང་སྟེང་ན་གོ་དོན་མེད་སྟབས་སྒྲ་བསྒྱུར་ལ་ཤིན་ཏུ་ལེགས་པར་འདོད།

    གུས་བཅས།
    ལུང་རིགས་ཀྱིས།

    Reply
  7. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    འདི་རིགས་ལ་སེམས་ཁྲལ་བྱ་མི་འོས། རྒྱུད་རྒྱུ་གཅིག་པ་འདི་དེད་ནས་སོང་ན་མི་རིགས་ཕལ་མོ་ཆེ་ཞིག་གཅིག་པ་ཆགས་ངེས། དེ་ནི་ལོ་སྟོང་ཕྲག་དུ་མའི་སྔོན་གྱི་མིའི་རིགས་ཀྱི་འཕེལ་རིམ་ཞིག་རེད། མ་གཞི་ནས་ཞིབ་འཇུག་འདི་རིགས་ཀྱིས་མིའི་རིགས་འདི་ཁྱིམ་ཚང་གཅིག་ཏུ་འདུ་བར་ཕན་ཐོགས་ཡོང་སྲིད་པ་ཞིག་རེད། དེ་བས་དེ་ལ་དགེ་མཚན་ལ་སྐྱོན་ཆ་མེད།

    Reply
  8. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ལུང་རིགས་ལགས། རང་རེའི་བོད་ཡིག་འབྲི་སྲོལ་ཁྲོད་དུ་ཀྲ་དང་སྒྲ་སོགས་ཡོད་བཞིན་དུ། ཉིད་ཀྱིས་ རོ་བྷེར་ཊི་དང་། བྷར་ནེ་ཊི། ཌན་མག་སོགས་ཊ་དང་ཌ་བྲིས་པ་ཡིན།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ངའི་བསམ་པར་ཚན་རིག་པ་ཚོས་བོད་རྒྱ་གཉིས་ཀྱི་རྒྱུད་རྒྱུ་གཅིག་པ་ཡིན་པར་བསྒྲགས་པ་དང་། ཡང་། མི་རིགས་ནི་རྒྱུད་རྒྱུའི་ལམ་ནས་འཇོག་ཐབས་མེད་སྐོར་ཐུང་ངུ་ཙམ་བཤད་འདུག་པས། ད་ནི་ཁོང་ཚོས་ཚན་རིག་རང་བཞིན་གྱི་ཐོག་ནས་སྒྲུབ་བྱེད་ཚད་ལྡན་ཞིག་འགོད་རྒྱུ་བྱུང་ན་དགའ་བ་ལ་བསམ།

    སྐད་ཆ་འདི་དེ་རིང་ཆུང་ཆུང་ཞིག་ཏུ་སྣང་ཡང་། རྒྱ་ནག་ལ་མཚོན་ན་སྐད་ཆ་འདི་ནི་ལོ་མང་པོའི་རིང་གི་འབད་བརྩོན་ཞིག་རེད།

    ཚན་རིག་པའི་གྲུབ་དོན་བསྒྲགས་པ་དང་མཉམ་དུ་རྒྱ་ནག་གིས་ཚན་རིག་པ་ཚོས་བོད་རྒྱ་ཁོངས་ཡིན་པར་སྒྲུབ་པ་དེ་འུར་སྒྲོག་བྱེད་གི་མ་རེད། ད་ནི་ག་ལེར་བྱས་ནས་སྒྲུབ་བྱེད་ཚད་ལྡན་ཞིག་ལ་སྤྱོད་གི་རེད།

    ཚན་རིག་པ་དག་གིས་བོད་རྒྱ་ཁོངས་ཡིན་པར་སྒྲུབ་སྟངས་དེར་ད་དུང་། མི་འབོར་གྱི་ཆ་ནས་ཀྱང་རྒྱ་བོད་ནས་ཆད་པ་འདྲ་ཞིག་བཤད་མེད་པར། བོད་རྒྱ་ནས་ཆད་པ་ལྟ་བུ་ཞིག་བསྟན་འདུག་སྙམ།

    སྔོན་མ་རྒྱ་ནག་གི་ཐང་རྒྱལ་རབས་དང་མཉམ་དུ་སྐད་ཆ་བཤད་མཁན་བོད་ཀྱི་བཙན་པོའི་སྐབས་ཀྱི་ཡིག་ཚགས་དེ་དག་ཀྱང་ད་ནས་བཟུང་ཚད་འཛིན་གྱི་ཡིག་ཆའི་ཁོངས་ནས་ཀྱང་ཕུད་པ་རེད། ཚན་རིག་དང་མ་མཐུན་པ་རེད།

    Reply
  10. འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    རྒྱ་བོད་རིགས་རྒྱུད་གཅིག་པ་ཡིན་པ་ནི་གདོང་དུ་བལྟས་པས་ཀྱང་སུས་ཀྱང་ཤེས་ཐུབ་པ་ཞིག་རེད། དེ་ཡང་ལོ་གྲངས་ཀྱི་ཁྱད་པར་ཞིག་ཡིན་པ་ལས་ལོ་དེའི་ཡར་སྔོན་ཞིག་ཏུ་བོད་རིགས་དང་ཡོ་རོབ་ཀྱི་མི་ཡང་རིགས་རྒྱུད་གཅིག་པ་རེད། མདོར་ན་མི་ཚང་མ་སྤྲ་ལས་མཆེད་པ་མ་ཡིན་ནམ།
    སྲིད་དོན་པ་དག་གིས་འདི་བེད་སྤྱོད་གཞན་དུ་གཏོང་སྲིད་པ་དེ་ཡིན།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དེ་རིང་ཀླུ་མཁར་བྱམས་ཀྱིས་རྫུན་བཤད་ཀྱིན་འདུག་ག ཧ་ཧ་ཧ་་་་

    གསར་འགྱུར་འདི་རྒྱལ་སྤྱིའི་སྟེང་ད་ནངས་ཞོགས་པར་ཁྱབ་པ་ཞིག་རེད། ངས་མཆན་འདི་འབྲི་སྐབས་ཕ་ཡུལ་དྲ་རྒྱའི་སྟེང་སྤེལ་ནས་དུས་ཚོད་བཅུ་མ་གཏོགས་འགོར་མི་འདུག

    དེའི་ཁར་གསར་འགྱུར་འདི་ནེའུ་ཡོག་དུས་བབ་དང་། དེ་རིང་གི་ཨ་རི་ US TODAY ཞེས་པ་གཉིས་ཀྱི་སྟེང་ལ་བཀོད་འདུག ད་དུང་བརྒྱུད་ལམ་གྲགས་ཅན་མང་པོ་ཞིག་གི་སྟེང་ལ་མགོ་བརྗོད་འདྲ་མིན་གྱི་སྟེང་ནས་སྤེལ་འདུག

    ངས་གཞི་འཛིན་ས་ནི་གོང་དུ་དྲངས་པའི་བརྒྱུད་ལམ་དེ་གཉིས་ཡིན།

    དེ་ནས་གསར་འགྱུར་འདིའི་སྟེང་ན་ཚན་རིག་གི་རྙེད་རྟོགས་དེའི་ཕན་ནས་གལ་ཆེ་བའི་གནས་ཚུལ་ཞིག་ཡོད་པ་ནི་བོད་རྒྱ་མི་རིགས་གཉིས་རྒྱུད་རྒྱུ་གཅིག་པ་ཡིན་པར་བཤད་པ་འདི་རེད། བོད་ཀྱི་གནད་དོན་འདི་རྙོག་འཛིང་རང་བཞིན་དུ་ལྷག་བསྡད་པ་དང་། པེ་ཅིན་དང་ངྷ་ས་གཉིས་ཀྱི་འབྲེལ་མོལ་ཀྱང་འགག་བསྡད་པའི་སྐབས་འདིར་ཚན་རིག་པ་དག་གིས་སྤྱིར་བཏང་བོད་རྒྱ་མི་རིགས་གཉིས་རྒྱུད་རྒྱུ་གཅིག་ལས་མཆེད་པ་རེད་ཅེས་པ་འདི་གླེང་ཕྱོགས་གསར་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་བོད་དོན་ལ་ལྟ་སྟངས་གསར་པ་ཞིག་བཤད་པ་རེད། འདི་གསར་འགྱུར་ཡིན་པས་མི་ཚད། རྩོད་རྙོག་ཆེན་པོ་ཞིག་རེད།

    འདིའི་ཐད་ཞིབ་འཇུག་པ་ཁོ་རང་ཚོས་གསལ་བཤད་བྱས་པས་མི་ཚད། སྐུ་ཞབས་རོ་བྷར་ཊི་ལགས་ཀྱིས་ཀྱང་གསལ་བཤད་བྱས་པ་དེ་ནི་དུས་ཐོག་ཆར་པ་ལྟ་བུ་ཞིག་ཏུ་གྱུར་འདུག་སྙམ།

    གྲོགས་ཀླུ་མཁར་ལགས་ཀྱིས་ཀྱང་། རྩོད་རྙོག་རང་བཞིན་གྱི་བརྗོད་གཞི་འདི་དག་ལ་སྣང་ཆུང་ཁྱོན་ནས་མི་གཏོང་བའི་རེ་སྐུལ་དང་བཅས།

    ལུང་རིགས་ཀྱིས།

    Reply
  12. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    རེད་རེད། མིའི་རིགས་ཚང་མ་རྒྱུད་པ་གཅིག་རེད། ཚང་མ་མི་རེད། ཚན་རིག་པས་རྟོག་དཔྱོད་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། མི་ཚང་མ་མིའི་རྒྱུད་པ་རེད།

    Reply
  13. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    ང་ལ་ཡོན་ཏན་ཡོད་པའི་དབང་གིས་མ་དབྱར་ཞེས་པའི་ནང་དོན་དེ་ངས་མཁྱེན་གྱིན་མི་འདུག ཁྱོད་ཀྱིས་ཤེས་སམ།

    Reply
  14. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    རེད་རེད། མིའི་རིགས་ཚང་མ་རྒྱུད་པ་གཅིག་རེད། ཚང་མ་མི་རེད། ཚན་རིག་པས་རྟོག་དཔྱོད་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། མི་ཚང་མ་མིའི་རྒྱུད་པ་རེད།

    Reply
  15. རྐང་རྗེན་པ། says:
    ལོ་ 15 སྔོན།

    བོད་མི་ཡོངས་རྫོགས་རྒྱ་རིགས་དང་རྒྱུད་རྒྱུ་གཅིག་ཡིན་གྱི་མ་རེད། སྔར་རྒྱ་བཟའ་སྔ་ཕྱི་སོགས་ཀྱི་སྐབས་རྒྱ་མི་མང་པོ་བོད་མིའི་ཁྲོད་དུ་འདྲེས་པ་དེ་ཚོའི་རྒྱུད་པ་ཡིན་སྲིད། ད་དུང་ཐང་ཡིག་སོགས་ཀྱི་བཤད་སྟངས་ལྟར་ན་དེའི་གོང་གོང་ནས་བོད་སར་རྒྱ་རིགས་ཀྱི་རྒྱུད་པ་ཡོད་པ་མ་ཡིན་ནམ།
    རྒྱལ་དབང་ལྔ་པ་སོགས་ཟ་ཧོར་མའི་རྒྱུད་པ་ལས་ཆད་པ་ཞིག་ལ་ཚན་རིག་པས་བརྟགས་ན། བོད་མི་དང་རྒྱ་གར་བའི་རྒྱུད་རྒྱུ་གཅིག་རེད་ཅེས་ཀྱང་ཟེར་སྲིད།
    རྩ་བའི་བོད་མི་རྣམས་ཕ་སྤྲེའུ་དང་མ་བྲག་སྲིན་གྱི་རྒྱུད་པ་ཡིན་ནའང། ལོ་རྒྱུས་ཀྱི་འཕེལ་རིམ་ནང་རྒྱ་དཀར་ནག་སོག་པོ་སོགས་ཀྱི་མི་རྒྱུད་ཀྱང་རིམ་པས་བོད་མིའི་ཁྲོད་འདྲེས་ནས་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ལ། དེས་བོད་མིའི་རྒྱུད་པ་དང་མི་རིགས་ཀྱི་ངོ་བོ་གཞན་དུ་འགྱུར་དོགས་མེད་པས། མི་རིགས་གཞན་དང་རྒྱུད་རྒྱུ་གཅིག་པ་ཡོད་པས་ཞེད་དགོས་དོན་དང་མཚར་དགོས་དོན་མེད་སྙམ།

    Reply
  16. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཧང་སང་སང་བྱེད་དགོས་དོན་མི་འདུག་
    ལོ་ངོ་༣༠༠༠་ཞིག་གི་གོང་ལ་ག་རེ་ཡིན་ན་ཡིན་དུ་ཆིག
    ད་ལྟ་མིག་མཐོང་ལག་ཟིན་གྱི་ང་ཚོའི་སྤྱི་ཚོགས་སྟེངས་དུ་རང་གི་ཤ་ཁྲག་རུས་གསུམ་རང་ཉིད་བྱེད་པ་པོ་ཕ་མ་གཉིས་ཀྱི་རྒྱུན་ལས་བྱུང་བ་ཡིན་པ་མཐོང་བཞིན་དུ་ཁས་མི་ལན་མཁན་མང་མེད་ན་ཉུང་མི་འདུག་ག

    Reply
  17. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ཁ་ཉིན་ཕ་ཡུལ་དྲ་རྒྱའི་ཐོག་ནས་བོད་ཀྱི་རྒྱུད་རྒྱུའི་སྐོར་གྱི་ཚན་རིག་སྙན་ཐོ་འདི་མཐོང་དུས་དོ་སྣང་བྱུང་། དེ་རིང་དུས་བབ་ཐོག་ལུང་རིག་རྒྱལ་ལགས་ཀྱིས་རྩོམ་འདི་བསྒྱུར་ནས་བཀོད་སྐབས། ཁ་བྱང་ལ་བོད་རྒྱ་གཉིས་མི་རྒྱུད་གཅིག་ལ་རེད་ཞེས་བཀོད་འདུག་པ་འདི་རེད། སྙན་ཞུའི་རྩོམ་ཡིག་དེའི་ཁ་བྱང་དངོས་ནི་Tibetans may be the fastest evolving race ཟེར་བ་འདི་ཡིན་པ་དང་། ཐད་བསྒྱུར་བྱས་ན་བོད་མི་རིགས་ནི་འཕེལ་རྒྱས་མགྱོག་ཤོས་གྲས་རེད་ཟེར་བ་དེ་རེད་ལ། སྐབས་འདིའི་གསར་འགྱུར་གྱི་དོན་སྙིང་ཡང་བོད་རྒྱ་གཉིས་ཀྱི་ཐོག་མའི་སྐྱེད་རྒྱུར་འདྲ་མཚུངས་ཀྱི་ཆ་ཡོད་མེད་དེ་གཙོ་བོ་མ་ཡིན་པར། ལོ་ངོ་སུམ་སྟོང་གོང་ནས་བོད་དང་རྒྱ་གཉིས་ཀྱི་རྒྱུད་རྒྱུ་ཁ་གྱས་ནས། ད་ཆ་གཅིག་ཁོངས་གཅིག་ལ་འདུ་མི་ཐུབ་པ་གསལ་བཤད་བྱས་འདུག་པ་ནི་སྐབས་ཐོག་གི་གསར་འགྱུར་ཡིན་པ་དང་། ཡང་བོད་མི་རིགས་ཀྱི་རྒྱུད་རྒྱུའི་འགྱུར་ཚད་མགྱོག་པ་དང་། གསོ་རླུང་ཉུང་ཡང་འཚོ་ཐུབ་པའི་རྒྱུ་རྐྱེན་སོགས་གསར་རྙེད་བྱུང་བ་ནི་སྙན་ཐོའི་དེའི་ཚན་རིག་གྲུབ་འབྲས་རེད། མ་གཏོག་བོད་རིགས་དང་རྒྱ་རིགས་གཙོས་ཨེ་ཤི་ཡའི་ནང་གི་མི་རིགས་མང་ཆེ་བ་ཞིག་གི་རྒྱུད་རྒྱུའི་མཆེད་ཁོངས་གཅིག་ཡིན་པ་ནི་སྐད་ཆ་རྙིང་པ་ཞིག་ཡིན་སྟངས་གསར་འགྱུར་གང་ཡང་མ་རེད།

    Reply
  18. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    སྐད་རིགས་དང་མི་རིགས་མི་འདྲ་བའི་དབང་གིས་ཕྲུ་གུ་མ་དབྱར་དེ་ཚོའི་ངུ་སྟངས་ཁྱད་པར་ཡོད་པ་མཚན་རིག་པས་སྨྲ་ལ། བོད་རིགས་སྤྲ་དང་སྤྲེའུ་ལས་ཆད་པའི་བཤད་ཚུལ་དེ་ཡང་ཁུངས་སྐྱེལ་རྣམ་ཡག་ཅིག་ཡོད་པའི་སྐད་ཆ་ཞིག་གཏན་ནས་མ་རེད། ད་ལྟ་མཐོང་ཆོས་སུ་ཡོད་པའི་ཁ་དོག་མི་འདྲ་བ་ཙམ་གྱིས་བོད་རྒྱ་གཉིས་རྒྱུད་རྒྱུ་གཅིག་མིན་པའི་སྒྲུབ་བྱེད་གཏན་ནས་མི་འགྲོ

    Reply
  19. ན་གཞོན། says:
    ལོ་ 15 སྔོན།

    སྤྱིར་གཏང་རྒྱ་རིགས་རྣམས་ཁ་མདོག་གསེར་དཀར་ཡིན་པ་དང་བོད་རིགས་རྣམས་ཁ་མདོག་སྨུག་པོ་ཡིན་པས་་་་་་་་་་་་་་་་་ཁ་མདོག་གི་ཆ་ནས་ཐ་དད་ཡིན་པ་གསལ་པོ་རིད།

    Reply
  20. tenzin chodar says:
    ལོ་ 15 སྔོན།

    བོད་རིགས་དེ་གཙང་མ་གཙང་ཀྱང་རིད་མ་ཏོགས་་དེ་ལ་ལྷད་རྩ་བ་ཡོད་མ་རེད།རྒྱ་ནག་ཁུངས་རྐྱན་མང་པོ་གཏོན་གོ་འདུག།་་་བོད་མི་རིགས་དེ་ཕ་སྤྲེལ་མཁན་བྱང་ཆུབ་སེམས་པ་དང་མ་བྲག་སྲེ་མོ་གཉིས་ལས་ཆད་པ་ཡིན་པ་ར་ཁྲོད་ཡོད།

    Reply
  21. བཀྲ་ཤིས་རྒྱ་མཚོ says:
    ལོ་ 15 སྔོན།

    ཧ་ཧ་ཧ་་་ངོ་མ་ཡ་མཚར་རེད། རྒྱ་མི་རིགས་དང་ཕྱི་རྒྱལ་གྱི་མིའི་རིགས་ལས་མཆེད་པའི་སྐྱེས་མ་ཐག་པའི་ཕྲུ་གུའི་ངུ་སྒྲ་འབྱིན་སྟངས་ཅི་འདྲ་་རེད། བཤད་སྟངས་ལ་གཞིག་ན་བོད་མི་རིགས་ཀྱི་བྱིས་བའི་ངུ་ངག་གི་དབྱངས་རྟ་དང་ཁྱད་པར་ཆེ་བ་ཡོད་ཚོད་འདུག་། ཁྱོད་ཀྱིས་གསུང་དང་ང་ངོ་མ་ཡ་མཚར་སྐྱེས་བྱུང་།

    Reply
  22. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    སྐུ་ཞབས་ Nielsen གྱིས་གསུངས་པ་ལྟར་མི་རིགས་ཞེས་པ་ནི་ཐུན་མིན་གྱི་རིག་གཞུང་། ལོ་རྒྱུས། སྐད་ཡིག བསམ་སྤྱོད་སོགས་ཕྱོགས་དུ་མ་ཞིག་ནས་ལོག་ཁར་འཇོག་དགོས་པ་ལས། ཆེས་ཐོག་མའི་རྒྱུད་རྒྱུ་གཅིག་མི་གཅིག་གིས་ཁྱད་པར་གང་འབྱེད་ཐུབ་ཀྱི་རེད། བོད་རྒྱ་གཉིས་པོ་རྒྱུད་རྒྱུ་གཅིག་ཡིན་པའི་ཁུངས་བདེན་ར་འཕྲོད་བྱུང་ན་ཆེས་ཐོག་མར་རྒྱུད་རྒྱུ་དེ་རྒྱ་ཡུལ་ནས་བྱུང་བ་ཡིན་ནམ། ཡང་ན་བོད་ཡུལ་ནས་བྱུང་བ་རེད། དེ་ཡང་ཤེས་འདོད་འདུག དེ་ནི་ཚན་རིག་གི་བསམ་བློའི་རྨང་གཞི་སྟེང་ནས་ཤེས་འདོད་པ་ལས་བོད་དེ་རྒྱ་རིགས་ཡིན་ནམ། རྒྱ་དེ་བོད་རིགས་ནམ་སྙམ་པའི་སྒོ་ནས་ཤེས་འདོད་པ་གཏན་ནས་མིན། གང་ཡིན་ཟེར་ན་རྒྱ་བོད་གཉིས་མི་རིགས་ཐ་དད་ཡིན་མིན་ལ་དོགས་པ་སྐྱེ་སའི་གནས་མེད་པས་སོ། །
    ཆབ་སྲིད་ཀྱི་གནད་ཀ་ལ་ཐུག་དུས་རྒྱ་ནག་སྲིད་གཞུང་གིས་དོན་ཆུང་དོན་ཆེན་དུ་བཟོ་ངེས་པས། ད་རེས་དེ་ཡང་ཁོང་ཚོས་མ་བསམ་ས་ནས་དཀོན་མཆོག་གིས་གཟིགས་པར་བསམས་ནས་དོན་གལ་ཞིག་ཏུ་བསྒྲུབ་ས་ཡི་ཁྱོན་ཀུན་ཏུ་ཁྱབ་པར་བ་སྲིད་ཀྱི་རེད།

    Reply
  23. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    རྒྱ་ནག་གིས་ཁུངས་ལ་འདེད་ལུང་འདེད་ཀྱིས་བདག་དབང་རེག་ཐུབ་དང་། རྒྱ་ཡར་སྐྱེད་མར་སྐྱེད་ཀྱིས་ངོ་རྟགས་སྣོག་ཐབས་བྱེད་ཀྱིན་ཡོད། འདི་ནི་སྒེར་གཅོད་དབང་སྒྱུར་བ་དག་གིས་མི་སེར་སྤེལ་བའི་ཐབས་ལམ་གཅིག་པུ་དེ་རེད། འོན་ཀྱང་། ང་ཚོས་རང་གི་མི་རིགས་ནི། རྒྱ་གར་དུ་སངས་རྒྱས་པའི་བསྟན་པའི་སྲོལ་གཏོད་མཁན་སྟོན་པ་ཤཀྱཱ་ཐུབ་པ་བྱུང་བའི་རྗེས་སུ། གཞི་ནས་ལུང་དང་བཅས་ཏེ་བྱུང་བར་སྨྲ་བའི་སྤྲེའུ་རྒན་དགེ་བསྙེན་སྡོམ་ཤོར་དེའི་རྒྱུད་པར་འཇུས་ནས་ཨུ་ཚུགས་ཀྱིས་བསྡད་འདུག་གཱ།

    Reply
  24. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་རིགས་རྣམས་བོད་རིགས་ལས་མཆེད་སྲིད་ཀྱང་བོད་རིགས་ནི་རང་སྐད་ནང་། ཕྲུ་གུ་རྨ་འབྱར་ནས་བཟུང་སྐད་གསར་བཟོ་བྱུང་བ་ནི། དཔེར་ན། ཕྲུ་གུས་ཨཨཨཨཨྰཨྰཨྰསོགས་ཀྱི་ངུས་པ་ལྟར། སྐད་ཀྱང་གཞན་སུ་གང་ལ་ལྟོས་མེད་ཀྱིས་ཨ་ལས་འགོ་བཙུགས་ནས། ཨ་མ་། ཨ་ཕ། ཨ་ཞང་། ཨ་ཁུ། ཨ་ཇོ། ཨ་ཅེ། ཨ་སྲུ། ཨ་ནེ་སོགས་ཀྱིས་རིགས་པས་བསྒྲུབ་ཐུབ་པ་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese