མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་ཆེན་བསམ་འགྲུབ་ལ་ལོ་ ༥ ཡི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

༼ཟླ་ ༧ ཚེས་ ༣ རེས་གཟའ་སྤེན་པ། ངྷ་ས།༽ བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ལགས་སུ་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་ཉིན་བཅུ་ཙམ་ལས་སོང་མེད་པའི་སྐབས་འདིར། ཆབ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་གི་སྤུན་མཆེད་རིན་ཆེན་བསམ་འགྲུབ་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ཚེས་ ༢༤ ཉིན་མི་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ཀྱི་སྤུན་མཆེད་རིན་ཆེན་བསམ་འགྲུབ་ལ། དེ་རིང་ཆབ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༥ ཡི་ཁྲིམས་ཐག་བཅད་པ་དང་ལོ་ ༣ གྱི་ཆབ་སྲིད་ཁེ་དབང་འཕྲོག་ཡོད་འདུག རིན་ཆེན་བསམ་འགྲུབ་ལགས་ད་ལྟ་རང་ལོ་ ༤༤ ཡིན་ལ་ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་དགའ་ཡང་ཐོབ་མྱོང་ཡོད་འདུག

ཁོང་གི་ཁྲིམས་རྩོད་པ་ཞ་ཅིན་གྱིས་རོའུ་ཊར་གསར་འགོད་པར་བརྗོད་ན། ཁོང་ལ་ཁྲིམས་ཐག་གཅོད་དགོས་དོན་ནི་སྐུ་ཞབས་རིན་ཆེན་བསམ་འགྲུབ་ལགས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་ཁོར་ཡུག་དྲ་ཚིགས་དེའི་ཐོག ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་སྐོར་གྱི་རྩོམ་ཡིག་འགའ་བཀོད་ཡོད་སྟབས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འདོགས་འོག་ཁྲིམས་ཐག་བཅད་པ་རེད་ཟེར།

འདི་གའི་གསར་འགོད་པས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་དོན། ཀརྨ་མ་བསམ་འགྲུབ་དང་ཁོང་གི་སྤུན་མཆེད་རིན་ཆེན་བསམ་འགྲུབ་གང་ཡིན་རུང་། ཁོང་རྣམ་པ་གཉིས་ཀྱིས་བོད་མི་ཚོར་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱོས། གད་སྙིགས་དེ་ཚོ་ཡར་སྒྲུག་རོགས་ཟེར་ནས་སློབ་གསོ་གཏོང་མཁན་ཡིན་སྟབས། སྤྱི་ཚོགས་གཞན་པ་དེ་འདྲ་ཡིན་ན་བསྔགས་བརྗོད་དང་སེམས་ཤུགས་སྤར་གི་རེད། ཡིན་ནའང་། རྒྱ་ནག་གིས་འདི་ལྟ་བུའི་བྱ་བ་བསྒྲུབས་མཁན་ལ་ཁ་བྲལ་རིང་ལུགས་པ་དང་ཁ་བྲལ་གྱི་བྱ་བ་སྤེལ་འདུག་ཟེར་ནས་བཙོན་འཇུག་ཁྲིམས་ཐག་གཅོད་པ་འདི། ཧ་ཅང་བློ་ཕམ་བྱ་ཡུལ་རེད། དེ་ནི་མང་ཚོགས་ཀྱི་སེམས་ཤུགས་ལ་ཞེད་ཐག་ཆོད་པའི་བཟོ་འདྲ་བོ་རེད།

གང་ལྟར་དེ་རིང་རིན་ཆེན་བསམ་འགྲུབ་ཁོང་ལ་མི་རིགས་ཁ་བྲལ་གྱི་ཉེས་མེད་ཉེས་འཛུགས་བྱས་ཏེ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པར་བློ་ཕམ་ཡོད་ལ། ཁོང་གི་སྤུན་མཆེད་ཀརྨ་བསམ་འགྲུབ་དང་ཁོང་རྣམ་གཉིས་གཙོས་བོད་ནང་གི་ཆབ་སྲིད་པ་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ༢༠༠༨ ལོ་ནས་བཟུང་བོད་ནང་གི་ཤེས་ལྡན་མི་སྣའི་ཐོག་ལ་སྲིད་ཇུས་གསར་བ་ཞིག་བཟུང་སྟེ། ཁོང་ཚོར་ཆབ་སྲིད་ཀྱི་ནག་ཉེས་གང་ཡང་མེད་པར་སྦྱར་ཡིག་སྦྱོར་བ་དང་སྐད་འབོད་བྱེད་པ་སོགས་བྱས་པར་ཁྲིམས་ཆད་ལྕི་མོ་གཅོད་ཀྱིན་ཡོད་ལ། དེ་ཚོ་མང་ཆེ་བས་བོད་ནང་གི་རིག་གཞུང་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་ཕྱག་ལས་གནང་གི་ཡོད། ཡིན་ནའང་། ཁོང་ཚོ་ཚང་མར་ལྟ་སྟངས་གཅིག་པ་ཞིག་བཟུང་སྟེ་ཁ་བྲལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པར་ཁག་གཡོག་སྟེ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་ཡོང་གི་འདུག

དེ་བཞིན་དེ་རིང་ལོ་ལྔའི་ཁྲིམས་ཐག་བཅད་པའི་རིན་ཆེན་བསམ་འགྲུབ་དང་ཀརྨ་མ་བསམ་འགྲུབ་ལྟ་བུར་མཚོན་ན། དེ་སྔོན་ནས་རྒྱ་ནག་རང་གིས་ཆེ་མཐོང་ཡོད་པ་དང་ཆ་འཇོག་ཡོད་པ། བྱ་དགའ་རེག་མྱོང་བའི་མི་སྣ་དེ་འདྲ་ཡིན་མོད། ཁོང་ཚོར་ཡང་བོད་ནང་གི་གནད་དོན་ཞིག་དང་ཐུག་དུས། གནད་དོན་གང་འདྲ་ཞིག་ཡིན་ནའང་བསམ་ཚུལ་འདོན་མི་ཆོག་པ་དང་། སྨྲ་བརྗོད་རང་དབང་མེད་པའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་བོད་མི་ཚོའི་ཐོག་ཏུ་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་སྲིད་ཇུས་ཤིག་དང་། ལྷག་པར་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ཤིག་འཛིན་གྱིན་པ་གསལ་བོ་རེད་ཅེས་གསུངས་ཡོད།

ཁོང་རྣམ་གྱི་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་ལ་ཟླ་ ༢༡ ཙམ་གྱི་དུས་བཀག་བཙོན་འཇུག་བྱས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད་དང་དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༦ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 3

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་རིན་ཆེན་བསམ་གྲུབ་སྐོར་གྱི་དྲ་ཚིགས་འདི་ཚོ་ལ་གཟིགས་དང་།
    http://cid-84797abf9719682b.spaces.live.com/?lc=1033

    http://www.rfa.org/english/news/tibet/rinchen-samdrup-sentenced-07042010151600.html

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ཤིག་འཛིན་ན་མཐའ་མ་རྒྱ་གཞུང་དང་རྒྱ་མི་རིགས་ལའང་གནོད་སྲིད་པ་རེད།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    པེ་ཅིན་གྱི་ཧམ་པ་ཇེ་ཆེ་ཡིན་པ་འདིའང་རྡ་རམ་ས་ལས་རྒྱ་ཡན་དུ་བཏང་བར་འབྲེལ་བ་མེད་པ་ཞིག་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese