མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་སྤྱི་འཐུས་མཁོ་མིན་གྱི་གནད་དོན་གཙོ་བོ། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

    སྤྱིར་བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གལ་ཆེ་བའི་སྐོར་ངས་བཤད་པ་དང་བྲིས་པ་གཉིས་ཀ་ཡོད། གཙོ་བོ་ཆོས་བརྒྱུད་སྤྱི་འཐུས་ཡོད་མེད་ཙམ་གྱིས་ང་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་གཞག་འཇིག་པར་འགྱུར་མིན་དང་དགེ་སྐྱོན་གང་ཆེ་ལ་ཞིབ་ཏུ་བསམས་པ་ལས། ངས་བྱུང་དང་འབྱུང་བཞིན་པའི་ཉོག་དྲ་ཙམ་པོ་བ་འདི་དག་གཙོ་བོར་འཛིན་གྱིན་མེད་ལ། འདི་ཆོས་བརྒྱུད་སྤྱི་འཐུས་གཅིག་པུའི་སྐྱོན་ཞིག་ཡིན་པ་དེ་བས་ཀྱང་བསམས་མ་མྱོང།

    ཚང་མས་ཤེས་གསལ་ལྟར་མི་རབས་གསར་བ་སྔ་རྗེས་དུ་མ་ཞིག་གིས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་ཀྱིན་ཡོད། བོད་ལ་བྱུང་བའི་བྱས་ཉེས་ཚང་མ་དེས་མ་འགྲིགས་པར་འདོད་ཡོད། དེ་བས་ང་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་བ་འདིས་ད་ལྟ་དང་མ་འོངས་པར་བོད་ཀྱི་སྤྱི་ཚོགས་ལ་དགེ་མཚན་གསར་བ་རེ་འདོན་ཐུབ་པའི་བདེན་དཔང་བྱེད་དགོས་ཀྱི་ཡོད། འོན་ཀྱང་དེང་སང་སྤྱིར་གྲྭ་བའི་མཐོང་དམའ་རུ་འགྲོ་བཞིན་ཡོད་ལ་ལྷག་པར་བླ་སྤྲུལ་རིགས་ལའང་དད་པ་ལོག་གིན་ཡོད། ཆོས་ལུགས་མི་སྣའི་གནས་བབ་འདི་འདྲའི་སྐབས་སུ་ཚད་མཐོའི་གྲོས་ཚོགས་ར་བའི་ནང་དུ་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་རྒྱ་ཆེ་བའི་དད་ལྡན་མི་དམངས་ལ་ཤུགས་རྐྱེན་བཟང་པོ་ཞིག་འཇོག་རྐྱུ་ཅི་བས་ཀྱང་གལ་ཆེ་བར་མཐོང་གིན་ཡོད་མོད། འདི་ཐུབ་ཀྱིན་མི་མེད་པས་ཆོས་བརྒྱུད་སྤྱི་འཐུས་དེ་ཡོད་པ་ལས་མེད་ན་བཟང་བའི་སྣང་ཚུལ་འདི་རིགས་བྱུང་དང་འབྱུང་བཞིན་པ་ཞིག་རེད། དེ་བས་ང་ཚོ་མུ་མཐུད་ལམ་ལུགས་འདིའི་ཐོག་སོང་ན་བོད་ཀྱི་ནང་ཆོས་དང་དེ་འཛིན་གནང་མཁན་གྱི་སྐྱེས་བུ་དམ་པས་གཙོས་དགོན་སྡེ་ཁག་ལ་ཡི་རང་དད་མོས་ཡོང་བ་ཞིག་ཏུ་བསྒྱུར་ཐུབ་རྒྱུ་རེད་དམ། ཡང་ན་ཇེ་སྡུག་ཏུ་འགྱུར་རྒྱུ་རེད། གལ་ཏེ་མི་རབས་གསར་བའི་ཆོས་ལུགས་ཀྱི་དད་འདུན་བརླགས་ན་དེའི་མཇུག་འབྲས་ཇི་ལྟ་བུ་ཞིག་ཏུ་འགྱུར་རྒྱུར་ངེས་པར་ཐུགས་བསམ་བཞེས་དགོས། ངས་ནི་ཧ་ཅང་གི་ཚབས་ཆེན་པོ་ཞིག་མཐོང་གིན་འདུག སྤྱིར་བཏང་གི་བླ་སྤྲུལ་ཞིག་དང་གྲྭ་བ་འགའ་རེའི་ཚུལ་མིན་སྤྱོད་པས་ཀྱང་གཞོན་སྐྱེས་ཚོར་ཤུགས་རྐྱེན་ཅི་ཙམ་འཇོག་གིན་འདུག ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ནི་བོད་ཀྱི་དགོན་སྡེ་ཡོངས་ཀྱི་ཚབ་མཚོན་གྱི་མི་སྣ་ཞིག་ཆགས་ཀྱིན་ཡོད་པས་ཁོང་ཚོའི་གནང་སྟངས་ཀྱིས་ཤུགས་རྐྱེན་བཟང་ངན་གཞན་ལས་ལྷག་པ་འཇོག་གིན་ཡོད།

    གནད་དོན་འདི་འདྲ་ཞིག་ལ་ཐུག་ཡོད་པས་འདིའི་ཐད་ལ་གཡུང་དྲུང་བོན་བཅས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་གཙོས་དགེ་འདུན་པའི་སྡེས་ཐུགས་བསམ་ལེགས་པོ་ཞིག་བཞེས་དགོས་པ་མ་ཟད། ཆེད་དུ་དམིགས་བསལ་ཚོགས་འདུ་བསྐོང་ནས་ཆོས་ལུགས་འཛིན་སྐྱོང་ཐོག་ལ་ཅི་དགེའི་བཀའ་མོལ་གནང་འོས་པར་མཐོང། ངས་འདི་ལྟར་བསམ་བློ་གཏོང་ཁུལ་བྱེད་ཀྱིན་ཡོད།

     ངས་ཇོ་ནང་བར་སྤྱི་འཐུས་དགོས་ཚུལ་ཅང་བཤད་མ་མྱོང། ཡིན་ན་ཡང་ཇོ་ནང་བའི་མཁན་པོ་སོགས་ཀྱིས་ལོ་ནས་ལོ་མཐུད་དེ་གྲོས་ཚོགས་ར་བའི་སྒོར་ཕེབས་ནས་ཡིག་ངག་གཉིས་ཐོག་ནས་རེ་བསྐུལ་ཞུས་ཀྱིན་ཡོད་པས་ང་ཚོས་དོ་སྣང་མ་བྱས་ས་མི་འགྲོ་ལ། ཁོང་ཚོས་རྩོད་བཞིན་པ་དེ་འོས་དང་མི་འོས་ཀྱི་ཐག་གཅོད་ཅིག་ཀྱང་གནང་དགོས་པ་རེད་དེ། དེ་དོན་ས་སྐྱ་བའི་ནང་གི་ཉོག་དྲ་ཞིག་ཡིན་ཚུལ་དང། ཆོས་དོན་ལྷན་ཁང་དང་ཆོས་བརྒྱུད་ཁག་གི་ཚོགས་ཆེན་བཅས་ཀྱིས་ཐག་གཅོད་དགོས་པ་ཞིག་ལ་བརྩིས་ནས་ང་ཚོའི་གྲོས་ཚོགས་ལ་འགན་མེད་པ་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་དོན་དངོས་རེད། འདི་ཐད་ལ་ཆོས་བརྒྱུད་སྤྱི་འཐུས་ཚོས་དམིགས་བསལ་འགན་ཞིག་བཞེས་ནས་གནང་རྒྱུ་ཅང་མེད་པའམ་མི་ཤེས་པ་ཞིག་རེད། ཡང་ན་ཆོས་ལུགས་ཐད་ཀྱི་གནད་དོན་འདི་རིགས་ཐད་ལ་ཆོས་བརྒྱུད་སྤྱི་འཐུས་རྣམ་པར་དམིགས་བསལ་ཐག་གཅོད་ཀྱི་སྐུ་དབང་ཞིག་ཁྲིམས་ཐོག་ནས་བཟོ་དགོས་ཀྱི་འདུག དེའི་མཚུངས་ཆོས་བརྒྱུད་སྤྱི་འཐུས་འདེམས་ཕྱོགས་ལ་བསམ་འཆར་ཡོང་གིན་ཡོད། འོས་འཕེན་གྱི་ཐོབ་ཐང་གཉིས་ཡོད་པ་དེ་རེད། གང་ལྟར་ལེགས་བཅོས་ཤིག་བྱེད་དགོས་པ་ཆགས་ཡོད་པས་ཇི་ལྟར་བྱེད་མིན་དེ་ང་ཚོས་བསམ་བློ་གཏོང་དགོས་ངེས་རེད། དེ་སྔོན་ནས་གྲོས་ཚོགས་ནང་ལ་གྲོས་འཆར་ཞིག་འདོན་རྩིས་བྱས་མོད། གཅིག་ནས་དུས་ལ་མ་རན་པ་ཞིག་དང་གཉིས་ནས་གནད་དོན་འདི་མི་དམངས་ཀྱིས་གླེང་འོས་པ་ཞིག་ཏུ་མཐོང་ནས་ད་བར་ངག་ནས་བཤད་པ་ལས་ལག་ནས་བྲིས་མེད། དེ་གཅིག་ཡིན།

གཉིས་ནས། ཆོལ་ཁའི་སྤྱི་འཐུས་མང་ཉུང་སྐོར་རེད། འདིའི་དགོས་པ་གཙོ་བོ་དེ་སྔོན་ཁ་ཐོར་ཡ་ཐོར་གྱི་བོད་རིགས་ཡོངས་སུ་རྫོགས་པ་ཁྱིམ་གཅིག་གི་མི་ཡིན་པ་དང་ཕྱིར་ཁྱིམ་གཅིག་ལ་འདུ་བའི་ཆེད་ཡིན་པས་བཙན་བྱོལ་བའི་ཆོལ་ཁོངས་ཀྱི་མི་གྲངས་མང་ཉུང་ལ་མ་བལྟས་པ་རེད། འོན་ཀྱང་འདིའི་ཐོག་ནས་ཀྱང་བསམ་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད། དེ་རིང་འདི་ཡང་ཞོར་དུ་གླེང་དགོས་བྱུང་སོང།
   

གཅིག་ནས་བོད་པ་ཚང་གི་ཁྱིམ་ཚང་ཆེན་པོ་མཚོན་ཕྱིར་ཆོལ་གསུམ་སྤྱི་འཐུས་ངེས་པར་མཁོ། གཉིས་ནས་བཙན་བྱོལ་བོད་མིའི་ཆོལ་ཁོངས་མི་འབོར་གི་མང་ཉུང་ཐོག་ནས་འཐུས་མིའི་མང་ཉུང་བཏོད་ཆོག འདི་ལ་ང་མོས་མཐུན་ཡོད། དེང་སང་གི་དབུས་གཙང་ཆོལ་ཁོངས་ལ་ས་ཁུལ་མང་ཐོག་མི་གྲངས་ཀྱང་མང། དེ་བས་སྤྱི་འཐུས་ཀྱང་མང་ཤོས་ཡིན་དགོས།་ དེ་ནས་མདོ་སྟོད། ཉུང་ཤོས་་མདོ་སྨད་ལོས་ཡིན། དེ་དག་གི་ཐོག་ལ་རྒྱལ་ཁོངས་གཞན་གྱི་བོད་མིའི་སྐུ་ཚབ་འཐུས་མི་གང་འཚམ་དགོས། དེ་དག་གི་ནང་ལ་སྐྱ་སེར་ཕོ་མོ་སུ་ཡང་ཡོང་ཆོག དེ་རིང་ནས་ངས་བོད་ཀྱི་དུས་བབ་དྲ་ཐོག་ལ་དེབ་སྐྱེལ་བྱས་ཡོད་པས་ང་ཚོས་ཁ་བརྡ་ཡང་ཡང་བྱེད་ཆོག བདེ་མོ།༢༠༡༠།༧།༣

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 61

  1. རྐང་རྗེན་པ། says:
    ལོ་ 16 སྔོན།

    སྤྱི་འཐུས་ལྷ་མོ་སྐྱབས་ལགས། དྲི་བ་ཁ་ཤས་ཞུ་རྒྱུར་བཀའ་ལན་གནང་སྐྱོང་ཞུ།
    1 ཆོས་བརྒྱུད་སྤྱི་འཐུས་ཡོད་པ་འདི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་པ་ཞིག་ཡིན་ན། སྐུ་ཉིད་ཀྱིས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་རྩ་བའི་ངོ་བོ་ཅི་འདྲ་ཞིག་ལ་འདོད་ཀྱི་ཡོད།
    2 ཆོས་བརྒྱུད་སྤྱི་འཐུས་ཀྱི་ལམ་ལུགས་འདི་དང་པོ་༸གོང་ས་མཆོག་གི་དགོངས་གཞི་ལྟར་བཟོས་པ་ཞིག་ཡིན་ཚོད་འདུག་ན། འདིའི་དགོས་པ་རྒྱུ་མཚན་གཙོ་བོ་དེ་ཅི་ཡིན་ནམ།
    3 ཆོས་བརྒྱུད་སྤྱི་འཐུས་རྣམ་པས་ཤུགས་རྐྱེན་ངན་པ་ཐེབས་བཞིན་པས་འདི་མེད་ན་ལེགས་གསུངས་པ་ལ་ང་ཡང་མོས་མཐུན་ཡོད། འོན་ཀྱང་འདི་ཆོས་བརྒྱུད་སོ་སོས་ཁས་ལེན་དཀའ་བའི་ཉམས་མྱོང་སྔར་བྱུང་ཟིན་པ་དེས་ན་འདི་ཁས་ལེན་ཐུབ་ཐབས་ལ་ཇི་ལྟར་བྱས་ན་བཟང། ཆོས་རིག་ལས་ཁུངས་ཆོས་དོན་ལྷན་ཚོགས་ལ་སྒྱུར་བཞིན་པ་འདིས་གོ་ཆོད་ཀྱི་ཡོད་ན་དེ་ལ་བལྟ་ས་ཞིག་འདུག
    4 དྲ་གྲོགས་ཚོའི་མཆན་ལ་བལྟས་ན་ཆོས་སྲིད་ཟུང་འབྲེལ་དང། ཆོས་ལུགས་རིས་མེད། ཆོས་མེད་རིང་ལུགས་བཅས་ཀྱི་གོ་དོན་དང་ཁྱད་པར་དེ་ཚོ་ཏག་ཏག་ཅིག་ཤེས་ཀྱི་མེད་འདུག་ལ། ཟམ་གདོང་རིན་པོ་ཆེས་དེའི་སྐོར་གསུངས་པ་རྣམས་ཀྱང་གསལ་པོ་ཞིག་དྲན་གྱི་མི་འདུག་པས། སྐུ་ཉིད་ཀྱིས་དེ་ཚོའི་སྐོར་ངོ་སྤྲོད་ཅིག་གནང་ཐུབ་ན་ཀུན་ལ་ཐུགས་ཕན་གསོས་ངེས་རེད། དེ་ཙམ་ཡིན། ཐུགས་རྗེ་ཆེ།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རྒན་ལྷ་མོ་སྐྱབས་ལགས་
    ཁྲིམས་ལུགས་ཚང་མ་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་བཟོས་པ་ཞིག་ཡིན་པས་དགོས་མཁོ་ལྟར་བཟོ་བཅོས་དང། སྣོན་འཕྲི་གང་ཡང་བྱ་ཆོག་པ་ཞིག་ཡིན་པ་ངའི་ཤེས་ཀྱིན་ཡོད་་་་འོན་ཀྱང་འདི་ཁྱོད་དང་ང་ཙམ་གྱི་ཤེས་པ་ཙམ་ལས་དོད་དངོས་ཐོག་བསྒྱུར་ཆོག་ཆོག་ཞིག་ཡོད་དམ།
    ཡང་ཅིག་བཤད་ངའི་ཁྱོད་ཀྱི་ནང་གི་ཀུན་སློང་འདི་རེད་ཞེས་ཁ་ཙོན་ཆོད་མི་ཐུབ་ན་ཡང། ཁྱེད་ནས་ལན་བཏབ་པ་དེ་ནས་ཆོས་རྒྱུད་ཁག་གི་སྤྱི་མཐས་ཚོ་ལ་ཐེར་འདོན་བྱེད་བཞིན་པ་འདི་རེད། འདིའི་ཀྱང་ཆོས་རྒྱུད་ཁག་ལ་ལན་ཚག་ངན་པ་ཞིག་འཇོག་མི་སྲིད་པ་མ་རེད།
    ཆོས་རྒྱུད་ཁག་གི་ཆོས་མཐུས་འགའ་ལ་སྐྱོན་ཡོད་པ་བཞིན་ཆོལ་ཁ་དག་གི་སྤྱི་མཐུས་འགའ་ལ་ཡང་སྐྱོན་དེ་གར་རང་ན་ཡོན་པ་ཁྱེད་ཀྱི་མཁྱེན་ངེས་རེད།དེ་བསམ་ཚུལ་གང་འདྲ་ཡོད
    སྤྱིར་ཡིན་ན་ང་ཆོས་རྒྱུད་ཆོས་མཐུས་ཕར་ཟད་ཆོལ་ཁའི་སྤྱི་མཐུས་ལ་ཡང་འགྱུར་པ་གཏོང་ན་འདོད་མཁན་ཞིག་ཡིན་མོད་།་འོན་ཀྱང་ཁ་ཆུང་དབང་ཆུང་ལས་ཁ་ཆེན་དབང་ཆེན་ཚོའི་ཕྱོགས་གཅིག་གི་སྐྱོན་མ་ཡིན་པར་ཕྱོགས་ཐམས་ཅད་ལ་གཟིགས་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་བཟོ་བཅོས་དང། སྣོན་འཕྲི་དོད་ལ་ཁ་སྣོན་རེད་བྱས་ན་མ་རེད་དམ།

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    ངས་སྔོན་ཆད་ཀྱང་འདི་ལྟར་དྲྭ་ཐོག་ཏུ་འགོད་མྱོང་། དྲྭ་གྲོགས་འགའ་ཞིག་གིས་རང་གིས་བཤད་པའི་སྐད་ཆའི་གནད་འགའ་རེར་གཞན་གྱིས་དྲི་བ་བྱས་པའི་ལན་འདེབས་མ་ཐུབ་ན། ༼བླུན་པོ་འདི་དག་ལ་གོ་བརྡ་མི་འཕྲོད་༽ཅེས་གཡོལ་ཐབས་ཀྱི་སྐད་ཆ་སྐྱུགས་རྫོབ་འདི་བཤད་རྒྱུ་ངན་ལངས་སུ་ཤོར་འདུག སྡུག་ས་ནས་བཤད་ན་སྐད་ཆ་འདི་ཤེས་བྱ་དང་ཤེས་བྱེད་ཀྱི་སྒོ་འགོག་པའི་ཕ་བོང་ཞིག་དང་བདེན་པ་དང་རྫུན་པའི་གོ་བསྲེ་བའི་ངན་ཇུས་ཤིག་རེད། ཁྱོད་ཚོ་མཁས་པ་ཡིན་ན། ཁྱོད་ཚོ་སྤྱང་པོ་ཡིན་ན། ཡི་གེ་འབྲི་ཤེས་པའི་དྲྭ་གྲོགས་བླུན་པོ་ཚོར་གོ་བརྡ་ཞིག་སྤྲོད་དང་།

    Reply
  4. བྱམས་རྒྱལ། says:
    ལོ་ 16 སྔོན།

    རྒན་སྤྱི་འཐུས་ལྷ་མོ་སྐྱབས་ལགས།
    མཆན་བུ་རྣམས་ལ་མུ་མཐུད་ལན་གནང་གི་ཡོད་པ་ཐུགས་རྗེ་ཆེ།

    ཁོ་བོའི་སྔོན་གྱི་མཆན་བུ་དེ་ནང་མི་གུས་པ་དང་ཟུར་ཟ་སོགས་བྱུང་ཡོད་ན་༧རྒྱལ་བའི་འཁྲུངས་ཚེས་ཉིན་འདིར་དགོངས་དག་ཞུ་སྙིང་འདོད་བྱུང་།

    གུས་པའི་སླར་ཡང་བཤད་འདོད་པ་ནི་ཆོས་བརྒྱུད་སྤྱི་འཐུས་མཁོ་བ་ཡིན་ཏེ་བོད ཀྱི་སྤྱི་ཚོགས་ཧྲིལ་པོ་འདི་སྔར་མེད་པའི་ ཐོབ་ཐང་དང་ སྔར་མེད་པའི་རང་དབང་ སྔར་མེད་པའི་འདྲ་མཉམ་ ཕོ་མོ་དང་ སྐྱ་སེར་ཁྱད་མེད་བཅས་ཆེས་ཁྱད་དུ་འཕགས་པ་དང་ ཆེས་གཟི་བརྗེད་དང་ལྡན་པ་ ཆེས་གསར་གཏོད་ཀྱི་རང་བཞིན་དང་ལྡན་པའི་ལམ་ལུགས་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་དང་གཟི་བརྗེད་ཅན་ཞིག་ལ་ངོས་འཛིན་ཡོད།
    རྒན་ལགས་ཀྱིས་གཤམ་གྱི་མཆན་བུ་ཞིག་ནང་༼ཆོས་ལུགས་མི་སྣ་ཆོལ་ཁའི་ཕྱོགས་སུ་ལྷུང་བཞིན་པའི་སྣང་ཚུལ་༽ཞེས་པའི་གསུངས་འདི་རྒན་ལགས་ཀྱི་གསུངས་འདོད་པའི་ཚིག་ངོ་མ་དེ་རེད།
    འདི་ལས་སླ་པོ་ཞིག་རེད་ ཆོལ་ཁ་རེ་རེ་ཁོངས་གཏོགས་ནས་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་རེ་རེ་ཕེབས་པ་ཡིན་ན་ཁ་གྲངས་མང་རུ་འགྲོ་གི་རེད་མ་གཏོགས་ཆོས་ལུགས་མི་སྣ་ཆོལ་ཁའི་ཕྱོགས་སུ་ལྷུང་བཞིན་པའི་སྣང་ཚུལ་འདི་རྩ་མེད་མ་འགྲོ་ནའང་ཉུང་དུ་གཏན་གཏན་འགྲོ་གི་རེད་དྲན་བརྒྱི་འདུག་།

    ཡང་ཆོས་བརྒྱུད་སྤྱི་འཐུས་ལ་ལས་ཀ་ཅང་བྱེད་རྒྱུ་མེད་པ་འདྲ་ཞིག་གསུངས་འདུག་ཀྱང་ཆོས་བརྒྱུད་སྤྱི་འཐུས་ཀྱི་མིང་དང་ངོ་བོའི་ཐོག་ནས་ཀྱང་ཆོས་བརྒྱུད་ཁག་ལ་ཐོབ་ཐང་དང་ རང་དབང་ འདྲ་མཉམ་བཅས་མཚོན་ཐུབ་པའི་བྱེད་ནུས་ལྡན་མེད་དམ་

    དེ་མིན་ན་རྒན་ལགས་ཀྱང་མདོ་སྨད་སྤྱི་འཐུས་ཀྱི་མིང་ཙམ་ཞིག་འཁུར་ཏེ་པ་རི་སིར་བཞུགས་བསྡད་རྒྱུ་ལས་བྱེད་རྒྱུ་ཅང་མེད་པ་

    གང་ལྟར་སྐུ་ཉིད་ཀྱི་ཡོད་པའི་སྟེང་ལ་ཡོད་ཐོག་ཡོད་བརྩེགས་དང་སྐྱོན་སེལ་དག་སེལ་གནང་ན་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་དེ་མིན་ཡོད་པ་མེད་པ་བཟོ་བརྩིས་གནང་ན་སླར་ཡང་ངོ་རྒོལ་མུ་མཐུད་ཞུ་རྒྱུ་འཁེལ་སོང་།

    Reply
  5. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    བཀུར་འོས་རྒན་ལྷ་མོ་སྐྱབས་ལགས། ངའི་ཞེ་འདོད་ངོ་མ་དེ་ལྟར་མིན། དཔེར་ན་ལོ་རྒྱུས་སྟེང་རྒྱ་གར་ལྟ་བུ་ནང་བ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་ལ། དེ་བཞིན་རྒྱ་ནག་དང་བོད་གཉིས་ལས་རྒྱ་ནག་ལ་ནང་ཆོས་དར་སྔ་ཟེར། དེ་བཞིན་ནང་ཆོས་དར་བའི་རྒྱལ་ཁབ་གཞན་ལའང་གྲྭ་བ་ཡོད་ས་མང་གི དེ་དག་ལ་གྲྭ་བ་སྲིད་སྟེགས་ལ་བཞུགས་པའི་ལམ་ལུགས་ཡོད་ཨེ་མྱོང་། བོད་ལ་མཚོན་ན་གྲྭ་བས་སྲིད་སྟེགས་ལ་འཚང་ཁ་གནའ་ནས་ད་བར་བརྒྱབ་འདུག དེ་འགྲིག་གི་མི་འདུག་བསམ་ཡོད།༼ ཆོས་དད་ཅན་གྱི་དཔོན་རིགས་ངེས་པར་མཁོ།༽སྐད་ཆ་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། ཡིན་ནའང་། ཆོས་དད་ཅན་ཅན་གྱི་དཔོན་རིགས་གྲྭ་བ་ཡིན་དགོས་ཟེར་ན་མི་འགྲིག་གི་བསམ་ཡོད། དེའི་ཕྱིར་རྒྱལ་ཁབ་གཞན་དང་བོད་རྒྱལ་ཁབ་བསྡུར་ནས་བལྟས་ན་རྒྱལ་ཁབ་གཞན་གྱི་ལམ་ལུགས་དེ་ཡག་ས་རེད་དྲན་སོང་།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 16 སྔོན།

    གཉའ་འབྲོང་ཐུ་བུ་ལགས། ཁྱོད་ཀྱིས་ཟེར་ན་ནང་ཆོས་ཡོད་པའི་རྒྱལ་ཁབ་གཞན་དག་ལ་ཆོས་པའི་དཔོན་རིགས་མེད། བོད་ལ་ཡོད། དེ་བས་བོད་ལུགས་འདི་གཞན་དག་ལས་བཟང་བསམས་པ་འདྲ། དེ་ཙམ་གྱིས་དགེ་སྐྱོན་གསལ་བཤད་མི་ཐུབ། བོད་ལུགས་འདི་ལོ་རྒྱུས་རང་བཞིན་ཅན་གྱི་ཆོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་ཆོས་པའམ་ཆོས་ཤེས་མཁན། ཡང་ན་ཆོས་དད་ཅན་གྱི་དཔོན་རིགས་ངེས་པར་མཁོ། ཡིན་ཡང་ཆོལ་ཁ་གསུམ་དང་ཆ་མཉམ་པའི་སྤྱི་འཐུས་གྲངས་ཚད་མཐོ་བ་འདི་འདྲ་དགོས་དོན་མེད། ངས་བལྟས་ན་ཆོས་བཀའ་བློན་ལ་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཁག་གི་དབུ་འཛིན་ཆེ་གྲས་རྣམས་ལས་གདམ་འོས་སྙམ་མོ།

    Reply
  7. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    གཉའ་འབྲོང་ཐུ་བུ་ལགས། དཔོན་སར་ཆོས་པ་ངོ་མ་སླེབས་ན་ལོས་བཟང། ༸གོང་ས་མཆོག་ལྟ་བུ་རེད། རྒྱལ་ཁབ་གཞན་དག་ལའང་ཆོས་ལ་དགའ་ཞེན་ཅན་གྱི་དབུ་ཁྲིད་བཟང་བོའི་རིགས་སླེབས་པ་མང་ལ་དེ་དག་གིས་ཆོས་ལུགས་ལ་སྲུང་སྐྱོབ་ལས་གཏོར་བཤིག་བཏང་མེད་པ་རེད། དེང་སང་དམངས་གཙོ་ཡིན་པས་ཁྲིམས་ཀྱི་དབང་སྒྱུར་ལས་གང་ཟག་གི་དབང་སྒྱུར་འོག་འགྲོ་ཉེན་མེད་པས་དཔོན་སར་ཆོས་པ་ངོ་མ་སླེབས་མ་སླེབས་ལ་ཁྱད་པར་དེ་ཙམ་མེད་པར་མཐོང།

    Reply
  8. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    ཡང་བསྐྱར་ཀུན་ལ་གསལ་བཤད་ཅིག་མ་ཞུས་ཐབས་མེད་ཆགས་སོང་། དྲྭ་གྲོགས་ངང་སེར་ལགས། ད་ལྟར་འཚོ་བཞུགས་ཡིན་པའི་གཞིའི་བྱེས་ཀྱི་བོད་མི་ཙམ་མ་ཟད། ཐོག་མར་བོད་འདི་འགོ་ཚུགས་ནས་མཐར་མ་སྟོང་གི་བར་གྱི་བོད་མིར་གྱུར་ཚད་ཀྱིས་བོད་ཀྱི་དབུ་འཛིན་སུ་དགོས་ཀྱི་འོས་ཤོག་འཕེན་རྒྱུ་ཡོད་པའི་དབང་དུ་བཏང་ན། མ་གྲོས་བསམ་པ་གཅིག་མཚུང་གིས། རྒྱ་ཆ་གོ་དགུ་ལྷག་གིས་ཡིད་གཉིས་ཙམ་ཡང་མི་དགོས་པ་གདམ་པའི་ད་ལྟ་ཞལ་དངོས་སུ་བཞུགས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་ནི། རང་རེ་བོད་ཀྱི་ཨ་རིས་ལྟར་ན། སྲིད་འཛིན། རྒྱ་གར་ལྟར་ན་སྲིད་བློན་དེ་ཡིན་པ་དུས་ནམ་ཡང་བརྗེད་རྒྱུ་མེད།
    བཀའ་བློན་ཁྲི་བ་ནི། བོད་ཀྱི་དྲུངས་ཆེན་ལྟ་བུ་ལས། གོང་ས་མཆོག་ཞལ་བཞུགས་པའི་ཚེར་མིན།
    སྤྱི་འཐུས་རྣམ་པ་ནི། བོད་ཀྱི་ས་གནས་ཁག་གི་སྐུ་ཚབ་ཡིན། བོད་ཀྱི་སྐུ་ཚབ་ཀྱིས་བོད་ཀྱི་དབུ་ཁྲིད་ཀྱི་དགོངས་བཞེད་དང་བསྟུན་དགོས་ལ། བོད་ཀྱི་དབུ་ཁྲིད་ཀྱིས་བྱ་བ་ཆེ་ཁག་གང་དང་གང་བྱེད་པ་ཡིན་ནའང་བོད་ཀྱི་སྐུ་ཚབ་ཀྱི་རྒྱབ་སྐྱོར་གྱི་རྒྱ་ཆ་ཚང་མིན་ལ་ལྟོས་དགོས། དེ་ནི། བོད་ཀྱི་དབུ་ཁྲིད་དེ་བོད་ཀྱི་མི་མང་གི་ཚབ་ཡིན་པ་དང་། བོད་ཀྱི་་དབང་ཆ་དེ་བོད་ཀྱི་མི་མང་ལ་ཡོད་པའི་རྒྱུ་མཚན་གྱིས་ཡིན།
    གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་རིང་བཀའ་བློན་ཁྲི་བ་ལས་ཀྱང་ཁྲིམས་བཟོ་ལྷན་ཁང་འདི་གནད་ཆེ་བ་མཐོང་གིན་འདུག རྒྱུ་སྐར་ཇི་ཙམ་གསལ་ཡང་རྟ་བདུན་ལས་ལྷག་མི་སྲིད་པ་ལྟར། གོང་ས་མཆོག་གི་ཆོས་སྲིད་ཀྱི་སློབ་སྟོན་རྣམས་རྩ་བའི་སྲོག་ཏུ་ཟིན་ནས། ཁྲིམས་བཟོ་ལྷན་ཁང་གིས་དེ་དང་མཐུན་པའི་རྩ་ཁྲིམས་ལ་སྙིགས་དོར་བཅུད་ལེན་བྱེད་དགོས་པའི་དུས་སྐབས་གཅིག་ཆགས་ནས་སྡད་འདུག
    དེར་བརྟེན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྟ་བུར་མཚོན་ན། ཉམས་མྱོང་དང་ཤེས་ཡོན་གང་གི་ཐད་ནས། ཀུན་གྱིས་བརྩོད་མེད་ཀྱི་མཁས་དབང་ཆེན་པོ་ཞིག་རེད། ཁོང་ཡང་བསྐྱར་བཀའ་ཁྲིར་འགྲོ་བའི་ལམ་འགག་མེད་ན་རུང་། སྤྱི་འཐུས་སུ་འགྲོ་བའི་ལམ་འགག་གཏན་གཏན་ཡོད་འགྲོ། བོད་དོན་ལ་སེམས་མཁན་རྣམས་ཀྱིས་རྒྱུ་མཚན་གང་གིས་བཀའ་ཁྲི་ཡང་བསྐྱར་སྤྱི་འཐུས་ཀྱི་འོས་བབ་ཡོད་པའི་མིང་ཐོའི་ནང་ལ་མི་བགྲངས་པ་ཡིན་ན།

    བོད་དོན་ལ་གཅིག་ཏུ་དཀར་བའི་རིན་པོ་ཆེ་མཆོག་སྤྱི་འཐུས་ཀྱི་ཚོགས་གཙོ་ཞིག་ཡང་བསྐྱར་ཕེབས་རྒྱུ་བྱུང་ན། བཀའ་ཁྲི་ལས་ཀྱང་ཕྱག་ལས་བསྟར་སའི་སྐུབ་སྟེགས་དེ་ཆེ་འདུག
    བསམ་ཆར་ཙམ་ཡིན།

    Reply
  9. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཚང་མའི་མི་སྣ་སླེབས་པའི་འཐུས་མི་རྣམས་བཀའ་ཁྲི་འདེམས་སྟངས་ལྟར་བྱས་ན་བཟང། ད་དུང་བོད་ནང་ནས་ཀྱང་དངོས་སུ་འོས་ལྡུག་མི་ཐུབ་ཀྱངསྔོན་འགྲོའི་འོས་གཞི་གང་འོས་ཀྱི་བསམ་ཚུལ་མང་ཙམ་སྡུད་ཐུབ་རྒྱུ་རེད། དེ་ལྟར་བྱུང་ན་བོད་ཀྱི་སྤྱི་འཐུས་ཞེས་པའི་མིང་དོན་དང་མཐུན་ལ་གཟི་བརྗིད་ཀྱང་ཆེ་རུ་འགྱུར་ངེས། ད་དུང་ཨ་ཞང་ཚང་གི་མགོ་ན་བར་ཡང་་་་་

    Reply
  10. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    བཀུར་འོས་རྒན་ལྷ་མོ་སྐྱབས་ལགས་སུ་བཀའ་འདྲི་ཞུ་རྒྱུར།
    འཛམ་བུ་གླིང་གི་སྒང་ལ་ཆོས་ལུགས་དར་སའི་རྒྱལ་ཁབ་མང་པོ་ཡོད་པ་རེད་ལ། སྔོན་ཆད་དང་དེང་གི་ཆར་གཉིས་ཀར་བཤད་ནའང་ནང་ཆོས་དར་ཡོད་པའི་རྒྱལ་ཁབ་ཀྱང་མི་ཉུང་བ་བརྩི་རྒྱུ་འདུག ཡིན་ནའང་། རྒྱལ་ཁབ་གཞན་ལ་མཚོན་ན་མཐོ་རིམ་དཔོན་རིགས་དང་དབང་འཛིན་གཞུང་ཞབས་མི་སྣའི་ནང་བླ་མ་གྲྭ་བ། ཡང་ན་ཆོས་པ་ངོ་མ་ཞིག་ཚུད་ཡོད་རྒྱུ་ཨེ་རེད། གལ་སྲིད་མེད་ན་དེ་ནི་བོད་པ་ཚང་གི་བྱེད་སྟངས་དང་མ་འདྲ་བ་ཞིག་ཆགས་སོང་བས་དོན་ངོ་མར་ལམ་ལུགས་གང་གི་བཟང་།

    Reply
  11. Palden says:
    ལོ་ 16 སྔོན།

    རང་རེའི་བོད་དུ་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཐ་སྙད་བྱུང་བ་ནས་བཟུང་ད་བར་དགེ་སྐྱོན་མང་དག་ཤིག་བྱུང་ཡོད་ལ། འགྲོ་བ་མིའི་འཕྲལ་ཕུག་གི་བདེ་སྐྱིད་ཀྱི་གཞི་རྩ་ཆོས་ཡིན་པ་དང་དེ་ལ་ཞབས་འདེགས་ཆབས་སྲིད་ཀྱི་ལས་ཀྱི་སྣེ་མོ་བ་ཚོས་ཞུས་སྟེ་ཆོས་སྲིད་ཟུང་འབྲེལ་དེ་བཞིན་དོན་དངོས་ཐོག་ཚང་མར་འཕྲལ་ཕུགས་ཀུན་ཏུ་ཕན་ཐོག་བྱ་ཐུབ་པ་ཞིག་ཡིན། དེ་འདྲའི་རྒྱུ་མཚན་གྱིས་ཆོས་རྒྱུད་སྤྱི་འཐུས་རང་རེའི་བོད་ཀྱི་སྤྱི་ཚོགས་ལ་ངེས་པར་མཁོ་བ་ཞིག་ཡིན་པ་ལས་འདོར་དུ་མི་རུང་བ་ཡིན། ཆོས་རྒྱུད་སྤྱི་འཐུས་རྒྱུད་ནས་ཆོས་རྒྱུད་སོ་སོའི་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་གཞུངས་ནས་ཞབས་འདེགས་ཇི་འདྲ་ཞུ་དགོས་དང་བཀའ་རྙོགས་ཇི་ལྟར་སེལ་དགོས་ཀྱི་ལམ་སྟོན་སོགས་གནང་བར་ཆོས་རྒྱུད་སྤྱི་འཐུས་མེད་དུ་མི་རུང་བ་ཡིན་སྙམས། ཡང་ཆོས་རྒྱུད་དེ་བཞིན་ཆབ་སྲིད་ཀྱི་བེད་སྤྱོད་གཏོང་རྒྱུའི་ལག་ཆ་འདྲ་བོ་གནང་ཚེ་དེ་ནི་ཆོས་ལ་ཤིན་ཏུ་གནོད་སྐྱོན་ཆེ་ཞིང་དེ་འདྲའི་དབང་གིས་ད་ལྟ་ཆོས་དང་ཆོས་བྱེད་ལ་དད་པ་དང་ཡིད་ཆེས་ཉུང་དུ་འགྲོ་རྒྱུའི་རྒྱུ་རྐྱེན་གཅིག་ཆག་གི་འདུག་པས་དེས་ན་ཆོས་རྒྱུད་སྤྱི་འཐུས་མཁོ་ཞིང་སྤྱི་འཐུས་ཀྱི་སྤུས་ཚད་ལེགས་པོ་དང་ལྷག་བསམ་ཅན་ཞིག་དགོས་རྒྱུ་ནི་དེ་བས་གལ་ཆེ། ཉེ་བའི་ཆར་བཀའ་བརྒྱུད་སྤྱི་འཐུས་ཀྱི་ཕྱག་ལས་ལ་མཚོན་ན་བཀའ་བརྒྱུད་སྤྱི་ཡི་སྐུ་ཚབ་བསྐོ་རྒྱུའི་ཐད་ཀཾ་ཚང་ཕྱོགས་གཉིས་ཡོད་པའི་ནང་ཚན་གཅིག་ཤོས་ཀྱི་ཕྱོགས་སུ་བཟུང་སྟེ་ཕྱོགས་གཞན་པ་དེར་ཁྱད་གསོད་ཀྱིས་གྲོས་འདྲི་ཙམ་ཡང་མ་བྱས་པར་གྲོས་ཆོད་གནང་འདུག་པ་འདི་འདྲའི་མཚོན་པའི་ཕྱོགས་ལྷུང་གི་ལས་ཀ་གནང་བ་ཡིན་ན་སྤྱི་འཐུས་ཡོད་པ་ལས་མེད་པ་ལེགས་སམ་སྙམ་པའང་ཡོང་གི་འདུག
    དེའི་སྐོར་དྲྭ་རྒྱ་ཞིག་འདུག་པས་གཟིགས་ན་ http://www.hetuprabav.blogspot.com

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese