མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་དགོན་པའི་ཤུལ་གཉིས་པ། མི་ནག་ཚང་ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས། ད་ལོའི་དབྱར་ཁའི་དགུང་མོ་ཞིག་ལ་པེ་རི་སིའི་གྲོང་ཁྱེར་གྱི་ནུབ་མཐའ་རུ་ཡོད་པའི་ཁྱིམ་ཚང་ཞིག་ཏུ་ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་གནད་དོན་འདི་གླེང་བཞིན་པ་ཞིག་རླུང་བསེར་བུས་ཁུར་ནས་འདིར་བསླེབས་སོང་།

དེ་དུས་ངས་ ༼དགའ་ལྡན་དགོན་པའི་ཤུལ་གཉིས་པ་༽ ཞེས་པའི་སྒྲུང་ཐུང་ཞིག་ལ་བསམ་བློ་བཏང་ནས་བསྡད་ཡོད། སྒྲུང་ཐུང་དེ་རྨི་ལྟས་ངན་པ་ཞིག་དང་བཅས་ངའི་ཀླད་པའི་རྒྱ་དར་ལ་འབྱར་ནས་ཡུན་རིང་ལྷག་སོང་།

ཆོས་བརྒྱུད་སྤྱི་འཐུས་དགོས་མི་དགོས་ཀྱི་རྩོད་གཞི་འདི་ནི། ངའི་རྨི་ལམ་དུ་འཁོར་བའི་དགའ་ལྡན་དགོན་པའི་ཤུལ་གཉིས་པ་དེར་ཡང་འབྲེལ་བ་ཡོད་པར་འདོད།

ད་ནས་རྩིས་པའི་ལོ་གང་འཚམ་ཞིག་གི་རྗེས་ནས། རྒྱབ་ཁུག་ཁུར་བའི་འཛམ་གླིང་གི་ཡུལ་སྐོར་བ་དག་གིས་རྒྱ་གར་ལྷོ་ཕྱོགས་ནས་དགའ་ལྡན་དགོན་པའི་ཤུལ་གཉིས་པ་དེ་མཐོང་རྒྱུ་རེད། དེ་དང་མཉམ་དུ་དགོན་ཤུལ་གཞན་པ་ཚོ་ཡང་རྙེད་གི་རེད།

དགའ་ལྡན་དགོན་པའི་ཤུལ་དང་པོ་དེ་ལྷ་ས་རུ་ཡོད་པ་རེད། ལྷ་སའི་དགའ་ལྡན་དགོན་པ་སྟོང་བར་ལུས་ནས་ལོ་གང་འཚམ་ཞིག་གི་རྗེས་ལ་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་དགའ་ལྡན་དགོན་པའི་གདན་ས་གཉིས་པ་དེ་ཡང་སྟོང་བར་འགྱུར་རྒྱུ་རེད།

དུས་ཚོད་དེ་མ་བསླེབ་པའི་ལོ་ ༣༠ ཡར་སྔོན་ནས་བཟུང་རང་ཅག་གིས་དེ་རིང་ཁ་ཤེད་ཆེ་ཆུང་དང་མིག་རྒྱང་རིང་ཐུང་ལ་མ་ལྟོས་པར་རྩོད་ཀྱིན་པའི་ཆོས་བརྒྱུད་སྤྱི་འཐུས་ཚོའི་རྐུབ་སྟེགས་དེ་ཡང་སྟོང་བར་ལྷག་རྒྱུ་རེད། ཐལ་རྡུལ་དང་བཅས་ག་ལེར་ལྟེབ་རྩེག་མ་བརྒྱབ་རང་བརྒྱབ་ཆགས་ཡོང་གི་རེད།

དགའ་ལྡན་དགོན་པའི་ཤུལ་གཉིས་པ་དེའི་རྒྱབ་ལྗོངས།

དུས་རབས་ཀྱི་འགྲོས་དང་། སྤྱི་ཚོགས་ཀྱི་ཁོར་ཡུག མིའི་ཤེས་རིག་གི་འཕེལ་འགྲིབ་བཅས་ཀྱི་དབང་གིས། བཙན་བྱོལ་སྤྱི་ཚོགས་ནས་གྲྭ་རྒྱུན་ཆད་དེ་ལོ་ ༣༠ ནས་ ༤༠ འགོར་གྲབས་ཡོད་ལ། བོད་ནང་གི་མདོ་དབུས་ཁམས་གསུམ་ནས་ཀྱང་ད་སྐབས་གྲྭ་རྒྱུན་ཆད་ཀྱིན་ཡོད། གནས་སྟངས་འདིར་ཚོད་དཔག་བྱས་ན། ལོ་རེར་ཆ་སྙོམ་གྱིས་དགེ་འདུན་པ་ ༥༠༠ རེ་ཇེ་ཉུང་དུ་འགྲོ་གིན་ཡོད་སྲིད་ལ། དེ་ལྟར་ལོ་ ༢༠ ཕྱིན་རྗེས་བོད་ཕྱི་ནང་གི་གདན་ས་ཆེན་པོ་འདི་དག་ཀྱང་རང་བཞིན་གྱིས་སྟོང་འགྲོ་གི་རེད། གྲྭ་རྒྱུན་ཆད་ཀྱིན་སྐབས་འདིར་གྲྭ་བ་ལོག་གིན་པའི་གནས་ཚུལ་དེ་ཡང་ལྡབ་ཉིས་འགྱུར་སུམ་འགྱུར་གྱིས་ཇེ་མང་ལ་འགྲོ་རྒྱུ་རེད། ཤུལ་དུ་ལྷག་མཁན་ཚོ་ནི་གོས་སེར་པོ་མནབས་མཁན་གྱི་བོད་པའི་བླ་མ་དང་སྤྲུལ་སྐུ་སྐོར་ཞིག་ཡིན། ཁོང་ཚོ་མུ་མཐུད་ནས་བཞུགས་དོན་ལ་བློས་མི་ཐོངས་པའི་རྒྱུ་མཚན་གལ་ཆེན་དེ་འདྲ་ཡོད།

ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་དགེ་འདུན་པ་རྣམས་ནི་གདན་ས་ཁག་གི་དགེ་འདུན་པའི་མི་རབས་མཐའ་མ་དེ་ཆགས་འགྲོ་གི་རེད། མི་འགྱངས་པར་བོད་པའི་གདན་ས་དང་གྲྭ་ས་ཁག་ཏུ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཚོས་བརྒྱ་ཆ་ ༦༠ ནས་ ༧༠ ཟིན་འགྲོ་གི་རེད། ད་ལོར་ལོ་རྒྱུས་ཐོག་ཐེངས་དང་པོར་དགའ་ལྡན་ཁྲི་པ་དེ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་ཞིག་ཆགས་པ་འདི་ཡང་རྨི་ལམ་འདིའི་སྔ་ལྟས་རེད། གང་ལྟར། དེ་དུས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དེ་ཡང་དགོས་མཁོ་ཡོད་ན་རྒྱ་གར་གྱི་གྲོས་ཚོགས་ནང་དུ་འགྲོ་བ་ལས། ང་ཚོའི་ཆབ་སྲིད་ཀྱི་ར་བའི་ནང་ཁྲིད་ཡོང་ཐབས་མེད་པ་ཆགས་འགྲོ་གི་རེད།

ད་སྐབས་ང་ཚོས་ཆོས་བརྒྱུད་སྤྱི་འཐུས་དགོས་མི་དགོས་ཀྱི་གླེང་སློང་བྱེད་བཞིན་པ་དེ་ནི་ངའི་རྨི་ལམ་འདི་ལ་འབྲེལ་བ་འདུག་གམ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 36

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་ལགས། ངས་ལྷོ་ཕྱོགས་ཀྱི་དགའ་ལྡན་དགོན་པ་ཟེར་བ་མིན། བོད་ཀྱི་དགའ་ལྡན་དགོན་པ་དེ་ཟེར་བ་ཡིན། ཕལ་ཆེར་ངས་གོ་བརྡ་ཡག་པོ་ཞིག་སྤྲད་ཐུབ་མེད་པ་འདྲ། དགོངས་པ་མ་འཚོམས།

    Reply
  2. དམར་ཁ་ཚ། says:
    ལོ་ 15 སྔོན།

    སུ་ལ་རྒྱུ་མཚན་མངའ་ན་དེ་ལ་བརྒྱབ་སྐྱོར་བྱེད་དགོས།

    Reply
  3. དམར་ཁ་ཚ། says:
    ལོ་ 15 སྔོན།

    མི་ནག་ཚང་ལགས། ཁྱེད་ཀྱི་རྩོམ་ཡིག་གི་མདའ་མོ་དེ། དོན་གྱི་འབེན་ལ་ཕོག་འདུག་པ་ཞིག་རེད། འདི་ནི་དུས་འགྱུར་གྱི་དེད་འོངས་པའི་གནད་དོན་ཞིག་རེད། འདིའི་སྐོར་ལ་མཁྱེན་དཔྱོད་ཅན་གྱི་མཁན་པོ་ཁ་ཤས་ཀྱིས་ཐུགས་ཁྲལ་གནང་གིན་ཡོད་ལ། ཡང་མཁན་པོ་ཁ་ཤས་ཀྱིས་བལ་ཡུལ་དང་། འབྲུག འབྲས་ལྗོངས། ལ་དྭགས་བཅས་ནས་གྲྭ་རྒྱུན་བསྡུ་བ་དགོས་པ་རེད་གསུངས་ཀྱིན་འདུག མི་ནག་ཚང་ལགས། ངས་ཀྱང་གདན་ས་ནི་ལྟག་ཆུ་ཆད་པའི་རྫིང་བུ་ཞིག་འདྲ་བར་མཐོང།

    Reply
  4. མདུང་རྩེ། says:
    ལོ་ 15 སྔོན།

    ༧གོང་ས་རྩོམ་སྒྲིག་རྨི་ལམ་དེ་འཁྲུལ་སྣང་གི་ཆེས་འཁྲུལ་སྣང་ཞིག་ཏུ་འཁུམས། དེང་སྐབས་བོད་ཕྱི་ནང་གཉིས་སུ་གྲྭ་པ་བཟོ་མཁན་ཅུང་ཙམ་དཀོན་པོ་ཆགས་པ་ནི་རྒྱུ་རྐྱེན་གཉིས་ཡོད། ༼ གཅིག ༽བོད་མི་བྱིངས་ལ་ནང་ཆོས་ཀྱི་གོ་རྟོགས་ཤིན་ཏུ་རབ་ཏུ་ཞན་པ་དང་། ༼གཉིས་༽བོད་པའི་སྤྱི་ཚོགས་འདི་ཤེས་ཡོན་གྱིས་མ་འདང་པའི་རྐྱེན་གྱིས་གཞན་གྱིས་བསླུ་ཆོག་ཆོག་ཡོད་པས་སོ། འདི་ནི་རྟག་བརྟན་དུ་གནས་པ་ཞིག་ག་ལ་ཡིན་ཏེ་ཡིན་མི་སྲིད། རྒྱུ་ཅན་འདི་༧གོང་ས་མཆོག་གིས་ཡེ་ཤེས་གཟིགས་ཆེན་པོས་མཁྱེན་ནས་མི་མང་ནང་ཆོས་ཀྱི་གོ་རྟོགས་སྤེལ་དང་སྤེལ་མུས་ཡིན། ནམ་ཞིག་བོད་མི་རིགས་ཀྱིས་ནང་ཆོས་སྙིང་བཅུད་མྱོང་ནས་སེར་མོ་གྲངས་ཚད་འཕེལ་བར་གདོན་མི་ཟ། དེང་གི་ཆར་བཙན་བྱོལ་ནང་གྲྭ་ཅུང་ཙམ་དཀོན་པོ་ཆགས་ཡོད་ནའང་སྲོག་འབེན་དུ་བཙུགས་ནས་ཡོང་མཁན་གང་འཚམས་ཡོད།
    ཤེས་ཡོན་ལྡན་པའི་མགོ་སེར་རྣམས་ཀྱིས་དད་མོས་བྱེད་སྟངས་དང་། རྒྱ་གར་མི་སེར་ནང་གྲྭ་པ་བཟོ་མཁན་གང་འཚམས་ཐོན་གྱིས་ཡོད། ལོ་ཉི་ཤུའི་རྗེས་སུ་
    རྩོམ་སྒྲིག་པའི་རྨི་ལམ་ལས་ལྡོག་སྟེ་དགའ་ལྡན་དུ་གྲྭ་གྲངས་ཁྲི་ཚོ་བརྒལ་བ་དང་། སེ་འབྲས་གཉིས་སུ་རིམ་པ་ལྟར་ཆིག་ཁྲི་ལྔ་སྟོང་དང་བཞི་སྟོང་བར་འཕེལ་བར་ངེས།
    དེ་དུས་བུད་མེད་ཚོགས་པས་གཙུག་ལག་མདུན་དུ་རྟག་པར་ངོ་རྒོལ་བྱེད་པར་ངེས། ཧེ་ཧེ་ཧེ་ཧཧཧཧ། འདི་ནི་ངའི་བཀྲ་ཤིས་པའི་རྨི་ལམ་ཡིན་ལ། དོན་དངོས་ཀྱང་ཡིན།

    Reply
  5. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    རྩོམ་སྒྲིབ་པ་ལགས། ཆེས་མཐའ་མ་ཞིག་ལ་དེ་ལྟར་འགྱུར་སྲིད། དེར་སྔོན་འགོག་ཙམ་གྱི་ཐབས་ཤེས་ནི། གཅིག་ནས་བོད་ཀྱི་སྐད་ཡིག་གིས་དེང་རབས་རིག་གནས་ཚུར་འདྲེན་ཐུབ་དགོས། གཉིས་ནས་ནང་ཆོས་དེ་གྲྭ་ས་ཙམ་གྱི་སློབ་གཉེར་མ་ཡིན་པར་སློབ་གྲྭ་ཁག་ནང་ལ་བསླབ་དགོས། དེ་དག་ཚགས་ཚུད་ཡུན་བརྟན་ཡོང་བར་མདོ་དབུས་ཁམས་གསུམ་པོ་རང་སྐྱོང་གཅིག་ཡོང་དགོས། དེ་ལྟར་བྱུང་ན་ཚེ་བསྲིང་ཐུབ།

    Reply
  6. བྱ་ངང་སེར། says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་གྱི་མ་རྙིད་པའི་རྨི་ལམ་དེ་ངའི་ཡང་ཐེངས་མང་པོར་རྨིས་མྱོང་།
    འདི་ནི་དངོས་འབྲེལ་རེད་ཟེར་ཐུབ་མིན་གང་ལྟར་ངའི་རྨི་ལམ་དང་ཧ་ཅིང་བར་
    ཐག་ཉེ།།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྣང་རྒྱལ་ཤེར་དགེ་ལགས།

    ད་ལྟའི་ལྷོ་ཕྱོགས་ཀྱི་དགའ་ལྡན་དགོན་པ་འདི་ཆགས་ས་ནི་དགོན་ཤུལ་ཞིག་ཡིན་པའི་གནས་ཚུལ་གོ་མྱོང་མེད། ཡིན་ཡང་། དེ་འདྲའི་བཤད་སྲོལ་ཞིག་ཡོད་དུས་བདེན་སྲིད། འབྲེལ་ཡོད་མི་རེ་ལ་སྐད་ཆ་འདྲི་ཐུབ་ན་ཐུགས་ཕན་སོས་པའི་ལན་རེ་རག་སྲིད་པ་རེད།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བློ་བཟང་མཐུ་སྟོབས་ལགས།

    ད་ལྟའི་གནས་ཚུལ་གྱི་ཐོག་ནས་སྐུ་ཉིད་ཀྱིས་བཤད་པ་བདེན་ངེས། ཡིན་ཡང་། འཕེལ་ཕྱོགས་ཀྱི་ཆ་ནས་ང་ཡང་བདེན་སྲིད། ལྷག་པར་དུ། གནས་སྟངས་འདི་དག་ཅུང་བསྡད་ན་ཇེ་མགྱོགས་སུ་འགྲོ་རྒྱུ་ཡིན་པ་ནི་ངའི་རྣམ་རྟོག་ཙམ་ཡིན།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་དེ་རང་བཙན་ཡོད་པའི་མང་གཙོ་གཞུང་དང་པར་བཀབ་བྱས་ན་ནོར་བ་རེད། བཙན་བྱོལ་གཞུང་ནང་ལ་འོས་འཕེན་མིན་ལ་མ་ལྟོས་པར་འདིའི་སྟོབས་ཤུགས་དེ་རང་བཙན་ཡོད་པའི་གཞུང་གཞན་ལྟར་ཕ་གཞིས་བུ་འཛིན་དང་དཔྱ་ཕྲལ་བཅོག་ཆ་དང་སྲུང་སོགས་ལ་རེ་བ་མིན་པར་བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་མི་རྣམས་ཀྱི་རང་རང་གི་ཕ་ཡུལ་གྱི་ཞེན་པ་དང་ཆོས་དད་ཀྱི་ཞེན་པ་གཉིས་ལས་དང་པོ་ལས་ཆོལ་ཁའི་སྤྱི་འཐུས་དང་གཉིས་པ་ལས་ཆོས་བརྒྱུད་ཡོང་དགོས་དོན་དེ་རེད།
    ད་ལྟ་ཁ་ཐུག་ལ་དགོན་སྡེ་ཁག་ནང་རྒྱ་བལ་གྱི་མི་སེར་བོད་རིགས་མང་པོ་ཡོད་པ་སོགས་མིག་རྒྱང་ཐུང་བའི་རྒྱུ་མཚན་གྱིས་བྱས་ན་ནོར་བ་རེད། ངས་བྱས་ན་བོད་རིགས་ཡུལ་གཞན་གྱི་མི་སེར་བླངས་པའི་རིགས་ཅིག་གིས་བཀའ་ཁྲིའི་འོས་མི་འཕེན་པའི་ཚབ་ལ་མི་སེར་གཞན་གྱི་ནང་པ་ཚུར་བཀུག་ནས་དྭང་བླངས་དཔྱ་ཕྲལ་དང་བཀའ་ཁྲིའི་འོས་འཕེན་མཁན་གསར་པ་བཟོ་ཐུབ་པ་བྱེད་དགོས་རེད་སྙམ།
    ཡང་ཁ་ཅིག་ལ་བོད་གཞུང་དེ་ཆོས་ལུགས་གཅིག་གི་གཞུང་ཟེར་མཁན་དེ་ང་ཡིན་ན་ཁྱོད་བདེན་ལ་ཁ་རྡུང་གཏོང་ཡེ་གོ་སྐབས་ཡོད་ན་ནཡང་དེ་ཚོ་ང་མ་རེད་ངའི་མཆན་བུ་ཡང་བསྐྱར་ལྷོད་ལྷོད་བྱས་ནས་བཀླགས་ནས་གསུང་རོགས་གནོངས།
    མཐར་གཏུགས་ན་བོད་བཙན་བྱོལ་གཞུང་གི་མངའ་ཐང་མ་ཉམས་པ་བྱེད་རྒྱུ་དེ་མདོར་དོན་གཙོ་བོ་དེ་རེད། ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོས་ནས་མང་གཙོའི་ནུས་ཤུགས་ཆེ་རུ་འགྲོ་ན་ངས་ཀྱང་རྒྱབ་སྐྱོར་ཞུ་ཆོག དེ་ཡིན་ས་མ་རེད་སྙམ།

    Reply
  10. རི་བོང། says:
    ལོ་ 15 སྔོན།

    མི་ནག་ཚང་ལགས། ་ཁ་ཕྱིར་ལོག་མེད་མ་གཏོགས་ལོག་རན་ཞིག་འདུག ད་དུང་ཁྱེད་ཀྱིས་(ངས་༼རྒན་ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་སྐད་མ་རྒྱོབ་དང་། རྐུབ་སྟེག་དེ་ཚོ་ལྟེབ་རྩེག་རྒྱག་རྒྱུ་རེད་༽ཅེས་བཤད་མེད།)ཟེར། ད་ཁྱོས་མངོན་སུམ་ལ་བསྙོན་རྒྱུ་ཡིན་ནམ།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཨ་དགེ་ལགས། འདིར་ཕེབས་པར་དགའ་བསུ་ཡོད།

    བོད་ཀྱི་དགའ་ལྡན་བའི་མིང་ཅན་གསུམ་དེའི་སྐོར་ཞིབ་ཙམ་གསུང་ཐུབ་བམ།

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    རྗེས་དཔག་གི་རིག་པས་བྲིས་པའི་ལྷུག་བརྗོད་འདི་ཅི་འདྲའི་སྙན་པ་ལ། འདི་ནི་རྩོམ་སྒྲིག་པ་ཁོང་གིས་བྲིས་པའི་རྗེས་དཔག་གི་རིག་པས་ཁྱབ་པའི་ལྷུག་བརྗོད་རྩོམ་ཡིག་དང་བོ་དེ་མིན། འདི་འདྲའི་ཁྱད་ཆོས་ལྡན་པའི་རྩོམ་ཡིག་ནི་དེང་གི་ཡར་རྒྱས་མེད་པའི་རྩོམ་མཁན་ཆུང་ཆུང་ཚོར་ཅི་འདྲའི་མཁོ་ཨང་།

    Reply
  13. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ཀརྨ་རྡོ་རྗེ་ལགས། བོད་གཞུང་དེ་ཆོས་བརྒྱུད་གང་གི་གཞུང་ཡང་མ་རེད། བོད་མི་དམངས་ཀྱི་གཞུང་རེད།

    Reply
  14. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་ལགས། ངའི་སྐད་ཆ་འདི་རྩོམ་ཡིག་འདིའི་གནད་དོན་དང་འབྲེལ་བ་མི་འདུག་མོད། འོན་ཀྱང་ངའི་མིད་ཐག་ལ་ཟ་འཕྲུག་ལང་ནས་སྡོད་ཐབས་མི་འདུག་པས་དྲི་བ་འདི་འདྲི་དགོས་བྱུང་། དགའ་ལྡན་དགོན་པ་སུའི་ཤུལ་དུ་བརྒྱབ་པ་རེད། དགའ་ལྡན་དགོན་པ་མ་བརྒྱབ་པའི་སྔོན་དུ་འདིར་དགོན་པ་གཞན་ཞིག་ཡོད་པའི་བཤད་ཚུལ་འདུག་པས་དེ་ཅི་འདྲ་ཡིན་ནམ།

    Reply
  15. བློ་བཟང་མཐུ་སྟོབས། says:
    ལོ་ 15 སྔོན།

    སེ་ར་དགོན་དུ་ད་ལྟ་གྲྭ་རྒྱུན༥༠༠༠ལྷག་ཡོད་་་་་་་་་དེའི་ནང་ནསཧི་མ་ལ་ཡའི་གྲྭ་རྒྱུན་༨༠༠ཟིན་གི་མ་རེད།

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ལ་བྶཏན་པ་སྟོབས་ཀྱིས་བསྐྱངས་པ་རེད། བོད་བསིལ་བུར་གནས་དུས་རྒྱལ་སྲས་ཡུལ་དཔོན་དང་མི་མང་གིས་སྤེལ་བ་རེད། དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ནས་བཟུང་གཞུང་དང་མི་མང་གིས་དང་། བཙན་བྱོལ་དུ་ད་ལྟའི་བར་༧གོང་ས་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་གིས་ཆོས་དོན་ལས་ཁུངས་ཙམ་གྱིས་གོ་མ་ཆོད་པར་ཆོས་བརྒྱུད་སྤྱི་འཐུས་དགོས་པའི་དགོས་པ་ད་ལྟ་འཇའ་ལྟར་ཡལ་ཟིན་པ་ཡིན་བགྱིད་མ་རེད། ད་ནས་ཆོས་བརྒྱུད་མེད་པ་ཆགས་ན་བཀའ་ཁྲིའི་འོག་གིས་བོད་སྲིད་གཞུང་གིས་བོད་བསྟན་ཇི་ལྟར་སྐྱོང་ཐུབ་བམ།
    ད་ལྟའི་བར་གྱི་བོད་གཞུང་དེ་དགེ་ལུགས་པའི་གཞུང་མིན་པ་དེ་ཆོས་ལུགས་སྤྱི་འཐུས་ཡོད་པ་ཙམ་གྱིས་འགོག་ཐུབ་རེད། ༧གོང་ས་མཆོག་རྙིང་མ་ཆགས་ནས་ད་ལྟའི་གཞུང་དེ་རྙིང་པ་པའི་གཞུང་རེད་ཟེར་མཁན་བོད་རིགས་ཚོ་ཁག་མེད་པ་མ་རེད།
    མ་འོངས་པ་ལ་བོད་གཞུང་ལ་རྒྱ་གར་གཞུང་གིས་རྩིས་མེད་བྱེད་མི་ཐུབ་པའི་དགེ་མཚན་མཐར་ཐུག་དེ་བོད་ཀྱི་ཆོས་བརྒྱུད་སྤྱི་འཐུས་ཡོད་པ་དང་། དེ་ཡོད་པ་གཅིག་པུས་སྐྱོབ་ཐུབ་པའི་དུས་ཚོད་མི་ཤར་བའི་ངེས་པ་ཡོད་མ་རེད་སྙམ།
    དེས་ན་ཆོས་བསྒྱུད་རེ་རེའི་འཐུས་མི་རེ་རེར་མ་ཟད། ད་དུང་ད་ཆ་ཇོ་ནང་ཞི་བྱེད་སོགས་ཐུན་མོངས་ཀྱི་ཆོས་བརྒྱུད་གསར་པ་ཞིག་བསྐོ་དགོས་པའི་དུས་ཚོད་ལ་བསླེབས་ཡོད་རེད། ད་ལྟ་ཁ་ཐུག་དྲན་པའི་རྒྱུ་མཚན་དེ་ཙམ་གྱིས་ཆོག་པར་བྱས།

    Reply
  17. ཇ་མ་ says:
    ལོ་ 15 སྔོན།

    མི་ནག་ཚང་ལུང་རིགས་རྒྱལ་གྱིས་གསུང་བ་ནི་ཅི་མ་བདེན་ངས་ཡང་རྒྱ་གར་གྱི་གནམ་གྲུ་ཐང་ལས་རྫིག་པའི་དེང་སང་གི་འབྲས་བློ་གསལ་གླིང་གི་འདུ་ཁང་ཆེན་མོ་དེ་ནམ་ཞིག་རྒྱ་གར་བའི་འགྲེམ་སྟོན་ཁང་ངམ་བྱ་ཚང་བྱེའུ་ཚང་གི་འགྱུར་རྒྱུ་རེད་བསམ་པའི་སེམས་འཕྲད་འདུག
    དེང་སང་མགོ་ལོག་ཁུལ་གྱི་བླ་མ་འགའ་རེས་བོད་ནང་དུ་དགོན་པ་ལྷ་ཁང་སོགས་གསར་བཞེང་གནང་པ་དེ་ཚོ་ནི་ངོ་མ་བཤད་ན་ཤ་ཁུ་ཤ་ལ་འཐུམ་སོང་ཟེར་བའི་དཔེ་བཟང་ཤོས་དེ་རེད་བསམ།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རི་བོང་ལགས།

    ད་ཐེངས་ཀྱི་མཆན་གྱི་ནང་ནས་ཁ་ཕྱིར་ལོག་དེ་རི་བོང་ཁ་ཤོ་ཁྱེད་རང་རེད།

    ངས་༼རྒན་ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་སྐད་མ་རྒྱོབ་དང་། རྐུབ་སྟེག་དེ་ཚོ་ལྟེབ་རྩེག་རྒྱག་རྒྱུ་རེད་༽ཅེས་བཤད་མེད།

    Reply
  19. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ལྷ་མོ་དོན་གྲུབ་ལགས།

    འདི་ལ་བཅོས་སུ་ཡོད་ན་སྐུ་ཉིད་ཀྱིས་སྟོན་རོགས། ཕྱོགས་ཙམ་རེ་བསྟན་ན་ཡང་འགྲིག་གི་རེད། སྔ་ཕྱི་གང་དུའང་རྒྱ་ནག་ནི་བོད་ལ་དོན་དངོས་ཀྱི་དབང་སྒྱུར་བྱེད་མཁན་དུ་འགྱུར་རྒྱུ་ཡིན་པ་ལྟར། སྔ་ཕྱི་གང་དུའང་གོང་གི་རྨི་ལམ་འདི་ཡང་མངོན་འགྱུར་འབྱུང་རྒྱུ་ཡིན་པ་དེ་གསལ་བོ་རེད་དྲན།

    Reply
  20. མདུང་རྩེ says:
    ལོ་ 15 སྔོན།

    ད་དགོན་པ་ལ་ཤ་ཚ་མཁན་གྱི་བླ་རྒན་དག་གྲྭ་རྒྱུན་གྱི་ཆེད་དུ་སྐྱ་ས་བབ་ན་ཡག་ས་རེད།

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཀརྨ་རྡོ་རྗེ་ལགས། དེའི་ཐད་ལ་རྒྱུ་མཚན་གསལ་བོ་རེ་འདྲེན་རྒྱུ་ཡོད་ན་ཕན་ཐོགས་ཆེན་པོ་ཡོད་ཀྱི་རེད།

    Reply
  22. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    འདྲེ་ཁེར་འདུག་ལགས། ངའི་རྨི་ལམ་དེ་ལ་ང་རང་ཉིད་ཀྱང་སྐྲག་ནས་བསྡད་ཡོད། འོན་ཀྱང་། རྒྱ་ནག་པའི་ལུགས་ལ། གཉིད་ལམ་ལྡོག་སྟེ་ ཡོང་ཞེས་པའི་བཤད་སྲོལ་ཞིག་ཀྱང་ཡོད་པས་ད་དུང་ལྟ་ཆོག་གི་རེད།

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཨ་ཁུ་ཁ་བ་དཀར་པོ་ལགས།

    ཁྱེད་ཀྱིས་རྒྱུ་རྐྱེན་གལ་ཆེ་ཤོས་དེ་དྲངས་མི་འདུག གལ་སྲིད་རྒྱུ་རྐྱེན་གལ་ཆེ་ཤོས་དེ་གཉིས་ཀྱི་དབང་གིས་མིན་རྒྱུ་ན། ༡། གྲྭ་པ་རྒན་པ་དག་གྲོངས་སོང་ནའང་གཞོན་པ་དག་ཡོད་པ་རེད། ༢། སྐྱ་སར་བབ་པ་མང་ནའང་སྒར་ལ་ཞུགས་མཁན་ཡང་དེ་ལས་མང་གི་རེད། ༣། ཡུལ་བྱོལ་དུ་འགྲོ་མཁན་གྱིས་བརྒྱ་ཆ་ ༡༠༠ ཟིན་པ་ཡང་ཅུང་མཐོ་དྲག་འདུག

    ཡིན་རྒྱུ་ནི། དང་པོ་དེར་རྒྱ་ནག་གི་སྲིད་བྱུས་ལ་འབྲེལ་བ་ཡོད་པ་རེད། སྲིད་བྱུས་འདིའི་འོག་ནས་བོད་པའི་ནང་པའི་གྲྭ་རྒྱུན་མ་ཆད་རང་ཆད་རེད། དཔེར་ན། འཆར་ལྡན་བུ་སྐྱེས་ལྟ་བུ་རེད། གཉིས་པ་ནི། བོད་པ་རང་སྟེང་གི་བསམ་ཚུལ་རེད། མ་གཞི་ནས་ཁྱིམ་ཚང་ཞེས་པ་དེ་སྔོན་མ་ནང་བཞིན་བྱིས་པ་བརྒྱད་དགུ་དང་ཕ་མ་གཉིས་བཅས་མི་མགོ་བཅུ་གྲངས་ལས་གྲུབ་པ་ཞིག་མིན་པར། རབ་ཡིན་ན། བུ་གཅིག་དང་བུ་མོ་གཅིག དེ་མ་བྱུང་ན་བྱིས་པ་གཅིག་གི་བསམ་ཚུལ་རེད། འདི་དག་གིས་བྱིས་པ་དེའི་མདུན་ལམ་དགོན་པ་ཞིག་ལ་སྙེག་གི་རེད་དམ།

    འདི་ནི་རྐྱེན་གཙོ་བོ་དེ་རེད་འདོད།

    Reply
  24. སྟག་སྨྱོན། says:
    ལོ་ 15 སྔོན།

    བོད་ནང་རྒྱ་དམར་གྱིས་ངན་ཇུས་སྣ་ཚོགས་ལག་ལེན་བསྟར་ནས་གྲྭ་བ་རྩ་སྟོང་བཟོ་གི་ཡོད་པ་རེད། བཙན་བྱོལ་ནང་གྲོས་ཚོགས་ལྟ་བུ་མི་མང་གི་ཆེས་དོ་སྣང་བྱེད་སར་ཡོད་པའི་གྲྭ་བ་རྫུན་མ་འདི་ཚོའི་བྱ་སྤྱོད་ལ་བསྟེན་ནས་དགོན་པ་དང་གྲྭ་བ་ཚོ་ལ་ལྟ་སྟངས་ངན་པ་བསུ་བ་རེད། ཐ་ན་ཕ་མ་དང་ཕྲུ་གུ་ཚོའང་གྲྭ་བ་བྱེད་རྒྱུར་དགའ་བོ་མེད་པ་ཆགས་འགྲོ་གི་འདུག གྲྭ་བ་ཟེར་དུས་ང་རྒྱལ་ཞེ་སྡང་ཆེན་པོ། བརྒྱག་རེས་ཚ་བོ། ཚིག་རྩུབ་པོ། འཇིགས་བསྐུལ་གྱི་རྣམ་འགྱུར་ལྷུན་ཆགས་སུ་གྲུབ་པ། ངོ་ཚ་མེད་མཁན་གླང་སྤྱོད་ཅན་ཞིག་ཡིན་པའི་བགས་ཆགས་བཞག་ཡོད་པ་རེད། ཐ་ན་སློབ་ཆུང་གི་སློབ་མ་ཚོའི་ཀུན་སྤྱོད་ལས་ཞན་པ་གྲོགས་ཚོགས་ནང་གི་སྤྱང་རྒན་དམར་པོ་དེ་ཚོ་ལམ་སང་མིག་ལ་ཤར་ཡོང་གི་ཡོད་པ་རེད། ཁོ་ཚོར་ཁ་བདེ་བོ་ཙམ་ལས་སློབ་སྦྱོང་སྣ་གཅིག་ཡོད་པ་མ་རེད།
    དོན་གྱིས་མི་མང་གིས་མཐོང་བཞིན་པ་འདི་ཚོ་གྲྭ་བ་མ་རེད། གྲོས་ཚོགས་ནང་གི་སྤྱང་རྒན་དམར་པོ་དེ་ཚོའི་ནང་དམིགས་ཡུལ་སྣ་ཚོགས་ཡོད་པ་རེད། བོད་པ་ནང་ཁུལ་མ་མཐུན་བཟོ་འདོད་པ་དང་། ཆོལ་ཁ་དང་ཆོས་རྒྱུད་ལ་ཤ་ཞེན་ཡོད་ཁུལ་བསྟན་ནས་འོས་ཤོག་ཐོབ་ཐབས་བྱེད་པ་དང་། གཅིག་བྱས་ན་རྒྱ་མིའི་ལས་བྱེད་པ་དེ་འདྲ་ཆོས་རྒྱུད་སྤྱི་འཐུས་ཀྱི་མིང་གི་ཐོག་ནས་གྲྭ་ཆོས་གྱོན་སྟེ་གྲོས་ཚོགས་ནང་ཞུགས་མི་སྲིད་པ་མ་རེད། བོད་ནང་རྒྱ་མིའི་དམག་མི་ཚོས་གྲྭ་ཆོས་གྱོན་ནས་གང་བྱུང་བྱེད་ཀྱི་ཡོད་པ་ཤེས་གསལ་རེད།
    དོན་དངོས་ཀྱི་བླ་མ་དགེ་བཤེས་ཚད་ལྡན་དད་པའི་ཡུལ་དུ་འོས་པ་རྣམས་དགོན་པ་སོགས་སུ་མངོན་མེད་དུ་ཆོས་བྱེད་བཞིན་ཡོད་པ་རེད། ཁོ་བོ་ཡང་གྲྭ་བ་ཟེར་དུ་ཐ་ན་རྣམ་འགྱུར་འཇམ་པོ་ཙམ་ཡང་སྟོན་མི་ཤེས་པའི་སྐྱུགས་བྲོ་བོ་གྲོས་ཚོགས་ནང་གི་སྤྱང་རྒན་དེ་ཚོ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་མོད། ཐེངས་གཅིག་གུང་གསེང་དང་སྟབས་བསྟུན་དགོན་པའི་ནང་ཕ་ཡུལ་གཅིག་པ་ཁ་ཤས་སར་བསྡད་པ་ཡིན། སྐབས་དེར་བླ་མ་དང་དགེ་བཤེས་དཔེ་ཡག་པོ་དེ་འདྲ་མཇལ་སོང་། སྐབས་དེར་རང་གི་དུས་རྒྱུན་གྲྭ་བར་ལྟ་སྟངས་ངན་པ་དེ་ཡང་དག་པ་མ་ཡིན་པ་ར་འཕྲོད་དང་གྲྭ་བ་ཡག་པོ་དེ་ཚོ་མཐོང་དུས་རང་ཉིད་ཁ་སྐྱེངས་པོ་བྱུང་། འོན་ཀྱང་སྤྱི་ཚོགས་ནང་གི་གྲྭ་སྨྱོན་དེ་ཚོ་དམིགས་བསལ་རེད། ཁོ་ཚོས་གྲྭ་ཆས་ལ་བསྟེན་ནས་ཐོབ་ཐང་ཞིག་ལེན་འདོད་པ་དེ་རེད། དཔེར་ན་གྲོགས་ཚོས་ནང་གི་དེ་ཚོ་རེད། དེ་ཚོ་གྲྭ་བ་མ་རེད། གྲྭ་ཆས་བེད་སྤྱོད་གཏོང་མཁན་རེད། ཁོ་ཚོའི་བྱེད་སྤྱོད་ངན་པས་བོད་ཀྱི་བླ་སྤྲུལ་དང་དགེ་འདུན་པ་རྣམས་ཀྱི་མཚན་མཐོང་བརླག་འགྲོ་གི་འདུག
    སྔོན་མ་གྲྭ་ཆས་གྱོན་མཁན་པ་ཁོག་པར་རྒྱ་འདྲེ་ཞུགས་མཁན་ཁ་ཤས་ཀྱིས་རྡ་སར་དགེ་བཤེས་གསུམ་དམར་བསོད་བཏང་བའི་ཞེད་སྣང་དང་བགས་ངན་པ་ཡོད་ཡོད་པའི་སྒང་ལ། འདས་ལོར་ཆོས་རྒྱུད་སྤྱི་འཐུས་ཀྱི་མིང་ཁྱེར་མཁན་གྱི་གྲྭ་བ་དེ་གྲོས་ཚོགས་གནས་སྐབས་རིང་གཏོར་ཐབས་བྱས་པར་བསྟེན། བོད་པའི་སྤྱི་ཚོགས་གྲྭ་བར་རྦད་དུ་ཞེན་པ་ལོག་པ་རེད། ཉེས་དམིགས་ལ་མ་འཛེམས་པར་གྲྭ་བའི་སྤྱི་ཚོགས་ཡོངས་ལ་རྒྱུགས་པ་ལེབ་བརྡུང་གིས་ཁ་གཏད་དང་ཁ་བརྡུང་བཏང་བ་རེད།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཨ་ལ་ཨ་ལ་བྲིས་ནས་དཱ་ལུང་རིགས་རྒྱལ་ལ་གླག་ཁེལ་ས་མ་རེད། དེ་རིང་འདི་མ་གཞི་ནས་ནང་ཆོས་ཀྱི་རིག་ལམ་བེད་སྤྱོད་བཏང་ནས་བྲིས་པ་འདྲ་བོ་ཞིག་རེད། འོན་ཀྱང་མི་ནག་ཚང་གིས་བསྡུས་གྲྭའི་རིག་པ་སྦྱང་ཡོད་མེད་མི་ཤེས་ཀྱང་དེ་འདྲ་ཞིག་ཆགས་འདུག ཀློག་ན་ངོ་མ་འདོད་ནི་ཟིག་རེད

    གནད་དོན་ཞིག་ལ། ད་ལྟ་བོད་ལ་དགའ་ལྡན་བའི་མིང་ཅན་གསུམ་དུས་གཅིག་ཏུ་ཡོད་པ་འདིའི་སྟེང་བསམ་འཆར་འབྲི་རྒྱུ་མ་བརྗེད། མི་ནག་ཚང་ལགས།

    Reply
  26. གསེར་སྦྲང་། says:
    ལོ་ 15 སྔོན།

    ཁ་ཉེས་བོས་དང་ནས་ཟེར་ནས། གྲྭ་སའི་བླ་རྒན་ཚོ་གཅིག་ཤོར་གཉིས་ཤོར་བྱས་ཐོན་དང་ན་དཀའ་ཞི་ལི། པདྨ་འབུམ་གི་རྫ་འགྱོ་ནོ་ཡིན་ཡ།

    Reply
  27. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ད་ལོ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གེགས་ཆགས་འོག་བོད་མའི་ཁྲི་གཅིག་ལྷག་ཙམ་འདས་གྲོང་དུ་ཕྱིན་པ་ནི་ང་ཚོས་ངོ་ནས་ཧ་ཅང་གི་བློ་ཕམ་ངང་ཐུགས་གསོའི་སེམས་གསོ་ཞུ་བཞིན་ཡོད་ཀྱང་།
    རྒྱ་ནག་གི་མི་འབོར་གྱི་ཆ་ནས་ཁྲི་གཅིག་ཙམ་གྲངས་ཉུང་ཉུང་ཞིག་དང་ལྷག་དོན་བོད་མི་རིགས་རྩ་མེད་བཟོ་བའི་ལས་འགུལ་རབ་དང་རིམ་སྤེལ་བའི་རྒྱུད་རིམ། ཆ་ལྡན་བུ་བཙའི་སྲིད་འཇུས་སོགས་ཕྱོགས་གང་ནས་བསམ་ཀྱང་ད་རེས་ཀྱི་རྐྱེན་ངན་བྱུང་བར་དམར་གཞུང་དབུ་འཁྲིད་ཚོས་ཕྱི་ཚུལ་ལ་དུང་སེམས་ཀྱི་རྣམ་པ་ཞིག་བསྟན་ཀྱང་བཞེད་ཕུགས་ནས་དགའ་ལྷང་ལྷང་གི་སེམས་འཚོར་ཞིག་ཡོད་པ་དངོས་ཡོད་ཡིན།
    ང་ཚོ་རང་ས་རང་དུ་གྲངས་ཉུང་མི་རིགས་ཞིག་ཏུ་འགྱུར་ཚུལ་ལ་བསམ་ན་ཤིན་ཏུ་བློ་ཕམ་ཞིག་དང་ཧ་ཅང་ཉེ་ཁ་ཆེ་བཞིན་འཇིགས་སྐྲགས་ཀྱི་གནས་ཚུལ་ཞིག་ཀྱང་ཡིན།
    བསམ་བློ་ཞིབ་མོར་བཏང་ན་ང་ཚོས་རྒྱ་དམར་གཞུང་གི་ཚོས་སྲིད་འཇུས་སམ་ལམ་ལུགས་སོགས་ལ་ངོ་རྒོལ་བྱ་བཞིན་ཡོད་ཀྱང་ཁོ་པ་ཚོས་བཞེད་འདོད་ཡོངས་རྫོགས་ང་ཚོས་མངོན་མེད་ངང་སྒྲུབ་དང་སྒྲུབ་བཞིན་ཡོད།
    2008ལོ་ནས་བཟུང་བཙན་བྱོལ་གྱི་སློབ་གྲྭ་ཁག་དང་དགོན་སྡེ་གྲྭ་ཚང་ཁག་ནང་སློབ་ཕྲུག་དང་གྲྭ་བ་གསར་བཞུགས་བྱེད་མཁན་ཧ་ཅང་གི་གྲངས་ཉུང་ཉུང་ཆགས་ཡོད་པ་ཡིན། སློབ་གྲྭ་དང་དགོན་སྡེ་ཁག་སྟོང་བ་ཡིན་ན་ང་ཚོའི་ཆོས་དང་རིག་གཞུང་རྗེས་འཛིན་དང་བོད་ཀྱི་རྩ་དོན་གང་འདྲ་རྩོད་དམ། ང་ཚོས་མིག་གི་མཐོང་ཆོས་སུ་གྱུར་བའི་ཧི་མ་ལ་ཡའི་ཁུལ་གྱི་བོད་གཞུང་གི་གཏན་ཉིན་སློབ་གྲྭ་ཁག་ནང་ད་ལྟ་ནས་བོད་ཕྲུག་བརྒྱ་ཆ་ལྔ་བཅུ་ལས་ཟིན་གྱི་མེད་དེ་ལས་མང་ནི་ཡུལ་མའི་བུ་ཕྲུག་ཡིན་དེ་ནི་ཉེན་ཁ་ཞིག་ཏུ་མཐོང་ལའང་ཧ་ཅང་དངངས་སྐྲགས་བསྐྱེད་དགོས་པའི་རྫ་དྲགས་ཀྱི་གནས་ཚུལ་ཞིག་ཀྱང་ཡིན། ཚོགས་པར་ཚོགས་མི་དགོས། སློབ་གྲྭར་སློབ་ཕྲུག་དགོས། དགོན་པར་གྲྭ་བ་དགོས། རྒྱལ་ཁབ་ལ་སྤྱི་འབངས་དགོས། འོན་ཀྱང་ད་ཆ་ཚང་མ་བཀག་འདུག
    དེ་ཡི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ་བཞེད་ན་བོད་ནང་རྒྱ་དམར་གྱི་བཙན་དབང་གིས་ཆ་ལྡན་བུ་བཙའི་སྲིད་འཇུས་ལག་བྱས་ཏེ་ཁྱིམ་ཚང་རེ་ཕྲུག་གུ་གཉིས་རེ་ལས་སྐྱེས་མི་ཆོག་པ་སྐྱེ་སྒོ་བཙན་གྱིས་འགོག་པ་དང༌གཅིག བོད་མི་གང་བྱུང་དུ་འཛིན་བཟུང་དང་ལྐོག་གསོད་གཏོང་བ་དང་གཉིས། དེ་བཞིན་བཙན་བྱོལ་ནང་དུ་ཡང་ཕ་མ་རྣམས་ནས་ཕྲུག་གུ་གཉིས་ལས་ལྷག་པ་བསྐྱེད་འདོད་མི་བྱེད་ཅིང་སྦྲུམ་འགོག་སྨན་བཟའ་བ་དང་གསུམ། རྒྱུ་རྐྱེན་དེ་དག་ལ་རྟེན་ནས་བོད་མི་རིགས་གྲངས་ཉུང་དུ་གྱུར་བའམ་བོད་པ་རང་ཉིད་ནས་གྲངས་ཉུང་མི་རིགས་ཞིག་ཏུ་བཟོ་དང་བཟོ་བཞིན་པ་ཞིག་ཡིན་པས་གཞུང་མང་ཚང་མས་དེའི་འཐད་རྫ་དྲག་གི་ལས་འགུལ་ཞིག་སྤེལ་དགོས་པ་ཁ་ཚ་དགོས་གཏུགས་ཞིག་ཏུ་མཐོང༌། དེའི་ཕྱིར་གངས་ཅན་བཞེད་ཕུགས་ལ་ཡོད་པའི་ཨ་མ་ཞིག་ཡིན་ན་སྦྲུམ་འགོག་གི་གསོལ་སྨན་མ་མཆོད་རོགས། དེ་ནི་བོད་དོན་ངོ་མ་ཡིན།

    དེ་ཡི་མཐད་བུད་མེད་རྩོམ་པ་པོ་རྣམས་དང་བོད་ཀྱི་བུད་མེད་ཚོགས་པ་སོགས་ཀྱི་འགན་ཞིག་བཞེས་ན་ཕན་དོགས་དང་ནུས་པ་མི་འདྲ་ཞིག་ཡོངས་ངེས་སྙམས། དེ་སྔོན་བརྗོད་གཞི་གཞན་ཞིག་གི་སྟེང་དུ་བཀོད་པ་ཡིན་ལགས་ད་རེས་འདིར་བརྗོད་གཞིག་དང་མཚམས་པོ་ཞིག་མཐོང་བསྐྱར་བཀོད་བྱས་ཡིན།
    དེ་ནི་བླ་རྒན་ཞིག་གི་རེ་བའང་ཡིན།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་གྲྭ་པ་ཡག་པོ་ཞིག་གི་བཞི་བྱུང་ན་འགྲིག་པ་འདུག་ཞེས་གསུངས་ཚ་པོ་ཚ་པོ་གོ་མྱོང་ཡོད་ད། གྲྭ་པ་མང་དགོས་པ་མ་རེད། སྤས་དག་པོ་དགོས་གསུངས་གནང་ཡོད་རེད།

    གྲྭ་པ་མང་ན་སངས་རྒྱས་བསྟན་པ་དར་པ་རེད་བསམ་མཁན་ཚོའི་ནང་ཆོས་ཀྱི་གོ་བ་མ་ལེན་པས་སྐྱོན་རེད།

    Reply
  29. བློ་བཟང་ཆོས་འཕེལ། says:
    ལོ་ 15 སྔོན།

    བོད་སྨན་ལྟར་ན། རྨི་ལམ་ལ། མཐོང་ཐོས་མྱོང་དང་གསོལ་བ་བཏབ་པ་དང་།།
    གྲུབ་པ་ནད་ལས་བྱུང་བ་བཅས་རྣམ་པ་དྲུག་ཡོད་པ་ལས་ཁྱེད་ཀྱི་རྨི་ལམ་དེ་དགའ་ལྡན་དང་པོའི་ཤུལ་གྱི་མྱོང་བ་ལ་བརྟེན་ནས་བྱུང་བ་ཞིག་རེད།
    ད་དུང་རྨི་ལམ་དེ་མངོན་འགྱུར་འོང་མིན་ལ་དུས་ཀྱི་ཁྱད་པར་ཡོད་དེ།
    མཚན་སྟོད་རྨི་ལམ་བརྗེད་ངེས་འབྲས་བུ་མེད།།
    ཐོ་རེངས་མཐོང་དང་གསལ་ན་འབྲས་བུ་འབྱིན།། ཞེས་གསུངས་པས་ཕལ་ཆེར་ཁྱེད་ཀྱིས་རྨི་ལམ་དེ་མ་བརྗེད་པར་ཡིག་ཐོག་ཏུ་བཀོད་འདུག་པས་ཉེན་ཁ་ཆེན་པོ་རེད། ད་དུང་རྨི་ལམ་སྐོར་གྱི་ཤེས་ཡོན་ལ་སྦྱོང་འདོད་ཡོད་ན།
    http://www.gorig.net ཞེས་པར་ཕེབས་དང་སྨན་པ་ཉི་ཟླས་སྟབས་བདེ་ཞིག་ངོ་སྤྲོད་གནང་འདུག སྤྱིར་རྨི་ལམ་འབྱུང་རྐྱེན་དང་སྐབས་དེའི་ལུས་སེམས་ཀྱི་གནས་སྟངས་སོགས་ཤེས་ན་རྨི་ལམ་ནི་ཤེས་བྱ་རྩ་ཆེན་ཞིག་ཡིན་པ་མ་ཟད། རྨི་ལམ་ལས་བདེ་བ་རྩ་ཆེན་པོ་དེ་འདྲ་ཐོབ་ཐུབ་ཀྱི་ཡོད།

    Reply
  30. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    འདི་རྨི་ལམ་མ་རེད་མངོན་སུམ་རེད། མངོན་སུམ་ག་ལེར་གྲུབ་གི་རེད། ངས་ཀྱང་འདི་ལྟར་དྲན་གིན་ཡོད་ཀྱང་བཤད་ན་ཉེ་སྐོར་འདི་དག་ཤོར་ཡོང་ནས་ངའི་མགོ་འདི་ཐང་པོ་འཇོག་རྒྱུ་མ་རེད། ད་ཅི་དྲག

    Reply
  31. འཇམ་གྲགས says:
    ལོ་ 15 སྔོན།

    གསར་འགོད་པའི་རྨི་ལམ་དེ་རྨི་ལམ་མ་རེད། ལུང་བསྟན་རེད། ད་ཆ་བོད་ནས་གསར་འབྱོར་བའི་གྲྭ་རྒྱུན་ཕར་ཆེར་རྒྱུན་ཆད་ཟིན། བཙན་བྱོལ་དུ་སྐྱེས་
    པའི་བོད་ཕྲུག་ཚོ་ནི་གྲྭ་པ་བྱེད་འདོད་གཏན་ནས་མེད། བྱེས་ཀྱི་གདན་ས་དང་། བཤད་གྲྭ་ཁག་ནས་འབྲུག་དང་བལ་ཡུལ་སོགས་ཧི་མ་ལ་ཡའི་རི་རྒྱུད་ནས་གྲྭ་པ་དང་ཕྲུ་གུ་བཙལ་བཞིན་ཡོད། དེ་ཚོ་ཕལ་ཆེ་བ་ནི་གྲངས་ཀ་རྩི་བྱེད་ཙམ་ཡིན། ཆོས་རྒྱུད་སྤྱི་མཐུས་མི་དགོས་ཟེར་མཁན་ཚོས་ཤུགས་རྒྱབ་དགོས་མི་འདུག ཁྱོད་ཚོའི་དགོས་འདུན་རང་བཞིན་གྱིས་འགྲུབ་རྒྱུའི་སྔ་ལྟས་ཤར་ཟིན།

    Reply
  32. རི་བོང། says:
    ལོ་ 15 སྔོན།

    རྨི་ལམ་ལྟས་ངན་ཟེར་བ་བཏང་འདུག དེ་མངོན་གྱུར་ཡོང་བར་སྒུགས་སྡོད་ཨ།

    Reply
  33. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    རེད་ཡ། དེ་ལོས་ཡིན། མང་ཉུང་ཙམ་ཞིག་མིན་པར”སེར་མོ་བའི་རྟགས་ཙམ་འཛིན་པ”ཡི་སྐལ་བ་ལ་ཐག་ཇེ་ཉེ་ལས་ཇེ་རིང་ཡོད་པ་མ་རེད། འོན་ཀྱང་གནད་དོན་ནི་ད་ལྟའི་བོད་ཀྱི་བདེན་མཐའ་གསལ་ཐབས་ལ་བོད་མི་ནང་གི་མཐུན་སྒྲིལ་གྱི་ནུས་པ་དགོས་པས། ཞན་ཆ་དང་སྐྱོན་ཆའི་སྐོར་ལེགས་བཅོས་ཐུབ་རྒྱུ་གལ་ཆེ་བ་ལས། དྲག་གི་སྒུག་བསྡད་ན་ཁོང་ཚོ་སྟོངས་འགྲོ་རེད་ཟེར་ནས་འདུག་ག་ལ་ཉན། དེ་ལྟར་ན་བོད་མི་རིགས་ཀྱང་འཇིག་ཉེན་ཤིན་ཏུ་ཆེའོ།།

    Reply
  34. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སངས་རྒྱས་ཀྱི་བསྟན་པ་དགེ་འདུན་ལ་རག་ལས་པ་གསུངས་ཡོད་པས། ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པ་བཟོ་བ་ནི་བསྟནན་པ་བཤིག་པའི་བྱ་ངན་ལ་འགྱུར་མི་སྲིད་པ་མ་རེད།

    Reply
  35. འདྲེ་ཁེར་འདུག says:
    ལོ་ 15 སྔོན།

    ཁྱོད་ཀྱི་རྨི་ལམ་དེ་སྤྲུལ་སྐུ་ག་གེ་མོ་ཞིག་གི་ལུང་བསྟན་ལྟར་དུས་ཐོག་གི་ཆར་བ་ཞིག་ཏུ་འགྱུར་ངེས་རེད། ནམ་གསལ་ལ་ཉེ་བའི་དུས་ཀྱི་རྨི་ལམ་ནི་མངོན་དུ་གྱུར་ངེས་རེད་ཟེར། ངོ་མ་དེ་འདྲ་ཡིན་ངེས་རེད།

    Reply
  36. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    དེང་སྐབས་ངའི་ཕ་ཡུལ་གྱི་དགོན་པ་ཆུང་ཆུང་འགའ་རེ་གྲྭ་པ་རྒན་པ་དག་གྲོངས་པ་དང་སྐྱ་བབས་པ། ཡུལ་གཞན་དུ་བྱོལ་བ་སོགས་ཀྱི་དབང་གིས་གྲྭ་པ་གཅིག་ཀྱང་སྡོད་མཁན་མེད་པར་སྒོ་བརྒྱབ་འདུག་ཟེར། སྐད་ཆ་འདི་གོ་དུས་ངའི་མིག་ལམ་དུ་ཆུ་ངོགས་གཏམ་རྒྱུད་ནང་གི་ལུའུ་ཀྲི་ཧྲིན་དགོན་པ་ཆེན་པོ་ཞིག་སྟོང་ཤུལ་དུ་བསླེབས་དུས་ཀྱི་ཡུལ་ལྗོངས་ཀྱི་བཀོད་པ་ཞིབ་འབྲི་དེ་ཤར་སོང་། ད་ལྟ་རྒྱ་གར་དང་བལ་ཡུལ་དུ་གསར་རྒྱག་བྱེད་བཞིན་པའི་བོད་པའི་བླ་མའི་དགོན་པ་དེ་དག་གི་བརྒྱ་ཆའི་གོ་དགུས་བལ་ཡུལ་དང་ལ་དྭགས་ཀྱི་བྱིས་པ་ཚོ་ཁྲིད་ཡོང་ནས་དགོན་པའི་ཚུགས་ཀ་རེ་འཛིན་བཞིན་འདུག སངས་རྒྱས་ཀྱི་བསྟན་པ་འཇིག་གིན་ཡོད་མིན་མི་ཤེས་ཏེ་གྲྭ་པའི་བསྟན་པ་འདི་ངོ་མ་ཉེན་ཁ་ཆེན་པོ་ཞིག་དང་ཕྲད་འདུག་པ་ནི་དངོས་ཡོད་གནས་ཚུལ་རེད། དེ་བས་ཁྱོད་ཀྱི་རྨི་ལམ་འདི་ཡང་དངངས་ལོག་རྒྱག་པའི་རྨི་ལམ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese