མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མངའ་རིས་ཚོགས་པའི་བཀའ་སྤྱིའི་འོས་མི་ཕྱིར་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

མངའ་རིས་སྤྱི་མཐུན་ཚོགས་པས་མི་མང་གིས་ཐད་ཀར་འདེམས་རྒྱུའི་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་ལྔ་དང་། སྐབས་བཅོ་ལྔ་བའི་དབུས་གཙང་ཆོལ་ཁའི་འོས་མི་ཉེར་བརྒྱད་ཀྱི་མཚན་གཞུང་ཕྱིར་བསྒྲགས་གནང་ཡོད།

ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་  ༡༠ དང་ཕྱེད་ཀའི་སྟེང་ངྷ་ས་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལས་ཁང་གི་ཚོགས་ཁང་དུ། མངའ་རིས་སྤྱི་མཐུན་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་ལྔ་དང་། སྐབས་ ༡༥ བའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ ༢༨ ཀྱི་མཚན་གཞུང་ཕྱིར་བསྒྲགས་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ལས་ཐོག་དང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། ཐེངས་འདིའི་མངའ་རིས་སྤྱི་མཐུན་ཚོགས་པའི་བཀའ་ཁྲིའི་འོས་མིག་ས་བོན་དང་སྤྱི་འཐུས་འོས་མིག་གི་ས་བོན་དེ་དག་ཉེ་ཆར་འཚོགས་ཟིན་པའི་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་སྐབས་གྲོས་གཞི་དོན་ཚན་བཅུའི་ཐོག་བགྲོ་གླེང་གོ་བསྡུར་གནང་སྟེ། མཐའ་མའི་གྲོས་ཆོད་ཁག་ ༥༤ ནང་མངའ་རིས་སྒྲིག་གཞི་དང་ས་ཁང་སྒྲིག་གཞི་བཅས་ཚོགས་ཆེན་དུ་གཏན་འབེབས་གནང་བར་མ་ཟད། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་ས་གཉིས་དང་དབུས་རྒྱུན་ཟུར་པ་བཅས་ཀྱིས་ཚོགས་ཆེན་ཐོག་གྲངས་བཤེར་གྱིས་གྲངས་ཀ་རྩེ་ཏོག་བྱས་ཏེ། བཀའ་ཁྲིའི་འོས་མིག་ས་བོན་ལྔ་ནི་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། མཁས་དབང་བློ་བཟང་སེང་གེ  སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་ཡིན་ཞེས་གསུངས་བྱུང་།

མངའ་རིས་སྤྱི་མཐུན་ཚོགས་པའི་སྐབས་ ༡༥ པའི་དབུས་གཙང་སྤྱི་འཐུས་འོས་མིག་ ༢༨ ནི། སྤྱི་འཐུས་དང་མངའ་རིས་ཚོགས་གཙོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་དང་མངའ་རིས་དབུས་རྒྱུན་བསོད་ནམས་བཟང་པོ། སྤྱི་འཐུས་ལས་ཐོག་པདྨ་འབྱུང་གནས། དབུས་རྒྱུན་ཟུར་པ་རིན་ཆེན་ཚེ་རིང། མངའ་རིས་དབུས་རྒྱུན་བསོད་ནམས་སྟོབས་རྒྱལ། སྤྱི་ཟུར་དང་མངའ་རིས་དབུས་རྒྱུན་སྨན་པ་ཐོག་མེད། མངའ་རིས་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན། གཞུང་ཞབས་ཟུར་པ་འཇིགས་མེད་འབྱུང་གནས། སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས། སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ། སྤྱི་འཐུས་ལས་ཐོག་ཟླ་བ་ཕུན་སྐྱིད། གཞུང་ཞབས་པ་ཉི་མ་བསམ་མཁར། བུད་མེད་ཚོགས་གཞོན་བསམ་གཏན་ཆོས་སྒྲོན། སྤྱི་འཐུས་ལས་ཐོག་ཚེ་བརྟན་ནོར་བུ། ས་གནས་འགོ་འཛིན་ཟུར་པ་ལེགས་བཤད་རྒྱལ་མཚན། ས་འཐུས་ཚོགས་ཟུར་ཚེ་དབང་བསོད་ནམས། མངའ་རིས་དབུས་རྒྱུན་ཁམས་གསུམ་དབང་འདུས། སྤྱི་འཐུས་ལས་ཐོག་ཟླ་བ་ཚེ་རིང། སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང། སྤྱི་ཟུར་ཨོ་རྒྱན་བསྟན་འཛིན། བུད་མེད་དབུས་རྒྱུན་བསྟན་འཛིན་སྒྲོལ་མ། བོད་ཁྱིམ་སློབ་དགེ་བསོད་ནམས་ཚེ་རིང། བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྒྲོལ་དཀར། ཆབ་སྲིད་བཙོན་ཟུར་དགའ་ལྡན་བག་གྲོ། དབུས་རྒྱུན་ཟུར་པ་རྟ་མགྲིན་ཆོས་དར། དབུས་རྒྱུན་ཟུར་པ་འཇིགས་མེད་བཀྲ་ཤིས། ས་གནས་འགོ་འཛིན་ཟུར་པ་གཡང་དྲུང་འཆི་མེད་བཅས་ཀྱི་མཚན་གཞུང་ཕྱིར་བསྒྲགས་གནང་སོང།

ཚོགས་གཙོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཐེངས་འདིའི་འོས་མི་དེ་དག་ནི། ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་མི་མང་ལ་ངེས་པར་དུ་འདེམས་དགོས་པའི་འབོད་སྐུལ་གནང་བ་མ་ཡིན་པར་། མ་འོངས་པའི་འོས་འདེམས་ལ་ས་བོན་གྱི་ཚུལ་དུ་མཚན་གཞུང་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་ཞེས་གསུངས་བྱུང་བར་མ་ཟད། འདེམས་ཐོན་བྱུང་བའི་འོས་མིག་ཁྲོད་ལེགས་འདེམས་ཇི་ལྟར་བྱ་མིན་མི་མང་ལ་རག་ལས་ཡོད་པའི་སྐོར་གསུངས་ཡོད་ལ།མ་འོངས་པར་མངའ་རིས་སྤྱི་མཐུན་ཚོགས་པས་ཐེངས་འདིའི་འོས་མིག་ས་བོན་དེ་དག་ས་གནས་ཡན་ལག་ ༢༤ ལ་སྤྲགས་ཐོག་དང་ཡིག་ཐོག་ནས་གསལ་བསྒྲགས་གནང་འཆར་ཡོད་ཅེས་གསུངས་བྱུང་།

གསར་འགོད་པ་ཨ་རིག་འགྱུར་མེད་དང་དོན་གོ།

མཆན། 19

  1. སེང་ཆུང་། says:
    ལོ་ 13 སྔོན།

    མངའ་རིས་པ་འགས།
    ཞེད་སྣང་དང་ལྟོག་སྐུམ་ལྕི་མོ་ཞིག་དང་ལྷན་དུ། ཕུགས་བསམ་དང་རེ་བ་ཆེན་པོ་ཞིག་ཕྱེར་ནས་ལ་ལུང་མང་པོ་ཞིག་ཉིན་དང་མཚན་བརྒྱུད་ུནས་བརྒལ་ཏེ། རང་གི་ཕ་མ་དང་ལེ་དབར་ཀྱི་བར་ཐག་ཆེས་རིང་ས་ཞིག་ལ་བསླེབས་སྡད་པའི་སྤུན་ཟླ་མང་པོ་ཞིག
    རང་གི་དམིགས་ཡུལ་དེའང་འགྲུབ་ལ་ཉེ་བའི་ས་མཚམས་དེ་ནས་གཡང་ཟར་ལ་གཡུགས་པ་དེ་ཉུང་ཉུང་ཞིག་མ་ཡིན།

    འོན་ཀྱང་འདིར་བཞུགས་མངའ་རིས་པ་ཚོས་འདི་ལྟར་བོད་སྤྱི་ལ་ཐུགས་བསམ་བཞེས་པར་ཐུགས་རྗེ་ཆེ།

    Reply
  2. kalsang says:
    ལོ་ 13 སྔོན།

    དཀོན་མཆོག་གི་མཁྱེན།་་་་་་ད་ཡིན་ན་གཟིགས་དང་་་་་་་་་་མངའ་རིས་སྤྱི་མཐུས་ཀྱིའོས་མི་ལ།
    ལས་འབྲས་སྒོ་མཇུག་ལོག་་་་་་་་་་སྡིག་ཆེན་བྲལ་མགོར་མཁོད་
    ཞེས་པའི་དཔེ་ལྟར་་་་་་་་་་་་སྔར་ནས་ད་བར་ཁོང་ཚོས་གཞེས་ལུས་བོད་མིའི་ལས་དབང་ཆེད་དུ་ཉིན་གཅིག་གི་ལས་ཀ་བྱེད་མྱོང་མེད་པར་ འདིར་ཁོང་ཚོས་
    བྱས་རྗེས་མེད་ནའི་བྱས་རྗེས་ཡོད་འདོག་འདོག
    ལྷག་བསམ་མེད་ནའི་ལྷག་བསམ་ཡོད་འདོག་འདོག
    ངོ་ཚ་རྒྱ་མེད་པ་འདི་རྒྱས།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 13 སྔོན།

    དབྱངས་བུའི་སྐད་ཆ་འདི་ང་ལ་གསར་བ་ཞིག་རེད། དབུས་གཙང་ཆོལ་ཁའི་རྒྱུན་ལས་ཟེར་བའི་ནང་དུ་མངའ་རིས་པ་མེད་པ་རེད་དམ། ཡོད་ན་འདི་ལྟར་ཁག་གཉིས་ནས་འོས་གཞི་འདོན་དགོས་དོན་ཅི་ཡིན་ནམ། མདོ་སྟོད་ལའང་གཉིས། ཆོལ་ཁོངས་དབྱེ་འབྱེད་ཀྱི་འཐུས་མི་དེ་ཡང་རྙོག་ཁྲ་ཞིག་ཏུ་འགྱུར་རྒྱུ་ཡིན་ས་རེད། ཆོལ་ཁོངས་ཀྱི་འཐུས་མི་དེ་བོད་ཡོངས་ཀྱི་འཐུས་མིར་བསྒྱུར་ན་མི་ལེགས་སམ།

    Reply
  4. ན་གཞོན། says:
    ལོ་ 13 སྔོན།

    དུས་བབ་གསར་འགོད་ལགས་ཐུགས་རྗེ་ཆེ་གནང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  5. ན་གཞོན། says:
    ལོ་ 13 སྔོན།

    ངས་བསམ་ཚུལ་འམ་རེ་འདུན་ཡིན་པས་དུས་བབ་གསར་འགོད་ལགས་འདོན་སྤེལ་ཡོངས་བ་ཞུས་་་་་་་་་་་་་་་་་་་་་་་་་་ང་ཚོས་རྡ་རམ་ས་ལ་ནང་ལ་མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་མི་སུ་དང་སུ་ཡིན་མིན་དེ་ཁ་གསལ་པོ་གྲ་པར་དང་བཅས་པ་གཏོན་འདུག་ཀྱང་དེ་ས་གནས་འམ་གཞིས་ཆགས་ཁག་ལ་འདོན་སྤེལ་བྱས་ཡོད་ས་མ་་་་་་་་་་་་་་་་དེ་འདྲ་ཡིན་དུས་ས་གནས་ཁག་གི་མི་མང་མང་པོ་ཞིག་གི་རྒྱ་ཡོངས་དམངས་གཙོ་ཚོགས་འདོན་སྤེལ་བྱས་པའི་བཀའ་སྤྱི་འོས་མི་སུ་ཡིན་མིན་ཧ་གོ་གི་འདུག་་་་་་་་་་་་་་་་་་་་་་་་་་་་་་་དེ་ལ་ཐུགས་གནང་ཡོངས་བ་འཁྱེན་འཁྱེན་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  6. རྨེ་རུ། says:
    ལོ་ 13 སྔོན།

    ད་ནི་དུས་རབས་ཉེར་གཅིག་ལ་བསླེབས་ཟིན་པའི་ཚོང་པ་དང་ཁ་སྟོང་ཁོ་ན་
    ཤོད་མཁན་དག་གི་དབུས་གཙང་གི་སྤྱི་མཐུས་ཡོང་ཐབས་བྲལ་བས།

    ཞེན་ཆགས་སྐམ་པོ་ཞིག་ལ་འཐམ་འཁྱུད་མི་བྱེད་པར་ཟུར་གནས་ཀྱི་གཞོན་
    སྐྱེས་ཚོར་གོ་སྐབས་ཕུལ་ན་བཟང་།

    ལས་ཐོག་རྣམས་ནི་རྒན་ཡོལ་ལ་གཏོང་རྒྱུ་རེད་མ་གཏོགས་སླར་ཡང་སྤྱི་མཐུས་ལ་བླུགས་ན་ནུས་མེད་རེད་སྙམ།

    Reply
  7. བོད་མིའི་ལས་དབང༌། says:
    ལོ་ 13 སྔོན།

    མངའ་རིས་སྤྱི་འཐུས་ཚོགས་པས་འོས་མི་འདྲ་པོ་འདྲ་པོ་དེ་འདྲ་བསྟོན་འདུག ཡེ་ཤེས་ཕུན་ཚོགས་ཁོ་རང་ཡང་ཨང་པོའི་གཞག་འདུག དེ་ནི་ཚོགས་པ་ཚང་མས་འདྲ་པོ་འདྲ་པོ་བྱས་ཏེ་ཚོགས་པ་དེའི་ཚོགས་གཙོ་ནི་འོས་གཞིའི་ཨང་དང་པོར་གཞག་ལུགས་སྲོལ་ཞིག་ཡིན་པ་འདྲ། ཡིན་ནའང། ད་དེ་འདྲ་པོ་ཡིན་ས་རེད། སྤྱི་འཐུས་ལ་མི་མགོ་བདེ་དྲན་འཕྲུལ་ཅན་མང་ཙམ་འདེབས་དགོས་ཟེར་བ་འདྲ་པོ་མཐོང་གི་འདུག ད་ཡིན་བྱེད་རྒྱུ་གང་ཡང་ཡོད་མ་རེད་སྤྱི་ཚོགས་ཀྱི་རང་གཤིས་དེ་ལྟར་ཡིན་དུས། འགྱུར་བ་གཏོང་རྒྱུ་ཁ་པོ་རེད། བཀའ་ཁྲི་འོས་མི་མུ་འགྱུར་རྡོ་རྗེ་འདྲ་པོ་བསྟོན་པ་དེ་ཆེས་ཧ་སང་སོང༌། མི་འགྱུར་རྡོ་རྗེ་ཟེར་བ་འདི་འགོ་ལ་དཔེ་ལེགས་བཤད་མཁན་དང་འོག་ལ་མར་ཐུབ་ཚོད་གཏོང་མཁན་ཞིག་ཡིན་པ་གཞུང་ཞབས་ཚང་མས་མཁྱེན་གསལ་རེད། སྔོན་མ་ཁོ་དབྱིན་ཡུལ་དང་བྷེལ་ཇམ་སོགས་སུ་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་གཉིས་ཙམ་ལ་བཏང་ནས་གང་ཡང་མ་འཇོན་པའི་སྐུ་ལྕག་སྒང་ལ་བསྡོད་ཐུབ་ཙམ་ཡིན་པའི་མི་འདྲ་ཞིག་གིས་བཀའ་ཁྲི་ཇི་ལྟར་ཐུབ་ཀྱི་རེད་དམ། ལྷག་པར་ཁོང་རང་བཟང་སྤྱོད་གང་ཡང་མེད་པའི་བཙན་བྱོལ་གཞུང་གི་དྲུང་ཆེའི་གོ་མིང་ཡོད་པའི་ནང་ནས་སྡུག་ཤོས་དེ་རེད།

    Reply
  8. བསྟན་འཛིན་འབྱུང་གནས། says:
    ལོ་ 13 སྔོན།

    ཐུགས་རྗེ་ཆེ།ད་ནས་མདོ་སྨད་པས་སྤྱི་མི་དཀྲུགས་གཤེར་ཅན་དང་སློབ་སྦྱོང་མེད་མཁན་རྣམས་མ་འདེམས་རོགས།

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    ཡང་མངའ་རིས་དར་མོ་ཆེ་བསླངས་ཚར་འདུག་ག རེད་རེད། ཕྱི་ལོ་ ༢༠༠༨ ལོར་མངའ་རིས་ཞི་བའི་གྱེན་ལངས་བྱས་ནས་བོད་ལ་བྱས་རྗེས་ཆེན་པོ་བཞག་པ་རེད། སྟོད་པའི་བུ་ཕྲུག་སྟོང་ཕྲག་མང་པོ་བོད་གཞུང་ནས་གསོ་སྐྱོང་བྱས་པ་རེད། དེ་དག་གི་ཕ་མ་རྣམས་བོད་ཞེན་གྱིས་རྒྱ་གཞུང་ལ་བསྟོད་པའི་གླུ་དབྱངས་རྐྱང་བླངས་ནས་བསྡད་འདུག་ག

    Reply
  10. གནམ་ལྕགས། says:
    ལོ་ 13 སྔོན།

    སྐབས་རྗེས་མའི་དབུས་གཙང་སྤྱི་འཐུས་མངའ་རིས་པའམ་སྟོད་པ་རྐྱང་རྐྱང་ལངས་ས་རེད། དེང་སང་བོད་གངས་ཅན་ལ་བྱས་རྗེས་བླ་ན་མེད་པ་འཇོག་མཁན་དབུས་པ་རེད། དེང་སང་དགྱ་མའི་བཙོན་དུ་སྡོད་མཁན་ཚང་མ་དབུས་པ་རེད། ཡིན་ནའང་ཁེ་བཟང་ལེན་མཁན་ཚང་མ་སྟོད་པ་རེད། ཧ་ཧ་ཧ། འདི་རྒྱུ་འབྲས་དྲང་སྙོམས་ཤིག་མ་རེད་ཡ།

    Reply
  11. འདན་མ says:
    ལོ་ 13 སྔོན།

    ཐུགས་རྗེ་ཆེ་དེ་ཚོ་ནོར་མེད་ཁུ་ཡ། ད་མདོ་སྟོད་མི་དམང་ལ་རེ་གཙོ་ཆེ་ཤོས་ནི། ད་ལྟའི་ལས་ཐོག་བོན་པོ་སྤྱི་མཐུས་སྐྱ་མིན་སེར་མིན་དམ་ཆོས་ཀྱི་དྲི་ཙམ་ཡང་མ་གོས་པ་དགེ་བཤེས་ཀྱི་མིང་འཛིན་སྡིག་བཤེས་ཁོ་པ་གཉིས་དུས་ནམ་ཡང་སྤྱི་མཐུས་ཀྱི་འོས་འཕེན་མ་གནང་།

    Reply
  12. བསྟན་འཛིན་འབྱུང་གནས། says:
    ལོ་ 13 སྔོན།

    སྤྱི་འཐུས་ཚོགས་པ་མིང་དོན་གཉིས་མཚུངས་རེད། མི་ག་ཚོད་མང་པའི་ཚོགས་ཆེན་དེས་རྟག་ཏུ་འདི་བུའི་འགན་ཆེ་ཙམ་ཁུར་དགོས།

    Reply
  13. འདྲེ་རིག་ལྡན། says:
    ལོ་ 13 སྔོན།

    ཨ་ལེ་་་་་ ཧ ཧ ཧ ཧ ད་ངོ་མ་ཡག་པོ་རེད། ཁ་སྔོན་དབུས་གཙང་རྒྱུན་ལས་ནས་གསལ་བསྒྲགས་གནང་བ་དེ་་་་་་་་་ ཡ ཡ ད་ངོ་མ་གསལ་པོ་ཞེ་དྲགས་ཆགས་ཀྱིན་འདུག

    Reply
  14. ཤུལ་ལུང་རྡོ་རྗེ། says:
    ལོ་ 13 སྔོན།

    ངས་དེ་རིང་བོད་མིའི་བདེ་སྡུག་ལ་འགན་ཁུར་བའི་མི་གྲལ་དུ་ལངས་ཏེ།
    སྐད་ངག་སྙོམས་པོས་མངའ་རིས་མི་དམངས་དང་།
    བཙན་འབྱོར་མི་དམངས་ལ་རེ་བསྐུལ་ཞིག་ཞུ་འདོད་བྱུང་།
    དེ་ནི་ཚོ་སྐྱབས་བཅོལ་མི་དམངས་གིས་ངེས་པར་དུ་བཀའ་སྤྱིའི་འོས་འཕེན་སྐབས།
    བོད་ཆོལ་གསུམ་ལ་ལྷག་བསམ་ཆེར་བསྐྱེད་དང་ལ་རྒྱ་དམ་འཛིན་གྱིས།
    འོས་མི་གང་ཞིག་ལ་རང་ཉིད་ཀྱི་ཆོལ་ཁ་དང་ཆོས་ལུགས་ལ་ཤ་ཞེན་ཡོད་ཀྱང་།
    ཆོལ་ཆོས་གཞན་ལ་མི་དགའ་དང་ཕྲག་དོགས་ཀྱིས་དཔུང་མགོ་མི་འཕུལ་མཁན་ཞིག་ཅིས་ཀྱང་འདེམས་རོགས་ཞུ།
    ངའི་སྙིང་ཉེ་བའི་མངའ་རིས་པ་ཚོ།
    ངའི་རིག་འདྲེས་པའི་བོད་རིག་མི་དམངས་།
    བྱེད་སྟངས་འདི་ནི་ང་ཚོས་ང་ཚོའི་འགན་ཁུར་སྟངས་ཤིག་ཡིན་པས།
    ཀྱིས་ཀྱང་མ་འཁྱུགས་རོགས།

    Reply
  15. ཐོས་པ་དགའ། says:
    ལོ་ 13 སྔོན།

    མངའ་རིས་སྤྱི་མཐུས་ཚོགས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་གཞུང་ལ་ཤ་ཚ་དང་ལྷག་བསམ་རྣམ་དག་ཞབས་ཞུ་རང་རེད། དེ་མིན་དགའ་མི་དགའ་མདོག་དང་ཆོལ་ཁའི་ཞེན་ཁོག་བྱེད་ན་ཡག་པོ་མ་རེད། དེ་འདྲ་བྱེད་ན་༸གོང་ས་མཆོག་དང་རང་གཞུང་བཀའ་དང་ཡོངས་སུ་འགལ་བ་རེད། དེ་རང་མངའ་རིས་སྤྱི་ཚོགས་པའི་སྟོན་པའི་འོས་མི་དེ་དག་ལ་དབུས་གཙང་ཆོལ་ཁའི་མི་མང་ཡོངས་ནས་ཐུགས་བསམ་བཞེས་རོགས་མཛོད།

    Reply
  16. དབྱངས་བུ། says:
    ལོ་ 13 སྔོན།

    ཡག་པོ་འདུག

    Reply
  17. དབྱངས་བུ། says:
    ལོ་ 13 སྔོན།

    དབུས་གཙང་ཆོལ་ཁས་བཀའ་སྤྱིའི་འོས་དམིགས་འདོན་སྤེལ་ཟིན་སོང་མོད། དེ་རིང་མངའ་རིས་ཚོགས་པས་དེ་ལས་གཞན་པ་ཞིག་འདོན་སྤེལ་བྱས་འདུག དེས་གང་བསྟན་འདུག་ཟེར་ན། དབུས་གཙང་ཆོལ་ཁ་མངའ་རིས་ཚོགས་པས་ཁས་ལེན་མི་བྱེད་པ་དང། ཆོལ་གསུམ་ལས་ལོགས་སུ་འགྱུར་བའི་མངའ་རིས་ཚོགས་པ་ཞིག་འཛུགས་འདོད་པས་རེད། དཔེ་མཚོན་གཅིག་ཞུས་ན། མངའ་རིས་ཚོགས་པས་ཀརྨ་ཆོས་འཕེལ་སྤྱི་འཐུས་འོས་དམིགས་ཁོངས་སུ་འདོན་སྤེལ་བྱས་པ་དེས་གང་བསྟན་པ་རེད་དམ།

    རྒྱ་ཆེའི་ཀློག་པ་པོས་མངའ་རིས་ཚོགས་པའི་རྒྱབ་ལྗོངས་དང་། བྱས་རྗེས་ལ་གཟིགས་རྟོགས་གནང་གལ་ཆེའོ།།

    Reply
  18. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 13 སྔོན།

    ཨོ་ཙམ་མིན་འགྲོ་བསམ་པ་བྱུང་། འོན་ཀྱང་རྗེས་ཕྱོགས་མི་མང་ལ་གསལ་བསྒྲགས་བྱེད་སྐབས་ངེས་པར་དུ་སྤྱི་འཐུས་དང་བཀའ་ཁྲིའི་འོས་མིའི་ལོ་རྒྱུས་དང་། མི་ཚེའི་གྲུབ་འབྲས་སོགས་སྒྲོག་སྐྱོར་བྱེད་རོགས། དེ་ལས་གཞན་མི་མིང་འགའ་ཞིག་བཟུང་བ་ཙམ་གྱི་མི་མང་གི་གོ་རྟོགས་གང་ཡང་སད་མི་ཐུབ་ལ། འོས་བསྡུའི་ལམ་ལུགས་སྔར་ལས་ལྷག་པ་གང་ཡང་འབྱུང་མི་སྲིད་དོ།

    Reply
  19. གངས་བུ་ལྷག་བསམ་ཅན། says:
    ལོ་ 13 སྔོན།

    མི་གྲངས་ནོར་འདུག་གསར་འགོད་པ་ཨ་རིག་འགྱུར་མེད་དང་དོན་གོ་རྣམས་པ་གཉིས། མི་གྲངས་༢༧རེད། ཧཧཧཧཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist