མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མི་རིགས་ལ་གཙང་སྦྲ་བྱེད་དགོས་ཀྱི་འདུག མཁའ་དབུགས་གསར་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

                                                                                                     ཉི་ཧོང་།  མཁའ་དབུགས་གསར་བས་བྲིས།
 
ཉིན་འགའི་སྔོན་དུ་ཕྲན་གྱིས་༧གོང་ས་མཆོག་ལ་བསླུ་བྲིད་མ་གཏོང་ལགས་ཞེས་པ་ཞིག་དང་རྡ་རམ་ས་ལའི་གསར་བུ་ཚོར་སྤྲིངས་པ་ཅེས་པའི་རྩོམ་ཐུང་རེ་སྤེལ་བར་སྨྱུག་འཛིན་པ་གང་མང་ཞིག་གིས་ཕྲན་ཉིད་ཐན་ལྟོས་ཞིག་གི་ཚུལ་དུ་སྐྱོན་བརྗོད་རྣམ་པ་སྣ་ཚོགས་བྱེད་ཀྱིན་འདུག་མོད། རྩོམ་སྒྲིག་པ་ལགས་ཀྱིས་ཕྲན་གྱི་རེ་བ་ལྟར་རྩོམ་ཡིག་འདི་གཉིས་དྲ་སྟེང་དུ་བཀོད་པར་བཀའ་དྲིན་ཆེ་ཞུ་བའོ།

སྤྱིར་ན་མི་རིགས་ལ་དུངས་ཞེན་ཆེ་བའི་ང་ཚོ་བོད་མི་རིགས་ཀྱི་མདུན་དུ་རང་མི་རིགས་ལ་སྐྱོན་འཚང་འདྲི་རྒྱུ་ནི་སྒོང་ང་རྡོ་ཐོག་ལ་རྒྱག་པ་ལྟ་བུ་ཡིན་པ་ཤེས་བཞིན་དུ་བསམ་གཟས་ནས་སྐད་ཆ་བཤད་སྟངས་འདི་འདེམས་དོན་ནི་མི་མང་ པོ་ཞིག་གི་མིག་དབང་འདྲེན་པའི་ཆེད་དུ་ཡིན། ཡིན་ནའང་། ང་ཚོས་སེམས་ལྷོད་ལ་བབས་ན་ཕྱིར་འདང་ཅིག་རྒྱོབ་དང་། དོན་གྲུབ་རྒྱལ་གྱི་སྤྲུལ་སྐུ་ནས་ཞོགས་དུང་གི་ཧོལ་རྒྱུགས་ཐོལ་བརྒལ་དང་བག་ཆགས་དོང་སྤྲུགས།   ཞོགས་ལྗང་གིས་༧གོང་ས་མཆོག་གི་སྐུ་ལྡགས་མཁན་ཚོ། རྣོ་སྦྲེང་གིས་ང་ཚོས་སྐྱབས་བཅོལ་འདུ་ཤེས་དོར་ན་ལེགས་ཞེས་པའི་འབོད། སྐུལ་རེ་རེར།    ང་ཚོས་བསམས་གཞིག་ཕྲན་ཙམ་ཡང་མ་བཏང་བར་ཁ་ནས་གང་བྱུང་དུ་དགག་སྒྲུབ་བྱེད་གང་ཐུབ་བྱས་ཡོད་པ་རེད། དོན་གྲུབ་རྒྱལ་གྱིས་རང་སྲོག་བཅད་པ་ནས།  ཞོགས་དུང་དང་ཞོགས་ལྗང་དགྱ་ནག་དམར་ཕྱོགས་ཚོགས་པས་འཛིན་བཟུང་བྱས་རྗེས་ང་ཚོས་ཁོ་ཚོར་གདེང་འཇོག་བྱེད་སྟངས་ཀྱང་གང་ལ་གང་འཚམ་གྱིས་འགྱུར་བ་ཐེབས་ཡོད་པ་རེད། ཅི་ཕྱིར་བོད་མི་རིགས་ཅིག་ཡིན་ན་རང་མི་རིགས་ཀྱི་བག་ཆགས་རྙིང་བ་དང་གོམས་སྲོལ་ངན་པར་དགག་སྒྲུབ་བྱེད་མི་ཆོག་པ་རེད་དམ། རང་མི་རིགས་ཀྱི་དགེ་མཚན་ཁོ་ནར་ལྟོས་ནས་བསྡད་ན་སྙིགས་དོར་བཅུད་ལེན་ཟེར་བ་ཇི་ལྟར་བྱེད། ལེགས་བཅོས་ཟེར་བའི་གཞི་འཛིན་ས་གང་ལ་བྱེད།

ལུས་ལ་ཚིལ་དྲི་དྲོ་བའི་ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་དེར་ང་ཚོས་གོམས་སྲོལ་ཡིན་ཟེར་ནས་དམ་སྲུང་བྱེད་ཀྱིན་ཡིན་ནམ། ཕོ་གཅིག་གིས་ཆུང་མ་འགའ་རེ་དང་མོ་གཅིག་ལ་སྐྱེས་པ་འགའ་རེ་ཡོད་པའི་ཁམས་ཕྱོགས་ས་ཁུལ་གྱི་ལུགས་སྲོལ་རེ་འགའ་སྲོལ་རྒྱུན་ཡིན་ཟེར་ནས་འགེབ་སྲུང་བྱེད་རྒྱུ་ཡིན།  ཡང་ན་ཤོ་ཁང་དང་ཆང་ཁང་། སྨད་འཚོང་ཁང་སོགས་སྤྱི་ཚོགས་ཞིག་ལ་ཡོད་དགོས་པའི་རྩེད་འཇོ་ཡིན་ཟེར་ནས་མ་རིག་མ་མཐོང་ཁུལ་བྱས་ནས་འདུག་དགོས་པ་རེད་དམ།

གྲོགས་པོ་ཚོ། ང་ཚོས་དུངས་སེམས་བསྐྱུར་ནས་རང་མི་རིགས་ལ་གཙང་སྦྲ་ལེགས་པོ་ཞིག་བྱེད་དགོས། ༧གོང་ས་མཆོག་གི་སྐུ་དྲིན་གྱིས་བོད་མི་རིགས་ནི་གཞན་ཕན་དང་བྱམས་སེམས།  ཆེ་བཀུར་ཆུང་བྱམས་ཀྱི་ཀུན་སྤྱོད་ལེགས་ པའི་མི་རིགས་ཅིག་གི་གོ་དོན་ཐོབ་ཡོད་པའི་སྐབས་འདིར། ང་ཚོས་རང་ཉིད་ཀྱི་སྐྱོན་ཆ་དག་ལ་གཙང་སྦྲ་ལེགས་པོ་ཞིག་མ་བྱས་ན་ང་ཚོའི་མ་འོངས་པ་ནི་མུན་མག་འཇིག་བརྟེན་ཞིག་ཏུ་འགྱུར་རྒྱུ་མ་རེད་དམ།

ང་ཚོར་སྣང་བ་སྐྱིད་པའི་གླུ་རེ་བླངས་ནས་འདུག་ཁོམ་གང་ན་ཡོད།
ང་ཚོར་རང་སེམས་གསོ་བའི་གཏམ་རེ་འཆད་ནས་འདུག་ས་གང་ཡོད།
ང་ཚོར་རང་མགོ་རང་གིས་གཡོག་ནས་འདུག་པའི་དུས་ཚོད་གང་ན་ཡོད།
བོད་དོན་ཐག་གཅོད་ཡོང་རག་བར་དུ་ང་ཚོས་རང་ཉིད་ལ་གཙང་དོར་ཆེན་པོ་ཞིག་བྱེད་ཐུབ་ན་དེ་ཡང་གྲུབ་འབྲས་ཞིག་ཅི་ལ་མིན།

མཆན། 9

  1. ལྷ་མོ་དོན་གྲུབ། says:
    ལོ་ 13 སྔོན།

    བདེན་གི གཙང་སྦྲ་བྱེད་ལོས་དགོས། བཙན་བྱོལ་ནང་ལ་དོན་ངོ་མས་ཞན་ཆ་དང་སྐྱོན་ཆ་ཅི་མཐོང་རང་རང་གིས་ཁ་གསལ་བོར་བཤད་ན་མ་ཕན་ན་ཡང་ཅི་ལ་གནོད། འདི་ལྟར་རགས་བཤད་ཙམ་གྱིས་ས་རྒྱ་མི་ཆོད་གི
    དེ་ནས་་་”༧གོང་ས་མཆོག་གི་སྐུ་དྲིན་གྱིས་བོད་མི་རིགས་ནི་གཞན་ཕན་དང་བྱམས་སེམས། ཆེ་བཀུར་ཆུང་བྱམས་ཀྱི་ཀུན་སྤྱོད་ལེགས་ པའི་མི་རིགས་ཅིག་གི་གོ་དོན་ཐོབ་ཡོད་”་ཟེར་བ་འདིའི་དོན་ཅི་རེད། ༸གོང་ས་མཆོག་གཅིག་པུ་ཡག་པོ་ཡིན་པས་ཐོབ་པ་རེད་དམ་ཡང་ན་མི་དམངས་ཀྱང་ཡག་པོ་ཡོད་པས་རེད།
    “ང་ཚོས་དུངས་སེམས་བསྐྱུར་ནས་རང་མི་རིགས་ལ་གཙང་སྦྲ་ལེགས་པོ་ཞིག་བྱེད་དགོས”་ཟེར་བ་ཅི། མི་རིགས་ལ་དུངས་སེམས་མེད་ནམི་རིགས་ལ་ཕན་འདོགས་རྒྱུ་དཀའ་འོ།།

    Reply
  2. གཉའ་འབྲོང་ཐུ་བུ། says:
    ལོ་ 13 སྔོན།

    མཁའ་དབུགས་གསར་བ་ལགས་སུ་འཚམ་འདྲི་ཞུ་བཞིན་ཡོད།
    ཁྱེད་ཀྱིས་རླབས་ཆེན་གྱི་ཕྱག་ལས་ཤིག་གནང་བཞིན་ཡོད་པའི་རེ་བ་ཡོད། ད་དུང་ཉམ་དམའ་བའི་སྤྱི་ཚོགས་འདིར་སྐད་ཆ་ཁ་ཤས་བཤད་པར་ཡང་ཐུགས་རྗེ་ཆེ།
    མཁའ་དབུགས་གསར་བའི་རྩོམ་ཡིག་གི་རྗོད་ཚིག་འགའ་རེ་ཟ་དང་ཟུར་ནས་གོ་བ་ལེན་དགོས་པའི་རིགས་ཀྱི་སྐད་ཆ་་ཡིན་པས་ཁ་ཐུག་ལ་དྲི་ཙམ་སྣུམ་པས་རོ་མྱོང་དཀའ་ས་རེད་དྲན་སོང་ལ་བྲང་ཁོག་ན་དྲག་ཏུ་ལྡིང་བཞིན་པའི་སྙིང་གི་འཕར་སྒྲ་གནས་འདི་ནས་ཀྱང་གོ་བའི་ཚད་རེད། མཁའ་དབུགས་གསར་བ་ཐུགས་རྗེ་ཆེ།

    Reply
  3. མཁའ་དབུགས་གསར་བ says:
    ལོ་ 13 སྔོན།

    གནམ་ལྕགས་ལགས།
    མི་རིགས་ཞིག་ལ་གླིང་རིན་ཡོད་པའི་བྱས་རྗེས་འཇོག་རྒྱུ་ནི་ཁྱེད་ཀྱི་ཁ་ནས་བཤད་པ་བཞིན་ལོག་ལོག་ཅིག་སྟོན་རྒྱུ་དཀའ་མོ་རེད།
    ཡིན་ཡང་། བྱས་རྗེས་ཞིག་སྟོན་རྒྱུ་མེད་ཚེ་བསམ་ཚུལ་ཙམ་ཡང་འབྲི་མི་ཆོག་ཚེ་ཁྱེད་ཚོའི་སྤྱི་ཚོགས་དེ་ཡང་ཅི་འདྲའི་ཡ་ང་ཞིག་རེད་ཨང་།

    Reply
  4. མཁའ་དབུགས་གསར་བ says:
    ལོ་ 13 སྔོན།

    གཅན་བཟོད་རྒྱམ་ལགས
    གླིང་གཞི་ལ་གསར་རྙིང་ཡོད་པ་མ་རེད།
    གནད་དོན་ཞིག་སྤྱི་ཚོགས་སྟེང་དུ་གནས་དུས་གནད་དོན་དེ་དང་འབྲེལ་བའི་གླེང་གཞི་ནི་དུས་ནམ་ཡང་གླེང་གཞི་གསར་བ་ཡིན།
    ཕྲན་གྱི་རྩོམ་ཐུང་དག་ལ་ཀློག་རིན་མེད་པ་ཤེས་བཞིན་དུ་རང་ཉིད་ཀྱི་དུས་ཚོད་ཆུད་ཟོས་སུ་མ་གཏོང་ལགས། ངས་དུས་ད་ལྟ་བཤད་ཀྱིན་པ་ཞིག་ཁྱེད་ཀྱིས་སྔ་མོ་ནས་ཤེས་ཡོད་ན་ཁྱེད་ནི་སྔོན་ཐོན་པ་ཞིག་ཡིན་རྒྱུ་རེད། དགའ་བསུ་ཞུ།
    མི་རེ་རེའི་འཇོན་ཐང་ལ་ཚད་བཀག་ཡོད་པས། ང་ཉི་ཧོང་དུ་བསྡད་ཀྱང་འདི་ལྟ་བུ་ལས་འབྲི་མི་ཤེས་ལ། འབྲི་མ་ཐུབ། ཁྱེད་རང་གསེར་ཡིན་ན་སྔོན་ཐོན་རྒྱལ་ཁབ་ཏུ་མ་སོང་ཀྱང་འོད་འཕྲོས་སྲིད་པ་རེད།
    བཀྲ་ཤིས་བདེ་ལེགས།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    གྲོགས་པོ་ཚོ། ད་མི་འདི་ལ་ཁ་རྡུང་མ་གཏོང་། མི་འདིས་ཅིག་བཤད་འདོད་ནས་སྡོད་ཚུགས་ཀྱིན་མེད་པའི་ཉམས་ཤིག་འདུག ཤོད་དང་ཡག་པོ་འདུག་ཟེར་དགོས། མདོར་ན་མི་འདིས་དྲོད་ཚད་ཉུལ་དགོས། ཁོ་རང་གིས་གང་བཤད་ན་བཤད་ཆུག

    Reply
  6. གནམ་ལྕགས། says:
    ལོ་ 13 སྔོན།

    ངས་བལྟས་ནའང་མཁའ་དབུགས་གསར་བའི་རྩོམ་ཡིག་འདི་དག་ལ་རྒྱུ་མཚན་གང་ཡང་མི་འདུག འོ་ན་སྐུ་ཁྱེད་ཀྱིས་གཞན་གྱི་བྲན་གཡོག་གི་ལས་ཀ་གཡུག་ནས་རྡ་སར་ཤོག་ལ་བོད་ཀྱི་མ་འོངས་པའི་ལས་དོན་གྱི་ཆེད་དུ་དཀའ་ལས་རྒྱོབས་དང་། ད་དུང་མི་རིགས་གཙང་སྦྲ་ཟེར་བ་མ་གཏོགས། རང་གི་རིགས་རྒྱུད་གཞན་དུ་བསྒྱུར་གྱིན་ཡོད་པའི་དོགས་པ་ང་ལ་ཡོད། དྲང་མོར་བཤད་ན། ཁ་ནས་བཤད་རྒྱུ་གཅིག་བུ་སུས་ཀྱང་འཇོན་ངེས་ཡིན། འོན་ཀྱང་ལག་ལེན་ལ་ཕབ་དུས་ཁྱེད་ལྟར་དུ་བོད་ལ་བྱས་རྗེས་འདི་བཞག་ཟེར་ནས་སྟོན་རྒྱུ་གང་ཡང་མེད་པར་འགྱུར་ངེས།

    མཁའ་དབུགས་གསར་བའི་རྩོམ་ཡིག་སྔ་གཞུག་ཚང་མར་ལེན་རྒྱུ་ཞིག་ཁྱོན་ནས་མི་འདུག ད་ལྟ་ང་ཚོའི་དུས་རབས་འདི་ཁ་བེད་སྤྱོད་གཏོང་སྐབས་མ་ཡིན་པར་ལག་པ་བེད་སྤྱོད་གཏོང་བའི་དུས་ཚོད་ཡིན། ཐུགས་རྗེས་གཟིགས། རྗེས་ཕྱོགས་ཅིག་ཡིན་མདོག་གིས་བཙན་བྱོལ་བ་རྣམས་ལ་ཁ་མ་གཏོང་རོགས།

    Reply
  7. ཨ་རིག་འགྱུར་མེད། says:
    ལོ་ 13 སྔོན།

    མཁའ་དབུགས་གསར་བས་ཅིག་བྲིས་བྲིས་པོ་རྩོམ་ཏུ་གྱུར་འདུག་པས་མ་ཚད། བསམ་ཚུལ་ལེ་ཚན་ཏུ་སླེབས་པ་འདི་ཡ་མཚན། འདི་ལྟ་བུའི་རྩོམ་ཡིག་ཀྱང་བདག་རྒྱག་ན་བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་ལ་བདག་བརྒྱབ་མི་ཚར་བའི་རྩོམ་ཡིག་ག་ཚོད་ཡོད་ཨང་།

    Reply
  8. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 13 སྔོན།

    མཁའ་དབུགས་གསར་པ་ལགས་ཁྱེད་ཀྱི་བཤད་པ་བདེན།
    སེམས་ཤུགས་མ་ཆགས་ཁྱེད་ཀྱི་བཤད་པར་བདེན་པའི་གོ་མཚོན་འདུག་གཞན་གྱིས་པྲག་དོག་དུག་གིས་མདེའུ་ཕོབས་མི་སྲིད་པས་མུ་མཐུད་ནས་བསམ་ཚུལ་སྤེལ་རོགས།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཤེས་རིག་ལག་རྩལ་སོགས་གང་ཐད་ནས་འཛམ་གླིང་གི་ཡར་ཐོན་ཅན་དུ་བགྲངས་འོས་པའི་ཉི་ཧོང་རྒྱལ་ཁབ་ནང་དུ་བསྡད་དེ། མིང་དུ་ཁ་དབུགས་གསར་པ་ཡིན་ན་ཅིག་བཏགས་ཏེ། ད་དུང་ཡང་རྩོམ་གྱི་བརྗོད་གཞི་འདི་འདྲ་ཞིག་ལས་རྙེད་མེད་ཚེ། ང་ཚོ་དྷ་སའི་ཕོ་སར་རྐྱལ་སྟོང་ཚོ་དང་གཅིག་པ་གཅིག་རྐྱང་རེད་འདུག་ག ཁ་དབུགས་གསར་དང་རྒྱུ་ཅི་ཡང་མི་འདུག་ཡ། ཡིན་ཡང་དུང་ཞེན་བསྐྱུར་ཟེར་བཞིན་དུ་དུང་ཞེན་ཆེ་ཙམ་གྱིས་བྲིས་ཁུལ་བྱས་འདུག་པར་ཐུགས་རྗེ་ཆེ་ཞུ། དེ་མིན་སྐད་ཆ་ཚང་མ་རྙིང་པ་རྙིང་རྐྱང་ཡིན་པས་ཁ་དབུགས་དེ་ཡང་དྷ་སའི་མགོ་དཔོན་པོ་ནས་དམའ་འབངས་མི་དཀྱིས་མའི་བར་སྲང་ལམ་དང་ཇ་ཁ་ཆང་ཁ་གང་ནས་ཀྱང་གླེང་གླེང་གཉིས་ཀྱིས་ཟད་བསྡད་པ་ཞིག་རེད་འདུག ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist