མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་ ༧ ཚེས་ ༦ རེས་གཟའ་མིག་དམར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་འདིར་ས་གནས་ཁག་བཞི་བཅུ་ཙམ་གྱི་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག མང་ཚོགས་ཀྱིས་ ༢༠༡༡ ལོའི་བཀའ་ཁྲིའི་ཚོད་ལྟའི་འོས་བླུགས་ཡོད། 

དེ་རིང་ནི་༧གོང་ས་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་ལ། ཉིན་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བྱང་ཕྱོགས་ངྷ་ས་གཙོས་ཧི་མ་ཅལ་མངའ་སྡེ་དང་ཨོ་རི་ས། ཀར་ན་ཊ་ཀ ཨ་རུ་ན་ཅལ་སོགས་མངའ་སྡེ་ ༡༢ ཀྱི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་དང་། བལ་ཡུལ་དང་ཨ་རི། ཁེ་ན་ཌ། ཡུ་རོབ་སོགས་ཀྱི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་བཅས་ཁྱོན་ས་གནས་ཁག་ ༤༠ ཙམ་དུ། མང་ཚོགས་ཚོས་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བླུགས་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་ཀྱིས། བཀའ་བློན་ཁྲི་པའི་སྐབས་སྔོན་མ་གཉིས་ཀྱི་བཀའ་ཁྲིའི་འོས་འདེམས་སྐབས་འོས་འཕེན་པའི་ཆ་ཤས་ནི་ཧ་ཅང་ཞན་སྟབས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲིའི་འོས་བསྡུ་དེ་ལམ་ལྷོང་ཡོང་བ་དང་། ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ནས་འོས་བསྡུའི་ལས་རིམ་ནང་སྔར་ལྷག་ཆ་ཤས་ལེན་རྒྱུར་གལ་འགངས་ཆེན་པོར་བརྩིས་ཏེ། འགན་འཁུར་རྐང་ལེན་བྱེད་ཀྱིན་ཡོད་ལ།  ཐེངས་འདིའི་ཚོད་ལྟའི་འོས་བསྡུ་འདི་ནི་ ༢༠༡༡ ལོའི་གཞུང་འབྲེལ་གྱི་བཀའ་བློན་ཁྲི་པའི་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་གྲ་སྒྲིག་སྦྱོང་བརྡར་ཆེད་དུ་ཡིན་ཞེས་བརྗོད།

ཐེངས་འདིའི་ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་དེ་འདི་ལོའི་ཟླ་ ༩ ཚེས་ ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་མི་ལོ་ ༢༦ འཁོར་བའི་དུས་དྲན་སྲུང་གཙི་ཞུ་བའི་ཉིན་མོར་དབུ་འབྱེད་བྱ་རྒྱུ་ཡིན་པ་དང་། ངྷ་ས་ས་གནས་ཚོགས་གཙོ་ཀརྨ་ཡོངས་སྒྲོན་གྱིས་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུའི་གྲངས་བཤེར་དེ་དག་དྲང་བདེན་དང་ཕྱི་གསལ་ནང་གསལ་ཡོང་སླད་ཚོགས་པ་གཞན་ཁག་གི་འཐུས་མི་ཡང་ཟུར་དཔང་དུ་གདན་ཞུ་བྱ་རྒྱུ་ཡིན་ཞེས་བརྗོད།

གང་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཚོད་ལྟའི་འོས་བསྡུ་འདིའི་མཇུག་མཐའི་སྔོན་འགྲོའི་འོས་དམིགས་ཕྱིར་བསྒྲགས་གནང་རྗེས། སྔོན་འགྲོའི་ངོས་གཞིར་འོས་ཐོན་བྱུང་བ་རྣམས་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱ་འཆར་ཡོད་པ་དང་། དེ་ནི་ཐེངས་འདིའི་འོས་བསྡུ་འདི་ནི་ཚོད་ལྟ་ཙམ་མིན་པར། དེ་གྲུབ་རྗེས་དེ་འབྲེལ་གྱི་ལས་འགན་ཞིག་ཀྱང་མཉམ་འཁུར་གནང་རྒྱུའི་ཆེད་དུ་ཡིན་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༢ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 13

  1. སེང་ཆུང་། says:
    ལོ་ 16 སྔོན།

    ངས་ང་རང་བཀའ་བློན་ཁྲི་པར་འོས་བླུག་པ་ཡིན་ད་་་་་་་་

    Reply
  2. སེང་ཆུང་། says:
    ལོ་ 16 སྔོན།

    སྦེལ་ཀོབ་༸རྒྱལ་བའི་ཕོ་བྲང་དུ་འོས་བླུག་ཏུ་ཕྱིན་པ་ཡིན་མོད་རང་དབང་ལག་དེབ་ད་འཁྱེར་ཡག་བརྗེད་སོང་བས་འོས་བླུག་ས་མ་རག་ཐལ།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གསར་འགྱུར་དང་གསལ་སྒྲགས་གང་ཞིག་ཡིན་ཀྱང་དྲངས་བདེན་ཞིག་སྤེལ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་སྙམ། བུད་མེད་ཚོགས་པའི་གོ་སྒྲིགས་འོག་བཀའ་ཁྲིའི་འོས་ཚོད་ལྟའི་འོས་བསྡུ་ཞེས་པའི་ནང་《དེ་རིང་ནི་༧གོང་ས་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་ལ། ཉིན་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བྱང་ཕྱོགས་ངྷ་ས་གཙོས་ཧི་མ་ཅལ་མངའ་སྡེ་དང་ཨོ་རི་ས། ཀར་ན་ཊ་ཀ ཨ་རུ་ན་ཅལ་སོགས་མངའ་སྡེ་ ༡༢ ཀྱི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་དང་། བལ་ཡུལ་དང་ཨ་རི། ཁེ་ན་ཌ། ཡུ་རོབ་སོགས་ཀྱི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་བཅས་ཁྱོན་ས་གནས་ཁག་ ༤༠ ཙམ་དུ། མང་ཚོགས་ཚོས་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བླུགས་ཡོད།》བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་བཅས་ཁྱོན་ས་གནས་ཁག་ ༤༠ ཙམ་དུ། མང་ཚོགས་ཚོས་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བླུགས་ཡོད་པའི་གནས་ཚུལ་ཞིག་འཁོད་འདུག་ས་གནས་གཞན་དུ་བཀའ་ཁྲིའི་ཚོད་ལྟའི་འོས་བླུགས་ཡོད་སྲིད་ཀྱང་འདི་ག་བལ་ཡུལ་ནང་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་ནི་ཕྱི་ཚེས་ ༣ ཉིན་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་ནས་ཕྱི་ཚེས་ ༨ བུད་མེད་ཚོགས་པའི་གོ་སྒྲིགས་འོག་བཀའ་ཁྲིའི་ཚོད་ལྟའི་འོས་བླུགས་ཀྱི་ཡིན་གསུང་པ་ཇི་བཞིན་སྐུའི་འཁྲུངས་སྐར་ཉིན་འོས་བསྡུ་གནང་མེད་ཀྱང་དྲྭ་ཐོག་འདིར་འོས་བསྡུ་གྲུབ་ཚར་བའི་གནས་ཚུལ་བཀོད་པ་ནི་དྲངས་བདེན་མིན། དེ་ནི་གསར་འགོད་པའི་ཧོར་རྒྱུགས་ཞིག་ཡིན་པར་སེམས་པས་སླད་ནས་གསར་འགོད་པ་དག་ནས་ཅུང་ཐུགས་སྣང་རེ་གནང་དགོས་སྙམ་རེ་དོན་ཙམ་ལས་ཀླན་ཀ་རྩལ་བ་རྩ་བས་ནས་མིན་པས་དེ་ལུགས་དགོངས་ཞེས་ཚལ།

    Reply
  4. སྣེ་མོ་བསྟན་དར། says:
    ལོ་ 16 སྔོན།

    ཚོས་ལྟའི་འོད་བསྡུ་དེ་ལ་དགོས་པ་ཆེར་མི་མཐོང་། ངོས་ཀྱི་བསམ་པར་དོན་དངོས་ལ་ཁོང་གཉིས་བོད་མི་གནས་སྡོད་གང་སར་ཕེབས་ཏེ་མི་དམངས་མདུན་དུ་ལངས་ནས་སོ་སོའི་ལངས་ཕྱོགས་དང་བོད་དོན་ལ་འཛིན་པའི་སྲིད་འཇུས་སོགས་མི་དམངས་ལ་ཁ་གསལ་འགྲེལ་བཤད་བྱེད་དགོས་པ་ཞིག་མཐོང་།

    Reply
  5. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    སྐུ་ངོ་ཨ་ཚོགས་ཀླུ་གར་བྱམས་འོས་བསྡུའི་ཆ་ཤས་བཞེས་གནང་བར་ཕེབས་པ་འདི་ཧ་ཅང་ཡག་མོ་རེད། ཁོང་སྐབས་ ༡༥ པའི་སྤྱི་འཐུས་སུ་ཕེབས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དུས་བབ་ངོས་སུ་སླེབས་པའི་དྲ་གྲོགས་དག་གིས་མི་སྒེར་དང་ཚོགས་སྡེ་གང་གིས་ལས་འགུལ་ཞིག་བརྩམས་ནའང་དེ་ལ་ལྡོག་ཕྱོགས་ནས་འགྲེལ་བརྗོད་དང་། སྐྱོན་འཛུགས་ལས་མེད་པའི་རང་གཤིས་དེ་དུས་ནམ་ཞིག་ལ་ཡར་རྒྱས་སུ་འགྲོ་ཐུབ་བམ་་་་་་་་་་་་་་་་་་་་་་་་་

    Reply
  7. ཁར་ལྷུན says:
    ལོ་ 16 སྔོན།

    ད་རེས་ཀྱི་འོས་དེ་མཆོག་ལྷུངས་སུ་མ་སོང་བར་བླུག་གལ་ཆེན་པོ་རེད་འོས་བླུག་པ་ཙམ་གྱི་མེ་འགྲིག་ང་ཚོས་དོ་ནན་བྱེད་དགོས་

    Reply
  8. ཁར་ལྷུན says:
    ལོ་ 16 སྔོན།

    གང་ལྟར་ད་རེད་ཀྱི་བཀའ་ཁྲིའི་འོས་དེ་བླུག་པ་ཙམ་མིན་པར་མཆོག་ལྷུང་མེད་པ་ཞིག་དགོས་པ་གལ་ཆེན་པོ་རེད་་་་་་་་་་་
    ཡག་པོ་ཡོང་བའི་སྨོན་ལམ་ཡོད་

    Reply
  9. འཇམ་གྲགས says:
    ལོ་ 16 སྔོན།

    བུད་མེད་ཚོགས་པའི་ཚོད་ལྟའི་འོས་བསྡུ་ཟེར་བ་འདི་ལ་དགོས་པ་ཆེར་མ་མཐོང་། བཀའ་ཁྲིའི་འོས་གཞིར་ཞུགས་ཐག་མ་ཆོད་བ་འགའ་རེ་ཡི་ཆབ་སྲིད་གྱི་འཕྲུལ་ཡིན་པ་འདྲ།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ང་ཚོད་ལྟའི་འིས་ཤོག་བླུག་སར་འགྲོ་སྐབས་དིས་ཚོད་དག་དག་ཞིག་མ་ཁེལ་བ་ཡིན་ནམ་གང་ལྟར་མི་མང་གི་འཚངས་ཀ་ཞེ་གྲགས་མི་འདུག་
    ངའི་བསམ་པར་མི་དམངས་གི་འོས་བླུག་སར་འཚང་ཁ་ཤིག་ཤིག་བྱེད་རྒྱུ་རེད་བསམ་སོང་།
    གང་ལྟར་བྱ་བ་ལམ་ལྷོང་ཡོང་ཡོད་པར་ཤོག

    Reply
  11. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    ཚོད་ལྟ་བྱས་ན་ན་འདྲ་མ་བྱས་ན་གང་ལྟར་ང་ཚོའི་བཀའ་བློན་ཁྲི་བ་དེ་མ་ནོར་བ་ཞིག་ངེས་པ་ཅན་དུ་གདམས་དགོས་པ་ལས་བྱས་བྱས་མང་པོའི་ཕན་ཐོགས་ཞིག་མེད་ངེས།

    Reply
  12. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    གསར་འགྱུར་རང་རེད།
    ཅིག་མགྱོགས་ནོ་ད་གཞི་བདག་རེད།

    Reply
  13. བྱ་ངང་སེར། says:
    ལོ་ 16 སྔོན།

    སྤྱི་ཟླ་༣་པའི་བོད་ཀྱི་བང་ཆེན་དུ་བཀོད་པའི་བློ་བཟང་སེང་གེ་ལགས་ཀྱིས་མ་འོངས་བཀའ་ཁྲི་ཕེབས་ཕྱོགས་དང་འདས་པའི་བཀའ་ཁྲིའི་བརྒྱུད་རིམ་ངོ་སྤྲོད་ཅིག་ངས་མཐོང་སོང་། དེ་ནི་ང་ཚོ་མང་གཙོའི་བསྒྲིགས་ཁས་འཆེ་བ་ཞིག་གི་ངོས་ནས་དོ་སྣང་གནང་དགོས་པ་ཞིག་ངེས་པར་རེད་བསམ། འོན་ཀྱང་གཞུང་དང་གཞུང་འབྲེལ་མིན་པ་ཁག་དག་གིས་ད་དུང་གྲགས་འགུལ་གང་ཡང་ཡོད་པ་ངས་མཐོང་ཐོས་མ་བྱུང་། བུ་མེད་ཚོགས་པས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གང་ཡང་མིན་པའི་ཚོད་བལྟ་འདི་སུ་ཞིག་གི་ཆེད་དུ་ཡིན་དང་དེའི་ནུས་པ་ཇི་ཞིག་ཐོན་གསལ་བཤད་ཅིག་མ་གནང་ན་ལས་དོན་འདི་ལ་སུན་སྣང་ལས་གཞན་ཚོར་བ་སྟེར་མི་ཐུབ། མ་འོངས་བཀའ་ཁྲིའི་འོས་བསྡུས་སྐབས་སུ་མ་མཐའང་བརྒྱ་༦༠་ཆ་ཤས་ལེན་ཐུབ་ཐབས་ཅིག་ལ་ཇི་འདྲ་བྱས་ན་དྲགས་དྲྭ་གྲོགས་ཚོས་ཐུགས་བསམ་རེ་ཞེས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese