མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ངལ་གསོ་རོགས། ངའི་བླ་རྒན། རྩམ་ཁུག་གིས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

༧གོང་ས་མཆོག་དགུང་ལོ་༧༥ཕེབས་པར་ཆེད་དུ་བྲིས།

བོད་རྒྱལ་ཁབ་དང་བོད་མི་རིགས་འདི་དར་གུད་མང་པོའི་མཐའ་མ་རུ་རྒྱ་དམར་གྱི་ཁ་སྒོ་ན་ལྷུང་སྐབས།ཁྱོད་ནི་ལོ་ཆུང་ལ་ཉམས་མྱོང་ཅི་ཡང་མེད་ཀྱང་བོད་མི་རིགས་འདི་ཁྱོད་ཀྱི་ཕྲག་སྟེང་དུ་བཞགདེ་ལྟའི་ཁུར་བོ་ལྕི་མོ་ཞིག་ཁུར་ཏེ་རྒྱ་དམར་གྱི་དཔོན་རིགས་ཚོའི་མདུན་ནས་བོད་ལ་བདེ་སྐྱིད་ཅིག་ཡོང་ཐབས་ལ་འབད་པའི་སྣེ་མོར་འབད་པ་མཐུད་ཀྱང་།རྒྱ་དཔོན་ཚོའི་གམ་ནས་མགོ་སྐོར་དང་གཡོ་སྒྱུ་ཞིག་ལས་ཅི་ཞིག་རྙེད།

བོད་མི་རིགས་འདིའི་ཐག་རིང་ཞིག་ལ་བསམ་བློ་བཏང་སྟེ་ཁྱེད་ཉིད་སྐྱབས་བཅོལ་ལ་འབྱོར།ཁྱོད་ཀྱི་རྗེས་སུ་དར་མ་ཁྱུ་དང་ཁྱུ་བྱས་ནས་འབྱོར།དེ་དག་གི་ཆེད་དུ་ཐར་སྦྱར་ཞལ་འཛུམ་གྱིས་མི་གདོང་ནས་རེ་བ་བཙལ།ཁྱོད་ཀྱི་འཇོན་ནུས་ཁོ་ནས་མི་དེ་དག་ལ་སྡོད་སའི་གནས་རྙེད་ཅིང་།དུས་དང་མཐུན་པའི་སློབ་སྦྱོང་སྤྲད་དེ་འཛམ་གླིང་འདི་ཡོངས་སུ་མཐོང་བཅུག

རིམ་པའི་སྐུ་ཉིད་འཛམ་གླིང་གི་ཡུལ་གྲུ་ཁག་ལ་ཕེབས་ཏེ།བོད་དང་བོད་མི་རིགས་ཟེར་བ་དེ་ཤེས་སུ་བཅུགཉིད་ཀྱི་རྣམ་དཔྱོད་དང་སྐུ་གཤིས་དེས་མི་རྣམས་ལ་བག་ཆགས་ཟམ་མོ་ཞིག་བཞགདེས་དབང་གིས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་ཤ་ཚ་ཞིག་བསླེབས་ཤིང་།བོད་མི་རིགས་ཟེར་བ་དེ་མི་རྣམས་ཀྱི་དགའ་བོ་བྱེད་ཡུལ་ཞིག་དང་ཡ་རབས་ཀྱི་མི་རིགས་ཞིག་གི་ངོས་འཛིན་ཐོབ་བཅུག

ཉིད་ཀྱིས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བོད་དོན་ཆེད་ཐབས་ལམ་གསར་བཏོན་དང་ཐབས་མཁས་ཀྱི་བཀའ་མོལ་དག་གིས་ཡོ་རོབ་དང་ཨ་རིའི་གཙོས་སྲིད་འཛིན་དག་གི་མདུན་ལྕོག་ན་བོད་དོན་བསླེབས་པ་མ་ཟད།ཁོང་ཚོའི་འབྲེལ་ལམ་འདྲ་མིན་གྱིས་རྒྱ་དམར་གྱི་དཔོན་རིགས་ཚོའི་གམ་དུའང་བོད་དོན་བསླེབས།མི་འདོད་ན་ཡང་བོད་དོན་ཆེད་རྒྱ་དཔོན་ཚོའི་སྐད་ཆ་བཤད་དགོས་ལ་འགན་ཞིག་ཁུར་དགོས་པ་བཟོས།

འཛམ་གླིང་འདིས་ཕྱོགས་མཐའ་ཀུན་ནས་སྐུ་ཉིད་ཡར་འདེགས་པ་དང་མཉམ་དུ་གླིང་འདིའི་དཀའ་རལ་མང་པོས་སྐུ་ཉིད་ལ་འགན་འཁྲི་མང་པོ་བསྐྲུན།གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ།མིའི་བཟང་སྤྱོད་སླར་གསོ་དང་ཆོས་ལུགས་ཁག་མཐུན་སྒྲིལ་ཡོང་ཕྱིར་རྣམ་དཔྱོད་ཀྱིས་ཐབས་ལམ་བཏོན་ཅིང་།དོན་དངོས་ཀྱི་འབད་པ་བྱས་འབྲས་ལས་རིགས་འདྲ་མིན་གྱི་དཔོན་པོ་ནས་དམངས་དཀྱུས་མའི་བར་དུ་བསམ་བློའི་འཁོར་ཕྱོགས་ལ་འགྱུར་བ་ཐེབས།

ཟབ་ཅིང་རྒྱ་ཆེ་བའི་ནང་བསྟན་འདི་ཉིད་སྐུ་ཉིད་ཀྱི་རྣམ་དཔྱོད་ཀྱིས་བརྡ་འཕྲིན་དུས་རབས་ཀྱི་ཚན་རིག་དང་མཉམ་དུ་བསྒྲེངས།ད་དུང་ཕྱོགས་གཞན་ནས་ཚན་རིག་གི་མདུན་དུ་བརྫིངས་ཏེ་ཚན་རིག་པར་ལམ་ཁ་བསྟན།ཉམས་དམས་དང་ཁུག་དཀྱོག་ཏུ་ལུས་པའི་ནང་བསྟན་འདི་སྐུ་ཉིད་ཀྱིས་རྒྱལ་སྤྱིའི་རྣམ་པའི་དོ་སྣང་བྱེད་ཡུལ་དུ་ཞིག་ཏུ་བསྐྲུན།

གཞིས་ལུས་བོད་མིའི་སྐུ་ཉིད་བསྒུགས་ཏེ་ལོ་༥༡ཕྱིན་སོང་།བཙན་བྱོལ་བོད་མི་ཚོར་ཉིད་ཀྱིས་ཞབས་ཞུ་བསྒྲུབས་ཏེ་ལོ་༥༡་རེད།བཙན་བྱོལ་བོད་མི་ཚོར་བོད་དོན་འཐབ་རྩོད་ལ་ལམ་ཁ་བསྟན་ཅིང་།ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ཡན་ལ་ལམ་སྟོན་མཐའ་མེད་གནང་སོང་།ཡིན་ནའང་བོད་མི་ཚོས་སྐུ་ཉིད་ཟ་ཤེས་ལ་གོན་ཡང་ཤེས།ད་དུང་སྐུ་ཉིད་བཞོན་ཏེ་རང་ཉིད་ཀྱི་ཆེད་དུ་འགྲོ་སོང་།

དགུང་ལོ་བདུན་ཅུ་དོན་ལྔ་བརྒྱད་ཅུ་ལ་བརྙབས་སོང་།བོད་མི་ཚོ་འདི་ལས་ལྷག་ཅིག་གཡོག་ལས་བྱེད་རྒྱུ་ཅི་ཡང་མེད།ཁྱོད་ཀྱིས་བོད་མིའི་ཆེད་དཀའ་ལས་ཅི་ཙམ་བརྒྱབ་པ་ཤེས་མཁན་ཉུང་ལ།་ད་དུང་ཉིད་ཀྱི་ལམ་སྟོན་ནོར་འདུག་ཟེར་མཁན་ཡང་ཡོད།ད་ནི་བོད་མི་ཚོའི་བོད་དོན་འཐབ་རྩོད་འདི་རྒྱུན་བརྒྱང་ཐུབ་ཀྱི་ཡོད་ན་རེད་མེད་ན་རེད།རང་གི་ངོ་བོ་རྒྱུད་འཛིན་བྱེད་ཐུབ་ཀྱི་ཡོད་ན་རེད་མེད་ན་རེད།ཉིད་ཀྱིས་བྱེད་དགོས་པ་ཆ་ཚང་བྱས་ཚར་སོང་།

སྐུ་ཉིད་ཀྱི་དགའ་མོས་བཞིན་ཚེ་མཇུག་འདིར་བྱང་ཆུབ་ཀྱི་སེམས་དང་ཟམ་མོ་སྟོང་པ་ཉིད་ལ་མཉམ་པར་བཞག་སྟེ་ཆོས་དབྱིངས་ཀྱི་བདེ་བ་ལ་རོལ་རོགས།རི་མགོའི་ཁང་ཆུང་དེར་ལྷོད་དལ་གྱིས་བཞུགས་རོགས།མཚམས་རེར་སྐུ་ཉིད་ཀྱི་བློས་ཐུབ་གྲོགས་པོ་ཚོར་མཇལ་འཕྲད་གནང་ནས་ནང་ཆོས་དང་ཚན་རིག་གི་གཏམ་གྱིས་མྱོས་བཞིན་བཞུགས་རོགས།གཞིས་ནས་འབྱོར་བའི་བོད་མི་ཚོར་ཞལ་མཇལ་རེ་གནང་རོགས།གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐྱབས་འཇུག་རེ་གནང་རོགས།སྐུ་ངལ་གསོ་རོགས།ངའི་བླ་རྒན།སྐུ་ངལ་གསོ་འཇུག་རོགས།ངའི་བླ་རྒན་བསྟན་འཛིན་རྒྱ་མཚོར།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 19

  1. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 16 སྔོན།

    དྲ་གྲོགས་རྩམ་ཁུག་ལགས།
    མིའི་འདུ་ཤེས་འཛིན་སྟངས་ཟེར་བ་འདྲ་མིན་ལ་གཞི་བཅོལ་ཡོད་ཕྱིར།
    ཁྱེད་ཀྱི་བསམ་ཚུལ་གྱི་ཁ་བྱང་འདོགས་ཚུལ་ལ་བོད་མི་མང་ཆེ་བས་དང་ལེན་བྱེད་ཐུབ་ཀྱི་མ་རེད་བསམ་ཀི ཡིན་ནའང་ཁྱེད་ཀྱིས་རང་དབང་ཞེས་བའི་མིང་ཚིག་འདིས་རྒྱབ་ལོག་ནས་གནམ་མཆོང་རྒྱག་ན་ཐང་མོད།
    དེ་ནི་ཕལ་ཆེར་རང་དབང་གི་གོ་དོན་མི་ཤེས་བ་ལས་གཞན་ཅི་ཡང་མ་རེད།

    Reply
  2. ཤིང་ལོ། says:
    ལོ་ 16 སྔོན།

    དངོས་གནས་བླ་མ་རྒན་པ་ཡིན་ལ།བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་ཡང་ཧ་ཅང་གནང་ཡོད།ད་བུ་འཇོན་ཐང་ཅན་ཚོ་དོན་མེད་དུ་འདུག་རན་མིན།

    Reply
  3. ཚེ་རིང། says:
    ལོ་ 16 སྔོན།

    རྩམ་ཁུག་གི་རྩོམ་ཡིག་དེ་སོ་སོ་ཁ་རུ་ཁ་ཐུག་ཡིན་མདོག་གིས་ཚིག་ཁྱད་མཚར་དེ་འདྲ་མང་པོ་བེད་སྤྱོད་བཏང་འདུག གུས་ཞབས་ཀྱི་ཚིག་ཡང་གལ་ཆེན་པོ་རེད། ཧོབ་སྟེ་རྩོམ་ཡིག་དེ་ཀློག་སྐབས་༧གོང་ས་མཆོག་ལ་གུས་ཞབས་མེད་པ་ལྟ་བུ་མཚོན་གྱི་འདུག

    ད་དུང་བཤད་འདོད་པ་ཞིག་ལ། རྩོམ་ཡིག་དེའི་ནང་”བོད་མི་ཚོས་སྐུ་ཉིད་ཟ་ཤེས་ལ་གོན་ཡང་ཤེས། ད་དུང་སྐུ་ཉིད་བཞོན་ཏེ་རང་ཉིད་ཀྱི་ཆེད་དུ་འགྲོ་སོང་།”ཞེས་འཁོད་འདུག བོད་མི་ཚོ་གང་དུ་སོང་ཡང་ཁྱོད་འགྲོ་སྟངས་ལྟར་འགྲོ་མཁན་ཉུང་ཉུང་རེད། ཁྱེད་ཀྱིས་ཚོགས་པའི་འགྲིག་གལ་དང། ལས་རོགས་ཚོར་བསམ་བློ་མ་བཏང་བར་ཁོང་ཚོ་ཁྲིམས་མཐུན་གྱི་ཕྱི་བསྐྱོད་མདུན་ལམ་བཀག་པ་སོགས་དྲན་གྱི་འདུག་གམ།
    རྗེས་སོར་རང་ཉིད་ལ་ལྟ་ཞོར་བཀའ་མོལ་གནང་ན་ཡག་པོ་འདུག

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    རྩོམ་པ་པོ་རྩམ་ཁུག་ནི་ཕྲན་ལ་དུས་བབ་གསར་ཤོག་བརྒྱུད་ནས་བག་ཆགས་ཟམ་མོ་འཇོག་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པས་ངས་ཁོ་ལ་བཀྲ་ཤིས་བདེ་ལེགས་ཞུ། བསམ་པ་བཟང་ན་ག་རེ་བྲིས་ན་མི་སྐྱོན་ལོ།

    Reply
  5. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཀ་ངོ་ཡིག་ངོ་ཆོད་པའི་པུར་མིང་ཅན།། རྩམ་བཟན་ཡིན་པ་ཁོ་བོས་ཤེས་མོད་ཀྱང་།། བྱེད་སྒྲ་འབྲེལ་སྒྲའི་ཁྱད་པར་མི་ཤེས་ན།། རྩམ་པ་ཟོས་བ་འཕྲོ་ལྷག་མ་རེད་དམ།། དམ་པའི་ལྷ་ཆོས་ཁྱོད་ཀྱིས་མི་ཤེས་ཀྱང་།། འཇིག་རྟེན་མི་ཆོས་ཀུན་གྱིས་བརྩི་དགོས་བས།། མཐོང་ཆུང་ཁྱད་གསོད་ཅན་གྱི་ཡིག་རྙོག་འདི།། དུས་བཟང་སྐལ་བཟང་ཉིན་ལ་སྤེལ་རོགས།།

    Reply
  6. ཤེས་རབ། says:
    ལོ་ 16 སྔོན།

    རྩོམ་པ་པོ་རྩམ་ཁུག་ལགས།ཐུགས་རྗེ་གཟིགས་རྩོམ་གྱི་ཁ་བྱང་བཟོ་བཅོས་གནང་རོགས།

    Reply
  7. བྱམས་རྒྱལ། says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་པོ་ལགས་ཁྱེད་ཀྱི་ཧྲ་མི་ཧྲ་གི་ཐ་སྙད་འདི་ཡང་དག་པ་ཞིག་རེད་དགོངས་ཀྱི་ཡོད་དམ་།
    ཁ་སྐད་དང་ལོག་་སྐད་བད་སྤྱོད་མི་གཏང་བར་ ཡིག་སྐད་ཁོ་ན་བད་སྤྱོད་གཏོང་གནང་ཡོང་བར་དྲ་གྲོགས་ཚོས་ལན་བརྒྱ་ཕྲག་འབོད་བསྐུལ་ཞུས་པ་རྩི་མེད་གཏོང་རྐྱང་གནང་གི་ཡིན་པས་ལགས།

    Reply
  8. བྱམས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་རྩམ་ཁུག་ལགས་ཀྱིས་བཀོལ་བའི་ཐ་སྙད་གཅིག་ལ་གཙིར་ནས་ཁོང་གི་གལ་གནད་ཆེ་བའི་བསམ་ཚུལ་འབུར་འཇོམས་གནང་ཨེ་རུང་ ༧གོང་ས་མཆོག་སྐུ་ཚེ་གང་པོ་བོད་མི་མང་གི་དོན་དུ་གནང་རྒྱུ་ཚང་མ་གནང་ཚར་བ་ བསྟན་འདུག་ ཉིད་ཀྱིས་བྱེད་དགོས་པ་ཆ་ཚང་བྱས་ཚར་སོང་ ཞེས་གསུངས་མཚམས་འདིར་དངོས་གནས་མིག་མཐའ་མཆི་མ་འཁོར་གྱི་་་་་་ ཚོར་ཤུགས་ཟབ་མོ་སྦྱིན་གྱི་་་་་ བོད་མི་རིགས་འདི་ལ་བཀའ་དྲིན་དྲན་ཤེས་མེད་པ་དང་ ད་དུང་བཀའ་དགོངས་ཇི་བཞིན་མི་སྒྲུབ་པ་བསྟན་གྱི་འདུག་།
    སྐྱེ་འགྲོའི་དོན་ཡིན་ན་སངས་རྒྱས་ལ་དཀའ་བ་མེད་ཀྱང་ དེང་སང་ཚོགས་པ་མང་པོས་དངུལ་དངོས་ཁོ་ན་དོན་དུ་༧གོང་ས་མཆོག་ག་སར་འདན་འདྲེན་ཞུ་འགྲོ་བ་འདི་ཡང་གསལ་སྟོན་གནང་འདུག་།
    རང་རེའི་སེམས་འདི་ངན་ཕྱོགས་negative emotion རྐྱང་ལ་གོམས་པའི་སྐྱོན་རེད་མ གཏོགས་ བླ་རྒན་ མི་རྒན་ སློབ་མ་རྒན་པ་ གྲ་པ་རྒན་པ་ དཔོན་པོ་རྒན་པ ལས་བྱེད་རྒན་པ་ཟེར་དུས་གཞན་ལས་ཆེ་བ་ཞིག་ཡིན་པ་བསྟན་གྱི་མི་འདུག་གམ་
    དཔེར་ན་ཆོས་ཕྱོགས་ནས་ཆ་བཞག་ན་བླ་མ་རྣམས་ཀྱི་ནང་ནས་༧གོང་ས་མཆོག་རྒན་པའམ་ཆེ་བ་ སྲིད་ཕྱོགས་ལ་མཚོན་ན་དཔོན་པོ་རྣམས་ཀྱི་ནང་ནས་༧གོང་ས་མཆོག་རྒན་པའམ་ཆེ་བ་བཅས་བསྟན་བརྒྱི་མི་འདུག་གམ།

    Reply
  9. རི་བོང། says:
    ལོ་ 16 སྔོན།

    ༼སྐུ་ངལ་གསོ་རོགས། ངའི་བླ་རྒན། རྩམ་ཁུག་གིས།༽
    ཁ་བྱང་འདི་མཐོང་དུས་ངའི་སེམས་ལ་མི་བདེ་བ་ཞིག་རང་བཞིན་གྱིས་སླེོབས་སོང། མི་གཞན་པའང་ཕལ་ཆེར་གཅིག་མཚུངས་ཡིན་པར་སྙམ། ཅིའི་ཕྱིར་ཞེ་ན། ཁ་སང་དགོང་མོ་ང་ཚོ་གྲོགས་པོ་མང་པོ་ཞིག་མཉམ་དུ་འཛོམས་ནས་འདིའི་སྐོར་གླེང་བ་ཡིན། ཁོང་ཚོའང་གཅིག་མཚུངས་ཀྱི་ལྟ་ཚུལ་དེ་སླེབས་འདུག དྲིན་ཆེན་གྱི་ཕ་མ་ལ་སྤོ་ཏོ་རྨོ་ཏོ་ཞེས་འབོད་པ་དང་། ༸གོང་ས་མཆོག་ལ་བླ་རྒན་ཞེས་འབོད་པ་ནི་ཧ་ཅང་གི་ཚད་ལས་བརྒལ་བ་རེད། ཐོས་ན་རྣམ་རྟོག་ཟ་བ་དང་སྙིང་རླུང་ལྡང་བའི་ཚིག་སྡུག་ཅག་དེའི་རིགས་སྤྱི་ནོར་༸གོང་ས་མཆོག་ལ་སྦྱར་ན་ཧ་ཅང་མི་འོས། རྩམ་ཁུག་ནི་མི་སྒེར་ཞིག་རེད་མི་སྒེར་ཞིག་གི་ངོས་ནས་༸གོང་ས་མཆོག་ལ་བླ་རྒན་ལས་སྡུག་ཅིག་ལབ་ནའང་སྒེར་གྱི་ལྟ་ཚུལ་ང་ཚོས་འགོག་མི་ཐུབ་ལ་འགོག་དགོས་དོན་ཡང་མེད། ཡིན་ནའང་དུས་བབ་རྩོམ་སྒྲིག་པས་མདུན་ངོས་ཀྱི་མཆན་ཚུན་ཆད་ལ་ཞིབ་བཤེར་བྱས་ནས་གཏོང་བཞིན་ཡོད། དེ་ནི་མི་རིགས་འདིའི་ཆེད་དུ་རང་ཉིད་ལྷོད་སྡོད་ཀྱི་བདེ་སྐྱིད་བློས་བཏང་ནས་དཀའ་ངལ་ལ་གདོང་གཏད་ཡོད་པ་རེད། དེ་ནི་འུ་ཚོས་ངེས་པར་དུ་ཤེས་དགོས་པ་དང་ཡི་རངས་ཞུ་དགོས་པ་ལོས་ཡིན་མོད། ཁ་བྱང་རྫོབ་རོ་དེ་དུས་བབ་ཀྱི་མདུན་ངོས་ལ་བཤམས་ཡོད་པ་ནི་ང་ལྟ་བུའི་ཀློག་པོ་མང་བོ་ཞིག་གི་མིག་ནང་གི་ཚེར་མར་གྱུར་ཡོད། དུས་བབ་མདུན་ངོས་ཀྱི་རྩོམ་ཡིག་ལ་དམིགས་བསལ་ཅན་ལས་གཞན་རང་མིང་དངོས་སུ་དགོས་པ་རྩ་དོན་ཡིན་ན། རྩམ་ཁུགས་ཟེར་བ་དངོས་མིང་མིན་པ་ཤིན་ཏུ་གསལ་བས་རྩོམ་ཡིག་འདི་ལ་དམིགས་བསལ་ཅི་ལྟར་རེག་སོང་ངམ། ཁྱེད་ཀྱིས་དམིགས་བསལ་གྱི་ཁོངས་སུ་བགྲངས་པ་ཡང་བརྗོད་བྱ་དང་རྗོད་བྱེད་ཀྱི་དགེ་མཚན་ཞིག་གི་ངོས་ནས་ལྟ་བཞིན་ཡོད་ཀྱི་རེད་མ་གཏོགས། འདི་དམིགས་བསལ་ཞིག་ཡིན་ཞེས་ལབ་ཙམ་གྱིས་དམིགས་བསལ་ཆགས་འགྲོ་ན། དམིགས་བསལ་དེ་ཡང་དེ་ཙམ་ཞིག་མ་རེད་དམ། ངས་བལྟས་ན་རྩོམ་ཡིག་འདིར་བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་དམིགས་བསལ་གྱི་དགེ་མཚན་ཅང་མ་མཐོང་བས་རབ་བྱུང་ན་རྩོམ་ཡིག་འདི་མདུན་ངོས་ནས་མར་གཡུག་རྒྱུ་དང་། ཡང་ན་ཁ་བྱང་རྫོབ་རོ་དེ་བརྗེ་བོ་རྒྱགས་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  10. མི་ཆུང་། says:
    ལོ་ 16 སྔོན།

    ཆོས་ལུགས་ཀྱི་ལྟ་སྟངས་ཤིག་དང་། བོད་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་གི་དབང་གིས། རྩོམ་བྱང་དེར་འགག་པ་རྩེ་གཅིག་ཏུ་ཡོད།

    མི་རིགས་སོ་སོའི་ཆོས་ལུགས་ཀྱི་དབུ་ཁྲིད་སྟེང་། ཡོངས་གྲགས་ཀྱི་སྣང་ཆུང་དང་། མཐའ་རུ་འབུད་པ། མགོ་འཐོམས་དང་མཁྲེགས་མཛིན་གྱི་དོད་དུ་གོ་བའི། མིང་ཚིག་འདི་རིགས་གང་བྱུང་དང་གང་དྲན་དུ་སྦྱར་ན། མི་རིགས་པའམ།

    མིའི་སེམས་ཁམས་ལ་དོ་ཕོག་ཡོང་གི་ཡོད་པ་ནི། ཕྱོགས་ཚང་མའི་ལྟ་ཚུལ་ཞིག་རེད། གལ་ཏེ་ཁྱེད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ཙམ་དུ་འཛིན་གྱི་ཡོད་ན། ཅི་བཤད་ཀྱང་མི་ཆོག་པ་མེད།

    གང་ལྟར་ཡིན་མདོག་མདོག་བྱས་ཏེ་མིང་ཚིག་བེད་སྤྱོད་གང་བྱུང་དུ་མི་གཏོང་བར་འཚལ།

    Reply
  11. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དོན་དག་ཅིག་ད་བཤད་ཀྱི་ཡོད་པ་འདྲ། ཡིན་ནའང་ཐ་སྙད་སྤྱོད་སྟངས་ཧ་ཅང་མི་ཧྲ་གི་ཡ།

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    མཛད་རྣམ་མདོར་བསྡུས་ཞིག་བྲིས་པ་ཐུགས་རྗེ་ཆེ།

    འོན་ཀྱང་བླ་རྒན་ཞེས་པ་འདི་ངའི་རྣ་བར་མི་གོམས་གི

    Reply
  13. དམར་ཁ་ཚ། says:
    ལོ་ 16 སྔོན།

    ཅི་ཡིན་ཆ་མི་འཚལ་བར་བདག་གི་སེམས་སུ་《བླ་རྒན་》ཞེས་པའི་ཚིག་འདི་ནི་གུས་བརྩི་མེད་པའི་ཚིག་ཅིག་ཏུ་སྣང་ཡོང། ང་ཚོ་བོད་མིའི་གོམས་སྲོལ་དུ་ཨ་ཁུ་འདོན་ཆོག་གཅིག་པུ་ལ་བྱང་ཡོད་པ་ཞིག་ལའང་ཁོ་དང་སྙིང་ཉེ་བ་ཚོས་བླ་རྒན་ཞེས་འབོད་མི་སྲིད། དེ་ནི་དམའ་འབེབ་ཀྱི་ཚིག་ཏུ་འཁུམ་པས་ཡིན། ཡིན་ན་ཡང་། ད་ལྟ་རང་རློམ་ཆེ་ཞིང་རྩམ་དྲི་མི་བྲོ་བའི་རྩམ་ཁུག་སོགས་ཀྱིས་༸གོང་ས་མཆོག་ལ་ཞེ་ཚིག་ཅིག་འབུལ་བའང་ངལ་བའི་ཚོད་དུ་འདུག
    རྩམ་ཁུག་ལགས། རྩོམ་ཡིག་བཀླགས་རྗེས་ནང་དོན་གྱི་ཕྱོགས་ནས་སྤྱིར་བཏང་བ་ཞིག་ལས། བློ་བསྐྱེད་འདྲ་ཅི་ཡང་རེག་མ་བྱུང།

    Reply
  14. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    རྩམ་ཁུག་ལགས། ཁྱོད་ཀྱིས་གཞིས་ལུས་བོད་མིའི་སྐུ་ཉིད་བསྒུགས་ཏེ་ལོ་༥༡ཕྱིན་སོང་།བཙན་བྱོལ་བོད་མི་ཚོར་ཉིད་ཀྱིས་ཞབས་ཞུ་བསྒྲུབས་ཏེ་ལོ་༥༡་རེད།བཙན་བྱོལ་བོད་མི་ཚོར་བོད་དོན་འཐབ་རྩོད་ལ་ལམ་ཁ་བསྟན་ཅིང་།ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ཡན་ལ་ལམ་སྟོན་མཐའ་མེད་གནང་སོང་།ཡིན་ནའང་བོད་མི་ཚོས་སྐུ་ཉིད་ཟ་ཤེས་ལ་གོན་ཡང་ཤེས།ད་དུང་སྐུ་ཉིད་བཞོན་ཏེ་རང་ཉིད་ཀྱི་ཆེད་དུ་འགྲོ་སོང་།
    དགུང་ལོ་བདུན་ཅུ་དོན་ལྔ་བརྒྱད་ཅུ་ལ་བརྙབས་སོང་།བོད་མི་ཚོ་འདི་ལས་ལྷག་ཅིག་གཡོག་ལས་བྱེད་རྒྱུ་ཅི་ཡང་མེད།ཁྱོད་ཀྱིས་བོད་མིའི་ཆེད་དཀའ་ལས་ཅི་ཙམ་བརྒྱབ་པ་ཤེས་མཁན་ཉུང་ལ།་ད་དུང་ཉིད་ཀྱི་ལམ་སྟོན་ནོར་འདུག་ཟེར་མཁན་ཡང་ཡོད།ད་ནི་བོད་མི་ཚོའི་བོད་དོན་འཐབ་རྩོད་འདི་རྒྱུན་བརྒྱང་ཐུབ་ཀྱི་ཡོད་ན་རེད་མེད་ན་རེད།རང་གི་ངོ་བོ་རྒྱུད་འཛིན་བྱེད་ཐུབ་ཀྱི་ཡོད་ན་རེད་མེད་ན་རེད།ཉིད་ཀྱིས་བྱེད་དགོས་པ་ཆ་ཚང་བྱས་ཚར་སོང་ཞེས་པའི་ཚན་པ་འདི་གཉིས་ཀྱིས་ངས་ཡིད་ཤིན་ཏུ་སྐྱོ་ཞིང་ཅུང་ཙམ་མ་བསྒུག་པར་བཀླགས་ཐུབས་མ་སོང་ཐུགས་རྗེ་ཆེ་མི་འཐུད་ནས་འདི་ལྟ་བུའི་རྩོམ་འབྲི་རོགས། འདི་བཀླགས་སྐབས་ངས་སེམས་སུ་༸གོང་ས་མཆོག་གིས་བོད་ཀྱི་ཆེད་དུ་མྱང་བའི་གནས་དོན་མང་བོ་ཞིག་ཡིད་ངོར་ཤར་ཡང་ཁྱོད་ལ་ལན་ཟློས་ལྟ་བུ་ཞིག་ལ་འགྲོ་ཉེན་འདུག་པས་རེ་ཞིག་བཞག

    Reply
  15. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྩོམ་ཡིག་འདི་ཀློག་རྒྱུའི་དུས་ཚོད་མ་བྱུང་ཡང་། ཁ་བྱང་འདིའི་ཕྱོགས་གཅིག་ལ་རྒྱབ་སྐྱོར་ཡོད། དེ་ནི་ཚོགས་སྡེ་སྒེར་པ་ཁག་དང་དགོན་པ་ཁག་གིས་དོན་ཆེ་ཆུང་གང་ཡིན་ཡང་ཁོང་གདན་འདྲེན་ཞུ་འགྲོ་བ་དེ་རེད། རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ།

    Reply
  16. ངག་དབང་རབ་རྒྱས། says:
    ལོ་ 16 སྔོན།

    སྤྱིར་གུས་པས་སྙན་ངག་ཤེས་ཀྱི་མེད་པས། བླ་རྒན་ཟེར་བའི་ཐ་སྙད་སྙན་ངག་ནང་དམིགས་བསལ་ཞིག་གོ་རྒྱུ་ཡོད་ན་ལས། དེང་སང་བླ་རྒན་ཟེར་བའི་ཐ་སྙད་འདི་ཟུར་ཟ་དང་མཐོང་ཆུང་གི་སྐད་ཆ་ཞིག་ལ་གོ་ཡི་ཡོད། རྩམས་ཁུག་གིས་ཚིག་འདི་བེད་བསྤྱད་སྟེ་སྒོ་གསུམ་གྱིས་དེད་གུས་མཚོན་བྱེད་རྩོམ་ཡིག་འདི་སྤེལ་བ་ཡིན་པ་ཡིད་ཆས་ཡོད། དཔེར་ན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཟམ་གདོང་རིན་པོ་ཆེ་ལ་ཟུར་ཟ་བྱེད་མཁན་མང་པོས་ཟམ་གདོང་བླ་རྒན་ལྟ་བུ་འབོད་མཁན་རིགས་གཅིག་ཡོད་པ་ཀུན་གྱི་མཁྱེན་གསལ་ལྟར་རོ། ངས་ངོས་ནས་ཚིག་འདི་གོ་བདེ་དང་མཐོང་བདེ་ཞིག་རྩ་ནས་མི་འདུག

    Reply
  17. རླུང་པུ says:
    ལོ་ 16 སྔོན།

    ༼ སྐུ་ངལ་གསོ་རོགས། ངའི་བླ་རྒན། ༽ཁྱོད་ཀྱི་ཁ་ཡིག་འདི་མཐོང་མ་ཐག་ནས་འགལ་ཟླའི་རྣམ་པ་ཞིག་འདུག ཀློག་གིན་ཀློག་གིན་འགལ་ཟླ་ཆེ་རུ་འགྲོ་བ་དང་། མཚམས་མཚམས་ལ་གོ་རྒྱུ་ཅི་ཡང་མི་འདུག ད་དུང་ཡིག་ནོར་སོགས་ཧ་ཅང་མང་པོ་འདུག ཉམས་འཇོག་བྱེད་རོགས།
    གལ་ཏེ་ཁྱེད་རང་ཡིད་མི་ཆེས་ཚེ་ངས་འདི་རུ་རེ་གཉིས་བཀོད་ཆོག ༼རྒྱ་དཔོན་ཚོའི་གམ་ནས་མགོ་སྐོར་དང་གཡོ་སྒྱུ་ཞིག་ལས་ཅི་ཞིག་རྙེད།༽ ༼ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ཡན་ལ་ལམ་སྟོན་མཐའ་མེད་གནང་སོང་།ཡིན་ནའང་བོད་མི་ཚོས་སྐུ་ཉིད་ཟ་ཤེས་ལ་གོན་ཡང་ཤེས།༽ ༼ཁྱོད་ཀྱིས་བོད་མིའི་ཆེད་དཀའ་ལས་ཅི་ཙམ་བརྒྱབ་པ་ཤེས་མཁན་ཉུང་ལ།༽་་་་་་་་་་་་་་་་་་་ བསྟོད་མི་མཁན་ཞིག་གིས་བསྟོད་པ་ལས་སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ་ཟེར་བ་མི་བདེན་པ་ཆེར་མི་འདུག
    སྤྱིར་ཁྱོད་ཀྱིས་བསྟོད་པ་ཞིག་འབྲི་ཁུལ་བྱས་པ་ཡིན་མོད། འོན་ཀྱང་མཚམས་ལ་ལར་བསྟོད་པ་ཡིན་ནམ་སྨད་པ་ཡིན་པར་མི་ཤེས། ང་ལྟ་བུའི་ཀློག་མཁན་ཞིག་འཁྲུལ་འགྲོ་འདུག

    Reply
  18. བྱམས་རྒྱལ། says:
    ལོ་ 16 སྔོན།

    མདུང་རྩེ་ལགས།
    ཤིན་ཏུ་ཐག་ཉེ་བའམ་ འབྲེལ་འདྲིས་ ཡོད པའི མི་ལ་ ཨ་རོགས་ ཨེ ཟེར་བ་ལ་སྨྲད་པའི་ཚིག་ཏུ་མི་འགྱུར་ཞིང་ ཆ་རྒྱུས་མེད་པའི་མི་ལ་ ཁྱེད་ དང་ཁོང་ ཞེས་ཞེ་ཚིག་འབོད་དགོས་པ་ལྟར་ སྐབས་འདིར་རྩམ་ཁུག་གི་བློ་ལ་༧ གོང་ས་མཆོག་ཤིན་ཏུ་ནས་ཐག་ཉེ་པོ་ཡོད་པའི་དབང་མེད་དུ་ བླ་རྒན་ཞེས་ཚིག་ཤོར་བ་མིན་འགྲོ་ མ་གཞི་རྩམ་ཁུག་ལགས་སྙན་ངག་མཁན་ཞིག་ཡིན་འགྲོ་ སྙན་ངག་ནང་ བཤད་སྲོལ་འདི་འདྲ་ཞིག་ཡོད་རེད་ཟེར་གོ་མྱོང་ཡོད།

    ཨ་ཙི་འཁྲུངས་སྐར་གྱི་ཉིན་འདིར་རྩམ་ཁུག་ལགས་ཀྱིས་ཡིད་ཤིན་ཏུ་སྐྱོ་བའི་རྩོམ་ཞིག་སྤེལ་འདུག་། སེམས་སྐྱོ་སླང་ངེར་འདྲ་ཞིག་བྱུང་།
    ཐུགས་རྗེ་ཆེ།

    Reply
  19. མདུང་རྩེ says:
    ལོ་ 16 སྔོན།

    ཨ་རོ་རྩམ་ཁུག ཁྱོད་ཀྱིས་བླ་རྒན་ཟེར་བ་སྒྱུ་རྩལ་གྱི་རོ་བྲོ་ཐུན་མོང་མ་ཡིན་པ་ཞིག་ལ་དམིགས་ནས་བྲིས་པ་ཡིན་རྒྱུ་རེད་དེ། ཡིན་ནའང་། བླ་རྒན་ཞེས་པ་ནི་ཕལ་ཆེར་བླུན་པོ་ཞེས་པ་དང་དོན་འདྲ་བ་རེད། ་དེའི་ཕྱིར་ཐ་སྙད་འདི་རྒྱལ་བ་རིན་པོ་ཆེ་ལ་ཕུལ་རྒྱུ་ཞིག་མ་རེད། དེ་ཤེས་པར་གྱིས།

    ད་དུང་མི་ཤེས་ན་དུས་འགྱུར་སྟེང་གི་བླ་རྒན་ལ་དཔྱད་པ་ཞེས་པའི་རྩོམ་ཡིག་དེ་ལ་ལྟོས་དང་དེ་ན་འདྲེ་མགོ་རྡོ་ཟེར་བ་ཞིག་གིས་བླ་རྒན་ཞེས་པ་ལ་འགྲེལ་བཤད་གསལ་བོ་བྱས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese