མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་ཚོགས་ཀྱི་རེ་འདུན་ལ་ལྟ་འདོད་ཡོད། དགེ་བསྟན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དུས་བབ་དྲ་ཐོག་ཏུ་རྩོམ་སྒྲིག་པས་དགའ་ལྡན་དགོན་པའི་ཤུལ་གཉིས་པ། ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག དེ་ནི་ངོ་མ་འཁྲུལ་སྣང་གི་རྨི་ལམ་དང་ཅལ་འགྲོག་གི་ཀུ་ཅོ་ཙམ་མ་ཡིན་པར་བསམ་གཞིག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་གུས་པས་ཀྱང་སྔར་ནས་དྲན་པ་ཙམ་མ་ཡིན་པར་གྲོགས་པོ་གང་མང་ཞིག་ལ་བཤད་ཀྱང་མྱོང་། དེས་ན། གུས་པས་རྩོམ་སྒྲིག་པས་གླེང་སླངས་པའི་གནད་དོན་དེའི་སྟེང་དུ་་དྲི་བ་ཁག་ཅིག་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་གང་ཡོད་ལྟ་འདོད་བྱུང་།

༡། བོད་ཀྱི་སྔོན་བྱོན་མེས་པོ་དམ་པ་དག་གིས་དཀའ་སྤྱད་འབད་བརྩོན་ལས་རང་ཅག་རྣམས་ལ་འཚོ་རྟེན་དུ་བཞག་པའི་བཅུ་ཕྲག་རིག་པའི་ཀོར་མཛོད་འདི་ཉིད། མི་རིགས་གཞན་ལ་མེད་པའི་ཁྱད་ནོར་ཞིག་ལ་ངོས་འཛིན་གནང་རིན་མེད་པ་རེད་དམ།

༢། མདོ་རྒྱུད་བཀའ་བསྟན་སོགས་ཀྱི་བང་མཛོད་རྣམ་པར་རྒྱལ་ཞིང༌། དེ་ཡི་སྒོ་འཕར་ཡངས་པོར་འབྱེད་པའི་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཏུ་གྱུར་བའི་བཀའ་འགྲེལ་བསྟན་བཅོས་སོགས་བརྩམས་ཆོས་ལྷུན་པོའི་གཟི་དཔལ་བླ་ན་འབར་བཞིན་ཡོད་པ་དེ་། ད་ལྟ་ང་ཚོར་མཁོེ་མེད་དུ་གྱུར་བ་རེད་དམ།

༣། དེ་དག་ནི་དེང་གི་དུས་འདིར་རང་རེ་མི་རིགས་འདིའི་སྤོབས་པ་བྱེད་ས་དང་མཚོན་རྟགས་ལེགས་ཤོས་དེ་མ་རེད་དམ།

༤། རིག་གཞུང་འདི་བོད་མི་རིགས་ཀྱི་ངོ་བོ་གནས་པར་བྱེད་པའི་བླ་སྲོག་མ་རེད་དམ།

༥། ད་ལྟའི་བར་དུ་རིག་གཞུང་འདི་མེད་ན་བོད་མི་རིགས་གནས་མེད་པ་དང་བོད་མི་རིགས་མེད་ན་རིག་གཞུང་འདི་ཡང་གནས་མེད་ཅེས་བཤད་ཆོག་པ་ལྟ་བུའི་རྟེན་འབྱུང་ལྟོས་གྲུབ་ཀྱི་འབྲེལ་བ་དང༌། ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་ཟབ་ཡོད་པའི་རིག་གཞུང་དང་མི་རིགས་འདི་འབྱུང་འགྱུར་འཛམ་གླིང་འདིར་ཇི་ལྟར་གནས་ཐུབ་མིན་གྱི་གནད་དོན་འདི་དགོན་སྡེ་་གྲྭ་ཚང་གཅིག་བུའི་སྟེང་ལ་ཡོད་པའི་འགན་ཞིག་རེད་དམ་བོད་མི་ཡོད་དོ་ཅོག་གི་ཕྲག་སྟེང་ལ་ཡོད་པའི་འགན་ཞིག་རེད།

༦། ང་ཚོས་འབྱུང་འགྱུར་གྱི་མི་རབས་རྣམས་ལ་ཕ་མེས་ཡང་མེས་ནས་དཔྱད་གསུམ་གྱིས་དག་པར་མཛད་པའི་རྩ་ཆེའི་རིག་གཞུང་འདི་རྩིས་སྤྲོད་བྱེད་དགོས་པར་གལ་ཆེའི་རང་བཞིན་དུ་འཛིན་དགོས་སམ་མི་དགོས།

༧། གལ་སྲིད་གོང་གསལ་གྱི་དྲི་བ་དག་གི་སྒྲུབ་ཕྱོགས་ནས་བསམ་གཞིགས་བྱེད་དགོས་ན་དེ་རིང་ནས་ལས་དོན་འདི་གཙིགས་འཛིན་གྱིས་གོམ་པ་མདུན་བསྐྱོད་ཇི་ལྟར་བྱ་དགོས་སམ།

རྒྱ་ཆེའི་དྲ་གྲོགས་རྣམ་པས་དྲིས་དོན་འདི་ལ་རང་དོན་རང་གཅེས་ཀྱིས་བཀའ་ལན་དོན་སྨིན་ཡོང་བའི་རེ་བ་ཤིན་ཏུ་ཆེ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

སྐར་མ ༨ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 5

  1. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    གནམ་ལྕགས་ཞེས་པའི་སྨྱུག་མིང་འཛིན་པ་པོ་ལགས། དྲི་བ་བདུན་ལ་ལན་འཐུས་སྒོ་ཚང་བ་ཞིག་གནང་ཡོད་པའི་ཚོར་སྣང་མ་བྱུང་ཡང་ལན་གནང་དང་དགོངས་ཚུལ་བཏོན་པ་ཙམ་གྱིས་བོད་མི་རིགས་རིག་གཞུང་དང་བཅས་པར་ཐུགས་ཞེན་དཀར་བར་མཚོན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་རྩོམ་སྒྲིག་པས་ཆོས་ལུགས་སྤྱི་འཐུས་ཀྱི་གནད་དོན་དེ་དགའ་ལྡན་དགོན་པའི་ཤུལ་གཉིས་པ་དང་འབྲེལ་ནས་བཤད་ཡོད་ལ། དགའ་ལྡན་དགོན་པའི་ཤུལ་གཉིས་པ་ཇི་ལྟར་འབྱུང་མིན་དེ་བོད་རིགས་གྲྭ་རྒྱུན་ཉུང་དུ་འགྲོ་བཞིན་པ་ལ་འབྲེལ་བ་ཡོད། དེའི་ཕྱིར། བོད་རིགས་གྲྭ་རྒྱུན་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་དེ་བོད་རིགས་ཡོངས་ནས་རིག་གཞུང་ལ་བཅངས་པའི་འདུ་ཤེས་དང་གོ་རྟོགས་ལ་འབྲེལ་བ་ཡོད་པར་བརྟེན་དྲི་བ་འདི་དག་བཏོན་པ་ཡིན་པས།མི་རིགས་ཤིག་གི་འབྱུང་འགྱུར་དང་རིག་གཞུང་ཞིག་གི་མདུན་ལམ་གྱི་ཐད་ནས་བསམ་ན་སྤྱིར་བཏང་གི་སྐད་ཆ་ཞིག་མིན།་དེའི་སྟབས་ཀྱིས་གུས་པའི་དྲི་བ་འདི་དག་རྩོམ་སྒྲིག་པའི་རྩོམ་ཡིག་དང་འབྲེལ་བ་དམ་ཟབ་ཡོད་པར་སྙམ།
    སྐུ་ཞབས་ལུང་རིགས་ལགས།ལན་འདེབས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ལན་འདེབས་ཁ་ཤས་ཐད་གསལ་བཤད་ཅིག་བྱེད་དགོས་འདུག་པས་སླད་མུར་བགྲོ་གླེང་ཡོང་བ་ཞུ།
    སྔོན་བྱོན་དམ་པ་དག་གིས་ཕྱི་ནས་ནང་འདྲེན་བྱས་པ་ཙམ་མ་ཡིན་པར་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རྒྱུད་འཛིན་དམ་དོན་གནང་སྟེ་་བོད་མི་རིགས་ལ་བདག་ཐོབ་ངེས་ཅན་ཡོད་པའི་མཛད་རྗེས་བླ་མེད་བཞག་ཡོད་ལ། དེ་ཡང་དཔལ་ཎཱ་ལནྜའི་མཁས་པའི་ཡང་རྩེ་དག་གིས་དག་པར་མཛད་པའི་ཚང་ལ་མ་ནོར་བའི་ཆོས་ཚུལ་ཟབ་མོ་དེ་བོད་གཅིག་བུ་ལ་མ་གཏོགས་ད་ལྟའི་མེད་ཅེས་བཤད་ཆོག

    སྐུ་ཉིད་གསུང་བ་བཞིན་བཙོང་མཁན་དེ་བོད་མི་དང་ཉོ་མཁན་དེ་མི་རིགས་གཞན་ཡིན་སྟབས་དེའི་སྟེང་ནས་ཀྱང་གཞན་ལ་མེད་པའི་བདག་ཐོབ་ཅིག་ཡོད་པ་ཤེས་ཐུབ།
    བོད་ཀྱི་བཅུ་ཕྲག་རིག་པའི་གནས་འདི་དག་ཨ་རི་དང་ཡུ་རོབ་སོགས་ལ་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་རྒྱས་སུ་འགྲོ་བཞིན་པར་འདོད། ཅེས་པ་དེ་ཡང་གང་ནས་དར་བ་དང་མགོ་ཁུངས་སུ་ལ་གཏུགས་ཡོད་མེད་ཀྱི་སྟེང་ནས་ཤེས་ཐུབ། བོད་ཀྱི་སྐད་ཡིག་ནང་དུ་དར་བ་དེ་འདྲ་ཞིག་འདས་པའི་དུས་སུ་གཞན་སུ་ལ་དར་མེད་པ་ཤེས་མི་ཐུབ་པའི་གནད་དོན་ཞིག་མིན།
    གཉིས་པ། དེ་འདྲ་ཡང་མ་རེད། འོན་ཀྱང་། ང་ཚོར་དེ་དག་ལོངས་སུ་སྤྱོད་རྒྱུའི་ཁོར་ཡུག་མེད་པ་རེད། ཅེས་པར། སྤྱིར་གང་ཉིད་ནས་ཁོར་ཡུག་མེད་ཅེས་པ་སློབ་གཉེར་གནང་སའི་ཁོར་ཡུག་མེད་ཅེས་པ་ཡིན་རྒྱུ་མ་རེད་སེ་འབྲས་དགའ་གསུམ་སོགས་སློབ་གཉེར་གནང་སའི་ཁོར་ཡུག་མང་པོ་ཡོད་པས་སོ། གལ་སྲིད་བོད་ནང་དུ་བཤད་པ་ཡིན་ན་ཅུང་བདེན་དུ་ཆུག་ཀྱང་ང་ཚོའི་གླེང་གཞི་ནི་འདི་ཕྱོགས་ཡིན། གལ་ཏེ་ང་ཚོ་གང་དུ་སོང་ཀྱང་གཞན་དབང་སྟབས་བསྟུན་བྱེད་དགོས་པའི་ཆ་ནས་ཁོར་ཡུག་ཆེན་པོ་མེད་ཅེས་བཤད་ཆོག་ཀྱང་། དོན་དངོས་ང་ཚོ་ཁོར་ཡུག་གི་བཀག་རྒྱ་མ་ཡིན་པར་སྐབས་འཕྲལ་གནས་བབ་ལ་ཁ་གཏད་གདོང་ལེན་བྱེད་མ་ཐུབ་པའི་གནད་དོན་དང་ཕུག་རྒྱང་རིང་བཟུང་གི་འདུ་ཤེས་ཕྲ་བའི་རྐྱེན་གྱིས་ཁོར་ཡུག་མེད་པར་གྱུར་བ་རེད།
    ༣
    ང་ཚོའི་སྟེང་ནས་རྩ་ཆེའི་རིག་གཞུང་གི་རིན་ཐང་དང་འབྲེལ་བ་ཡོད་པའི་མཚོན་རྟགས་བརླག་གིན་ཡོད་པ་བདེན་པ་རེད་དེ། རྒྱུ་མཚན་དེའི་དབང་གིས་རིག་གཞུང་ལ་འཛིན་པའི་སྤོབས་པ་ཉམས་དོན་དང་ངོ་ཚ་དགོས་དོན་མེད་པར་སྙམ། གང་ཞེ་ན། ང་ཚོར་ད་ཆ་འདི་ལས་ལྷག་པའི་སྤོབས་བྱེད་ས་གཞན་ཞིག་འཇོག་རྒྱུ་མེད་པས་སོ།།

    ༤། བླ་སྲོག་རེད། ཡིན་ཡང་། བླ་སྲོག་འདི་ཆད་སོང་ན་བླ་སྲོག་གཞན་པ་ཡོད་པ་རེད་དམ། ཅེས་པར། དེ་སྐུ་ཉིད་ཀྱིས་ཀྱང་ལས་ཤེས། ང་ཚོར་འདི་ལས་ལྷག་པའི་བླ་སྲོག་གཞན་ཞིག་ཡོད་ན་འདི་ཁོ་ན་ལ་མཐའ་སྐྱེལ་བྱེད་དོན་མེད་།སྲོལ་རྒྱུན་རིག་གཞུང་ཡོད་ཚད་གཅིག་མཚུངས་ཡིན་པའི་ངེས་པ་མེད་ལ་ཡིན་ན་ཡང་ང་ཚོའི་གནས་སྟབས་དང་མི་རིགས་གཞན་གྱི་གནས་སྟངས་མི་འདྲ་བས་ང་ཚོས་ད་དུང་རིག་གཞུང་འདིའི་དར་ཆ་འཕྱར་དགོས་པ་ལས་མི་རིགས་གཞན་ལྟར་ཡམ་རྒྱུགས་བྱས་ཚེ་ནམ་ཞིག་ཕ རི་ལྕི་བ་མེད་ཚུར་རིའི་ཀླད་པ་མེད་ཅེས་པའི་དཔེ་ལྟར་འགྲོ་ངེས་ཡིན། དེའི་ཕྱིར། ང་ཚོ་བོད་ཀྱི་གནས་བབ་འདི་ལས་ལྷག་པའི་གནས་བབ་ཡར་ལྡན་ཞིག་དང་བླ་སྲོག་འདི་ལས་ལྷག་པའི་བླ་སྲོག་གསར་བ་ཞིག་མ་ཐོབ་པར་དུ་བླ་སྲོག་འདི་དང་ཁ་གྱེས་མིརིང་སྙམ།

    ༥། བོད་མི་ཡོད་དོ་ཅོག་ལ་འགན་ལོས་ཡོད། ཡིན་ཡང་། བོད་མི་རིགས་འདི་ཇི་ལྟར་འཐོར་གྱིན་འདུག་པ་དེས་བོད་ཀྱི་རིག་གཞུང་ཡང་དེ་ཙམ་ཞིག་འཐོར་ནས་ཉམས་ནས་འགྲོ་གི་ཡོད་པ་མཚོན་དགོས་པ་རེད། དགོན་པ་གྲྭ་ཚང་མང་པོ་ཞིག་སྒོ་བརྒྱབ་ནས་ཡོང་གི་ཡོད་པ་དེ་དག་ཀྱང་མཚོན་རྟགས་རེད། ཅེས་པར། མི་རིགས་འཐོར་བ་དེས་རིག་གཞུང་འཐོར་བར་མཚོན་པ་བཞིན་རིག་གཞུང་འཐོར་བ་དེས་ཀྱང་མི་རིགས་འཐོར་འགྲོ་བ་མཚོན་དགོས་པ་རེད། ད་ལྟའི་བར་དུ་བོད་ཆོལ་ཁ་གསུམ་རིག་གཞུང་གི་རྒྱུན་ཐག་གཅིག་གིས་འཐོར་དུ་མ་བཅུག་པར་སྦྲེལ་ཡོད་པ་དངོས་བྱུང་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད།

    ༦། གལ་ཆེན་རེད་འདོད། ཡིན་ཡང་། གལ་ཆེན་ལ་ངོས་འཛིན་བྱེད་མཁན་ཇེ་ཉུང་རེད། རྩིས་འཕྲོད་རྒྱུ་ཁག་པོ་རེད། གང་ལེགས་ཞེ་ན། ཐོག་མར་རྩིས་སྤྲོད་མཁན་དཀོན་པོ་རེད། དེ་ནས་རྩིས་ལེན་མཁན་ནི་དེ་བས་ཀྱང་དཀོན་པོ་རེད། རྩིས་ལེན་རྩིས་སྤྲོད་ཀྱི་རིམ་པ་མེད་པ་འདྲ་བོ་རེད། ཅེས་པ་དེ་བདེན་པ་རེད། ངའི་སེམས་འཚབ་བྱེད་དོན་ཡང་དེ་ག་རང་ཡིན། ཡིན་ན་ཡང་ད་དུང་འཕྱི་དྲག་པའི་ཚོད་མིན་པས་ཚང་མས་རིག་པ་སྒྲིམ་སྟེ་རྩིས་སྤྲོད་རྩིས་ལེན་གྱི་རྒྱུན་སྐྱོང་ཐུབ་ཐབས་ལ་འབད་དགོས།

    ༧། དྲི་བ་འདི་ལ་སྐུ་ཉིད་ནས་ཐུགས་སྣང་དེ་ཙམ་མ་བྱུང་བ་ཡིན་པ་འདྲ།
    གུས་པའི་རེ་བ་ནི་དྲི་བ་དང་པོ་དྲུག་གི་སྒྲུབ་ཕྱོགས་འཛིན་དགོས་ཚེ་དེ་རིང་ནས་ཡར་རྒྱས་ཕྱོགས་ལ་འགྱུར་བཅོས་གང་ཞིག་བྱེད་དགོས་མིན་དེ་རེད་མ་གཏོགས། དུས་རབས་ཀྱི་འགྱུར་འགྲོས་དང་ཁོར་ཡུག་གི་གནས་སྟངས་སོགས་མ་བརྟེན་པར་སྔར་སྲོལ་གཅིག་བུས་འཚོ་འདོད་ཀྱི་ཨུ་ཚུགས་དང་མཁྲེགས་འཛིན་གྱི་སྐད་ཆ་མ་རེད །

    བློ་གྲོས་རྒྱལ་པོ་ལགས། ཕྱོགས་གཅིག་བདེན་པ་རེད། དུས་རབས་དང་འཛམ་གླིང་གི་འགྱུར་འགྲོས་བསྟུན་ནས་བོད་ཀྱི་རིག་གཞུང་གི་རིན་ཐང་ལ་ཚན་རིག་པས་འདེང་འཇོག་དང་འབྲེལ་དོ་སྣང་བྱ་ཡུལ་གཙོ་གྲས་སུ་གྱུར་ཡོད། གནད་དོན་དེའི་སྟབས་ཀྱིས་རང་ཕྱོགས་ལ་དྲི་བ་འདི་དག་འདོན་དགོས་བྱུང་བ་རེད།

    Reply
  2. རི་བོང། says:
    ལོ་ 16 སྔོན།

    དགེ་བཤེས་ལགས་ཀྱིས་དྲ་ཐོག་ལ་དྲི་བ་བདུན་བཏང་ནས་མང་ཚོགས་ཀྱི་རེ་འདུན་ལ་ལྟ་འདོད་ཡོད་ཅེས་གཟིམ་བསྡད་ན་རེ་འདུན་དོན་ཐོག་ཏུ་སྨིན་པ་འོང་དཀའ་ཡང་། ལུང་རིགས་ལགས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ལན་བཏབ་པར་ཐུགས་རྗེ་ཆེ། ངས་ལྟ་ཚུལ་ལྟར་ན་དྲི་བ་དེ་དག་འབེན་འདྲ་ཞིག་ཡིན་ན་ལུང་རིགས་ཀྱིས་ལན་དེས་གོར་ཐིག་ནང་ལ་ཐེབས་འདུག་སྙམ། དགའ་ལྡན་དགོན་པའི་དགོན་ཤུལ་གཉིས་པ་ཞེས་པའི་རྩོམ་ཡིག་དང་། དྲི་བ་འདི་དག་ལ་འབྲེལ་ཞེ་དྲག་མཐོང་མ་སོང་།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དགེ་བཤེས་ལགས་ཀྱི་དྲི་བ་འདི་དག་ངས་ཁ་ཉིན་སྤེལ་བའི་བསམ་ཚུལ་ཐུང་ངུ་དེར་འབྲེལ་བ་ཡོད་པའི་དབང་གིས་ལན་མདོར་བསྡུས་རེ་འབུལ་རྒྱུ་ཡིན།

    དང་པོ། སྤྱིར་བཏང་དེ་འདྲ་མ་རེད་དེ། སྔོན་བྱོན་དམ་པ་དག་གིས་སྔོན་ཆད་བཅུ་ཕྲག་རིག་པའི་གནས་འདི་དག་ཕྱི་ནས་ནང་འདྲེན་བྱས་པ་ཡིན་སྟབས། རང་ཅག་བོད་ལ་མ་གཏོགས་མེད་པའི་བསམ་ཚུལ་དེ་འཛིན་མི་ཐུབ་ལ། ད་སྐབས་ཀྱི་བོད་རང་གི་བཤེས་གཉེན་དམ་པ་དག་དང་མཁས་པ་རྣམས་ཀྱིས་འདི་དག་ཕྱིར་བཙོང་བྱེད་བཞིན་པར་བལྟས་ན་ཡང་། ད་ནི་བོད་རང་ལ་མ་གཏོགས་མེད་པ་ཞིག་ཏུ་བསམ་མི་ཐུབ་པར་གྱུར་འདུག བོད་ཀྱི་བཅུ་ཕྲག་རིག་པའི་གནས་འདི་དག་ཨ་རི་དང་ཡུ་རོབ་སོགས་ལ་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་རྒྱས་སུ་འགྲོ་བཞིན་པར་འདོད། དེ་ལྟར་ཡང་། རང་རེའི་དམ་པ་དག་གིས་གསུང་བཞིན་པ་ལྟར། བོད་ཀྱི་སྐད་ཡིག་ནང་དུ་དར་བ་དེ་འདྲ་ཞིག་གཞན་ལ་དར་གྱིན་ཡོད་མེད་མ་ཤེས།

    གཉིས་པ། དེ་འདྲ་ཡང་མ་རེད། འོན་ཀྱང་། ང་ཚོར་དེ་དག་ལོངས་སུ་སྤྱོད་རྒྱུའི་ཁོར་ཡུག་མེད་པ་རེད། ཁོར་ཡུག་བརླག་པའི་དབང་གིས་ད་ནི་རི་བོའི་གཏོས་དང་མཉམ་པའི་དཔེ་གཞུང་དེ་དག་ང་ཚོ་དང་རྒྱང་ཐག་ཇེ་རིང་ལ་སོང་བ་རེད། རྒྱང་ཐག་ཇེ་རིང་དུ་སོང་བ་དང་མཉམ་དུ་ཕན་ཚུན་ཆ་མེད་རྒྱུས་མེད་ཀྱི་རྣམ་པར་འགྱུར་གྱིན་ཡོད་པ་རེད། འདི་ལ་ཐབས་ཤེས་ཤིག་ཡོད་མེད་མ་ཤེས།

    གསུམ་པ། སྤྱིར་ན་དེ་ལྟར་ཡིན་དགོས་པ་རེད། འོན་ཀྱང་། ད་ནི་དེ་དག་ཡོད་ནས་སྤོབས་པ་བྱེད་རྒྱུ་ཕར་ཞོག ངོ་ཡང་ཚ་དགོས་པ་ཞིག་རེད། ང་ཚོའི་སྟེང་ནས་འདི་དག་ལ་འབྲེལ་བ་ཡོད་པའི་མཚོན་རྟགས་དེ་ཚོ་བརླག་གིན་འདུག འདི་དག་ཡོད་ཨང་བསམ་པའི་སྤོབས་པ་དེ་ཡང་ཉམ་གི་འདུག

    ༤། བླ་སྲོག་རེད། ཡིན་ཡང་། བླ་སྲོག་འདི་ཆད་སོང་ན་བླ་སྲོག་གཞན་པ་ཡོད་པ་རེད་དམ། སྲོལ་རྒྱུན་རིག་གཞུང་གི་ཕྱོགས་ནས་བསམ་ན། དེང་སྐབས་འཛམ་བུའི་གླིང་གི་མི་རིགས་ཚང་མའི་བླ་ཆད་ཚར་བ་རེད། བླ་སྲོག་གསར་པ་རེ་ཡིས་སོ་སོའི་ངོ་བོ་མཚོན་ཐབས་བྱེད་ཀྱིན་ཡོད་པ་རེད།

    ༥། བོད་མི་ཡོད་དོ་ཅོག་ལ་འགན་ལོས་ཡོད། ཡིན་ཡང་། བོད་མི་རིགས་འདི་ཇི་ལྟར་འཐོར་གྱིན་འདུག་པ་དེས་བོད་ཀྱི་རིག་གཞུང་ཡང་དེ་ཙམ་ཞིག་འཐོར་ནས་ཉམས་ནས་འགྲོ་གི་ཡོད་པ་མཚོན་དགོས་པ་རེད། དགོན་པ་གྲྭ་ཚང་མང་པོ་ཞིག་སྒོ་བརྒྱབ་ནས་ཡོང་གི་ཡོད་པ་དེ་དག་ཀྱང་མཚོན་རྟགས་རེད།

    ༦། གལ་ཆེན་རེད་འདོད། ཡིན་ཡང་། གལ་ཆེན་ལ་ངོས་འཛིན་བྱེད་མཁན་ཇེ་ཉུང་རེད། རྩིས་འཕྲོད་རྒྱུ་ཁག་པོ་རེད། གང་ལེགས་ཞེ་ན། ཐོག་མར་རྩིས་སྤྲོད་མཁན་དཀོན་པོ་རེད། དེ་ནས་རྩིས་ལེན་མཁན་ནི་དེ་བས་ཀྱང་དཀོན་པོ་རེད། རྩིས་ལེན་རྩིས་སྤྲོད་ཀྱི་རིམ་པ་མེད་པ་འདྲ་བོ་རེད།

    ༧། བྱ་དངོས་ཡོད་ཚད་ལ་དུས་རབས་ཀྱི་འགྲོས་དང་བསྟུན་པའི་འགྱུར་བ་རེ་འགྲོ་དགོས་པར་འདོད། ཨུ་ཚུགས་དང་མཁྲེགས་འཛིན་ལ་འགྲོ་ས་ཡོད་པ་མ་རེད། མདོ་དོན་འགྱུར་བ་ཞིག་མ་བཏང་བར་ཅི་ཡང་རྒྱུན་འཛིན་བྱ་ཐུབ་རྒྱུ་མ་རེད་ཅེས་པ་འདི་ཡིན། དང་པོ་ཁོར་ཡུག་ལ་འཚམ་པ། གཉིས་པ་དུས་ཚོད་ལ་འཚམ་དགོས་པ་རེད། དེ་གཉིས་ལ་བསྟུན་ནས་འགྱུར་བ་རེ་གཏོང་བཞིན་དུ་གོམ་པ་སྤོ་དགོས་པ་མིན་འགྲོ་སྙམ།

    མ་ཤེས་ཤེས་མདོག་གིས་བཤད་ཉེས་ཤོར་ཡོད་ཚད་ལ་དགོངས་དག་ཞུ་རྐྱང་ཡིན་པ་བཅས།

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཕྱིའི་སྣོད་དང་ནང་གི་བརྟེན་གཉིས་ནི་གཅིག་ལྟོས་ཀྱི་འབྲེལ་བ་ཡིན་ལ། བོད་པའི་སྤྱི་ཚོགས་ཀྱ་ཁོར་ཡུག་དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་བསྟུན་ནས་འགྱུར་ལྡོག་འགྲོས་དགོས་པ་དང་འགྲོ་རྒྱུ་ཡིན་པ་ནི་ཉིད་ཀྱི་གསུངས་པའི་བཅུ་ཕྲག་རིག་པའི་ལྟ་གྲུབ་ཀྱི་སྙིང་པོ་ལགས་ན། རང་བསྟོད་དང་རང་གི་རང་ལ་དྲི་བ་དྲིས་བསྡད་ནས་མི་ཕན་ལ། ལེ་བདའ་བྱས་ནས་དེ་བས་ཀྱང་མི་ཕན་ནོ།།

    Reply
  5. ཟླ་བ་ལྷ་མོ says:
    ལོ་ 16 སྔོན།

    རྕམ་ཁུག་སྟོང་བ་ལགས།
    སྐྱབས་མགོན་རིན་པོ་ཆེ་ཁོང་གི་ཐུགས་རྒྱུད་ལྷག་བསམ་དཀར་པོའི་དུང་བརྡ་དང་རྣམ་དཔྱོད་མེ་ཏོག་གིས་འཛུམ་གྱིས་གདུལ་བྱ་གྲངས་མེད་པ་ཞིག་གིས་ཁོང་དད་གུས་བྱེད་བཞིན་ཡོད།
    རྩམ་ཁུག་སྟོང་བ་ཁྱོད་ཀྱིས་ང་རློམ་གྱིས་ཁེངས་པའི་སེམས་དེ་་་་་གང་འདོད་ཀྱི་ཕྱོགས་སུ་མ་གཏོང་།ད་དུང་ཞེ་ཚིག་ཡག་པ་ོཞིག་སྦྱོངས་དང་ད་གཟོད་ཁྱོད་མིའི་གྲལ་དུ་ཚུད་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese