མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲི་བ་ཁག་བདུན་ལ་བཏབ་པའི་ལན་གཅིག གནམ་ལྕགས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

དགེ་བསྟན་ལགས་ཀྱི་《མང་ཚོགས་ཀྱི་རེ་འདུན་ལ་ལྟ་འདོད་ཡོད》ཅེས་པ་བཀླགས་རྗེས།

དེ་རིང་གི་དུས་བབ་དྲ་བའི་མདུན་ངོས་ཀྱི་《མང་ཚོགས་ཀྱི་རེ་འདུན་ལ་ལྟ་འདོད་ཡོད》ཅེས་པའི་དྲི་བ་ཁག་དང་དེའི་ཡར་སྔོན་གྱི་རྩོམ་སྒྲིག་པའི་《དགའ་ལྡན་དགོན་པའི་ཤུལ་གཉིས་པ》ཞེས་པའི་ཆེད་རྩོམ་གཉིས་ཀྱི་བར་ན་དཀྲོལ་མི་བཏུབ་པའི་དཀའ་གནད་གང་ཡང་མེད་པའི་ངོས་འཛིན་དང་། རྩོམ་ཡིག་སྔ་མ་དེའི་ཁྲོད་ཀྱི་འཇིག་ཉེན་དང་ཕྱི་མ་འདིའི་ཁྲོད་ཀྱི་འཇིག་ཉེན་ཡང་ཐ་དད་དུ་སོང་ཡོད་པར་མཐོང་བས། བདག་གིས་དགེ་བསྟན་ལགས་ཀྱིས་དེ་དང་འབྲེལ་བར་སྨྲ་བའི་དྲི་བ་ཁག་བདུན་ལ་ལན་གཅིག་འདི་འབུལ་བར་འདོད།

རྩོམ་སྒྲིག་པ་མཆོག་གི་རྨི་ལམ་འདིས། འདས་པའི་མི་ལོ་ལྔ་ཅུའི་ཡར་སྔོན་གྱི་འཇིག་པ་ཞིག་ངོས་བཟུང་སྟེ་མ་འོངས་པའི་མི་ལོ་དུ་མ་ཞིག་ལ་རྗེས་དཔག་གི་རིག་པས་དཔྱད་ཡོད། འདིས་ཅི་ཞིག་ལ་ཕན་དང་གང་ཞིག་ལ་གནོད་པའི་དོགས་སློང་གི་རྣམ་པ་བསྟན་མེད། རྒྱུ་མཚན་དེའི་ཕྱིར་ན། ཁྱེད་ཀྱིས་དེ་དང་འབྲེལ་བ་དམ་ཟབ་ཡོད་པར་འདོད་པའི་དྲི་བ་དང་དེའི་ཤུགས་ཀྱི་རྣམ་འགྱུར་དེ་སྤྱིར་བཏང་བ་ཞིག་དང་ཐ་དད་ཙམ་དུ་སོང་འདུག

དེ་བས་ཀྱང་དགའ་ལྡན་དགོན་པ་དང་སེ་ར་དགོན་པ་སོགས་ཀྱི་མ་འོངས་པའི་འཇིག་ཉེན་གྱི་རྗེས་དཔག་གི་བསམ་བློ་འདིས་ཁྱེད་ལྟར་དུ་རྩོམ་སྒྲིག་པ་མཆོག་གིས་ཀྱང་དྲི་བ་ཞིག་བཏོན་ཡོད། དྲི་བ་དེ་རྩོམ་ཡིག་གང་བཀླགས་གྲུབ་རྗེས་རང་གིས་རང་སེམས་ལ་འདྲི་དགོས་པ་ཞིག་ཡིན། མ་གཞི་གསེར་འོད་ལམ་ལམ་་གྱི་སྔ་མའི་དགའ་ལྡན་དགོན་པ་དེ་ཅིའི་ཕྱིར་ད་ལྟའི་འདི་ལྟར་དགོན་ཤུལ་ཙམ་དུ་ཆགས་པ་ཡིན། དེ་ནི་ལོ་རྒྱུས་ཀྱི་གྲུ་ཟུར་ཞིག་བོད་གངས་ཅན་དང་ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པར་ཕོག་པར་ངོས་འཛིན་འོས་ན།

མ་འོངས་པར་ཡང་དགའ་ལྡན་དགོན་པའི་ཤུལ་གཉིས་པ་ཞིག་བོད་ཀྱི་ལོ་རྒྱུས་དང་། ཡང་ན་སངས་རྒྱས་ཀྱི་བསྟན་པའི་དར་རྒུད་ལ་འགྲོགས་ནས་མངོན་པར་འགྱུར་ངེས། རྗེས་དཔག་གི་རིག་པ་འདིའི་སྒྲུབ་བྱེད་ཡང་དག་ནི། ད་ལྟའི་བོད་ཕྱི་ནང་གི་གྲྭ་རྒྱུན་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གྲྭ་བའི་སྐོར་འཁྱུག་ཙམ་གསུང་བ་འདིས་བསྟན་ཡོད། ངས་བལྟས་ན་དགེ་བསྟན་ལགས་ཀྱི་གོང་གི་དྲི་བ་ཁག་བདུན་བཏང་བའི་གནད་དོན་གྱི་ལན་ཞིག་ནི་འདི་ལས་གདའ་མེད།

ཡང་རྩོམ་སྒྲིག་པ་མཆོག་གིས་གསུངས་དོན། འཇིག་ཉེན་འདི་དག་གི་རྩ་བའི་གནད་དོན་གཞན་ཞིག་ནི་ཆོས་བརྒྱུད་སྤྱི་འཐུས་ལ་ཐུག་ཡོད། ཆོས་བརྒྱུད་སྤྱི་འཐུས་འདི་ཡང་མཐར་གཏུགས་ན་རྒྱ་གར་གྱི་གྲོས་ཚོགས་སུ་འགྲོ་བ་ལས་ང་ཚོའི་ཆབ་སྲིད་ཀྱི་ར་བར་ཁྲིད་ཡོང་ཐབས་མེད་པ་ཞིག་ཆགས་འགྲོ་བ་དེ་རེད།དེའི་སྟབས་ཀྱིས་ཁོང་གི་རྨི་ལམ་དེ་དང་ཆོས་བརྒྱུས་ཀྱི་སྤྱི་འཐུས་གཉིས་ཀྱི་བར་མཚུངས་རྟགས་ཤིག་དང་འགལ་བ་ཅི་ཞིག་ཡོད་མིན་གྱི་དྲི་བ་དེ་རེད།

དེ་ལྟར་ན་དགེ་བསྟན་ལགས་ཀྱི་སེམས་འཚབ་དང་བཅས་པའི་དྲི་བ་ཁག་བདུན་དེས། རྒྱུ་མཚན་དང་གནས་ལུགས་གཞན་ཞིག་གི་ངོས་ནས་རང་གི་སེམས་ཚོར་བསྟན་པ་ལས་《དགའ་ལྡན་དགོན་པའི་ཤུལ་གཉིས་པ》དང་ཅི་ཞིག་འབྲེལ་མིན་བདག་ལ་མ་ངེས།

མཐའ་དོན། བདག་གི་བསམ་ཚུལ་ཐུང་ངུ་འདི་ལོག་འགྲེལ་ཞིག་ཏུ་གྱུར་ཡོད་ཀྱང་སྲིད། ཡིན་ནའང་ཁྱད་དུ་འཕགས་པའི་རྩོམ་སྒྲིག་པའི་《དགའ་ལྡན་དགོན་པའི་ཤུལ་གཉིས་པ》ཞེས་པའི་ཆེད་རྩོམ་ཐུང་ངུ་འདིར་མཇལ་བའི་རང་གི་མྱོང་འགྲེལ་ཞིག་ནི་ཅིས་ཀྱང་ཡིན། དེའི་སྟབས་ཀྱིས་རྩོམ་ཡིག་འདི་བཀླགས་རྗེས་བརྗོད་ཐབས་་བྲལ་བའི་ཚོར་བ་ཞིག་ཡོང་ནའང་། དེ་ནི་རང་ཉིད་གཅིག་བུའི་ཚོར་བ་ཞིག་ཏུ་ངོས་བཟུང་ནས་སྡོད་པའི་སྐབས་སུ། མྱོང་སྟོབས་ལྡན་པའི་ཀློག་པ་པོ་དགེ་བསྟན་ལགས་ཀྱིས་ཀྱང་འདི་དང་འབྲེལ་བའི་དྲི་བ་ཁག་བདུན་བཏང་བྱུང་བས། བདག་གིས་ཀྱང་དེར་ལན་གྱི་དོད་དུ་འདི་ཙམ་ཕུལ་བའོ།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

སྐར་མ ༩ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 3

  1. གནམ་ལྕགས། says:
    ལོ་ 16 སྔོན།

    དགེ་བཤེས་ལགས་ཀྱིས་ལྗགས་ལན་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་ངས་སྐུ་ཉིད་ཀྱི་དྲི་བ་ཁག་བདུན་ལ་ལན་གཅིག་བཏབ་པས་མ་མགུ་བ་ནི་དགོངས་དག སྤྱིར་ཀློག་པ་པོ་ཞིག་གི་ངོས་ནས་བཤད་ན། གཞན་གྱི་ཕུལ་དུ་བྱུང་བའི་རྩོམ་ཡིག་ཅིག་ལ་རོལ་མྱོང་བྱེད་སྐབས། དེར་མཐའ་གཅིག་ཏུ་ཚད་གཞི་གཅིག་དང་ཚད་ཐིག་གཅིག་གི་སྒང་ནས་བལྟས་ན་ནོར་བར་ངོས་འཛིན་ཆོག དེའི་སྟབས་ཀྱིས་ང་ཚོས་ཉེ་སྔོན་གྱི་རྩོམ་སྒྲིག་པའི་《དགའ་ལྡན་དགོན་པའི་ཤུལ་གཉིས་པ》ཀློག་སྐབས་ངེས་པར་དུ་ཆབ་སྲིད་གཅིག་བུའི་དྲང་ཐད་ལ་བཞག་ནས་བལྟ་རྒྱུ་མ་ཡིན་པར། དེར་སྒྱུ་རྩལ་དང་རིག་སྟོབས་གཞན་མང་བོ་ཞིག་གི་ལྗིད་ཁོག་བཀལ་ནས་བལྟས་ན་ད་གཟོད་མྱོང་རྒྱུ་ཞིག་དང་བསམ་རྒྱུ་ཞིག་ཡོད་པ་དེ་ཡིན། དེ་ཡིན་དུས་དེ་ལ་ཁ་ཐུག་གི་དྲི་བ་འདོན་པ་དང་ཚིག་གི་ངོ་གདོང་ལ་འཇུས་ནས་བསམ་ཚུལ་བཤད་པ་ནི་སྣང་ཚུལ་སྙིང་རྗེ་ཞིག་མིན། མ་གཞི་ཀློག་པ་པོ་ཞིག་ལ་ཆ་མཚོན་ན། རང་ཉིད་ལ་གཞན་གྱི་ཕུལ་དུ་བྱུང་བའི་རྩོམ་ཡིག་དེ་ཀློག་པའི་རྣམ་དཔྱོད་དང་ཤེས་རབ་ཁྱད་པར་བ་ཞིག་དགོས་པ་བརྗོད་ག་ལ་དགོས། དེའི་སྟབས་ཀྱིས་དེ་ལྟར་དུ་དཔྱད་བརྗོད་བྱེད་པ་ལའང་གོང་མཚུངས་ཀྱི་ཁྱད་ཆོས་ཡོངས་སུ་མཚུངས་དགོས། དེ་མ་ཡིན་པར་གང་དྲན་དྲན་ཞིག་བརྗོད་པ་ནི་ཀློག་པ་པོའི་ཚད་གཞི་མིན། ངས་རྒྱུ་མཚན་འདི་འདྲ་ཞིག་ལ་བརྟེན་ནས་དགེ་བཤེས་ལགས་ཀྱི་དགོངས་ཚུལ་ཡིན་ལ་དྲི་བའང་ཡིན་པའི་གོང་གི་རྩོམ་ཡིག་དེ་རྩོམ་སྒྲིག་པའི་ཆེད་རྩོམ་དེ་དང་འབྲེལ་བ་ཅང་མི་འདུག་པར་བསྟན་པ་ཙམ་ཡིན། ཡིན་ནའང་ཁྱེད་ཀྱི་དགོངས་ཚུལ་དེ་དྲི་བ་རེད་ལ། སེམས་འཚབ་ཀྱང་རེད། ཡིན་ནའང་འབེན་གྱི་ལྡོག་ཕྱོགས་སུ་གཟས་པའི་མདའ་མོ་ཞིག་ནི་ཅིས་ཀྱང་ཡིན་པར་སྣང་། འདི་ཙམ་བྱ། རྗེས་མར་མཇལ།

    Reply
  2. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    གནམ་ལྕགས་ཞེས་པའི་སྨྱུག་མིང་འཛིན་པ་པོ་ལགས། དྲི་བ་བདུན་ལ་ལན་འཐུས་སྒོ་ཚང་བ་ཞིག་གནང་ཡོད་པའི་ཚོར་སྣང་མ་བྱུང་ཡང་ལན་གནང་དང་དགོངས་ཚུལ་བཏོན་པ་ཙམ་གྱིས་བོད་མི་རིགས་རིག་གཞུང་དང་བཅས་པར་ཐུགས་ཞེན་དཀར་བར་མཚོན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་རྩོམ་སྒྲིག་པས་ཆོས་ལུགས་སྤྱི་འཐུས་ཀྱི་གནད་དོན་དེ་དགའ་ལྡན་དགོན་པའི་ཤུལ་གཉིས་པ་དང་འབྲེལ་ནས་བཤད་ཡོད་ལ། དགའ་ལྡན་དགོན་པའི་ཤུལ་གཉིས་པ་ཇི་ལྟར་འབྱུང་མིན་དེ་བོད་རིགས་གྲྭ་རྒྱུན་ཉུང་དུ་འགྲོ་བཞིན་པ་ལ་འབྲེལ་བ་ཡོད། དེའི་ཕྱིར། བོད་རིགས་གྲྭ་རྒྱུན་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་དེ་བོད་རིགས་ཡོངས་ནས་རིག་གཞུང་ལ་བཅངས་པའི་འདུ་ཤེས་དང་གོ་རྟོགས་ལ་འབྲེལ་བ་ཡོད་པར་བརྟེན་དྲི་བ་འདི་དག་བཏོན་པ་ཡིན་པས།མི་རིགས་ཤིག་གི་འབྱུང་འགྱུར་དང་རིག་གཞུང་ཞིག་གི་མདུན་ལམ་གྱི་ཐད་ནས་བསམ་ན་སྤྱིར་བཏང་གི་སྐད་ཆ་ཞིག་མིན།་དེའི་སྟབས་ཀྱིས་གུས་པའི་དྲི་བ་འདི་དག་རྩོམ་སྒྲིག་པའི་རྩོམ་ཡིག་དང་འབྲེལ་བ་དམ་ཟབ་ཡོད་པར་སྙམ།
    སྐུ་ཞབས་ལུང་རིགས་ལགས།
    སྔོན་བྱོན་དམ་པ་དག་གིས་ཕྱི་ནས་ནང་འདྲེན་བྱས་པ་ཙམ་མ་ཡིན་པར་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རྒྱུད་འཛིན་དམ་དོན་གནང་སྟེ་་བོད་མི་རིགས་ལ་བདག་ཐོབ་ངེས་ཅན་ཡོད་པའི་མཛད་རྗེས་བླ་བཞག་ཡོད་ལ། དེ་ཡང་དཔལ་ཎཱ་ལནྜའི་མཁས་པའི་ཡང་རྩེ་དག་གིས་དག་པར་མཛད་པའི་ཚང་ལ་མ་ནོར་བའི་ཆོས་ཚུལ་ཟབ་མོ་དེ་བོད་གཅིག་བུ་ལ་མ་གཏོགས་ད་ལྟའི་མེད་ཅེས་བཤད་ཆོག

    སྐུ་ཉིད་གསུང་བ་བཞིན་བཙོང་མཁན་དེ་བོད་མི་དང་ཉོ་མཁན་དེ་མི་རིགས་གཞན་ཡིན་སྟབས་དེའི་སྟེང་ནས་ཀྱང་གཞན་ལ་མེད་པའི་བདག་ཐོབ་ཅིག་ཡོད་པ་ཤེས་ཐུབ།
    བོད་ཀྱི་བཅུ་ཕྲག་རིག་པའི་གནས་འདི་དག་ཨ་རི་དང་ཡུ་རོབ་སོགས་ལ་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་རྒྱས་སུ་འགྲོ་བཞིན་པར་འདོད། ཅེས་པ་དེ་ཡང་གང་ནས་དར་བ་དང་མགོ་ཁུངས་སུ་ལ་གཏུགས་ཡོད་མེད་ཀྱི་སྟེང་ནས་ཤེས་ཐུབ། བོད་ཀྱི་སྐད་ཡིག་ནང་དུ་དར་བ་དེ་འདྲ་ཞིག་འདས་པའི་དུས་སུ་གཞན་སུ་ལ་དར་མེད་པ་ཤེས་མི་ཐུབ་པའི་གནད་དོན་ཞིག་མིན།
    གཉིས་པ། དེ་འདྲ་ཡང་མ་རེད། འོན་ཀྱང་། ང་ཚོར་དེ་དག་ལོངས་སུ་སྤྱོད་རྒྱུའི་ཁོར་ཡུག་མེད་པ་རེད། ཅེས་པར། སྤྱིར་གང་ཉིད་ནས་ཁོར་ཡུག་མེད་ཅེས་པ་སློབ་གཉེར་གནང་སའི་ཁོར་ཡུག་མེད་ཅེས་པ་ཡིན་རྒྱུ་མ་རེད་སེ་འབྲས་དགའ་གསུམ་སོགས་སློབ་གཉེར་གནང་སའི་ཁོར་ཡུག་མང་པོ་ཡོད་པས་སོ། གལ་སྲིད་བོད་ནང་དུ་བཤད་པ་ཡིན་ན་ཅུང་བདེན་དུ་ཆུག་ཀྱང་ང་ཚོའི་གླེང་གཞི་ནི་འདི་ཕྱོགས་ཡིན། གལ་ཏེ་ང་ཚོ་གང་དུ་སོང་ཀྱང་གཞན་དབང་སྟབས་བསྟུན་བྱེད་དགོས་པའི་ཆ་ནས་ཁོར་ཡུག་ཆེན་པོ་མེད་ཅེས་བཤད་ཆོག་ཀྱང་། དོན་དངོས་ང་ཚོ་ཁོར་ཡུག་གི་བཀག་རྒྱ་མ་ཡིན་པར་སྐབས་འཕྲལ་གནས་བབ་ལ་ཁ་གཏད་གདོང་ལེན་བྱེད་མ་ཐུབ་པའི་གནད་དོན་དང་ཕུག་རྒྱང་རིང་བཟུང་གི་འདུ་ཤེས་ཕྲ་བའི་རྐྱེན་གྱིས་ཁོར་ཡུག་མེད་པར་གྱུར་བ་རེད།
    སྐབས་དོན་དེ་ཙམ་ ཡིན་ཕྱིས་སུ་མཇལ་ཡོང།
    བློ་གྲོས་རྒྱལ་པོ་ལགས། ཕྱོགས་གཅིག་བདེན་པ་རེད། དུས་རབས་དང་འཛམ་གླིང་གི་འགྱུར་འགྲོས་བསྟུན་ནས་བོད་ཀྱི་རིག་གཞུང་གི་རིན་ཐང་ལ་ཚན་རིག་པས་འདེང་འཇོག་དང་འབྲེལ་དོ་སྣང་བྱ་ཡུལ་གཙོ་གྲས་སུ་གྱུར་ཡོད། གནད་དོན་དེའི་སྟབས་ཀྱིས་རང་ཕྱོགས་ལ་དྲི་བ་འདི་དག་འདོན་དགོས་བྱུང་བ་རེད།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    དྲ་གྲོགས་གནམ་ལྕགས་ལགས་ཀྱིས་ལན་ནམ་དགོངས་ཚུལ་ཡག་པོ་ཞིག་གསུང་འདུག་པས་དགའ་བསུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese