མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་འཁྲུངས་སྐར་བསུ་བའི་གླུ་ཞིག་ལེན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

འབྲེལ་ཡོད་མི་སྣས་ཕྱི་ཚེས་ ༧ ཉིན་ཁ་པར་བརྒྱུད་འདི་གར་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གི་དམ་དྲག་དང་། གདུག་རྩུབ་ཀྱི་མནར་གཅོད་ཡོད་བཞིན་པར་མ་ལྟོས་པར་གཞིས་ལུས་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ཐེངས་ ༧༥ པ་བསུ་བའི་ཆེད་དུ་གླུ་གཞས་བླངས་ཡོད་པ་རེད། ཐེངས་འདིར་ཆེད་དུ་༧གོང་ས་མཆོག་གི་འཁྲུངས་སྐར་བསུ་ཆེད་མགོ་ལོག་རྨ་ཡུལ་གླིང་སེང་ཆེན་སྒྱུ་རྩལ་ཚོགས་པའི་ལས་ཐོགས་ཚོགས་གཙོ་གཙང་མཆོད་རྟེན་དང་། གཞས་མ་ཀུན་དགའ་སྒྲོལ་མ་བཅས་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 12

  1. འཇིག་རྟེན་ says:
    ལོ་ 16 སྔོན།

    གླུ་སྐད་དེ་ངས་སྒྲ་འཛིན་བུ་གར་མཐོས་བ་མཉམ་དུ་གླུ་བ་གླུ་མ་དག་གི་སྙིང་སྟོབས་དང་འཁྲེན་ཞེན་གྱི་སྟགས་བུ་སྟེ་ཅི་འདྲའི་རེ་སྒུག་གི་དུས་ཚོད་རིང་པོ་ཞིག་གམ།

    Reply
  2. རྒྱང་རིང་ནས། says:
    ལོ་ 16 སྔོན།

    དངོས་གནས་དཔའ་བོ་ཞིག་འདུག གཞིས་ལུས་མི་དམངས་ཀྱི་སྙིང་སྟོབས་འདྲི་འདྲ་ཞིག་ཡོད་རེད། ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོ་ལྟོ་གོས་འགྲིག་ཙམ་གྱིས་ཡིད་ཚིམ་སྟེ་སྡོད་པ་ཡིན་ན་ངོ་ཚ་ཡི་འདུག་ག

    Reply
  3. འཇམ་དབྱངས says:
    ལོ་ 16 སྔོན།

    གླུ་བ་གླུ་མ་དེ་ཚོའོ་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཡོད་
    ཁོང་ཚོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་ཕུལ་པ་རེད། དངོས་གནས་དོན་གྱི་དབའ་པོ་རེད། ཁོང་ཚོའི་བྱ་བཞག་ལ་བར་ཆད་ཅིག་མི་ཡོང་པའི་སྨོན་ལམ་སྙིང་ནས་ཞུ།།

    Reply
  4. རིན་ཆེན་རིལ་བུ། says:
    ལོ་ 16 སྔོན།

    ངོ་མ་མིག་ཆུ་འཆོར་གྱིན་འདུག དཔའ་བོ་དཔའ་མོ་དག་སྟག་མཆོང་མཆོང་བྱས་ཡོང་དུས། ང་རང་ཤུགས་ཀྱིས་འཁུམས་འགྲོ་གིན་འདུག སྙན་ངག་མེད་ལ་སྐད་ཆའང་མེད་པར་མགྲིན་པ་བརྣངས་ཡོང་གིན་འདུག གཞན་གནམ་ལྕགས་དང་དགྲ་ལྷ་རྩེ་རྒྱལ་གཉིས་ལ་རྒྱབ་སྐྱོར་ཡོད།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན་ཕ་ཡུལ་གྱི་དཔའ་བོ་དཔའ་མོ་ཚོར་རྐྱེན་ངན་པའི་བར་ཆད་ཅིག་མི་ཡོང་བར་ཤོག

    Reply
  6. བྱ་རྒྱ་ཁྱུང་ཆེན། says:
    ལོ་ 16 སྔོན།

    དགྲ་ལྷ་རྩེ་རྒྱལ་ལགས། ཁྱེད་བཤད་པ་དེ་ངོ་ནས་རེད་ཡ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་འབྱོར་འཁྲུངས་སྐར་བསུ་གླུའི་ནང་།
    ང་ཚོའི་སྐྱབས་མགོན་ཡིད་བཞིན་ནོར། །
    གཞིས་བྱེས་བོད་མི་འཛོམས་ལུགས་སོགས། །
    ང་ཡི་མིག་ཟུང་མིག་ཆུས་གང་། །

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གཞས་པ་ཚོའི་རེ་འདོད་ཡིན་ན་མ་གཏོགས་
    དགྲ་ལྷ་རྩེ་རྒྱལ་ལགས་བདེན་པ་རེད

    Reply
  9. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ།
    བོད་ནང་ནས་གཅིག་བྱས་འདུག་ཟེར་ནས། ལམ་སང་དགོ་བ་འདྲོགས་འདྲོགས་བྱས་ནས་ཁྱབ་བསྒྲགས་བྱས་བཞག་ན། གླུ་པ་གླུ་མ་དེ་ཚོ་བོད་ནང་དུ་བསྡད་ཡོད་དུས་དེ་ཚོའི་གནས་སྟངས་ག་འདྲ་ཆགས་མིན་བསམ་བློ་གཏོང་དགོས་ཀྱི་རེད་ད།
    གལ་སྲིད་རྒྱ་གཞུང་གིས་དངོས་སུ་འཛིན་བཟུང་བྱས་ཚར་བ་ཞིག་ཡིན་ན། ཁྱབ་བསྒྲགས་བྱས་ན་འགྲིག་གི་འདུག ཁོང་ཚོའི་གནས་སྟངས་ཇི་ཆགས་མ་ཤེས་གོང་ནས་ས་བསྒྲགས་རྡོ་བསྒྲགས་བྱས་བཞག་ན་འགྲིག་ཨེ་ཡོང་། དེ་གསར་འགྱུར་བརྒྱུད་ལམ་གིས་དོ་སྣང་དགོས་འདུག དེ་སྔོན་དེ་འདྲ་བྱུང་འདུག འདི་ནས་ཁ་དང་ལག་པ་འབྱར་ཚད་ཀྱིས་གཅིག་བསྒྲགས་བཞག་དུས་ཕ་གིར་དཀའ་ངལ་ནང་དུ་བརྫངས་བཞག་པ་ལྟ་བུ་ཆགས་འདུག་གཱ

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་གིས་གཞིས་ལུས་མི་དམངས་ལ་གསུངས་པ།

    ༼བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་དམངས་ཚོ་ངོས་ཀྱི་སྐྱེས་སྐར་དུས་ཆེན་ལ་སེམས་ནང་ཚོར་བ་ཤུགས་ཆེན་པོ་ཞིག་ཡོང་གིན་ཡོད་ཀྱང་། ཕྱི་ལོགས་སུ་སྟོན་མ་ཐུབ་པ་ཆགས་བསྡད་ཡོད། སེམས་ནང་དད་པ་དམ་ཚིགས་གཡོ་བ་མེད་པར་བསྡད་ཡོད་སྟབས། ཁོང་ཅག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༽

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཁོང་རྣམ་པའི་སྙིང་སྟོབས་ལ་མངོན་པར་བསྟོད། ཡིན་ཡང་། ད་ནི་ཐར་ཁག་པོར་གྱུར་ཚར་བ་རེད། མདོ་དབུས་མཐོ་སྒང་གི་གཞས་པ་དང་གཞས་མ་གཉིས་ཀྱིས་སེམས་ཐག་ཆོད་པོའི་སྒོ་ནས་རང་རང་གི་མི་ཚེ་དེ་མི་རིགས་འདིར་སྐྱེས་སུ་བཏེགས་པ་རེད།

    སྐབས་འདི་འདྲ་ཞིག་ལ་རང་རང་གི་ངོས་ནས་ཅི་ཞིག་བཤད་དགོས་མིན་དང་། བསམ་བློ་ཇི་ལྟར་གཏོང་དགོས་མིན་ཡང་མི་ཤེས་པའི་ཚོད་རེད།

    གཞས་དེ་ཚོར་ཉན་སྐབས་སྤྲོ་སྣང་དང་སྡུག་སྣང་། ཞེད་སྣང་གང་ཡིན་བཤད་མི་ཤེས་པ་ཞིག་སྐྱེས་སོང་། གཅིག་བྱས་ན། ཚོར་སྣང་འདི་ཚོ་མཉམ་གཅིག་ཏུ་སྐྱེས་པའི་ཚོར་སྣང་དམིགས་བསལ་བ་ཞིག་ཡིན་ཡང་སྲིད།

    Reply
  12. གནམ་ལྕགས། says:
    ལོ་ 16 སྔོན།

    འདིའི་སྐོར་ད་ནངས་ཞོགས་པར་ཨེ་ཤ་ཡ་རླུང་འཕྲིན་ཁང་ནས་རྒྱང་བསྲིངས་བྱས་སོང་། ཡིན་ནའང་ང་ལ་དཔལ་ལྡན་རྒྱལ་གྱི་དྲི་བ་འདོན་སྟངས་ཐད་ལ་བསམ་ཚུལ་ཞིག་ཡོད། དྲང་མོར་བཤད་ན། བོད་ནང་གི་གནས་ཚུལ་དམར་རྗེན་དུ་དེ་ལྟར་བཏོན་ཏེ་འཛིན་བཟུང་ཐེབས་ན་ཇི་ལྟར་བྱ། འདིའི་སྐོར་ནས་བསམ་ཚུལ་ཞིག་རྗེས་ནས་བཤད་འདོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese