མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་དོན་གྱི་དགོས་མཁོར་དམིགས་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྒྱུས་ཐོག་གསེར་བུམ་དཀྲུགས་ཏེ་ངོས་འཛིན་བྱེད་པའི་སྤྲུལ་སྐུ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཐད་གསེར་བུམ་དཀྲུགས་འདོན་ལག་ལེན་བྱ་རྒྱུ་ཞེས་འཁོད་པ་ནི་རྒྱ་དམར་གཞུང་གིས་སྐབས་སོ་སོའི་དགོས་མཁོ་དང་བསྟུན་རང་འདོད་བསྒྲུབ་རྒྱུའི་ཐབས་ལམ་ཞིག་རེད་ཅེས་བཙན་བྱོལ་བོད་གཞུང་གིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད། 

ཟླ་འདིའི་ཕྱི་ཚེས་ ༤ ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བློ་བཟང་རྒྱལ་མཚན་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་མངགས་འཐུས་མི་བློ་བཟང་འཇིགས་མེད་བཅས་བོད་རང་སྐྱོང་ལྗོངས་ཀྱི་གནད་ཡོད་མགོ་ཁྲིད་དང་ཆོས་ལུགས་གནད་ཡོད་མི་སྣ་ལྷན་འཛོམས་ཐོག  རྒྱ་གཞུང་གི་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མི་ནེའི་སྐུ་མདུན་དུ་གསེར་བུམ་དཀྲུག་འདོན་མཛད་དེ།  ༢༠༠༥ ལོར་ལྷོ་ཁ་ལྷུན་རྩེ་རྫོང་དུ་ཡབ་སྐལ་བཟང་དབང་འདུས་དང་། ཡུམ་པངྨ་ལྷ་འཛོམས་གཉིས་ཀྱི་བུ་བློ་བཟང་རྡོ་རྗེ་ཞུ་བ་སྡེ་དྲུག་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་གིས་ཐེངས་འདིར་གསེར་བུམ་དཀྲུགས་ཏེ་ངོས་འཛིན་བྱས་པའི་སྡེ་དྲུག་སྤྲུལ་སྐུའི་ཡང་སྤྲུལ་འཁྲུལ་མེད་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཆོས་རིག་ལྷན་ཁང་གིས་རྒྱ་ནག་གི་ཡང་སྤྲུལ་ངོས་འཛིན་བྱེད་ཐབས་ལ་ངོས་ལེན་མེད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་ལ། དེའི་ནང་། རྒྱ་ནག་གཞུང་གིས་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་པའི་བཀའ་ཨང་ལྔ་པ་དང་དོན་ཚན་ ༡༤ ཡོད་པའི་ཡིག་ཆ་ཞིག་འགྲེམས་སྤེལ་གྱིས་ ༢༠༠༧ ལོའི་ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། བཙན་འོག་ཏུ་ཡོད་པའི་བོད་རིགས་རྣམས་ལ་མཚོན་ན་དེ་ནི་མ་ཉེས་ཁ་གཡོག་གིས་གདུག་རྩུབ་དྲག་གནོན་བྱ་རྒྱུའི་ལག་ཆ་ཆེན་པོ་ཞིག་དང་། ལོ་རྒྱུས་ནང་འཁྱོགས་བཤད་ཀྱི་གཞི་རྩར་འགྲོ་རྒྱུ་ཡིན་སྟབས་ངོས་ལེན་མེད་ཅེས་བསྒྲགས་གཏམ་སྤེལ་ཡོད་འདུག་ལ།   

 དེ་བཞིན།  སྤྲུལ་སྐུ་ངོས་འཛིན་བྱེད་ཚུལ་དར་བ་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བླ་མ་སོ་སོའི་ཞལ་སློབ་དང་།  རང་གི་གདན་སའི་སྣེ་མོ་བ་རྣམས་ཀྱིས་དད་པ་དང་དམ་ཚིག་གིས་རང་དབང་དུ་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལས། རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་བཀའ་འཁྲོལ་ཞུ་དགོས་པའི་དུས་ཚོད་བྱུང་མ་མྱོང་། སྤྲུལ་སྐུ་ངོས་འཛིན་ཞེས་པ་ནི་གོང་རིམ་གྱིས་བསྐོ་གཞག་གམ། མང་ཚོགས་ཀྱིས་འདེམས་སྒྲུག ཡང་ན་གདན་ཐོབ་དང་གོ་གནས་སྤྱིན་པ་ལྟ་བུ་མ་ཡིན་པར་སྐུ་གོང་མ་དེ་ཉིད་སླར་ཡང་སྐྱེ་བ་གང་དུ་བཞེས་པ་དེ་འཚོལ་སྒྲུབ་བྱེད་རྒྱུ་ཡིན་སྟབས།  དེ་ནི་སྤྲུལ་སྐུ་རང་ཉིད་ཀྱིས་སྔོན་གནས་རྗེས་དྲན་གྱི་དན་རྟགས་དང་། མངོན་ཤེས་ཅན་གྱི་བླ་མའམ་ལྷ་སྲུང་། ཡང་ན་ཆོས་ཕྱོགས་ཀྱི་བརྟག་དཔྱད་བྱ་བའི་ཐབས་ལམ་གཞན་དག་བརྒྱུད་ནས་ངོས་འཛིན་བྱ་རྒྱུ་མ་གཏོགས། མཐུན་ཚོགས་དང་སྲིད་གཞུང་སོགས་ཀྱིས་བྱ་ཐབས་ནམ་ཡང་མེད་ཅེས་བཀོད་ཡོད་པར་མ་ཟད།  རྒྱ་ནག་གི་སྤྲུལ་སྐུ་ངོས་འཛིན་བྱེད་ཐབས་ཀྱི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱུད་ནང་བསྟན་ཉམས་དམས་གཏོང་རྒྱུ་དང་གཞུང་བསྐོས་སྤྲུལ་སྐུ་རྣམས་བརྒྱུད་དེ་བོད་རིགས་ལ་དབང་སྒྱུར་བྱེད་རྒྱུའི་ཕུགས་རེ་བཅང་ཡོད་པར་མ་ཟད།  ལོ་རྒྱུས་ཐོག་གསེར་བུམ་དཀྲུགས་ཏེ་ངོས་འཛིན་བྱེད་པའི་སྤྲུལ་སྐུ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཐད་གསེར་བུམ་དཀྲུགས་འདོན་ལག་ལེན་བྱ་རྒྱུ་ཞེས་འཁོད་པ་ནི་རྒྱ་དམར་གཞུང་གིས་སྐབས་སོ་སོའི་དགོས་མཁོ་དང་བསྟུན་རང་འདོད་བསྒྲུབ་རྒྱུའི་ཐབས་ལམ་ཞིག་དང་། ཡ་རབས་བཟང་སྤྱོད་གང་ལའང་མ་བསྟུན་པར་གཞུང་གཅིག་གིས་སྐབས་སོ་སོའི་སྲིད་དོན་གྱི་དགོས་མཁོ་དང་བསྟུན་ཏེ་ཐག་གཅོད་བྱས་པ་ཞིག་རེད་ཅེས་བསྒྲགས་གཏམ་སྤེལ་ཡོད་པ་རེད།
རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་ ༢༠༠༧ ལོའི་ཟླ་ ༧ པའི་ཚེས་ ༡༨ ཉིན་རྒྱ་ནག་གི་སྤྲུལ་སྐུ་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་པའི་ཡིག་ཆ་བཏོན་པ་དེ་ཆོས་སྲིད་གང་དང་མི་མཐུན་པའི་སྐོར་བརྗོད་ཡོད་པར་མ་ཟད། ལོ་དེའི་ཟླ་ ༩ བའི་ཚེས་ ༢ ཉིན་བཙན་བྱོལ་བོད་གཞུང་ཆོས་རིག་ལྷན་ཁང་གཙོས་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བླ་ཆེན་རྣམ་པས་དོན་ཚན་བདུན་ཅན་གྱི་ངོས་ལེན་མེད་པའི་བསྒྲགས་གཏམ་ཤིག་སྤེལ་ཡོད་འདུག་ལ། ༢༠༠༨ ལོའི་ཟླ་ ༥ བའི་ཚེས་ ༣ ཉིན་དམིགས་བསལ་ཚོགས་ཆེན་དང་སྟབས་བསྟུན་ཏེ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་རྒྱ་གཞུང་གི་ཡིག་ཆ་དེར་ངོས་ལེན་མེད་པར་མ་ཟད། མ་འོངས་པར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་དེ་ཆོས་བརྒྱུད་སོ་སོའི་ཆེས་མཐོའི་དབུ་ཁྲིད་ཀྱི་མཐའ་མའི་ཐག་གཅོད་མེད་ཚེ་སྤྲུལ་སྐུ་ཚད་ལྡན་དུ་ངོས་ལེན་མེད་པའི་གྲོས་ཆོད་བཞག་སྟེ་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 7

  1. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    སྐུ་ངོ་བློ་བཟང་དཔལ་ལྡན་ལགས། བོད་སོག་ཁུལ་དུ་དར་པའི་སྤྲུལ་སྐུའི་ལམ་ལུགས་སམ་བླ་མ་ཆོས་ལུགས་ཞེས་པ་(喇嘛教)དེ་དང་། ས་བཅུ་རྣམ་ལྔ། དཀོན་མཆོག་རྣམ་གསུམ། སྤྱན་རས་གཟིགས་སོགས་ལ་འབྲེལ་བ་ཅང་ཨེ་ཡོད། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ནི་ཀརྨ་པཀྴི་ནས་འགོ་ཚུགས་ཤིང་དུས་རབས་བཅུ་གསུམ་པའི་དུས་འགོ་རེད། ཡོངས་གྲགས་ཁུངས་བཙན་གྱི་ཐེག་དམན་ལུགས་ལྟར་ན་ནང་པའི་ཆོས་ལུགས་དར་ནས་ད་བར་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ལྷག་འགྲོ་བཞིན་པ་རེད། ད་འོ་ན་དུས་རབས་བཅུ་གསུམ་པའི་གོང་གི་ནང་ཆོས་དེ་ལ་སྐྱབས་འགྲོ་དང་སྤྱན་རས་གཟིགས་སོགས་མེད་སོང་བ་ཨེ་ཡིན། དེང་སྐབས་ཐེག་དམན་དར་ཡུལ་གྱི་རྒྱལ་ཁབ་དེ་དག་ལ་ཇི་ལྟར་འགྲེལ་རྒྱུ་ཡིན། ༧གོང་ས་མཆོག་གིས་ཀྱང་སྐུ་ཕྲེང་རྗེས་མ་དགོས་མི་དགོས་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་ཀྱི་རེད་གསུངས་པ་གསན་ཡོད་ཀྱི་རེད། མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་ངས་རང་ཉིད་ཟམ་གདོང་སྐུ་གོང་མའི་ཡང་སྲིད་ཡིན་པའི་ངོས་འཛིན་དང་ཡིད་ཆེས་བྱེད་ཀྱི་མེད་ཅེས་ཆོས་ལུགས་དབུ་འཁྲིད་ཀྱི་ཚོགས་ཆེན་སྟེང་གསུང་བ་མ་གོ་བ་ཨེ་ཡིན། བདག་ཅག་གིས་ནང་ཆོས་སྦྱངས་མ་མྱོང་བས་ལོག་བཤད་འདྲ་ཡོད་ན་ཐོལ་ལོ་བཤགས།

    Reply
  2. བསྟན་འཛིན་འབྱུང་གནས། says:
    ལོ་ 16 སྔོན།

    ནོར། བཅོས།
    རྒྱ་གཞུང་གི་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས རྒྱ་གཞུང་གིས
    འཚོལ་སྒྲུབ་བྱེད་རྒྱུ་ཡིན་སྟབས བྱ་རྒྱུ

    Reply
  3. གླང་དར་མ། says:
    ལོ་ 16 སྔོན།

    གཏམ་བཟང་གཏམ་བཟང་གཏམ་བཟང་ཡོད་སེང་རྡོར་དྲ་རྒྱ་འདས་ལོག་འཁྲུངས་འདུག་།

    Reply
  4. གླང་དར་མ། says:
    ལོ་ 16 སྔོན།

    གཏམ་བཟང་གཏམ་བཟང་གཏམ་བཟང་ཡོད་སེང་རྡོར་དྲ་རྒྱ་འདས་ལོག་འཁྲུངས་འདུག་།

    Reply
  5. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    དྲ་གྲོགས་བློ་གྲོས་རྒྱལ་པོ་ལགས། ཁྱོད་ཀྱིས་རེད་ཡ། མ་གཞི་ནས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དེ་སྲིད་དོན་གྱི་དགོས་མཁོར་དམིགས་པ་ཞིག་མ་རེད་དམ། བཙན་བྱོལ་ཁྲོད་རང་གི་བུ་རབས་ཚ་བརྒྱུད་ཡོད་ཚད་སྤྲུལ་སྐུ་བཟོ་བཞིན་པ་དེ་ལའང་ཆོས་རིག་བཀའ་བློན་ནས་ལན་འདེབས་ཤིག་དགོས་ངེས་འདུག ད་ནི་བོད་མིས་རང་གིས་བཟོས་པའི་རལ་གྲིས་རང་སྲོག་གཅོད་ཀྱི་འདུག རང་གིས་རྡོ་ཡར་བཀྱགས་ནས་རང་གི་རྐང་པའི་སྟེང་ལ་གཡུག་གི་འདུག་ཞེས་པའི་བསམ་ཚུལ་འདི་སྤྲུལ་སྐུའི་ལམ་ལུགས་ལ་མོས་མཐུན་མེད་པའི་རྟགས་མཚན་ཆེ་ཙམ་ཞིག་འདུག དེ་མ་འགྲིག་པ་ཆེར་མེད་པའི་དབང་དུ་བཏང་སྟེ་དྲི་བ་ཞིག་དྲི་ཆོག་པ་ཞུ། མ་གཞི་ཁྱོད་ཀྱིས་ས་བཅུ་ལམ་ལྔ་སོགས་ཁས་ལེན་ནམ་མི་ལེན། དཀོན་མཆོག་གི་རྣམ་བཞག་ཁས་ལེན་ནམ་མི་ལེན། སྤྲུལ་སྐུ་ཞེས་པ་ཞིག་ཡོད་དམ་མེད། སྤྱན་རིས་གཟིགས་ཞེས་པ་ཞིག་ཡོད་དམ་མེད། མེད་ན་མེད་པའི་རྒྱུ་མཚན་དང་ཡོད་ན་ཡོད་པའི་རྒྱུ་མཚན་ཞིག་གསུངས་རོགས་ཞུ། དེ་མིན་མི་འདོད་པའི་ཐལ་བ་གཏོང་རྒྱུ་མང་དྲགས་ན་གཏོང་ས་ནོར་ཉེན་ཡོད།

    Reply
  6. ངག་བློ། says:
    ལོ་ 16 སྔོན།

    ༅་བོད་མི་མང་སྤྱི་་མཐུས་ཡོངས་དང་བཀའ་བློན་ཡོངས་སུ་
    ཆར་ལ་ཉེ་བའི་མ་འོངས་བོད་དོན་ཚོགས་ཆེན་དེའི་ནང་
    སྨན་རྩིས་ཁང་ནས་མཐུས་མི་གཅིག་ལས་མེད་དོན་ཅི་ཡིན་
    ཡང་ན་སྨན་རྩིས་ཁང་ངོས་ནས་དོ་སྣང་དེ་ཙམ་མེད་པ་ཡིན་
    ངའི་བསམ་པར་ཚོགས་པ་ཆེན་པོ་འདི་འདྲ་བ་ལ་ཉུང་ཐར་མི་ལྔ་ཙམ་དགོས་ངེས་ཡེན་
    བཙན་བྱོལ་ནང་འདི་ལས་ཆེ་བ་གང་ན་
    ཡོད་
    བོད་རྒྱལ་ལོ

    Reply
  7. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    རེད་ཡ། མ་གཞི་ནས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དེ་སྲིད་དོན་གྱི་དགོས་མཁོར་དམིགས་པ་ཞིག་མ་རེད་དམ། བཙན་བྱོལ་ཁྲོད་རང་གི་བུ་རབས་ཚ་བརྒྱུད་ཡོད་ཚད་སྤྲུལ་སྐུ་བཟོ་བཞིན་པ་དེ་ལའང་ཆོས་རིག་བཀའ་བློན་ནས་ལན་འདེབས་ཤིག་དགོས་ངེས་འདུག ད་ནི་བོད་མིས་རང་གིས་བཟོས་པའི་རལ་གྲིས་རང་སྲོག་གཅོད་ཀྱི་འདུག རང་གིས་རྡོ་ཡར་བཀྱགས་ནས་རང་གི་རྐང་པའི་སྟེང་ལ་གཡུག་གི་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese