མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེལ་ལེ་ ༡༥༠ ཡི་རང་བཙན་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་ ༢༠༡༠ ལོའི་ ཟླ་ ༧ ཚེས་ ༤ ནས་མགོ་འཛུགས་ཀྱིས་ རང་བཙན་གོམ་བགྲོད་བྱེད་བཞིན་ཡོད་པ་དང་། དེ་ཡང་ཨ་རིའི་ཕེ་ལེ་ཌེ་ཕེ་ཡ་ན་ཡོད་པའི་ རང་བཙན་ཁང་ཞེས་པ་ནས། རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་བར་དུ་རྒྱང་ཐག་ མེལ་ལེ་ ༡༥༠ ལ་བསྐྱོད་རྒྱུ་ཡིན་པ་དང་། ཟླ་ ༧ པའི་ཚེས་ ༡༣ ཉིན་གོམ་བགྲོད་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

ཐེངས་འདིའི་རང་བཙན་གོམ་བགྲོད་དུ། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་དང་། སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ། སྤྱི་ཟུར་དབང་ཕྱུག་རྡོ་རྗེ། ལྟག་མཚེར་རིན་པོ་ཆེའི་སྲས་ཆུང་བ་འཇིགས་མེད་ནོར་བུ་སོགས་ཞུགས་གནང་མཛད་ཡོད་ལ། མཚམས་རེར་བོད་མི་ ལྔ་རེ་དང་མཚམས་རེར་བཅུ་གྲངས་རེ་ཡོད། ལོ་ཆུང་ཤོས་དེ་བྱིས་པ་ལོ་བརྒྱད་ཅན་ཞིག་ཡིན།  དེ་རིང་བར་དུ་མེལ་ལེ་ ༨༠ ཙམ་ལ་གོམ་བགྲོད་བྱས་ཟིན་པ་ཡིན།
ཉིན་རེར་མེལ་ལེ་ ༡༨ ཙམ་རེར་གོམ་བགྲོད་བྱེད་སྐབས་ གནམ་གཤིས་ཧ་ཅང་ཚ་བའི་སྐབས་ལ་འཁེལ་བ་དང་།  གོམ་བགྲོད་ཡུན་རིང་བྱས་པར་བརྟེན་ནས་རྐང་པར་ཆུ་ལྒང་ཐོན་པ་སོགས་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད།
མཱེ་རེ་ལཎ་ཌི་ནས་ཡིན་པའི་གོམ་བགྲོད་པ་རྡོ་རྗེ་མཚོས་བརྗོད་པ་ལྟར་ན།“ང་རྒྱ་གར་དུ་འཚར་ལོངས་བྱུང་བ་དང་། གོམ་བགྲོད་འདི་ལ་ཞུགས་ནས་ངས་བོད་ཀྱི་སྐོར་ལ་སློབ་སྦྱོང་མང་པོ་ཐོབ་བྱུང་། དེ་རིང་ཚད་པ་ཆེན་པོ་འདུག”ཅེས་བཤད། ཚད་པ་ཆེ་ན་ཅིའི་ཕྱིར་གོམ་བགྲོད་བྱེད་ཀྱི་ཡོད་དྲིས་སྐབས། མོས། “བོད་རང་བཙན་རེད། ཕ་ཡུལ་ན་སྤུན་ཟླ་ཚོས་སྡུག་བསྔལ་མྱོང་བཞིན་་་་” རྡོ་རྗེ་མཚོ་ངུས་ནས་སྐད་ཆ་མུ་མཐུད་བཤད་མ་སོང་། གོམ་བགྲོད་སྐབས་ ལམ་དུ་བསྐྱོད་བཞིན་པའི་རླངས་འཁོར་བ་ཚོས། “བོད་ཀྱི་ཆེད་དུ་རླངས་འཁོར་གྱི་སྒྲ་སྐད་སྒྲོགས།”ཞེས་ པའི་བྱང་བུ་མཐོང་སྟེ། སྒྲ་སྐད་སྒྲོག་བཞིན་འདུག ཧ་ལམ་ཐེངས་སུམ་བརྒྱ་ཙམ་རེར་སྒྲ་སྐད་སྒྲོག ངོ་མི་ཤེས་པའི་མི་རྣམས་ང་ཚོའི་གོམ་བགྲོད་ཀྱི་མདུན་དུ་ཡོང་ནས་འཐུང་ཆུ་སྤྲོད་ པ་སོགས་བྱེད།
དགུང་ལོ་ ༦༧ ལ་ཕེབས་པའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས། “ད་ང་ཚོ་ མང་ཆེ་བའི་རྐང་པ་ལ་ཆུ་ལྒང་ཐོན་འདུག ཆུ་ལྒང་ཐོན་པའི་སྐབས་ལ་ན་བའི་ཚབ་ལ་ཚ་གི་འདུག ཡིན་ན་ཡང་། བོད་ནང་གི་ད་ལྟའི་གནས་སྟངས་སྐྱོ་པོ་དེ་དག་ལ་བསམས་དུས། ང་ཚོའི་ཆུ་ལྒང་གི་ན་ཟུག་དེ་ཆུང་ཆུང་རེད། དེ་ལ་བཟོད་སྒོམ་བྱེད་མི་ཐུབ་པ་གང་ཡང་མི་འདུག ང་ཚོས་འདི་ལྟར་གོམ་བགྲོད་བྱས་ནས་ བོད་ནང་གི་དཀའ་སྡུག་དང་ང་ཚོས་རང་དབང་བརྩོན་ལེན་བྱེད་བཞིན་པ་དེ་ ཁྱབ་བསྒྲགས་བྱེད་ཀྱི་ཡོད།”

དེ་རིང་གི་གོམ་བགྲོད་པའི་ ཁྲོད་དུ་བོད་ཀྱི་གལ་ཆེའི་མི་སྣ་ཞིག་ཕེབས་ཡོད། ཁོང་ནི་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་དང་ཁྲིམས་ཞིབ་པ་ཟུར་བ་ཞེ་བོ་བློ་བཟང་ དར་རྒྱས་ལགས་རེད། ཁོང་ད་ལོ་དགུང་གྲངས་ ༧༨ ལ་ཕེབས་ཡོད། ཁོང་ ཉིན་དང་པོའི་གོམ་བགྲོད་སྐབས་སུ་ཆེད་དུ་ཕེབས་ཡོད་པ་རེད། ཁོང་དེ་སྔ་བོད་ནང་དུ་ མི་ལོ་ ༢༧ རིང་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གིས་གསུངས་དོན། “ང་ཚོ་བོད་ ཀྱི་འཐབ་རྩོད་འདི་དྲང་བདེན་གྱི་འཐབ་རྩོད་ཅིག་རེད། ༧རྒྱལ་བ་རིན་པོ་ཆེས་ཡང་ཡང་གསུངས་པ་བཞིན་བདེན་པའི་འཐབ་རྩོད་འདི་མཐའ་གསལ་ཡོང་ གི་རེད། ༧རྒྱལ་བ་རིན་པོ་ཆེས་གཙོ་བྱས་པའི་བཙན་བྱོལ་བོད་མི་ཚོས་བདེན་པའི་འཐབ་རྩོད་ འདི་འཛམ་གླིང་མི་དམངས་ལ་གསལ་བསྒྲགས་གནང་ཡོད་པ་རེད། ད་དུང་ཡང་མུ་མཐུད་ནས་གནང་དགོས་པ་ཞིག་རེད། ལྟག་མཚེར་རིན་པོ་ཆེ་སྐུ་གོང་མས་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་འདི་གནང་བ་རེད། ད་མུ་མཐུད་ནས་འདི་ལྟར་ལས་འགུལ་གནང་ཡོང་དུས་དངོས་གནས་སེམས་པ་དགའ་བ་ཞིག་རེད། ད་ང་ཡང་ཤི་རན་པ་རེད། ཡིན་ན་ང་ལ་བུ་ཡོད་རེད། བདེན་པའི་འཐབ་རྩོད་འདི་མུ་མཐུད་དགོས་པ་རེད། འདི་མི་རིགས་གཅིག་གི་འཐབ་རྩོད་རེད། མི་ཐོག་གཅིག་གི་འཐབ་རྩོད་མ་རེད། བྱས་ཙང་། ང་གོམ་བགྲོད་འདི་ལ་ཞུགས་ཐུབ་པ་དེ་ཧ་ཅང་སེམས་པ་དགའ་ནས་ཡོད།” ཅེས་གསུངས་སོང་།
 
ད་ཐེངས་ཀྱི་གོམ་བགྲོད་ འདི་ནི་ རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་གོ་སྒྲིག་བྱས་པའི་གོམ་བགྲོད་དམ་ཡང་ ན་ལྕགས་རྟ་ཞོན་བགྲོད་ཀྱི་ལས་འགུལ་ཐེངས་ ༡༥ པ་དེ་ཡིན་པ་དང་། ལས་འགུལ་གྱི་གནས་ཚུལ་དག་བོད་ཡིག་གི་དྲ་དེབ་ www.bodrangzen.org དང་། དེ་བཞིན་དབྱིན་ཡིག་གི་དྲ་ཤོག www.rangzen.orgའདི་ནས་གཟིགས་ཐུབ། དེ་བཞིན་གོམ་བགྲོད་པ་ཚོར་འབྲེལ་གཏུགས་གནང་ཚེ། གློག་འཕྲིན།rangzen@aol.com ཁ་པར། 317-506-2249 འབྲེལ་བ་གནང་འཐུས། གསར་འགྱུར་འདི་ཕྱོགས་སྒྲིག་བྱེད་པོ་ དགེ་འདུན་རབ་གསལ་ཡིན།

རྒྱལ་སྤྱིའི་བོད་རང་བཙན་ ལས་འགུལ་ཚོགས་པས་ ༢༠༡༠ ལོའི་ ཟླ་ ༧ ཚེས་ ༤ ནས་མགོ་འཛུགས་ཀྱིས་ རང་བཙན་གོམ་བགྲོད་བྱེད་བཞིན་ཡོད་པ་དང་། དེ་ཡང་ཨ་རིའི་ཕེ་ལེ་ཌེ་ཕེ་ཡ་ན་ཡོད་པའི་ རང་བཙན་ཁང་ཞེས་པ་ནས། རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་བར་དུ་རྒྱང་ཐག་ མེལ་ལེ་ ༡༥༠ ལ་བསྐྱོད་རྒྱུ་ཡིན་པ་དང་། ཟླ་ ༧ པའི་ཚེས་ ༡༣ ཉིན་གོམ་བགྲོད་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
ཐེངས་འདིའི་རང་བཙན་གོམ་ བགྲོད་དུ། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་དང་། སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ། སྤྱི་ཟུར་དབང་ཕྱུག་རྡོ་རྗེ། ལྟག་མཚེར་རིན་པོ་ཆེའི་སྲས་ཆུང་བ་འཇིགས་མེད་ནོར་བུ་སོགས་ཞུགས་གནང་མཛད་ཡོད་ལ། མཚམས་རེར་བོད་མི་ ལྔ་རེ་དང་མཚམས་རེར་བཅུ་གྲངས་རེ་ཡོད། ལོ་ཆུང་ཤོས་དེ་བྱིས་པ་ལོ་བརྒྱད་ཅན་ཞིག་ཡིན། དེ་རིང་བར་དུ་མེལ་ལེ་ ༨༠ ཙམ་ལ་གོམ་བགྲོད་བྱས་ཟིན་པ་ཡིན།

ཉིན་རེར་མེལ་ལེ་ ༡༨ ཙམ་རེར་གོམ་བགྲོད་བྱེད་སྐབས་ གནམ་གཤིས་ཧ་ཅང་ཚ་བའི་སྐབས་ལ་འཁེལ་བ་དང་། གོམ་བགྲོད་ཡུན་རིང་བྱས་པར་བརྟེན་ནས་རྐང་པར་ཆུ་ལྒང་ཐོན་པ་སོགས་ནི་སྤྱིར་བཏང་ གི་གནས་ཚུལ་ཞིག་རེད།

མཱེ་རེ་ལཎ་ཌི་ནས་ཡིན་པའི་གོམ་ བགྲོད་པ་རྡོ་རྗེ་མཚོས་བརྗོད་པ་ལྟར་ན། “ང་རྒྱ་གར་དུ་འཚར་ལོངས་བྱུང་བ་དང་། གོམ་བགྲོད་འདི་ལ་ཞུགས་ནས་ངས་བོད་ཀྱི་སྐོར་ལ་སློབ་སྦྱོང་མང་པོ་ཐོབ་བྱུང་། དེ་རིང་ཚད་པ་ཆེན་པོ་འདུག”ཅེས་བཤད། ཚད་པ་ཆེ་ན་ཅིའི་ཕྱིར་གོམ་བགྲོད་བྱེད་ཀྱི་ཡོད་དྲིས་སྐབས། མོས། “བོད་རང་ བཙན་རེད། ཕ་ཡུལ་ན་སྤུན་ཟླ་ཚོས་སྡུག་བསྔལ་མྱོང་བཞིན་་་་” རྡོ་རྗེ་མཚོ་ངུས་ནས་སྐད་ཆ་མུ་མཐུད་བཤད་མ་སོང་། གོམ་བགྲོད་སྐབས་ ལམ་དུ་བསྐྱོད་བཞིན་པའི་རླངས་འཁོར་བ་ཚོས། “བོད་ཀྱི་ཆེད་དུ་རླངས་འཁོར་གྱི་སྒྲ་སྐད་སྒྲོགས།”ཞེས་ པའི་བྱང་བུ་མཐོང་སྟེ། སྒྲ་སྐད་སྒྲོག་བཞིན་འདུག ཧ་ལམ་ཐེངས་སུམ་བརྒྱ་ཙམ་རེར་སྒྲ་སྐད་སྒྲོག ངོ་མི་ཤེས་པའི་མི་རྣམས་ང་ཚོའི་གོམ་བགྲོད་ཀྱི་མདུན་དུ་ཡོང་ནས་འཐུང་ཆུ་སྤྲོད་ པ་སོགས་བྱེད།

དགུང་ལོ་ ༦༧ ལ་ཕེབས་པའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས། “ད་ང་ཚོ་ མང་ཆེ་བའི་རྐང་པ་ལ་ཆུ་ལྒང་ཐོན་འདུག ཆུ་ལྒང་ཐོན་པའི་སྐབས་ལ་ན་བའི་ཚབ་ལ་ཚ་གི་འདུག ཡིན་ན་ཡང་། བོད་ནང་གི་ད་ལྟའི་གནས་སྟངས་སྐྱོ་པོ་དེ་དག་ལ་བསམས་དུས། ང་ཚོའི་ཆུ་ལྒང་གི་ན་ཟུག་དེ་ཆུང་ཆུང་རེད། དེ་ལ་བཟོད་སྒོམ་བྱེད་མི་ཐུབ་པ་གང་ཡང་མི་འདུག ང་ཚོས་འདི་ལྟར་གོམ་བགྲོད་བྱས་ནས་ བོད་ནང་གི་དཀའ་སྡུག་དང་ང་ཚོས་རང་དབང་བརྩོན་ལེན་བྱེད་བཞིན་པ་དེ་ ཁྱབ་བསྒྲགས་བྱེད་ཀྱི་ཡོད།”

དེ་རིང་གི་གོམ་བགྲོད་པའི་ ཁྲོད་དུ་བོད་ཀྱི་གལ་ཆེའི་མི་སྣ་ཞིག་ཕེབས་ཡོད། ཁོང་ནི་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་དང་ཁྲིམས་ཞིབ་པ་ཟུར་བ་ཞེ་བོ་བློ་བཟང་ དར་རྒྱས་ལགས་རེད། ཁོང་ད་ལོ་དགུང་གྲངས་ ༧༨ ལ་ཕེབས་ཡོད། ཁོང་ ཉིན་དང་པོའི་གོམ་བགྲོད་སྐབས་སུ་ཆེད་དུ་ཕེབས་ཡོད་པ་རེད། ཁོང་དེ་སྔ་བོད་ནང་དུ་ མི་ལོ་ ༢༧ རིང་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གིས་གསུངས་དོན། “ང་ཚོ་བོད་ ཀྱི་འཐབ་རྩོད་འདི་དྲང་བདེན་གྱི་འཐབ་རྩོད་ཅིག་རེད། ༧རྒྱལ་བ་རིན་པོ་ཆེས་ཡང་ཡང་གསུངས་པ་བཞིན་བདེན་པའི་འཐབ་རྩོད་འདི་མཐའ་གསལ་ཡོང་ གི་རེད། ༧རྒྱལ་བ་རིན་པོ་ཆེས་གཙོ་བྱས་པའི་བཙན་བྱོལ་བོད་མི་ཚོས་བདེན་པའི་འཐབ་རྩོད་ འདི་འཛམ་གླིང་མི་དམངས་ལ་གསལ་བསྒྲགས་གནང་ཡོད་པ་རེད། ད་དུང་ཡང་མུ་མཐུད་ནས་གནང་དགོས་པ་ཞིག་རེད། ལྟག་མཚེར་རིན་པོ་ཆེ་སྐུ་གོང་མས་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་འདི་གནང་བ་རེད། ད་མུ་མཐུད་ནས་འདི་ལྟར་ལས་འགུལ་གནང་ཡོང་དུས་དངོས་གནས་སེམས་པ་དགའ་བ་ཞིག་རེད། ད་ང་ཡང་ཤི་རན་པ་རེད། ཡིན་ན་ང་ལ་བུ་ཡོད་རེད། བདེན་པའི་འཐབ་རྩོད་འདི་མུ་མཐུད་དགོས་པ་རེད། འདི་མི་རིགས་གཅིག་གི་འཐབ་རྩོད་རེད། མི་ཐོག་གཅིག་གི་འཐབ་རྩོད་མ་རེད། བྱས་ཙང་། ང་གོམ་བགྲོད་འདི་ལ་ཞུགས་ཐུབ་པ་དེ་ཧ་ཅང་སེམས་པ་དགའ་ནས་ཡོད།” ཅེས་གསུངས་སོང་།

ད་ཐེངས་ཀྱི་གོམ་བགྲོད་ འདི་ནི་ རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་གོ་སྒྲིག་བྱས་པའི་གོམ་བགྲོད་དམ་ཡང་ ན་ལྕགས་རྟ་ཞོན་བགྲོད་ཀྱི་ལས་འགུལ་ཐེངས་ ༡༥ པ་དེ་ཡིན་པ་དང་། ལས་འགུལ་གྱི་གནས་ཚུལ་དག་བོད་ཡིག་གི་དྲ་དེབ་ www.bodrangzen.org དང་། དེ་བཞིན་དབྱིན་ཡིག་གི་དྲ་ཤོག www.rangzen.orgའདི་ནས་གཟིགས་ཐུབ། དེ་བཞིན་གོམ་བགྲོད་པ་ཚོར་འབྲེལ་གཏུགས་གནང་ཚེ། གློག་འཕྲིན། rangzen@aol.com ཁ་པར། 317-506-2249 འབྲེལ་བ་གནང་འཐུས།

གསར་འགྱུར་འདི་ཕྱོགས་སྒྲིག་བྱེད་པོ་དགེ་འདུན་རབ་གསལ་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༨ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༠ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 2

  1. དམག་ལོག་ says:
    ལོ་ 16 སྔོན།

    ལི་ཐང་ནས་ཟླ་ཤས་སྔོན་ལོ་ལོན་རྒ་རྒས་མི་གྲངས་བཞི་ཅུ་ལྷག་གིས་སྟོད་ཉི་མ་ལྷ་སར་ཕྱག་འཚལ་ནས་སོང་། ཕྱག་འཚལ་མཁན་རྣམས་ཆབ་མདོའི་ས་ཐོག་ཏུ་སླེབས་དུས་རྒྱ་གཞུང་གིས་ཁོ་ཚོས་རྒྱལ་ཁབ་ལ་ངོ་རྒོད་ཀྱི་ཕྱག་སྐྱོད་བྱས་པ་རེད་ཅེས་ལྷ་སར་འགྲོར་མ་བཅུག་པར་ཕྱིར་ངར་ཡུལ་དུ་བཏངས།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རང་བཙན་གོམ་བགྲོད་པ་ཚོར་ཐུགས་རྗེ་ཆེ་ཞུ། ད་ང་ཡང་རང་བཙན་གྱི་ཕྱོགས་སུ་གོམ་ག་སྒྱུར་བར་འདོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese