མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འགན་འཁྲི་དང་གྲོས་ཚོགས་ཀྱི་ནུས་པ། བཙན་ནག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་ཡོང་རྒྱུའི་བཀའ་ཁྲི་དང་གྲོས་ཚོགས་སམ་སྤྱི་འཐུས་ཀྱི་འོས་མིག་ཐད་བགྲོ་གླེང་དང་བསམ་ཚུལ་མང་པོ་ཞིག་སྤེལ་བཞིན་པ་ནི་བཀའ་ཁྲི་ཚད་ལྡན་ཞིག་དང་སྤྱི་འཐུས་ཚད་ལྡན་ཞིག་སླེབས་རྒྱུའི་རེ་བ་ཁོ་ནས་ཡིན་པ་ནི་མ་བསམ་ཡང་ཤེས་ཡོད་མོད། ད་ལྟའི་གནས་སྐབས་འདིར་བཀའ་ཁྲི་ནི་གལ་གནད་ཤིན་ཏུ་ཆེ་བ་ཞིག་ཡིན་ཀྱང་དེ་སྔོན་ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་ལས་འཁུར་སྐབས་བཀའ་སློབ་འདི་འདྲ་ཞིག་གནང་ཡོད།《བཀའ་བློན་ཁྲི་བ་འཕོ་འགྱུར་བྱས་པ་འདི་རླངས་འཁོར་རྙིང་པའི་ཁ་ལོ་བ་བརྗེ་བ་ལྟར་བོད་ཀྱི་ཆབ་སྲིད་ཐད་ཆེས་རླབས་ཆེན་དང་འགྱུར་ལྡོག་ཆེ་བ་གང་ཡང་ཡོང་གི་མ་རེད་》ཅེས་གསུངས་ཀྱང་སྐབས་དེ་དུས་ཀྱི་རླངས་འཁོར་དེ་རྙིང་པ་ཡིན་ཀྱང་གཞུང་ལམ་དང་རི་ལམ་ལམ་ཕྲན་གང་དུ་ཡང་འགྲོ་བསྐྱོད་ཆོག་ལ་འགྲོ་བའི་ནུས་པའང་ལྡན་ཡོད།   རླངས་འཁོར་དེ་འདས་པའི་ལོ་དེ་དག་གི་རིང་ཆེས་རྙིང་རྙིང་དུ་གྱུར་ཏེ་ད་ཆ་ལམ་ཕྲན་ཆུང་ཆུང་དག་ལས་གཞུང་ལམ་སོགས་ལ་འགྲོ་བསྐྱོད་མི་ཆོག་པའི་ཚད་བཀག་ཅན་ཞིག་ཏུ་གྱུར་པས་སྔར་དང་རྩ་བ་ནས་མི་འདྲ་བས་ཁ་ལོ་བའི་འོས་མིག་འགའ་རེ་ཕྱིར་འཐེན་རྒྱག་བཞིན་པ་ནི་རླངས་འཁོར་དེའི་འཁོར་བསྐྱོད་དང་འགུལ་ཤུགས་བྱ་ཚད་ལ་ཚོད་བགམ་ཐིག་ནས་ཡོད་པ་ཨ་ཅང་ཆེ།

དེ་ཡང་རྒྱུ་མཚན་གསལ་པོར་བརྗོད་ན་དེ་སྔོན་རྒྱ་དམར་གྱི་བྱ་ངན་འཛམ་གླིང་ནང་གསལ་སྟོན་ཆོག་པ་མ་ཟད་གཞུང་འབྲེལ་ཡིག་ཆ་དག་ཏུ་ཡང་དགྲ་བོ་བཙན་རྒྱལ་དམར་པོ་ཞེས་མཐའ་གཅིག་ཏུ་དགག་རྒྱུ་དེ་ཡང་དེང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅིག་གི་ངོ་བོར་གྱུར་ཡོད་པ་མ་ཟད་ཁྱིམ་ཚང་གཅིག་གི་ཚད་ལ་ལྷུང་ཡོད་པ་ཚང་མས་ཤེས་གསལ་རེད།  རྒྱུ་མཚན་དེས་ན་སྐབས་གསུམ་པའི་བཀའ་ཁྲི་ནི་དེ་དག་མཇུག་སྐྱོང་མཁན་ཞིག་ཡིན་པར་སོང་བོད་མི་ཡོངས་ཀྱི་མངོན་འདོད་ཀྱི་རེ་བ་ཆུ་ལ་བསྐུར་ནས་ལོ་རྒྱུས་ཀྱི་ངན་སྨྲས་ཟེར་མཁན་ཞིག་ཆགས་རྒྱུར་ཐེ་ཚོམ་མེད་པ་ཡིན།      

ང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་དཔེ་བལྟ་ས་ནི་རྒྱ་གར་རང་དབང་རྩོད་ལེན་པ་དག་ཡིན་ལ་རྒྱ་གར་གྱི་རང་བཙན་རྩོད་ལེན་པ་རྣམས་ནས་ཆབ་སྲིད་ཀྱི་ལྟ་གྲུབ་མང་པོ་བེད་སྤྱད་ནས་རང་དབང་རྩོད་ལེན་གནང་ཡོད་པ་ལས་འཚེ་མེད་ཞི་བ་ཁོ་ནའི་གྲུབ་འབྲས་ཤིག་གང་ལ་ཡིན་དེས་ན་ང་ཚོའི་སྤྱི་ཚོགས་འདི་ཡང་ལྟ་གྲུབ་དང་ཐབས་ལམ་སྣ་མང་སྤྱོད་དགོས་པ་དོན་གྱིས་དགོས་མཁོར་མཐོ ང་།
གཞན་ལ་བསྟུན་མཁས་ཀྱི་ལངས་ཕྱོགས་ཤིག་བཟུང་སྟེ་མངོན་འདོད་སྒྲུབ་ཐབས་བྱེད་པ་འདི་ནི་འགྲུབ་མི་སྲིད་པའི་བྱ་བ་ཞིག་ཡིན་པ་མ་ཟད་འདྲ་མཉམ་མིན་པའི་གྲོས་མོལ་གྱིས་ང་ཚོར་གྱོང་གུན་ཁོ་ན་ལས་ཁེ་བཟང་ཟེར་བ་རྩ་བ་ནས་ཐོབ་མྱོང་མེད་ལ་ཐོབ་མི་སྲིད་པ་ཞིག་ཀྱང་ཡིན།

གྲོས་ཚོགས་ནས་མི་མང་གི་མངོན་འདོད་གང་ཡིན་དཔྱད་པ་མཐིལ་ཕྱིན་པ་གནང་ནས་ད་ལྟའི་གཞུང་གི་ལངས་ཕྱོགས་སམ་སྒྲིག་གཞིར་འགྱུར་བ་གཏོང་རྒྱུའི་སྙིང་སྟོབས་དང་ལྷག་བསམ་ཤེས་འཇོན་ལྡན་པ་ཞིག་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་སྣང་།

མང་པོ་ཞིག་གི་སེམས་ནང་ད་ལྟའི་ལངས་ཕྱོགས་ནི་༧རྒྱལ་བ་རིན་པོ་ཆེས་གཏན་ལ་ཕབ་ཅིང་མི་མང་ནས་རྒྱབ་སྐྱོར་ཐོབ་པའི་ལྟ་གྲུབ་ཡང་དག་པ་ཞིག་ཡིན་པ་འདོད་སྲིད་མོད་ཀྱང་།  ༢༠༠༨  ལོར་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ཏེ་དམིགས་བསལ་ཚོགས་ཆེན་ཚོགས་དགོས་པ་༧རྒྱལ་བ་རིན་པོ་ཆེ་ནས་མར་བཀའ་གནང་བ་ཞིག་ཡིན་པ་ཚང་མའི་སེམས་ན་ཁྲིག་སེ་ཡོད།

འོན་ཀྱང་སྐབས་དེ་དུས་༧རྒྱལ་བའི་དགོངས་པ་ཇི་ཡིན་དཔྱད་ཞིབ་ཙམ་ཡང་མི་བྱེད་པར་རྒྱུན་དུ་སྤྲེལ་ལད་ལ་གོམས་པའི་ས་གནས་ཀྱི་འཐུས་མི་རྣམས་ནས་མི་མང་གི་མངོན་འདོད་རྩིས་མེད་ནག་སུབ་ལ་བཏང་ནས་མ་གྲོས་བསམ་པ་གཅིག་མཐུན་ཞེས་རྒྱལ་བ་རིན་པོ་ཆེ་དབུ་བསྐོར་བཏང་ཡོད།

སྤྱིར་༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་གཞན་ཕན་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གིས་གཉིས་ཕན་དང་འཚེ་མེད་ཞི་བ་ལས་དྲག་སྤྱོད་སོགས་རྩ་བ་ཉིད་ནས་གསུངས་ཐབས་ཤིག་མེད་པས་མི་མང་ནས་རང་རང་གི་མངོན་འདོད་གང་ཡིན་ཁ་བསང་ནས་བཤད་དགོས་པ་ཞིག་ལགས།  《རྒྱ་དམར་དང་འབྲེལ་མེད་རང་བཙན་གཙང་མ།》 《  རང་སྲིད་རང་སྐྱོང་ཐོག་རྒྱ་དམར་གྱི་མཉམ་དུ་སྡོད་པ། 》སོགས་འོས་ཤོག་གི་ལམ་ནས་མི་མང་གི་མངོན་འདོད་འཚོལ་དགོས་ལ་མངོན་འདོད་གང་ཡིན་དེ་ལ་གཞིག་ནས་གཞུང་གི་ལངས་ཕྱོགས་སམ་ཐབས་ལམ་གཏན་ལ་ཕབ་ནས་ལས་དོན་གཉེར་བ་ཡིན་ན་ཕན་འབྲས་ངེས་ཅན་ཞིག་ཡོང་རྒྱུ་རེད་སྙམ།

མི་མང་གི་སྐུ་ཚབ་གྲོས་ཚོགས་ཡིན་ལ་མི་མང་གི་བདེ་སྡུག་དང་ཆབ་འབངས་ཀྱི་འགན་འཁྲི་ཡོངས་རྫོགས་གྲོས་ཚོགས་ལ་ཡོད་པ་ཞིག་ཡིན་པས་གྲོས་ཚོགས་དེ་མི་མང་གི་ཚབ་མཚོན་པ་ཙམ་དུ་མ་ཟད་མི་མང་གི་མངོན་འདོད་སྒྲུབ་པའི་སྤོབས་པ་དང་ལྷག་བསམ་ལྡན་པ་དགོས་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བ་ཞིག་ཏུ་མཐོང་།

གོང་དུ་སྨྲོས་པའི་ལམ་ཕྲན་ཆུང་ཆུང་དག་ལས་འཁོར་བསྐྱོད་མི་ཐུབ་པའི་རླངས་འཁོར་དེ་གཞུང་ལམ་དག་ཏུ་ཤར་བསྐྱོད་གཏོང་ཐུབ་པའི་ཆེད་གྲོས་ཚོགས་ནས་ངེས་པར་དུ་འགན་ལེན་དང་ཐབས་ལམ་གཏན་འབེབས་གནང་དགོས་པ་ནི་གྲོས་ཚོགས་ཀྱི་བཟློག་ཏུ་མེད་པའི་འགན་འཁྲི་བླ་ན་མེད་པ་ཞིག་ཀྱང་ཡིན།  དེས་ན་འབྱུང་འགྱུར་གྱི་གྲོས་ཚོགས་ནི་སྔར་དང་མི་འདྲ་བའི་སྙིང་སྟོབས་དང་ལྷག་བསམ་ལ་རྒྱ་ཅན་ཞིག་དགོས་པ་མ་ཟད་ཤེས་འཇོན་ལྡན་པ་ཞིག་དགོས་པས་མི་མང་ནས་འདེམ་ཁ་མ་ནོར་བ་ཞིག་གནང་རོགས་ཞེས་རེ་བ་ཕུར་ཚུགས་སུ་འདེབས་པ་ལགས།

༼རྩོམ་སྒྲིག་པའི་གསལ་བཤད། རྩོམ་པ་པོའི་རེ་སྐུལ་ལྟར་འདིར་སྨྱུག་མིང་བཀོད་པ་ཡིན།༽

འབྲེལ་ཡོད་གསར་འགྱུར།

CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༣ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༢༤ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

༢༠༢༦/༠༩/༢༡

མཆན། 3

  1. ཕུན་ཚོགས ། says:
    ལོ་ 16 སྔོན།

    བསམ་ཚུལ་བཤད་པ་དགའ་ཡོད།ཐེར་འདོན་བྱེད་ན་བྱེད་ཐག་གཅོད་ཅིག་བྱོས་དང་ཉན་རྒྱུ་ཡོད་སྲིད།

    Reply
  2. མཐུ་སྟོབས says:
    ལོ་ 16 སྔོན།

    བཙན་ནག་པ་ལའང་བདེན་པ་འདུག དེས་ན་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་བསམ་བློ་ཕྱོགས་གང་ས་་གཏོང་རྒྱུར་ཧ་ཅང་གི་གལ་འགངས་ཆེ་རུ་མཐོང༌།

    Reply
  3. བཙན་ནག་པ། says:
    ལོ་ 16 སྔོན།

    ཐོག་མར་རྩོམ་སྒྲིག་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དྲྭ་གྲོགས་རྣམས་ལ་ངོ་སྤྲོད་ཞུ་རྒྱུ་ཞིག་ལ་ང་ནི་རྩོམ་པ་པོ་ཞིག་མིན་ལ་ཤེས་ཡོན་ཅན་པ་ནི་དེ་བས་ཀྱང་མིན། འོན་ཀྱང་རང་མི་རིགས་དང་རིག་གཞུང་ལ་ཞེན་པ་ཕྲ་མོ་ཞིག་ཡོད་པའི་དབང་གི་མི་ལོ་དུ་མའི་རིང་ཚོགས་པ་ཆུང་ཆུང་ཞིག་གི་ནང་རང་མི་རིགས་ཀྱི་རིག་གཞུང་གནས་ཐབས་ཆེད་དུ་ལས་བཞིན་པའི་གྲྭ་རྐྱང་ཞིག་ཡིན། ངས་བཤད་པའི་སྐད་ཆ་དེ་ངའི་བསམ་ཚུལ་ཡིན་ངའི་བསམ་ཚུལ་འདི་བོད་མི་ཞིག་གི་བསམ་ཚུལ་ཡིན། བསམ་ཚུལ་འདིའི་ཐད་ལེགས་སྤེལ་ཉེས་འགོག་གིས་བཀའ་སློབ་དང་དགོངས་ཆར་གནང་མཁན་གྱིས་དྲྭ་གྲོགས་ཡོངས་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདུན་ཡོད། བསམ་ཚུལ་མི་མཐུན་པར་གསལ་བཤད་དང་སྦྱང་བཤད་བྱས་ནས་གོ་རྟོགས་སྤེལ་རྒྱུའི་འདུན་པའང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese