མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་ཨ་མ་ཞིག

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་བྱང་ཁ་ལས་ཧྥོ་ནི་ཡའི་བོད་རིགས་ཚོགས་པས་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟའ་ཉི་མའི་ཉིན་གནང་སོང་ལ།སྐབས་དེར་སྨན་པ་སྐལ་བཟང་དབྱངས་སྒྲོན་ལགས་ནས་ཕྲུ་གུས་དབྱིན་སྐད་བཤད་ཡོང་ནའང་ཕར་ཨ་མ་ཚོས་བོད་སྐད་བཤད་དགོས་པའི་རེ་འབོད་གནང་སོང་།

ཟླ་འདིའི་ཚེས་ ༡༠ ཉིན་བྱང་ཁ་ལས་ཧྥོ་ནི་ཡའི་བོད་རིགས་ཚོགས་པས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སོང་ལ།སྐབས་དེར་བོད་རིགས་མང་པོ་འདུ་འཛོམས་ཀྱི་གོ་སྐབས་དང་བསྟུན་ནས་སྨན་པ་སྐལ་བཟང་དབྱངས་སྒྲོན་ལགས་ནས་འཆར་ཅན་གཟའ་ཉི་མའི་ཉིན་གྱི་བོད་ཡིག་འཛིན་གྲའི་སྐབས་ག་འདྲ་བྱས་ནས་མོ་རང་གིས་བོད་པའི་ཕྲུ་གུ་ཚོར་བོད་ཡིག་སློབ་ཚུལ་དཔེ་མཚོན་དང་བཅས་བསྟན་སོང་ལ།དེ་དང་མཉམ་དུ་མོས་བོད་པའི་ཨ་མ་ཚོར་རེ་འབོད་གནང་དོན།ཕྲུ་གུ་ཚོར་མཚོན་ན་དབྱིན་ཡིག་བདེ་བོ་ཡོད་པ་རེད།ཡིན་ནའང་ཕ་མ་ཚོས་ཕྲུ་གུ་ལ་བོད་སྐད་བཤད་རྒྱུ་གལ་ཆེན་པོ་རེད་འདུགམཚམས་རེར་བོད་སྐད་ཀྱི་དོན་དག་?བྱིན་སྐད་དང་སྦྲགས་ནས་བཤད་ན་གོ་བདེ་བ་འདུགཡང་དབྱིན་སྐད་ཀྱི་དོན་དག་དེ་བོད་སྐད་དུ་ཡག་པོ་ཤེས་ཀྱི་མེད་ན་ཚིག་མཛོད་ལ་བལྟས་ནས་མིང་ཚིག་དག་དག་ཅིག་བཤད་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་སོང་།མོས་གཟའ་ཉི་མའི་འཛིན་གྲའི་སྐབས་སུ་བོད་ཕྲུག་ཚོར་བྱིས་སྒྲུང་ཀློག་བཤད་དང་།གླུ་གཞས།ཚིགས་བཅད་སྐྱོར་ནས་གོ་དོན་འགྲེལ་བ།ཞབས་བྲོ་འཁྲབ་པ།རི་མོ་འབྲི་བ་སོགས་སློབ་ཁྲིད་གནང་གི་ཡོད་འདུག

སྨན་པ་སྐལ་བཟང་དབྱངས་སྒྲོལ་ལགས་ནི་བོད་ནས་ཕེབས་པའི་སྨན་པ་ཞིག་རེད་ལ།མོས་བྱང་ཁ་ལས་ཧྥོ་ནི་ཡར་སྒེར་གྱི་བོད་སྨན་ཁང་ཞིག་བཟུང་ཡོད་པ་དང་།མོས་གཟའ་ཉི་མ་འཆར་ཅན་ལ་བོད་པའི་ཕྲུ་གུ་ཚོར་བོད་ཡིག་ཁྲིད་བཞིན་ཡོད་ལ་གླ་ཆ་གང་ཡང་མི་འདུགམོ་ནི་བོད་སྨན་དང་བོད་ཡིག་ལ་ཤེས་ཚད་ཡག་པོ་ཡོད་མཁན་ཞིག་རེད།

ཕྱི་རྒྱལ་ཁག་ཏུ་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ལྟར་སྲུང་བརྩི་བྱེད་ཐུབ་ཀྱི་མེད་ལ།འཁྲུངས་སྐར་ཉིན་རིང་ལ་རྟེན་འབྲེལ་གྱི་བྱེད་སྒོ་ཆུང་ཆུང་ཞིག་ལས་མེད།འཁྲུངས་སྐར་སྲུང་བརྩི་རྒྱས་ནི་གཟའ་ཉི་མའི་ཉིན་བྱེད་བཞིན་ཡོད།ཉིན་དེར་མི་ཚང་མ་གུང་གསེང་ཡིན་སྟབས་ཚང་མ་འཛོམས་ཐུབ་ཀྱི་ཡོད།

གསར་འགྱུར་སྤེལ་མཁན། ཟླ་བ་ཆོས་འཛོམས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཟླ་བ་ཆོས་འཛོམས་ཟེར་བ་འདི་དུས་བབ་ཚང་གི་ལས་བྱེད་གསར་བ་ཡིན་ནམ།

    Reply
  2. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    གལ་ཏེ་བོད་མི་རིགས་འདི་མུ་མཐུད་ནས་འཚོ་དགོས་ཀྱི་ཡོད་ན་ནི་ཁོང་གི་ལས་འགུལ་འདི་ཆེས་རླབས་ཆེ་བ་ཞིག་ཡིན་པས་བོད་པའི་མི་རིགས་རིག་གཞང་དང་བཅས་པར་ཤ་ཞེན་ཡོད་པའི་བོད་རིགས་ཚང་མས་མཐུན་འགྱུར་སྡོང་གྲོགས་ལྷད་མེད་ཅིག་གནང་རོགས་ཞེས་ངས་ཀྱང་རེ་བ་ཞུ་བཞིན་ཡོད།
    སྨན་པའི་ལྷག་བསམ་མཛེས་པའི་ཁ་ཡི་མདོག་ནི༎
    པ་སངས་དཀར་པོའི་ལུས་ཀྱི་རྗེས་འབྲངས་ནས།།
    སྐལ་བཟང་དམ་པའི་ལུགས་བཟང་སྐྱོང་བ་འདི༎
    དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྤྲུལ་པར་དོགས༎

    ཞེས་པ་འདི་ནི་འདོད་ཡོན་གྱི་སྨག་རུམ་ནང་ན་ཤེས་རིག་གི་སྒྲོན་མེ་སྤོར་བའི་སྤོབས་པ་དགེ་བ་ཅན། བོད་ཀྱི་དོན་དམ་གྱི་མཛངས་མ་དེར་བསྔགས་པའི་ཁུལ་ལགས་སོ༎

    Reply
  3. མཚོ་ངོགས་བོད་ཕྲུག says:
    ལོ་ 16 སྔོན།

    ༄༅།། སྐུ་ཡི་འཁྲུངས་སྐར་བསྲུངས་བརྩི་ཞུས་པ་སྦྲགས་མཆོད་རྟེན་གཤིགས་པ།།
    ཕྱི་ཟླ་7་པའི་ཆེས་6་ཉིན་རྒྱ་བལ་འབྲུག་གསུམ་དང་དེ་བཞིན་བོད་མི་གནས་སྡོད་ས་ཁུལ་ཡོངས་ལ་༸གོང་ས་མཆོག་དགུང་གྲངས་75་ལ་འཕེབས་པའི་འཁྲུངས་སྐར་བསྲུངས་བརྩི་ཟབ་རྒྱས་ཞུས་ཡོད། འོན་ཨའོ་སི་ཁྲོ་ལི་ཡ་སི་ནིའི་བོད་རིགས་མཐུན་ཚོགས་ཀྱིས་ཕྱི་ཟླ་7་པའི་ཚེས་10 རེས་གཟའ་སྤེན་པའི་ཉིན་བོད་ཀྱི་དུས་ཆེན་ཞེས་པའི་མིང་ཐོག་ནས་༸གོང་ས་མཆོག་དགུང་གྲངས་75བཞེས་པའི་འཁྲུངས་སྐར་སྲུངས་བརྩི་ཞུས་ཡོད། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་སྐུ་ཚབ་དོན་གཅོད་དགས་པོ་བསོད་ནམས་ལགས་དང་དེ་བཞིན་ས་གནས་དེར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་༸གོང་ས་མཆོག་གདན་ཞུ་ཚོགས་པའི་འགན་འཛིན་སོགས་ཕྱི་རྒྱལ་གྱིོ་མི་སྣ་དང་དེ་མིན་རྒྱ་རིགས་སོགས་མི་གྲངས་300ཙམ་འདུ་འཛོམས་བྱུང་ཡོད་། ཉིན་དེ་ནི་སི་ནིའི་བོད་རིགས་མཐུན་ཚོགས་ཀྱི་ལོ་གཅིག་གི་དཔལ་འབྱོར་འདུ་འགོད་བྱ་རྒྱུའི་ཉིན་མོ་གལ་ཆེ་ཞིག་ཀྱང་ཡིན། སྐབས་དེར་སྐུ་ཚབ་དོན་གཅོད་དང་དེ་བཞིན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་གསུང་བཤད་གནང་བ་དང་དེ་ནས་བོད་ཀྱི་མཐུན་མོངས་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་ཞུས་ཡོད། མཛད་སྒོའི་སྐབས་(Cake)ཀེག་གིས་བཟོས་པའི་མཆོད་བརྟེན་འཁྲུ་གཉིས་ཙམ་བྱས་པ་ཞིག་སྐུ་ཚབ་དོན་གཅོད་དང་ཚོགས་གཙོ་དབུ་བཞུགས་ཐོག་གཤིགས་ཏེ་དགེ་འདུན་པ་དབུས་མང་ཚོགས་ལ་གསོལ་རས་གནང་ཡོད། མཆོད་བརྟེན་དེ་ནི་རྒྱ་རིགས་ཁག་གཅིག་ནས་བཟོས་ཏེ་བོད་རིགས་མཐུན་ཚོགས་ལ་ཕུལ་བ་ཞིག་ཡིན། སྐབས་དེར་མང་ཚོགས་མང་པོ་ཞིག་གིས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དག་རྒྱུ་དངོས་གང་ཞིག་ལས་བསྒྲུབས་ཀྱང་མཆོད་པའི་བརྟེན་ཡིན་པ་ལས་གཤིགས་ཏེ་ཟ་མི་ཉན་པ་དང་། དེ་ནི་སྤྱི་ལོ་1959་ལོར་རྒྱ་དམར་གཞུང་ནས་བོད་ནང་རྒྱལ་བའི་སྐུ་བརྟེན་གཤིགས་པ་གཅིག་པ་ཡིན་པས་དེར་བརྟེན་མཆོད་རྟེན་གཤིགས་ཏེ་བཟའ་མི་ཉན་པ་སོགས་ཀྱི་བསམ་ཚུལ་སྣ་ཚོགས་བྱུང་ཡོད།

    Reply
  4. བྱམས་རྒྱལ། says:
    ལོ་ 16 སྔོན།

    ༧རྒྱལ་བའི་འཁྲུངས་སྐར་གུང་སེང་ཉིན་བཏང་ཡང་རུང་།
    ད་དུང་འགའ་རེས་འཁྲུངས་ཚེས་ལ་བཅར་མི་ཐུབ།
    སྒྲོག་ལར་ཡུ་སྒོར་སྟོབས་ཤུགས་དེ་ཆེ་ངེས་ན་།
    ཁ་ཐབས་འདི་ལས་བཟང་བ་ཞིག་མེད་དོན་ཅི།

    སྨན་པ་སྐལ་བཟང་དབྱངས་སྒྲོལ་ལགས་གྱིས་གཟའ་ཉི་མ་འཆར་ཅན་ལ་དངས་བླངས་ཐོག་བོད་པའི་ཕྲུ་གུ་ཚོར་བོད་ཡིག་ཁྲིད་བཞིན་ཡོད་པ་གོ་ཐོས་བྱུང་བས་དགའ་སྤྲོ་རབ་ཏུ་འཕེལ་བྱུང་ ཐུགས་རྗེ་ཆེ་ ཞུ་འདོད་བྱུང་། འོན་ཀྱང་ཕ་མ་ཚང་མས་ཕྲུ་གུ་བོད་ཡིག་འཛིན་གྲ་གཏོང་གི་མེད་པ་ངས་ཚོད་དཔགས་བྱེད་ཐུབ་ཀྱི་འདུག་། འོན་ཀྱང་སེམས་ཤུགས་མ་ཆག་རོགས།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ༄༅། །སྒྲོག་ལ་ལྗང་མོས་སྟོབས་ཤུགས་དེ་ཆེ་བྱུང།
    ༧རྒྱལ་བའི་འཁྲུངས་སྐར་ཉིན་ཤས་ཞིག་སྔ་སོང་།
    དངུལ་དང་སྲོལ་རྒྱུན་བརྗེ་སྒྱུར་གྱིས་བསྟེ་གནས།
    བཙན་བྱོལ་གཉིས་པའི་ཁ་ཐབས་ལ་གཟིགས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese