མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་རྒྱབ་སྐྱོར་གནང་རོགས། ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp
 
དུས་བབས་ཚགས་པར་ལས་ཁུང་གིས་རང་ཅག་ཟིན་བྲིས་ཀྱི་ལམ་ནས་རང་སེམས་ཕྱི་རུ་སྟོན་འདོད་པ་དག་ལ་འདི་འདྲའི་རྒྱུད་ལམ་ཞིག་བཞག་པར་བཀའ་དྲིན་ལྷག་པར་དུ་ཆེ།

ཡར་རྒྱས་ལ་མཐའ་མེད་པས་ད་དུང་ཡར་རྒྱས་རེ་ཟུང་ཛ་དྲགས་ཀྱིས་གཏོང་བའི་རེ་སྐུལ་ཞིག་ཞུ་རྒྱུ་ཡོད།

ད་ལྟའི་ཟིན་བྲིས་འཇོག་སྟངས་འདི་ལ་བཟོ་བཅོས་ཤིག་དགོས། ད་ལྟའི་ཚུལ་འདི་ལྟར་ན་རྩོམ་བཟང་ངན་ལ་མ་ལྟོས་པར་གྲངས་མང་བ་ཞིག་ཡོད་ན་དྲ་ངོས་དང་པོར་སླེབས་ཡོང་བ་ཡིན། ང་ཚོ་ཟིན་བྲིས་བ་ཞིག་གིས་རྩོམ་གསར་རེ་སྤེལ་དུས་དྲ་གྲོགས་ཕན་ཚུན་ལ་inboxལྟ་བུ་ཞིག་ཏུ་རྩོམ་གསར་བ་རྣམས་འབྱོར་རྒྱུ་ཡོད་པ་ཞིག་བཟོས་ནི་ཇི་འདྲ་ཡོང་། 

དེ་མིན་ང་ལྟ་བུ་རྩོམ་གྱི་ཁ་གྲངས་མེད་ལ་མིང་དང་ལུང་ཡང་མེད་པའི་ཟིན་བྲིས་པ་དག་གིས་རྩོམ་གསར་བ་རེ་སྤེལ་རུང་ཀློག་མཁན་མི་རག་པའི་དཀའ་ངལ་ཆེན་པོ་འདུག གང་ལགས་ཤེ་ན་ངེད་ཟིན་བྲིས་བ་གསར་བ་རྣམས་དྲ་ངོས་ཀྱི་མདུན་ངོས་སུ་ཤར་ཐུབ་ཀྱི་མེད་པས་སོ། ཀློག་མཁན་མེད་པའི་རྩོམ་ཞིག་སྤེལ་ནས་ཅི་བྱེད།  

ད་ལྟ་ཟིན་བྲིས་པ་དེ་ཙམ་གྲངས་མང་མེད་སྟབས་ཟིན་བྲིས་པ་ཡོངས་རྫོགས་ཟིན་བྲིས་མདུན་ངོས་སུ་ཤར་ཐུབ་པ། དཔེར་ན་twitterཚང་གི་following people གྱི་ཐོ་འཇོག་སྟངས་བཞིན་རྟགས་ཆུང་ཆུང་རྣམས་དཀྱུས་གཅིག་ཏུ་ཤར་ཐུབ་པ་དང་། རྩོམ་གསར་བ་ཡོད་ན་དེ་ལ་རྟགས་དམིགས་བསལ་རེ་མཐོང་རྒྱུ་ཡོད་པ་ཞིག་བཟོས་ཀྱང་ཆོག་སྙམ། ཡང་ན་རྩོམ་གསར་བ་ཡོད་ན་མདུན་ངོས་སུ་སླེབས་པ་སོགས་མདོར་ན་ད་ལྟའི་འདི་ལས་གཞན་ཞིག་དགོས་ཀྱི་འདུག

 དེ་མིན་ཁ་སང་ཟ་ལེ་རྒྱལ་དང་ཟ་མོ་རྒྱལ་རེ་ཟུང་གིས་གཞན་ལ་བསྟུན་པའི་ཆེད་དུ་ཟིན་བྲིས་ལ་ཚད་བཀག་དགོས་ཚུལ་སོགས་བསམ་ཚུལ་འབྱུང་གི་འདུག འདི་ཀུན་སྤྱོད་རིག་པའི་ཐོག་ནས་བལྟས་ན་འགྲིག་པ་ལྟར་སྣང་མོད། ཟིན་བྲིས་ཀྱི་རྒྱུད་ལམ་འདི་སྤེལ་བའི་རིག་པའི་རྨང་གཞི་ལ་འགལ་ཡོད།

ང་ཚོ་ཟིན་བྲིས་པ་དག་གི་མངོན་འདོད་ནི་རང་རྩོམ་གཞན་གང་མང་གིས་ཀློག་རྒྱུ་དང་། གཞན་རྩོམ་གང་མང་རང་གིས་ཀློག་རྒྱུ་དེ་ལོས་ཡིན། མདོར་ན་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་དེ་རེད།

དེ་བཞིན་ཟིན་བྲིས་ཀྱི་ ‘ངའི་ཟིན་བྲིས་ཀྱི་ངོས་སྤྲོད་བཟོ་བཅོས’་ ཀྱི་ནང་དུ་ཡང་ (hyperlink) དྲ་འབྲེལ་བྱེད་ཐུབ་པའི་ཆ་རྐྱེན་དགོས་ཀྱི་འདུག

ད་དུང་ཟིན་བྲིས་ནང་དུ་དྲ་གྲོགས་རྣམས་ཡུད་ཀྱིས་འཚོལ་ཐུབ་པའི་འཚོལ་ལམ་ཞིག་ཀྱང་དགོས་ངེས་འདུག

ད་དུང་ཟིན་བྲིས་སྤེལ་བའི་རྒྱུད་རིམ་ཁྲོད་དབྱིན་ཡིག་གི་ལམ་སྟོན་མང་དག་ཅིག་ཀྱང་ལེན་དགོས་ཀྱི་འདུག འདི་ཡང་བཟང་རྟགས་ཤིག་མིན། གོང་ཞུས་འདི་དག་བཟོ་བཅོས་ཤིག་རྒྱབ་ན་རང་ཅག་གི་ཟིན་བྲིས་འདི་སྔར་བས་ཡར་རྒྱས་སུ་འགྲོ་ངེས་སྙམ།

བདག་གི་བསམ་ཚུལ་འདི་ལ་དྲ་གྲོགས་ཚོས་མོས་མཐུན་ཡོད་ན་དྲ་བདག་ཚང་ལ་ཞུ་བར་ང་དང་ལྷན་དུ་ཕེབས་རོགས།

 

འབྲེལ་ཡོད་གསར་འགྱུར།

ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢
Mobile App

གཏམ་གླེང་དམར་རྗེན་མ།

༢༠༢༥/༠༥/༢༢
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡

མཆན། 18

  1. རྭ་ལོ། says:
    ལོ་ 15 སྔོན།

    ཁྱེད་ལ་རྒྱབ་སྐྱོར་ཡོད།

    ང་ལ་མཚོན་ན་ནམ་རྒྱུན་མདུན་ངོས་ཀྱི་ཟིན་བྲིས་གསར་ཤོས་ནང་དུ་ཞུགས་སྐབས། ཁ་བྱང་ལ་བལྟས་ནས་འགྲོ་དགོས་པ་མ་གཏོགས། རྩོམ་ལུས་ཤེས་གི་མི་འདུག མཐའ་མ་དེར་ཁོང་ཚོས་ཞེད་པོ་ཞིག་ཡིན་ཟེར་བཞིན་པའི་སྙན་ངག་གི་རྐང་པ་དེ་ཚོར་ལག་པ་འཆང་དགོས་གི་འདུག འདི་ངོ་མ་ཡག་པོ་མི་འདུག ང་ལྟ་བུ་ཡིན་ན་དྲ་ཐོག་འདི་ན་སྙན་ངག་པ་ཞིག་མེད་པ་ཡང་ཤེས་མཁན་དང་། གང་ཡོད་པ་དེ་ཚོ་ཀློག་འདོད་ཀྱང་མེད་པའི་གྲས་ཡིན། དེ་དོན་སྔ་ཕྱི་ཐེངས་མང་པོར་བཤད་པ་ཡིན། ཐག་གཅོད་འདྲ་མི་འདུག ད་ནི་ཁྱེད་ལ་རྒྱབ་སྐྱོར་བྱེད་པ་མ་གཏོགས་ཅི་གང་ལྷག་མི་འདུག དཔེར་ན། སྐབས་ཐོག་གི་གནས་ཚུལ་དང་འབྲེལ་བའི་ཆེད་རྩོམ་དང་། ཞིབ་འཇུག་རྩོམ་ཡིག དཔྱད་རྩོམ། མཚམས་རེར་རང་མོས་ཀྱི་རྩོམ་ཡིག་རེ་ཡོད་ན་ཀློག་སྙིང་སྤྲོ་ཞིང་། དེ་དག་ལ་དེང་རབས་ཀྱི་རྩོམ་གཤིས་དང་ཁྱད་ཆོས་གཉིས་ཀ་འདུག

    དེ་ཙམ་ཡིན།

    Reply
  2. ཡོན་ཏན་བཟང་། says:
    ལོ་ 15 སྔོན།

    ཕྱིར་བོད་ཀྱི་དུས་བབས་སོགས་དྲ་ཚིགས་གང་ཡིནའང་དགའ་བསུ་ཡོད། ཐ་ན་བོད་ཡིག་གསར་སྦྱངས་མཁན་སོགས་ཀྱིས་ཀྱང་བསམ་ཚུལ་དང་རང་གི་ལྟ་བ་འབྲི་རྒྱུའི་གོ་སྐབས་ཞིག་རེད། འོན་ཀྱང་སྐབས་འགའ་རེར་རྒྱུ་མཚན་ཡང་དག་མེད་བཞིན་དུ་རིག་པ་འདོན་མཁན་འགའ་རེའི་ཟིན་བྲིས་བསུབ་པ་དང་། ཡང་དྲ་གྲོགས་འགའ་རེའི་ཟིན་བྲིས་གཏན་ནས་འཇུག་མི་ཐུབ་པར་བཟོས་པ་སོགས་ཐོས་མྱོང་། རྗེས་མར་རྒྱུ་མཚན་ཡང་དག་མེད་བཞིན་དུ་རང་གི་ལྟ་བ་དང་མ་མཐུན་ཙམ་གྱིས་འགོག་སྡོམ་མི་བྱེད་པའི་རེ་བ་ཞུ།

    Reply
  3. སྟོབས ། says:
    ལོ་ 15 སྔོན།

    རང་རྩོམ་ཡིག་ཀློག་མཁན་དགོས་ན་མི་གཞན་གྱི་རྩོམ་ཀྱང་དེ་བས་ཀློག་མཁན་དགོས །
    རྩོམ་ཡིག་ལེགས་ཤོས་མདུན་ངོས་སུ་འཇོག་པའི་ལུགས་ཀྱང་མེད་པ་མིན་མོན ། གསར་རྩོམ་གྱི་ལམ་ལ་ཞུགས་ཀྱིན་པའི་ཟིན་བྲིས་པ་དག་གི་རྩོམ་ཀློག་མཁན་མ་རེག་པ་ན་ཁོང་ཚོའི་རྩོག་ཡིག་དེ་ཡང་གད་སྙིགས་སུ་གྱུར་བ་རེད །
    ད་ལྟའི་དུས་བབ་ཚང་བྱེད་སྒོ་འདི་ལ་མོས་པ་ཆེས་ཤུན་ཏུ་ཆེ་བས་ཨ་མཆོད་ལ་དགོངས་དག་ཞུ །

    Reply
  4. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱིས་དགོངས་ཚུལ་བཏོན་པ་འདིར་རྒྱབ་སྐྱོར་ཡོད། དཀའ་ངལ་མང་པོ་ཞིག་བགྲངས་འདུག་ལ། སེལ་ཐབས་འཚོལ་ཕྱོགས་རེའང་བསྟན་འདུག དུས་བབ་དྲ་ཚིགས་འདི་ལོ་ངོ་གཉིས་འཁོར་བའི་རིང་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ད་ལྟ་འཇམ་ཚུལ་ལགས་ཀྱིས་དགོངས་ཚུལ་བསྟན་པ་འདི་དཀའ་ངལ་གཅིག་རེད། ཡིན་ནའང་། འདི་ནི་བཟོ་སྒྲིག་གི་དཀའ་ངལ་ཞིག་ཡིན་སྟབས། བཟོ་རྩལ་བ་ཞིག་ལ་སྐད་ཆ་བཤད་པ་ཡིན་ན། དཀའ་ངལ་དེ་སེལ་འགྲོ་བ་ཞིག་རེད།

    དཀའ་ངལ་གཞན་ཞིག་ཡོད་པ་ནི། ཀློག་མཁན་མང་ཉུང་གི་གནད་འགག་དེ་རེད། ང་ཚོའི་དྲ་ངོས་འདིའི་རྩོམ་ཡིག་མང་ཆེ་བ་ནི། རྩོམ་མཁན་གྱི་རེ་བ་ནང་བཞིན་གྱི་ཀློག་མཁན་མེད་པར་གནས་ཡོད། ཀློག་མཁན་གྱི་དཀའ་ངལ་སེལ་བ་ལ། རྩོམ་མཁན་ཚོས་དང་པོ་ནས་དགོངས་པ་བཞེས་དགོས་པ་ཞིག་རེད། དཔེར་ན། བརྗོད་གཞི། གླེང་སྟངས། རིང་ཐུང་སོགས་ནི་ཀློག་མཁན་ཨང་དང་པོར་བཞག་ནས་ཚོད་ཐིག་པ་ཞིག་དགོས་པ་དེ་རེད།

    དཔེར་ན། ང་ནི་ཀློག་མཁན་ཞིག་ལས་ཟིན་བྲིས་པ་ནི་མ་རེད། མཚམས་ལན་རེར་བསམ་ཚུལ་རེ་འདོན་གྱི་ཡོད་པ་ལས། གཞན་གང་ཡང་འཇོན་གྱི་མེད་མཁན་ཅིག་གི་ངོས་ཐད་ནས་བཤད་ན། རྩོམ་ཡིག་རིང་པོ་དེ་ཚོ་ནི་མགོ་ནས་ཚིག་ཕྲེང་བཞི་ལྔ་རེ་དང་། བར་ནས་བཞི་ལྔ་རེ། མཇུག་ནས་བཞི་ལྔ་རེ་བཀླགས་ནས་ཆོག་པ་བྱེད་ཀྱི་ཡོད། དྲ་ངོས་ནས་རྩོམ་ཡིག་རིང་པོ་ཀློག་ཐུབ་ཀྱི་མི་འདུག དེབ་ཅིག་ཡིན་ན། ག་དུས་ཁ་ཕྱེས་ཕྱེས་ཡིན་ནའང་། དྲ་ངོས་ནས་དེ་ལྟར་མ་རེད།

    ང་ལ་བསམ་ཚུལ་ཞིག་ཡོད་པ་ནི། རྩོམ་མཁན་ཚོས་བརྗོད་གཞི་གང་གླེང་ནའང་འདྲ། རྒྱས་བསྡུས་འཚམ་པ་ཞིག་འབྲི་བ་དེ་གནད་འགག་རེད། སྐད་ཆ་ཐད་ཀར་བཤད་པ་ཡིན་ན། ཀློག་མཁན་གྱི་འདོད་པར་བསྟུན་པ་ཨང་དང་པོར་འཇོག་པ་ཞིག་དགོས་པར་མཐོང་གི་ཡོད།

    ང་ལ་རྒན་ལགས་ཤིག་ཡོད། ཁོང་གིས་དྲ་ངོས་ཀྱི་རྩོམ་ཡིག་ཀློག་མཚམས་བཞག་སོང་། ཡུན་རིང་པོ་ཞིག་ཕྱིན་སོང་། ཁོང་གིས་གསུང་གསལ་ལ། ཆོ་ཡོད་པ་ཞིག་ཡིན་ན་ཀློག་གིན་ཡོད། ཆོ་མེད་པ་ཞིག་ཡིན་ན་ཀློག་གིན་མེད། ད་གང་ཡང་ཀློག་གིན་མེད། ཆོ་ཡོད་མེད་ཀྱི་སྐད་ཆ་མ་རེད། གནད་དོན་གཞན་ཞིག་གི་རྐྱེན་གྱིས་ཀློག་འདོད་མེད་པ་ཆགས་སོང་ཟེར། རྒྱུ་རྐྱེན་དེ་ག་རེ་རེད་དྲིས་པར། ཁྱེད་རང་གིས་ཞིབ་ཀློག་གྱིས་དང་དེ་ནས་ཤེས་ཀྱི་རེད། གཞན་ནས་བཙལ་དགོས་པ་མ་རེད། ཁྱེད་རང་གིས་བྲིས་པའི་བསམ་ཚུལ་ནང་ལ་ལྟོས་དང་དེ་ནས་ཀྱང་མཐོང་གི་རེད་ཅེས་གསུངས་ཀྱི་འདུག ཕྱོགས་གཞན་ཞིག་ནའང་ཀློག་མཁན་ཚོའི་དང་བ་འགག་འགྲོ་གཞི་ཞིག་ཡོད་པ་རེད་འདུག

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    བསམ་ཚུལ་ དེ་ཡང་ཡར་རྒྱས་ཀྱི་ཕྱོགས་སུ་བསམ་ཚུལ་བཏོན་པ་ཙམ་བློ་ཡུལ་དུ་མི་ཤོངས་པ་ཞིག་བྱེད་ཀྱི་མི་འདུག་གམ་སྙམ་པའི་ཡ་མཚན་ཞིག་དང་། ཆོག་ཤེས། ཆོག་ཤེས། ཆོག་ཤེས་ཞེས་པ་འདིས་ངོ་མ་འཕེལ་རྒྱས་ལ་འགོག་རྐྱེན་བྱེད་ཀྱི་འདུག་ཨང་སྙམ་པའི་ཚོར་སྣང་ཞིག་བྱུང་ནས་དེ་ལྟར་ཐལ། གནད་དུ་སོང་མེད་ན་དགོངས་ཡངས་གནང་རོགས་ལོས་ཞུ།

    Reply
  6. འོད་གསལ། says:
    ལོ་ 15 སྔོན།

    ཡག་པོ་རེད།

    Reply
  7. རི་བོང། says:
    ལོ་ 15 སྔོན།

    ཨ་མཆོད་ལགས་ཀྱིས་དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད། ཅིའི་ཕྱིར་ཞེ་ན་དྲ་བ་འདི་ཡར་རྒྱས་ཀྱི་ཆེད་དུ་བསམ་བློ་བཏང་ནས་བསམ་ཚུལ་བཤད་པ་རེད། ལས་གཞི་གང་འདྲ་ཞིག་ཡིན་ན་དང་པོ་བསམ་དེ་ནས་བཤད་དེ་ནས་བསྒྲུབ་དགོས་པའི་གོ་རིམ་འདི་བརྒྱུད་དགོས་པ་ཞིག་རེད། དྲ་གྲོགས་སྤོབས་པ་སོགས་ཀྱིས་ང་ཚོ་ཡུལ་གྱར་བ་ཞིག་ལ་དཔག་པའི་འགྲིག་འདུག་རྩོམ་སྒྲིག་པ་བཀའ་དྲིན་ཆེན་པོ་རེད། ཅིག་འགྲིག་གི་མི་འདུག་ཅེས་ཞེ་དྲག་བཤད་མི་རུང་བསམ་པ་དེ་རེད། བསམ་བློ་གཏོང་སྟངས་དེ་ཡང་གོང་བཀུར་ཞུ་འོས་པ་ཞིག་ཡིན་པས། དེའི་བར་ན་རྩོད་རྡོ་ཞིག་མི་འདུག་མོད། རང་དང་ལྟ་ཚུལ་མི་མཐུན་པའི་མཆན་བུ་ཞིག་མཐོང་ཙམ་ནས་དྲ་ངོས་འདི་གྲོག་རོང་ཞིག་རེད་ཅེས་སྡུག་སྐད་རྒྱག་བཞིན་པ་འདི་ཅུང་ཁྱད་མཚར་རེད་སྙམ། དྲ་བ་འདི་ཡར་རྒྱས་ཀྱི་ཕྱོགས་ལ་ཚང་མས་བསམ་བློ་གཏོང་དགོས་པ་རེད། བསམ་ཚུལ་བཤད་དགོས་པ་རེད། དེ་ལྟར་བྱས་ན་རྩོམ་སྒྲིག་པའི་སྙིགས་དོར་བཅུད་ལེན་གྱིས་ཡར་རྒྱས་གཏོང་ངེས་རེད། དུས་བབ་ཚང་གི་དཔལ་འབྱོར་གྱིས་འདང་ན་ལུང་རིགས་ཀྱི་རྣམ་དཔྱོད་ལ་ཡིད་ཆེས་བྱས་ཆོག་གི་རེད། དེང་སྐབས་དུས་བབ་དྲ་ཚིགས་འདི་རྒྱལ་ཁབ་ཕྱི་ནང་གཉིས་ཀར་སྐད་གྲགས་འགྲོ་བཞིན་པའི་སྒང་རེད། འདི་ནི་རྩོམ་སྒྲིག་པའི་རྔུལ་ཆུའི་ཐིག་པ་རེ་རེ་དང་། རྩོམ་སྒྲིག་པ་དང་དྲ་བ་ཚོའི་རྣམ་དཔྱོད་ཀྱིས་ཐོན་དངོས་རེ་རེ་ཡིན་པ་དྲ་བ་ཚོས་མཁྱེན་དགོས་པ་རེད། དེ་ལྟར་མཁྱེན་པའི་ཐོག་ནས་དཔལ་འབྱོར་གྱིས་རམ་འདེགས་བྱེད་མཁན་གྱིས་དཔལ་འབྱོར་དང་། རྩོམ་ཡིག་གིས་རམ་འདེགས་བྱེད་མཁན་གྱིས་རྩོམ་ཡིག་གིས་རམ་འདེགས་གནང་ན། ད་གཟོད་ཡར་རྒྱས་ཀྱི་ཡང་རྩེར་སླེབས་ངེས་པས་དེ་དྲ་བ་ཚོས་ཐུགས་ལ་བཅང་རོགས།

    Reply
  8. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    སྔོན་མ་ཞིག་ལ་ངས་”ཆོས་ཤེས་ནི་འཕེལ་རྒྱས་ཀྱི་བཀག་རྡོ་ཡིན”་པར་འུར་འབྲི་བྱེད་མྱོང་། ད་ལྟ་སྤོབས་པ་ལགས་ཀྱི་གསུང་སྟངས་དེ་མཐོང་སྐབས་དེ་ནི་འུར་འབྲི་ཙམ་མ་ཡིན་པར་བདེན་པའི་ཧ་ཅང་ཆེ་བར་བསམ། ང་ཚོའི་མི་རིགས་ལ་དགོས་པ་ནི་ཆོག་ཤེས་དང་། རྩ་ཆེན་གྱི་བྱིན་རླབས་མ་ཡིན་པར་འདོད་འདུན་དང་མཐའ་ཡས་པའི་སྤོབས་པ་ཞིག་ཀྱང་དགོས།
    སྤོབས་པ་ལགས་ཀྱིས་དགོངས་པ་འཁྱེར་ཕྱོགས་དང་ངའི་བསམ་ཕྱོགས་མ་མཐུན་པ་རེད། དེ་ཙམ་ལས་ང་ཚོ་གཉོམ་ཆུང་ཡིན་པའི་དབང་གིས་བསམ་ཚུལ་དེ་འདྲ་ཞིག་འདོན་མི་འོས་པ་ག་ལ་ཡིན་སྙམ།
    བདག་ཉིད་ཆེན་པོ་རྒན་དི་སོགས་འཛམ་གླིང་གི་གཙུག་རྒྱན་མང་པོ་ཞིག་གི་གསུང་བ་རྣམས་རྦབས་ཆེན་གྱི་དགོངས་པ་དང་། གཞན་སེམས་གོང་དུ་སྤེལ་བའི་འབུད་ཤུགས་སུ་འགྲོ་ཡི་ཡོད་པས་ངོ་མ་རིན་ཐང་ཅན་ཡིན་ཡང་། དེ་དག་དངོས་ཡོད་དཀྱུས་མའི་ལག་ལེན་ནང་དུ་ཡོང་ཐབས་མེད་པ་མང་དག་ཅིག་ཡོད་པ་ཡང་དྲན་དགོས། རང་ཅག་ད་ལྟ་བར་དུ་ཁོང་དང་ཁོང་ལྟ་བུའི་སེམས་དཔའ་དག་གི་རྗེས་སུ་མ་འབྲེང་བ་མིན་ལ། འབྲེང་ནས་ལྷུང་ས་འདིར་ལྷུང་། ཡང་ན་ལྷུང་ས་འདི་ལས་དྲག་པ་ཞིག་མ་བྱུང་། ད་ནི་རང་ཅག་གི་གཞན་གྱི་རྗེས་སུ་འབྲེང་སྟངས་འདི་ལ་ཡང་ལེགས་བཅོས་ཤིག་བྱེད་རན་འདུག་སྙམ།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    འཇམ་དཔལ་ཚུལ་ཁྲིམས་ལགས། ང་ཚོས་ཁྱེད་ཀྱིས་བསམ་ཚུལ་འདོན་ཆོག་དང་མི་ཆོག་ཅེས་ཤོད་ཀྱིན་མེད། ཁྱེད་ཀྱིས་བཤད་པ་དེ་ལ་རྒྱུ་མཚན་འདུག་དང་མི་འདུག་ཟེར་ནས་ཤོད་ཀྱིན་ཡོད། སྔོན་མ་ངེད་ཚོའི་ས་ཆ་རུ་མི་ཞིག་གིས། མི་ཚང་དབུལ་པོ་ཚོས་མཛོ་མོ་མི་ཉར་བ་ག་རེ་ཡིན་ནམ། མཛོ་མོ་ཉར་ན་ཡོང་སྒོ་ཆེན་པོ་རེད། ཅེས་བཤད་མྱོང་བ་རེད། ཁྱེད་ཀྱིས་ཀྱང་མི་དེའི་བཤད་སྟངས་ལྟ་བུ་ཞིག་བཤད་འདུག མི་ཤུགས་རྒྱུ་ཤུགས་ཡོད་ན་ཡར་རྒྱས་ཞེས་པ་ཞིག་གཏང་རྒྱུ་ཡོད་པ་ཚང་མས་ཤེས་ཀྱིན་ཡོད། ང་ཚོ་ལ་ང་ཚོའི་ཚོད་ཀྱི་དྲ་རྒྱ་ཞིག་ཡོད་པ་འདི་ཡང་སྐལ་བ་བཟང་པོ་རེད་བསམ་གྱིན་འདུག མ་གཞི་མིའི་འདོད་རྔམ་འདི་དང་བསྟུན་དགོས་ན་དེ་བསྐངས་ཐུབ་དུས་ཤིག་མེད་པ་རེད། སེམས་དཔའ་ཆེན་པོ་གྷན་དེས་ཀྱང་། འཇིག་རྟེན་འདི་ན་མི་ཚང་མའི་དགོས་མཁོ་བསྐངས་ནུས་པའི་དཔལ་འབྱོར་ཡོད་མོད་མི་གཅིག་གི་འདོད་རྔམ་སྐོང་ཐུབ་པའི་དཔལ་འབྱོར་མེད་ཅེས་གསུངས་པ་ལྟ་བུ་རེད

    Reply
  10. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཨ་མཆོད་ལགས།
    ཁྱེད་ཀྱི་གཏམ་དེ་ལྷག་བསམ་གྱིས་བརྒྱན་པ་ཞིག་རེད་འདུག་། སེམས་ནང་གི་གཏམ་རེད་ དུས་བབ་ཚང་ལ་ འཁང་ར་བྱེད་པ་ག་ལ་ཡིན།
    གུས་པས་ཁྱེད་ལ་རྒྱབ་སྐྱོར་ཡོད་
    གུས་ནི་ཀློག་པ་པོ་ཞིག་ཡིན་པས་ཟིན་བྲིས་པ་ཚང་མའི་ས་གནས་ལ་ཉུལ་ཐུབ་ཀྱི་མི་འདུག་།
    ཟིན་བྲིས་གསར་པ་འགའ་ཤས་མདུན་ཤོག་གི་གཤམ་ལ་ཤར་བརྒྱི་འདུག་ཀྱང་ ཚང་མ་ཤར་བརྒྱི་མི་འདུག་། དེ་གང་འདྲའི་ཡིན་ན་དྲན་མྱོང་།
    ཁྱེད་ཀྱིས་གསུངས་ལྟར་ ཟིན་བྲིས་གསར་པ་ཚང་མ་མདུན་ཤོག་ལ་ཤར་རྒྱུ་ཡོད་པ་ཞིག་བྱུང་ན་ ཀློག་པ་པོ་ཚང་མས་ཟིན་བྲིས་པ་ཡོངས་རྫོགས་ཀྱི་ས་གནས་ལ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་ཐོབ་ས་རེད་ལགས།
    གཅིག་བྱས་ན་ངས་ནོར་ཡོད་འགྲོ་ དུས་བབ་ཚང་གི་མ་མཁྱེན་པ་ཞིག་ག་ལ་ཡིན་སྲིད་། འདི་ལ་བསམ་མནོ་གཏན་གཏན་བཏང་ཚར་ཡོད་འགྲོ་ ཟིན་བྲིས་གསར་པ་ཚང་མ་མདུན་ཤོག་ལ་འཁོད་ཡ་དེ་བདེ་པོ་ཞིག་མེད་ནི་ཡིན་བརྒྱི་རེད་དྲན།

    Reply
  11. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ཁྱེད་ཀྱིས་བཤད་པར་རྒྱུ་མཚན་བརྒྱ་ཆའི་བརྒྱ་འདུག ང་ཚོར་ཀློག་མཁན་དགོས་ཀྱི་འདུག ཀློག་མཁན་མང་པོ་དགོས་ཀྱི་འདུག ཀློག་མཁན་མེད་པའི་རྩོམ་ཡིག་གིས་ཅི་བྱེད། ཐོག་མ་ནས་ང་ཚོས་ཀློག་མཁན་གྱི་ཆེད་དུ་རྩོམ་བྲིས་པ་ལས་རང་ཉིད་གཅིག་པའི་ཆེད་དུ་མ་བྲིས་པས་ན་ང་ཚོ་ལ་ཀློག་མཁན་དགོས་ཀྱི་འདུག ཀློག་མཁན་མེད་དུས་རང་གི་ཟིན་བྲིས་ནི་གད་ཁུག་ཅིག་ཡིན་པའི་ཚོར་སྣང་སྟེར། ཀློག་མཁན་གྱི་མཆན་མེད་ཀྱང་ཀློག་གྲངས་ཤར་ཐུབ་པ་ཞིག་བྱུང་ནའང་འགྲིག་ས་རེད། རང་གིས་རང་གི་ཟིན་བྲིས་སྒོ་ཕྱེ་བའི་གྲངས་ཀའང་ཉུང་ཉུང་མིན་པས་རང་སེམས་གསོ་ཐབས་གཞན་ཞིག་ཀྱང་རྙེད་སྲིད།

    Reply
  12. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ང་རང་གཞི་ནས་དྲ་ཐོག་འདིར་ཐོ་འགོད་བྱེད་ཐུབ་པས་ད་ནི་ང་རང་གངས་ཅན་གྱི་སྨྱུག་ཐོགས་པའི་གྲལ་མཐའ་འདིར་ཚུད་སོང་བསམ་པའི་དགའ་ཚོར་དང་། ད་ནི་ང་རང་གུ་ཡངས་ནམ་མཁའི་དཀྱེལ་དང་འདྲ་བ་ཞིག་ཏུ་སླེབས་ཡོད་པས་རང་གཞན་གྱི་བདེ་སྡུག་སོགས་ཀྱི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་འདྲ་ཡོད་ན་སྣང་དོགས་མེད་པར་འབུལ་ཆོག་སྙམ་ཡང་། དེ་རིང་ངའི་བསམ་ཚུལ་འདིར་མཆན་འཇོག་མཁན་རེ་ཟུང་ལ་ཉན་སྐབས”་ཨོ་ཧོ་ང་ད་དུང་གྲོག་རུང་ཞིག་ན་སྔར་བཞིན་ལུས་མི་འདུག་གམ”་སྙམ་པ་ཞིག་ཀྱང་བྱུང་། ཡར་རྒྱས་ཀྱི་བསམ་འཆར་བཏོན་པ་ཙམ་གྱིས་སྒྲུབ་ཐུབ་དགོས་པ་ཞིག་ག་ལ་ཡིན།
    རང་ཅག་ནི་སྨྲ་བརྗོད་རང་དབང་གི་སྐོར་ཆེན་པོ་སྙན་པོ་བཤད་མཁན་གྲས་མ་ཡིན་ནམ། ངས་རང་གི་འཆར་སྒོ་ཙམ་སྨྲས་པ་ལ་ཅི་ནོངས།

    Reply
  13. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ང་ཡ་མཚན་ཅུང་ཟད་སྐྱེས་སོང་། ངའི་བསམ་པར་དུས་བབས་དྲ་ཚིགས་སོགས་སུ་ཕེབས་པའི་མི་ཚོགས་འདི་བོད་མི་རིགས་ཀྱི་མི་ཡི་ཕུད་ཤེས་ཡོན་པ་ཤ་སྟག་ཡིན་པས་ངའི་འཁྱག་འཁྱོག་ཅིག་བྲིས་པ་དེ་འབྲི་བ་པོས་ཇི་བཞིན་བྲིས་མ་ཤེས་རུང་། ཞེ་ན་ཡོད་པའི་རྗོད་འདོད་དེ་ཀློག་པ་པོ་དག་ལ་ཁྲ་ལམ་མེར་འཆར་འགྲོ་བར་བསམ་མོད། འོན་ཀྱང་འགའ་རེ་ཞིག་གིས་ངས་ཧམ་སེམས་བྱས་པ་དང་དུས་བབས་ཚང་ལ་བསམ་ཤེས་མ་བྱས་པ་ལྟ་བུར་དགོངས་ཀྱིན་ཡོད་པ་འདྲ། ངའི་བསམ་འཆར་དེ་ནི་ཡར་རྒྱས་ཀྱི་ཆེད་ཁོ་ནར་དམིགས་པ་ལས་དམིགས་ཡུལ་གཞན་མེད་ལ། དུས་བབས་ཚང་ལ་དེའི་ཁ་ཐབས་མེད་རུང་ང་ལ་འཁང་ར་ཞིག་གང་ན་ཡོད། ཡང་གཅིག་བཤད་ན་”ང་ཚོ་དུས་བབས་ཚང་”ལ་ད་དུང་དེའི་ཁ་ཐབས་མེད་ན་འཁང་ར་ཞིག་གང་ནས་ཡོད། ངས་བྲིས་པ་དེ་ཟིན་བྲིས་པ་འགའ་རེའི་སེམས་ན་འདུན་པ་དེ་འདྲ་ཞིག་ཡོད་པ་ཤེས་ཆེད་ཙམ་ཡིན།

    Reply
  14. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འདོད་པ་ལ་ཚོད་མེད་ཀྱང་རང་ཉིད་ནས་ཚོད་འཛིན་རྒྱུ་གལ་ཆེན་རེད
    དུས་བབ་ཚང་ཡག་ཐག་ཆོད་རེད་
    མགོ་ལ་བབ་པའི་ཞྭ་ཅོན་ན་ཞེས་གྲགས་གི་མཛེས་པ་རེད
    སྟོབས་ཆེན་རྒྱལ་ཁབ་ཁག་དཔེ་མཚོན་དུ་བྱས་པ་དགའ་ཡོད་ འོན་ཀྱང་རང་ཉིད་ཀྱི་གནས་བབས་ལ་ལྟ་རྒྱུ་གལ་ཆེན་རེད་ མ་གཏོགས་རྟགས་མཆོངས་སར་ཝ་མོའི་དཔེར་མི་འགྲོ་བའི་ངེས་བ་མེད

    Reply
  15. ཕུན་ཚོགས ། says:
    ལོ་ 15 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་ཀྱིས་བཤད་པ་ལྟར་འབྱོར་བས་ཕོངས་པའི་འུ་ཚོར་གན་བྱེད་འདི་སྒྲུབ་ཀྱི་གདེང་ཆེན་པོ་སླེབས་པའི་མཐུན་རྐྱེན་མེད་པ་ནི་ངོ་མ་ཡིན་པས།དུས་བབ་ཚང་ལྟ་བུ་ཞིག་འུ་ཚོར་ཟས་སྐལ་དུ་ལྷག་ཡོད་པ་དགའ་བའི་ཚོད་ཡིན་པས་རྒྱས་བཤད་ཆེན་པོ་བྱེད་མི་སྤོབས་ཀྱང་།ཟིན་བྲིས་འགོད་སྟངས་དང་རྣམ་པ་ཙམ་ལ་རེ་བ་བརྒྱབ་པ་ནི་ལུས་པོ་ལ་དཔགས་པའི་རྒྱན་ཆ་ཞིག་ཅི་ལ་མིན་བསམ་གི

    སྤྱིར་དེང་སྐབས་དབྱིན་ཡིག་དང་རྒྱ་ཡིག་གི་ཟིན་བྲིས་ཁྱབ་ཆེ་ཤོས་དང་རྣམ་པ་མཛེས་ཤོས།སྟབས་བདེ་ཤོས་སོགས་ལ་མིག་དཔེར་བླང་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་དུ་བརྩི་དགོས་པ་དང་རྣམ་པ་གསར་བར་ཕྱོགས་པའི་མཚོན་བྱེད་དུ་གོ་བས་ཅིས་ཀྱང་ཡིད་གཟབ་དང་དོ་སྣང་བྱ་དགོས་པ་ཞིག་ཡིན་པས་ཤུགས་བསྐྱེད་བྱ་དགོས་པ་ནི་འོས་སུ་བབ་པ་ཞིག་ཡིན།འོན་ཏེ་དེ་བཞིན་མ་འཁྱོངས་ན་ཀློག་པ་པོ་རྣམས་བཀླག་སྤྲོ་བ་དང་སྟབས་ཅི་བདེར་གཏོང་རྒྱུའི་རེ་བ་ནི་ཚད་ལས་བརྒལ་ཞིང་མཐུན་རྐྱེན་དང་མ་མཐུན་པའི་བསམ་ཚུལ་ཞིག་རེད་དྲན་སྣང་མི་འདུག་་

    ཡང་རྩོམ་པ་པོ་ཞིག་ལ་མཚོན་ན་ཀློག་པ་པོ་ནི་མེད་དུ་མི་རུང་ཞིང་རྩོམ་ཡིག་གྲུབ་རྗེས་ཀྱི་སེསམ་ངལ་ཆེ་ཤོས་དེ་ཡིན།གུང་ཐང་བསྟན་པའི་སྒྲོན་མེས།ལེགས་པར་གདམས་པ་དག་ཉན་པོ་མེད་པས་ནི་ས་ཁྱོན་མེད་པའི་འབྲུག་སྐད་ཉིད་དོ།ཞེས་གསུངས་པ་ལྟར་རྩོམ་པ་པོ་སུ་ཞིག་གིས་རང་ཉིད་ཀྱིས་འབད་འབད་བསྒྲུབས་བསྒྲུབས་ཀྱི་ངང་ནས་དཀའ་ལས་བརྒྱབ་པའི་རེ་བ་ནི་མང་ཉུང་ལ་མ་ལྟོས་བར་ཀློག་པ་པོ་གཞན་ལ་བསམ་ཚུལ་འབུལ་རེས་བྱེད་པའི་ཆེད་ཁོ་ན་ལས་གཞན་མེད།འདི་ནི་མི་གཞི་དྲང་མོ་ཞིག་གི་སྐད་ཆ་ལས་དྲངས་ན་ཁེངས་སྐྱུངས་མེད་པར་བཤད་པའི་སྐད་ཆ་དྲང་མོ་ཞིག་རེད་ཟེར་རྒྱུ་དེ་ཡིན།དེ་མིན་མ་རྩོམ་རང་ཉིད་གཅིག་པུ་ཡིད་སྤྲོ་བར་བྱ་བའི་ཆེད་ཁོ་ནར་བྲིས་ཏེ་དམིགས་ཡུལ་གང་ཡང་མེད་ན་ས་སྟོང་ལ་ཀུ་སྟོང་བཏབ་པའི་འདུ་ཤེས་བཟུང་སྟེ་རང་ཁྱིམ་ནས་ཤུགས་ཆེན་པོས་ཐེངས་འགར་བཀླགས་རྗེས་གད་སྙིགས་སུ་འཕངས་ན་ཤིན་ཏུ་འོས།

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཁྱེད་ཀྱིས་རྩོམ་ཡིག་མང་པོ་བསྟུད་མར་དྲ་ཐོག་ཏུ་བཏང་སོང་། བསྟུད་མར་གཏོང་བ་འདི་བྱེད་སྟངས་དེ་ཙམ་བདེ་བོ་ཞིག་མ་རེད། གཅིག་ནས་ཁྱེད་ཀྱིས་རྩོམ་ཡག་པོ་བྲིས་ཡོད་ཀྱང་དེ་ལྟར་མང་པོ་ཞིག་ཀློག་དགོས་དུས་དུས་ཚོད་ཀྱིས་ཀྱང་འཁྱོལ་གྱིན་མི་འདུག གཉིས་ནས་དེའི་སྔོན་དུ་མི་གཞན་གྱིས་བཀོད་པའི་ཟིན་བྲིས་ཚང་མ་བསྒྲིབས་སོང་བས་ཟིན་བྲིས་འདིའིི་སྟེང་དུ་མི་གཅིག་གི་རྩོམ་གསར་པ་ཤ་སྟག་ལས་མ་མཐོང་དུས་ཉོབ་སྣང་འདྲ་ཞིག་བསླངས་ཡོང་གིན་འདུག
    ཁྱེད་ཀྱིས་བཤད་པ་བདེན་པ་རེད། ཡར་རྒྱས་གཏོང་ལོས་དགོས། ཡིན་ན་ཡང་ངས་དུས་བབ་ཚང་གི་མི་ཤུགས་རྒྱུ་ཤུགས་ག་འདྲ་ཡིན་ཤེས་ཀྱིན་མེད་མོད་སྤྱིར་རང་རེའི་ཁ་སྟབས་འདི་ལ་འགོག་རྐྱེན་དང་ཚད་བཀག་མང་པོ་ཞིག་ཡོད་པ་མི་ཤེས་ས་མེད་པས་ཡར་རྒྱས་དགོས་ཞེས་པའི་བསམ་འཆར་ཡོད་ཚད་འདོན་རྐྱང་བྱེད་པ་དེ་ཡང་ལས་སླ་པོ་དེ་ཙམ་མ་རེད་སྙམ།
    སྤྱིར་བོད་ཀྱི་མི་འབོར། ལྷག་པར་ཡང་བོད་ཡིག་ལ་དོ་སྣང་ཅན་གྱི་གྲངས་ཀ དེ་ལས་ཀྱང་དྲ་ལམ་ལ་ཆབ་སྲིད་ཀྱི་བཀག་རྒྱ་མ་ཐེབས་པའི་སྤྱི་ཚོགས་འདིའི་ནང་ན་བྲིས་བྲིས་ཚང་མར་ཀློག་མཁན་མང་པོ་ཞིག་མེད་པས་ཤེས་ལོས་དགོས། དེ་ལྟར་ཡིན་དུས་ང་ལྟ་བུ་ཡིན་ན་ངས་རྩམ་ཡིན་རིན་ཐང་ཡོད་པ་ཞིག་འབྲི་ཐུབ་མིན་གྱི་སེམས་ཁྲལ་མ་གཏོགས་ཀློག་མཁན་ཡོད་མེད་ལ་སེམས་ཁྲལ་གཏན་ནས་བྱེད་མ་མྱོང་། དགོངས་དག གཅིག་བྱས་ན་ངས་བཤད་སྟངས་འདི་ཡང་ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག་ཅེས་པ་ལྟར་གྱུར་ཡོད་ངེས།

    Reply
  17. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ལགས།
    བདག་གི་བཤད་པ་འདི་གནས་ལུགས་ཅན་ཞིག་རེད་འདུག་གམ།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་ཡོད། དུས་བབ་དྲ་བ་འདིར་ཡར་རྒྱས་ཡོད་པའི་བོད་ཡིག་དྲ་བ་ཡག་ཤོས་ཤིག་ཡིན་དོན་ཡང་ཟིན་བྲིས་པ་དང་མཆན་འདེབས་པ་མང་བས་རེད་འདོད།

    དུས་བབ་ཚང་གི་ཟིན་བྲིས་དང་མཆན་བུ་ལ་རིན་ཐང་ཆེན་པོ་བརྩི་དགོས་ངེས་རེད་སྙམ། ཅི་དགའ་གང་ལེགས་བྱེད་དགོས་གསུངས་པར་རྒྱབ་སྐྱོར་ཡོད་དང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese