མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་འཁྲུངས་སྐར་བསུས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁམས་རྟའུ་རྫོང་གི་དགེ་འདུན་པ་དང་མི་མང་སྟོང་ཕྲག་ལྔ་ལྷག་གིས་༸གོང་ས་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནི་༸གོང་ས་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོས་གནས་སྡོད་རྒྱལ་ཁབ་འདྲ་མིན་ནང་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་ལྟར། བོད་ནང་གི་བོད་མི་ཚོས་ཀྱང་རྒྱ་ནག་གཞུང་གིས་དམ་དྲག་བྱེད་མིན་ལ་མ་ལྟོས་པར་འཁྲུངས་སྐར་སྲུང་གཙི་བྱས་ཡོད་འདུག ལྷོ་ཕྱོགས་གྲྭ་སར་གནས་བཞུགས་དགེ་བཤེས་ཚེ་དབང་ཆོས་གྲགས་ལགས་ཀྱིས་གསུངས་པ་ལྟར་ན། ཕྱི་ཚེས་ ༦ ཉིན་ཁམས་རྟའུ་ཉ་མཚོ་ཐོས་བསམ་དར་རྒྱས་གླིང་དགོན་པའི་དགེ་འདུན་པ་ ༤༠༠ ལྷག་གིས་དགོན་པ་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་གྱིས་ལེ་བར་གཉིས་ལྷག་གི་ས་རུ་ཡོད་པའི་རྟའུ་རྣམ་རྒྱལ་མཆོད་རྟེན་མདུན་ཐང་ཆེན་མོ་བཀོད་སྒྲིག་གནང་ཡོད་པའི་བཞུགས་ཁྲིར་འཁོད་དེ། མཎྜལ་རྟེན་གསུམ་འདེགས་འབུལ་དང་བཅས་ཆོས་ཕྱོགས་ཀྱི་མཛད་སྒོ་རྒྱ་ཆེན་དང་། རྟའུ་དགོན་གྲོང་གཉིས་ཀྱི་སྐྱ་སེར་མི་དམངས་ལྔ་སྟོང་ལྷག་འདུ་འཛོམས་ཐོག བོད་པའི་སྔར་སྲོལ་ལྟར་རྟ་རྒྱུགས་མདའ་འཕེན་དང་། གཞས་དང་ཞབས་བྲོ་སོགས་འཁྲབ་ཏེ་འཁྲུངས་སྐར་ཟབ་རྒྱས་སྲུང་གཙི་ཞུས་ཡོད་འདུག ད་སྔ་འབྲེལ་ཡོད་ས་གནས་སྲིད་གཞུང་གིས་དམ་དྲག་སོགས་ཀྱི་གནས་ཚུལ་བྱུང་མེད་སྐོར་བརྗོད་འདུག

གསར་འགོད་པ་དོན་གོ

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 4

  1. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    རེད། དེང་སང་བོད་ནང་གི་ས་ཆ་འདྲ་མིན་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱེད་ཀྱིན་ཡོད་འདུག ཐ་ན་ཆེས་ཁུག་ཀྱོག་ཡིན་པའི་ངའི་ཕ་ཡུལ་ནས་ཀྱང་སྐུའི་འཁྲུངས་སྐར་སྲུང་གཙི་ཆེད་དགོན་པ་ནས་འཆམ་ཞིག་གྲ་སྒྲིག་བྱས་འདུག ཡིན་ཡང་བགད་བྲོ་བ་ཞིག་ལ་ཤང་གི་བོད་རིགས་ལས་བྱེད་པ་ཞིག་ཡོང་ནས་དེ་རིང་རྒྱའི་དུས་ཆེན་ཞིག་ཏུ་འཁེལ་འདུག་པས་འཆམ་རྒྱག་ན་བདེ་བོ་ཡོད་མ་རེད། དེ་ལས་སང་ཉིན་བར་ཕྱིར་འཐེན་བྱོས། ཅེས་ནང་གྲོས་ཀྱི་ཚུལ་དུ་བཤད་པས་དགོན་པས་ཡིན་ཤག་གིས་ཉིན་གཅིག་ཕྱིར་འཐེན་བྱས་འདུག ངོ་མ་གྲོང་གསེབ་པ་མཐོང་རྒྱ་ཆུང་དྲགས་པ་དང་དམར་ཤོག་པ་བློ་རིག་རྒོད་དྲགས་འདུག

    Reply
  2. མིག་གསུམ་པ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། འདིའི་སྟེང་གི་འདྲ་པར་ནི་འཁྲུངས་སྐར་བསུ་སྐབས་ཀྱི་རེད་པས། རྟ་རྒྱུགས་འགྲན་སྐབས་ཀྱི་རེད།

    Reply
  3. མཚོ་ངོགས་བོད་ཕྲུག says:
    ལོ་ 16 སྔོན།

    ༄༅།། སྐུ་ཡི་འཁྲུངས་སྐར་བསྲུངས་བརྩི་ཞུས་པ་སྦྲགས་མཆོད་མརྟེན་གཤིགས་པ།།
    ཕྱི་ཟླ་7་པའི་ཆེས་6་ཉིན་རྒྱ་བལ་འབྲུག་གསུམ་དང་དེ་བཞིན་བོད་མི་གནས་སྡོད་ས་ཁུལ་ཡོངས་ལ་༸གོང་ས་མཆོག་དགུང་གྲངས་75་ལ་འཕེབས་པའི་འཁྲུངས་སྐར་བསྲུངས་བརྩི་གང་རྒྱས་ཞུས་ཡོད། འོན་ཨའོ་སི་ཁྲོ་ལི་ཡར་སི་ནིའི་བོད་རིགས་མཐུན་ཚོགས་ཀྱི་ཕྱི་ཟླ་7་པའི་ཚེས་10་ཉིན་བོད་ཀྱི་དུས་ཆེན་ཞེས་པའི་མིང་ཐོག་ནས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུངས་བརྩི་ཞུས་ཡོད། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་སྐུ་ཚབ་དོན་གཅོད་དགས་པོ་བསོད་ནམས་ལགས་དང་དེ་བཞིན་ས་གནས་དེར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་༸གོང་ས་མཆོག་གདན་ཞུ་ཚོགས་པའི་འགན་འཛིན་སོགས་ཕྱི་རྒྱལ་གྱིོ་མི་སྣ་དང་དེ་མིན་རྒྱ་རིགས་སོགས་མི་གྲངས་300ཙམ་འདུ་འཛོམས་བྱུང་ཡོད་། ཉིན་དེ་ནི་སི་ནིའི་བོད་རིགས་མཐུན་ཚོགས་ཀྱི་ལོ་གཅིག་གི་དཔལ་འབྱོར་འདུ་འགོད་བྱ་རྒྱུའི་ཉིན་མོ་གལ་ཆེ་ཞིག་ཀྱང་ཡིན། སྐབས་དེར་སྐུ་ཚབ་དོན་གཅོད་དང་དེ་བཞིན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་གསུང་བཤད་གནང་བ་དང་དེ་ནས་བོད་ཀྱི་མཐུན་མོངས་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་ཞུས་ཡོད། མཛད་སྒོའི་སྐབས་(Cake)ཀེག་གིས་བཟོས་པའི་མཆོད་བརྟེན་འཁྲུ་གཉིས་བྱས་པ་ཞིག་སྐུ་ཚབ་དོན་གཅོད་དང་ཚོགས་གཙོ་དབུ་བཞུགས་ཐོག་གཤིགས་ཏེ་དགེ་འདུན་པ་དབུས་མང་ཚོགས་ལ་གསོལ་རས་གནང་ཡོད། མཆོད་བརྟེན་དེ་ནི་རྒྱ་རིགས་ཁག་གཅིག་ནས་བཟོས་ཏར་བོད་རིགས་མཐུན་ཚོགས་ལ་ཕུལ་བ་ཞིག་ཡིན། སྐབས་དེར་མང་ཚོགས་མང་པོ་ཞིག་གིས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དག་རྒྱུ་དངོས་གང་ཞིག་ལས་བསྒྲུབས་ཀྱང་མཆོད་པའི་བརྟེན་ཡིན་པ་ལས་ཤིགས་མི་ཉན་པ་དང་་དེ་ནི་སྤྱི་ལོ་1959་ལོར་རྒྱ་དམར་གཞུང་ནས་བོད་ནང་རྒྱལ་བའི་སྐུ་བརྟེན་གཤིགས་པ་གཅིག་པ་ཡིན་པས་དེར་བརྟེན་མཆོད་བརྟེན་གཤིགས་ཏེ་བཟའ་མི་ཉན་པ་སོགས་ཀྱི་བསམ་ཚུལ་སྣ་ཚོགས་བྱུང་ཡོད།

    Reply
  4. ཕུན་ཚོགས ། says:
    ལོ་ 16 སྔོན།

    འདི་དག་ལ་བསམ་ན་བོད་ཀྱི་བླ་སློབ་དམ་ཚིག་ནི་སྟོབས་ཤུགས་ཤིག་ཡིན་པ་ཚོར་གྱི་འདུག་ལ།སྟོབས་ཤུགས་འདིས་སླར་ཡང་འུ་ཚོར་འབོད་སྐུལ་ཅི་ཞིག་གནང་གི་ཡོད་པའང་ཤེས་ཡོང་གི་འདུག་་་་ཐུགས་རྗེ་ཆེ།་རྗེས་ལུས་མི་མང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese