མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་སྒང་གིས་སྤྱི་འཐུས་དང་བཀའ་ཁྲིའི་འོས་གཞི་གསལ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མི་ཉི་ཤུ་བཏོན་ཡོད་པ་ལས་གསུམ་གྱིས་དགོངས་པ་ཞུས་པའི་འཕྲོས་ཀྱི་འོས་མི་བཅུ་བདུན་དང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་གཞི་གསུམ་གཏན་འབེབས་བྱུང་ཡོད་པ་རྣམས་གསལ་བསྒྲགས་བྱས་ཡོད།  

དེ་རིང་སྔ་དྲོར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་བསྟན་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཆེན་གྱི་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ནང་། ས་གནས་སོ་སོའི་རྒྱུན་ལས་རྣམ་པས་ཕྱི་ལོ་ ༢༠༡༡ ལོའི་སྐབས་བཅོ་ལྔ་པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་དང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིའི་ས་བོན་འདེམ་སྒྲུག་གིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་རྒྱུ་དང་། དབུས་རྒྱུན་ལས་ཁང་གིས་ས་གནས་ཁག་ནས་འབྱོར་བའི་འོས་གཞིའི་ས་བོན་ཕྱོགས་བསྡོམས་བྱས་ཏེ། སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་གཏན་འཁེལ་དགོས་པའི་ཐག་བཅད་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་ལྷན་ཚོགས་ཐེངས་ ༨ པའི་ཐོག བོད་མི་མང་མདོ་སྟོད་སྤྱི་འཐུས་སྐབས་བཅོ་ལྔ་པའི་སྔོན་འགྲོའི་འོས་གཞི་མི་གྲངས་ཉི་ཤུ་གཏན་འབེབས་གནང་བ་དང་། ལྷན་ཚོགས་དེའི་ཐོག་ནས་དོ་བདག་སོ་སོར་སྤྱི་འཐུས་ཀྱི་འོས་གཞིར་ཕེབས་རྒྱུར་ཐུགས་འདོད་ཡོད་མེད་ཀྱི་བཀའ་འདྲི་ཞུས་ཁོངས་ནས་སྤྱི་འཐུས་ལས་ཐོག་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་དང་། སྤྱི་འཐུས་ལས་ཐོག་བསོད་ནམས་སྟོབས་རྒྱལ་གཉིས་སྔོན་འགྲོའི་འོས་གཞི་ཨང་དང་པོའི་གྲས་སུ་རྒྱབ་སྐྱོར་ཐོབ་འདུག་ཀྱང་། དོ་བདག་རྣམ་གཉིས་ཀྱིས་གསུང་དོན། ད་བར་མདོ་སྟོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་དང་རེ་བ་གནང་བ་ལྟར། མི་ལོ་ ༢༠ ཡས་མས་སུ་བོད་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་གནང་བ་མ་ཟད། ད་དུང་མུ་མཐུད་དུ་རྒྱབ་སྐྱོར་ཤུགས་ཆེན་གནང་སྟེ་ཨང་དང་པོའི་གྲས་སུ་གདེང་འཇོག་གནང་བར་ཐུགས་རྗེ་བླ་མེད་དུ་ཞུ་རྒྱུ་དང་། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་ཁྲོལ་ཡོང་བ་ཞེས་སྙན་གསན་གནང་བ་ལྟར་དགོངས་ཁྲོལ་གནང་ཡོད། དེ་བཞིན། སྔོན་འགྲོའི་འོས་ཁོངས་སུ་ཕེབས་པའི་སྐྱབས་རྗེ་མཆོག་སྤྲུལ་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་ནས་ཀྱང་དགོངས་ཁྲོལ་ཞུས་དོན་ལྟར། སྔོན་འགྲོའི་འོས་གཞི་མི་གྲངས་ཉི་ཤུ་ལས་གོང་གསལ་རྣམ་པ་གསུམ་ལ་དགོངས་ཁྲོལ་ཐོབ་ཡོད། ཅེས་དང་།

 

སྔོན་འགྲོའི་འོས་ཁོངས་ནས་དགོངས་ཁྲོལ་ཞུས་པ་ཁག་ཕུད་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་མི་འགྲོ་བཅུ་བདུན་རྣམས་ནི། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྒ་པ་ལྷ་མོ། བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་བདེ་བ་ཚང་རྡོ་རྗེ་དབང་འདུས། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྨར་ཁམས་ཆོས་འཕེལ། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀརྨ་མཁས་གྲུབ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་གྲའུ་ཚེ་བརྟན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན་ངག་དབང་བསྟན་པ། བོན་གཞིས་ཆུ་སྒང་ཚོགས་གཙོ་བ་ར་ཚེ་དབང་བཀྲ་ཤིས། མོན་གྷོ་ས་གནས་རང་བདེན་ཚོགས་གཙོ་གོ་བོ་བློ་བཟང་ཕན་བདེ། སྒང་ཏོག་ཆུ་སྒང་ཚོགས་གཙོ་གླིང་ཚང་ཀརྨ་གཡུལ་རྒྱལ། ཧོན་སུར་ཆུ་སྒང་ཚོགས་གཙོ་ཟླ་བ་སྒྲོལ་མ། བལ་ཡུལ་མཆོད་འཇོར་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བྲག་གཡབ་བཀྲ་ཤིས་རྣམ་རྒྱལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀོང་པོ་ཕུར་བུ་ཚེ་རིང་བཅས་སྔོན་འགྲོའི་འོས་གཞིར་གཏན་འཁེལ་ཞུས་པ་ཡིན། ཞེས་བཀོད་འདུག

 

ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞི་གསུམ་བཏོན་ཡོད་པའི་ནང་། བཙན་བྱོལ་བོད་གཞུང་གི་དྲུང་ཆེ་གོ་འཇོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་ལ་གཏན་འཁེལ་འདུག་ཅིང་། གོང་གསལ་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་རྣམ་པ་དང་། བཀའ་ཁྲིའི་འོས་གཞི་རྣམ་པས་འགན་ཁུར་དགོས་པའི་ཆ་རྐྱེན་ཁག་གསུམ་བཏོན་ཡོད་པ་ནི། དང་པོ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འགལ་མེད་ཐོག་སྐྱབས་མགོན་རིན་པོ་ཆེའི་དབུ་འོག་དཔུང་འདེགས་གནང་དགོས་པ། གཉིས་པ། གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་གདུང་ཤུགས་གཅིག་སྒྲིལ་གྱིས་ནུས་ཤུགས་འདོན་དགོས་པ། གསུམ་པ། བཅའ་ཁྲིམས་ཀྱི་དགོངས་དོན་དམ་བཅའི་ཚིག་དོན་གཞིར་བཟུང་འཇིགས་ཞུམ་ཆགས་སྡང་སྤང་སྟེ། སྤྱི་དོན་གང་ཅིར་འཛེམས་ཟོན་མེད་པ་གྲོས་རར་བཤད་ཕོད་པ་ཞིག་ཡིན་དགོས། ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

ཆུ་ཚོད་ ༤ སྔོན་ལ།
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

ཆུ་ཚོད་ ༧ སྔོན་ལ།
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

མཆན། 54

  1. ཨ་ཁུ་ཁྲོ་ཐུང says:
    ལོ་ 16 སྔོན།

    དྲྭ་གྲོགས་དགྲ་བཅོམ་པ་ཆོས་སྐྱོབ་ལགས། ཁྱེད་ཀྱི་གདམས་པའི་འོས་མི་དག་གི་ནང་དུ་མ་དགོན་བཤད་གྲྭར་གནས་བཞུགས་དགེ་བཤེས་འཆི་མེད་རྡོ་རྗེ་ཟེར་བ་ཞིག་འདུག
    མ་དགོན་བཤད་གྲྭ་ཞེས་པ་དེ་རྒྱལ་ཁབ་གང་དུ་ཡོད་རེད། དགེ་བཤེས་འཆི་མེད་རྡོ་རྗེའི་ལོ་རྒྱུས་སྙིང་བསྡུས་ཞིག་ད་ལྟ་བཞུགས་སའི་མ་དགོན་བཤད་གྲྭ་ཞེས་པ་དེ་ཇི་ལྟར་ཡིན་མིན་གྱི་སྐོར་འགྲེལ་བཤད་ཞིག་གནང་ཐུབ་པའི་རེ་བ་ཡོད།

    Reply
  2. ཨ་ཁུ་ཁྲོ་ཐུང says:
    ལོ་ 16 སྔོན།

    ང་རིག་འདོན་གསར་བུ་བ་ཞིག་ཡིན། ངས་ཆུ་སྒང་རྒྱུན་ལས་རྣམ་པས་སྟོན་སྣང་བའི་འོས་མི་དག་ལ་བསམ་ཚུལ་གྱི་གཏམ་འགའ་ཞིག་བརྗོད་འདོད་བྱུང་ཡང་ཞིག་རེ་ཞིག་འཇོག་ནས།
    དྭ་གྲོགས་དགྲ་བཅོམ་པ་ཆོས་སྐྱོབ་དང་རིག་འཛིན་གཉིས་ཀྱི་གཏམ་གླེང་ཐོག་བསམ་ཚུལ་འགའ་མ་བརྗོད་དབང་མེད་ལྟ་བུ་བྱུང། མ་གཞི་ཆོས་སྐྱོབ་ཀྱིས་གསུངས་པ་ལ་རྒྱུ་མཚན་མེད་པ་ཞིག་མ་རེད་དེ། རིག་འཛིན་གྱི་ལམ་ཕྱོགས་དེ་ནོར་མ་ནོར་གང་ཞིག་ལ་སེམས་ཤུགས་ཀྱིས་སྟོན་པས་འོས་གཞི་དག་ལ་ང་ཚོས་བསམ་གཞིགས་ཞིག་མ་བྱས་ན་ག་ལ་འགྲིག བྱས་ཙམ་རིག་འཛིན་ལགས་ཀྱིས་གདམས་གནང་པའི་འོས་མི་མང་པོ་ཞིག་ངེས་དོན་གྱི་ཡག་པོ་མཐོང་གི་འདུག འོན་ཀྱང་ཨ་མ་གཏོགས་ངོ་མི་ཤེས་པའི་འོས་མིར་ཁ་ཤས་ཞིག་འདུག བྱས་ཙམ་རྩེད་མོ་ཡིན་ན་མ་གཏོགས་མི་དེ་ཚོའི་གྲས་ཀྱི་ཕན་ཐོགས་ཡོད་མ་རེད་དྲན་གྱིན་འདུག

    Reply
  3. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    རིགས་འཛིན་ལགས་སྤྱི་འཐུས་ཤིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་དེ་ལྷག་བསམ་དང་མི་མང་གི་བདེ་སྡུག་མཐོང་མཁན་ཞིག་དང་དེ་གྲོས་ཚོགས་ར་བ་ནང་དུ་གླེང་ཕོད་མཁན་
    ཞིག་དགོས་རྒྱུ་གལ་ཆེ་སྙམ།
    ཤེས་ཡོན་ཡོད་ཀྱང་སྤྱི་པའི་འགན་མ་ཁུར་བ་རང་གི་རྐུག་སྟེགས་འཚོལ་མཁན་ད་ཡོད་སྤྱི་
    འཐུས་གྲོས་ཚོགས་མང་མ་དྲག་ན་ཉུང་མེད། གྲོད་པ་དང་སྒྱུ་མ་ཚོང་མཁན་ཞིག་ནི་གྲོས་ཚོགས་ཀྱི་འཐུས་མི་ཡོང་ཐབས་གཏན་ནས་མེད་རྒྱུ་མཚན་ནི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ལ་མི་མང་ནས་ཆེ་མཐོང་གནང་དགོས་པ་བརྟེན་དེ་ལྟ་བུ་ཞིག་ལ་མི་མང་ནས་དུས་ནམ་ཡང་ཆེ་མཐོང་གནང་མི་སྲིད།
    ཁོ་བོ་འོས་མིག་ཁག་ཅིག་འདི་ལྟ་ཡིན། བལ་ཡུལ་དུ་གནས་བཞུགས་མཁས་དབང་བྱ་འབར་བློ་གསལ། དེ་ཧ་ར་དུན་གནས་བཞུགས། གླེང་ཚང་ཚེ་རྡོ། རྡོ་རྗེ་གླེང་སློབ་དགེ་སྨར་ཁམས་བསོད་ནམས་ཚེ་རིང་།ས་སྐྱ་མ་དགོན་དུ་གནས་བཞུགས་དགེ་བཤེས་འཆི་མེད་རྡོ་རྗེ།

    Reply
  4. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    མདོ་སྟོད་མིའི་ཆོལ་ཁ་ལ་མི་ཟད་ཁོལ་ཡོད་པའི་མངོན་རྟགས་གསལ་པོ་འདུག བཀའ་ཁྲིའི་འོས་དམིགས་རྣམས་ཆབ་སྲིད་ཀྱི་དགོས་པའི་དབང་གིས་འོས་དམིགས་འདོན་སྟངས་འདི་འགྲིགས་པ་ལྟ་བུ་སྣང་མོད། འོན་ཀྱང་སྤྱི་འཐུས་འོས་དམིགས་འདོན་སྟངས་ཐད་ལ་བསམ་འཆར་ཡོད། བློ་ཁ་ཚིམ་པ་མ་བྱུང༌། མཐའ་གཅིག་ཏུ་ངོ་རྒོལ་ཡང་ཡོད་ཅེས་བཤད་འདོད་བྱུང༌། འོས་དམིགས་དེ་རྣམས་ངས་རེ་རེ་བཞིན་བརྟགས་ཞིབ་བྱས་པ་གཞིགས་ན་འོས་དམིགས་ནང་ཐོན་པའི་སྤྱི་འཐུས་ལས་ཐོག་རེ་གཉིས་ཞིག་ལས་དེ་དབྱིངས་ཕལ་ཆེར་བ་སྤྱི་འཐུས་བྱེད་རྒྱུའི་ཤེས་ཚད་མེད་པ་ཚོར་བྱུང༌། ད་དུང་དེའི་ཁྲོད་ནས་དབྱིན་སྐད་དང༌། རྒྱ་སྐད། ཧིན་སྐད་སོགས་གང་ཡང་མི་ཤེས་མཁན་ཡང་ཆེས་མང་བ་མ་ཟད། རྒྱལ་སྤྱིའི་གནས་བབ་དང༌། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ལ་ཆ་རྒྱུས་མེད་མཁན་ཡང་རེ་གཉིས་འདུག་ན་ངས་ཁྱེད་ཅག་འབྲེལ་ཡོད་རྣམས་ལ་སེམས་ཚོར་ཆེན་པོས་མཐའ་གཅིག་ཏུ་བློ་ཕམ་ཡོད་ཅེས་ཞུ་རྒྱུ་ཙམ་ལས་འདིར་དུས་ཚོད་ཀྱིས་རྐྱེན་པས་སྤྲོས་བཤད་བྱེད་ཀྱིན་མིན། གོ་སྐབས་བྱུང་ཚེ་གཞུག་ཕྱོགས་འདིའི་སྐོར་དཔྱད་བརྗོད་ཐོར་བུ་རེ་སྤེལ་ངེས་ཡིན།

    Reply
  5. ཇ་མ་ says:
    ལོ་ 16 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གིས་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞིའི་ནང་དུ་བློ་བཟང་སེང་གེ་མི་འདེམས་ནི་ཆུ་དང་འོ་མ་གཉིས་བརྗེས་ནོར་ཤོར་བ་དང་གཅིག་པ་རེད། ཨ་ཁ་ཁ་ ཁ།

    Reply
  6. རིག་འཛིན། says:
    ལོ་ 16 སྔོན།

    དགྲ་བཅོམ་པ་ཆོས་སྐྱབས་ལགས།
    ངས་མི་ཡོད་ཚད་འོས་མིར་བཀོད་རྒྱུ་མ་བྱུང་ཡང་།
    གྲོད་པ་དང་སྒྱ་མ་ཚོང་མཁན་ཡིན་ན་འོས་མིར་མི་འཇོག་པའི་ངེས་པ་མེད།
    རྒྱུ་མཚན་ནི་དེ་དག་གི་ཁྲོད་དུ་ཡང་འོས་མིར་རུང་བ་ཡོད་མི་ཆོག་པ་མིན་པས་སོ།
    དེ་དང་གཅིག་ངས་གདམས་པའི་འོས་མི་ཚོར་དྲང་བོ་དང་ལྷག་བསམ་ཡོད་པའི་ཐོག
    ཤེས་ཡོན་དང་འཇོན་ཐང་ཡང་གང་མཚམས་ཡོད་པ་རྐྱང་རྐྱང་ཡིན་ལོ།
    མ་གཞི་ཁྱྱོད་ཀྱིས་ཀྱང་དགག་པ་ལ་དགའ་བའི་གཏམ་རེ་བཤད་དེ་མ་སྡོད་པར།
    འོས་མི་རེ་ངོ་སྤྲོད་གྱིས་དང་ཡག་པོ་ཞིག་བྱས་སོང་ན་ངས་དགའ་བསུ་ཞུ་ངེས་ཡིན།

    Reply
  7. དགྲ་འདུལ་གཉེན་སྐྱོང༌། says:
    ལོ་ 16 སྔོན།

    རང་གི་ལྟ་བ་དང་མཐུན་པ་བྱུང་ན་བསྟོད་པ་དང། མ་མཐུན་ན་མི་དེར་སྐྱོན་འཛུག་ཐབས་བྱེད་པ་ནི། འགྲོ་བ་མི་ཡི་གཤིས་ཀ་ཡིན་པར་བརྟེན་ཚང་མིའི་ངོར་མཐུན་པ་ཞིག་དཀོན། འོན་ཀྱང་ད་ལན་དབུས་ཆུ་སྒང་ནས་བཏོན་པའི་མི་འགྲོ་བཅུ་བདུན་པོ་ནི་ས་གནས་བཞི་བཅུ་མ་ཟིན་ཙམ་ཞིག་ནས་འདེམས་ཐོན་བྱུང་རྗེས་དབུས་ནས་བཏོན་པ་ཞིག་ཡིན་ལུགས། གསར་ལམ་ཁག་ནས་རྗོད་བཞིན་པར་དཔྱད་ན་ས་གནས་བཞི་བཅུ་མ་ཟིན་ཙམ་གྱི་མདོ་སྟོད་མི་མང་གིས་རྒྱབ་སྐྱོར་ཡོད་ན། དེ་ལུགས་འོས་ཐོན་པ་རྣམ་པས་འཇིགས་ཞུམ་ཆགས་སྡང་ཕྱོགས་རིས་མེད་པར་བོད་བསྟན་སྲིད་ལ་ཞབས་ཞུ་ཧུར་ཐག་ཞུ་ཐུབ་པའི་རེ་བ་ཡོད།

    Reply
  8. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གི་དྲུང་ཆེ་ཟེར་བ་དེ་བཀའ་དྲུང་ལ་གོ་དགོས་མིན་ནམ།

    Reply
  9. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    རིགས་འཛིན་གྱིས་འོས་མིག་སྟོན་པ་མང་ཆེ་བ་ལ་རྒྱབ་སྐྱོར་ཡོད་ཡིན་ནའང་དེའི་ནང་ཁག་ཅིག་ལ་ངོས་ལེན་གཏན་ནས་བྱ་ཐབས་མི་འདུག་
    གང་ཡིན་ཞེ་ན་མི་ཡོད་ཚད་འོས་མིག་ལ་འཇོག་དགོས་ན་དྷ་ས་མིག་ལོག་ཏུ་སྒྱུ་མ་དང་གྲོད་པ་ཙོང་མཁན་ཞིག་ཀྱང་ཡོད་རེད་དེ་ཡང་འོས་མིག་འཇོག་ན་འགྲིག་གང་ཡིན་ཞེ་ན་ཁོང་རང་དྲང་པོ་དང་ལྷག་བསམ་རྣམ་དག་རེད།

    Reply
  10. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    ཆུ་སྒང་དབུས་རྒྱུན་མིང་ཐོག་ནས་འོས་གཞི་བཏོན་པའི་མདོ་སྟོད་སྤྱི་འཐུས་ཟེར་བ་དེ་ཚོའི་ནང་ནས་མང་ཆེ་བ་ལ་མོས་མཐུན་རྩ་བ་ཉིད་ནས་མེད། གང་ཡིན་ཟེར་ན། དེ་ཚོ་ཕྱོགས་གཅིག་རྐྱང་རྐྱང་རེད་འདུག དེའི་ནང་ནས་ད་དུང་ཡི་གེ་འབྲི་ཀློག་ཐེབས་ཆགས་ཤེས་ཙམ་ལས་དེ་འདྲ་མ་གཏོགས་མེད་མང་པོ་ཡོད་ཚོད་རེད། དེ་ཚོ་མདོ་སྟོད་མི་མང་གི་དཔོན་པོ་བྱེད་ཀྱི་ཡིན་ཟེར་ན། དགད་མོ་ཤོར་ཡག་རང་རེད། གང་ལྟར་མདོ་སྟོད་མི་མང་གིས་བསམ་བློ་ཡག་པོ་བཏང་ནས་འོས་ཤོག་འཕེན་རྒྱུ་གལ་ཆེན་པོ་རེད། ཚོགས་པ་འདི་ཚོས་ཅི་བཤད་འདི་བཤད་དང་། ཅི་བཟོ་འདི་བཟོ་ཡོད་མ་རེད།

    Reply
  11. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ་ཞུ་ཡ་ཡིན། མདོ་སྟོད་རྒྱ་ཆེའི་མི་དམགས་ཀྱི་བཀའ་སྤྱིའི་འོས་མི་དེ་ཚོ་དངོས་ཉིད་མ་ནོར་བ་ཞིག་འཚོལ་འདུག འོན་ཀྱང་ས་གནས་ཁ་ཤས་ཅིག་ལ་ཆུ་སྒང་གི་རྒྱུན་ལས་མེད་པས་སྟོབས་ཀྱི་ལས་དོན་འདིའི་རིགས་ལ་དཀའ་ལས་གཏོག་ཙམ་ཡོད་པ་འདྲ་དེ་དོན་དབུས་རྒྱུན་ལས་རྣམས་པའི་ཐུགས་དགོངས་འཚལ། བློ་ཕམ་པ་ཞིག་ལ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་མཆོག་དང་སྨར་ཁམས་བསོད་ནམས་སྟོབས་རྒྱལ་ཏེ་སྟོབས་རྒྱལ་མཐའ་ཅན་གཉིས་མེད་ཙམ་ད་སྟོབས་ལས་རྒྱལ་མི་ཐུབ་ངོ་མ་རེད།

    Reply
  12. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    ཆུ་སྒང་གིས་སྤྱི་འཐུས་དང་བཀའ་ཁྲིའི་འོས་གཞི་གསལ་བསྒྲགས་ཟེར་བའི་ནང་དུ། ས་གནས་སོ་སོའི་རྒྱུན་ལས་རྣམ་པས། ཞེས་པ་བཞིན་ཁོ་བ་ཚོའི་ཕྱོགས་ཁག་གི་རྒྱུན་ལས་པ་ཚོ་རང་གིས་གདངས་པ་ལས། ས་གནས་ཁག་གི་མི་མང་གིས་མིན་པ་ཟུར་བལྟས་ལེབ་མཐོང་འདུག་ག མདོ་སྟོད་སྤྱི་འོས་ས་བོན་ནང་གི་འཇུ་དཀོན་དང་གཡང་དྲུང་རྒྱལ་མཚན། ཚུལ་ཁྲིམ་སྟན་འཚིན། གསེར་རྟ་ཚུལ་ཁྲིམ། འབའ་བ་སྐལ་བཟང་རྒྱལ་མཚན་བཅས་ནི། བོད་མི་མང་སྤྱི་འཐུས་སུ་གཏན་ནས་མི་ལེགས་པས་ངེས་པར་ཏུ་སྤང་འོས་པ་ཁོ་ན་ཉིད་དོ།།

    Reply
  13. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    མདོ་སྟོད་པ་ཁག་ཅིག་གིས་ཚོར་སྣང་ཆེན་པོས་འོས་འཕེན་གྱིན་ཡོད་ལ། ཁག་ཅིག་ཆུ་སྒང་གིས་དཀའ་རྙོག་དེ་དག་ལ་སུན་ནས་ཅི་ལ་འོས་མི་འཕེན་པས། ཕྱོགས་སྒྲིལ་ཅན་ཚོར་ཐོབ་ཡོང་གི་ཡོད་པས། ཅིས་ཀྱང་རང་གིས་ནུས་ཚོད་ཀྱིས་དཔྱད་བཏངས། ཉུང་མཐའ་ལ་ཡང་ཁོ་ཚོའི་ལོ་རྒྱུས་ལ་བལྟས། དེ་ཡང་ཁོ་རང་གི་བྱས་རྗེས་ལས་ཁོ་ལ་དེང་དུས་ཀྱི་སློབ་སྦྱོང་ཐོབ་ཡོད་མེད་གཙོ་བོར་བཟུང་སྟེ་མི་གཉིས་གསུམ་ལས་མ་རེག་ཀྱང་འོས་ཤིག་ངེས་པར་ཏུ་འཕེན་དགོས་ཀྱི་འདུག་སྙམས་སོ།།

    Reply
  14. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    སྤྱི་འཐུས་ལ་ཤེས་ཚད་ངེས་ཅན་ཞིག་ཅིས་ཀྱང་དགོས་ཤིང་། དེ་ཡང་དབྱིན་བོད་གཉིས་ལ་ཁྱད་མེད་པས་གང་རུང་ཐོག་ལ་ཤེས་ཚད་ཚད་འཛིན་ཅན་ཞིགཞཡིན་ན་འཐུས་སོ།།
    གལ་སྲིད་ང་རང་ཚོགས་ག་གེ་མོ་ཞིག་གི་འོས་གཞི་འདོན་མཁན་ཡིན་ཚེ། དཔལ་འབྱོར་རིག་པ་བ་ཞིག་དང། ཆབ་སྲིད་རིག་པ་བ། ཁྲིམས་ལུགས་རིག་པ་བ། རྩིས་རིག་པ། འཕྲུལ་ལས་རིག་པ་བ་སོགས་སྣ་སྒོར་མོ་ནས་འཛོམས་པོ་གང་ཡོང་ཡོང་ཞིག་བྱེད་ཐབས་བྱེད་ས་རེད་དོ།།

    Reply
  15. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གི་དྲུང་ཆེ་ཞེས་དྲུང་ཆེ་ཡན་གར་བ་ཞིག་ཡོད་དམ

    Reply
  16. པདྨ་རྡོ་རྗེ། says:
    ལོ་ 16 སྔོན།

    མདོ་སྟོད་ཆུ་སྒང་གིས་བདམས་པའི་བཀའ་སྤྱི་གཉིས་ཀྱི་འོས་མི་དག་ལེགས་ཙམ་བྱུང་འདུག་ཡང་རྒྱ་རི་སྒྲོལ་མ་ལགས་དང་བློ་བཟང་སེང་གེ་གཉིས་བཀའ་བློན་ཁྲི་པའི་འོད་གཞི་ནང་འཇོག་དགོས་ངེས་རེད།

    Reply
  17. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    འོས་ཀྱི་ས་བོན་བཏོན་པར་ཅུང་ཕྱི་ཡང་འོས་མི་་ཕལ་ཆེ་བ་ཆ་རྐྱེན་ལྟར་བསྒྲུབ་ཐུབ་པའི་རེ་བ་འདུག མདོ་སྟོད་མི་དམངས་ཀྱིས་ཕུགས་བསམ་ལྟར་ཡོང་བའི་རྒྱུན་ལས་རྣམ་པས་འདེམས་ཡོད་ངེས་རེད།

    Reply
  18. གངས་ཕྲུག says:
    ལོ་ 16 སྔོན།

    ངས་བལྟས་ན་བཀའ་ཁྲི་འོས་མིང་དང་སྤྱི་འཐུས་ཀྱི་འོས་མིང་དེ་དག་ཡག་པོ་འདུག་དྲན་བྱུང་། བསོད་ནམས་སྟོབས་རྒྱལ་དགོངས་པ་ཞུས་བ་དེ་ཡག་པོ་བྱུང་འདུག

    Reply
  19. རིག་འཛིན། says:
    ལོ་ 16 སྔོན།

    མདོ་སྟོད་ཆུ་སྒང་དབུས་རྒྱུན་ལས་ཁང་ནས་ཐུགས་ཁུར་བཞེས་སྟེ་
    སྐབས་བཅོ་ལྔ་པའི་སྤྱི་མཐུས་འོས་གཞིར་བཏོན་པ་འདི་གནད་དོན་དང་མཐུན་པ་ཞིག་ཏུ་སེམས།
    འོན་ཀྱང་
    ཡིད་སྐྱོ་བ་ཞིག་ལ་་་་་་སྤྱི་མཐུས་འོས་མི་བཏོན་སྟངས་འདིས་ངའི་བློ་ཡིད་ཚིམ་མ་སོང་།
    དེས་ན་་་
    ངས་འདི་ལྟར་ཟུར་དུ་འོས་གཞིར་ཞིག་བཏོན་ན་འདོད།
    ༡ཤེས་འཇོ་དང་ལྷག་བསམ་གྱིས་ཕྱུག་པའི་ད་ཡོད་སྤྱི་མཐུས་རྒྱ་རི་སྒྲོལ་མ་དང་།
    ༢སྤྱི་མཐུས་སྨོན་ལམ་མཐར་ཕྱིན།
    ༣ཐན་ཝན་དོན་བཅོད་སྒ་བ་ཟླ་བ་ཚེ་རིང་།
    ༤བང་ཆེན་རྩོམ་སྒྲིགས་པ་སྤྱི་མཐུས་གསེར་རྟ་ཚུལ་ཁྲིམས།
    ༥སྤྱི་མཐུས་འབའ་བ་སྐལ་བཟང་རྒྱལ་མཚན།
    ༦དེ་བཞིན་སྤྱི་མཐུས་ཚུལ་ཁྲིམས་བསྟན་འཛིན་མཆོག་ལོ་ན་རྒས་ཀྱང་ཉམས་མྱོང་
    དང་དྲང་བདེན་ཡོད་པས་ཡང་བསྐྱར་འོས་གཞིར་བཏོན་ན་འདོད།
    ༧སྦེ་ཀོ་ས་གནས་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས།
    ༨གཞོན་ནུ་དྲུང་ཆེར་དོན་འགྲུབ་ལྷ་དར་
    ༨བོད་ཀྱི་བང་ཆེན་གསར་འགོད་པ་བྲག་ཡག་གངས་ལྷ་མོ།
    ༩རྫོང་སར་རྒན་ཟུར་ལི་ཐང་བ་ཀུན་དགའ་འཇམ་དཔལ།
    ༡༠ཆབ་སྲིད་བཙོན་ཟུར་སྨར་ཁམས་བ་གངས་རི་ཀརྨ་དང་བཅས་ཏེ་མི་བཅུ་པོ་འདི་དག་ཤེས་ཡོན་དང་ལྷག་བསམ།
    སྙིང་སྟོབས་དང་ལ་རྒྱ་མི་རིགས་ཀྱི་བདེ་སྡུག་ལ་བསམས་གཞིགས་་དང་རིག་གཞུང་གི་ཚེ་སྲོག་གཅེས་སྐྱོང་ལ་འབད་འབུང་གང་ཐུབ་བྱེད་མཁན་རྐྱང་རྐྱང་ཡིན་པས།
    འགྲན་སེམས་དང་ཕྱོགས་འཛིན་གྱི་ཡིད་དོར་ཏེ་གཟུ་བོར་གནས་པའི་བློས་དཔྱད་ཞིབ་རེ་གནང་རོགས་ཞུ།
    ད་དུང་དྲྭ་གྲོགས་ཚོར་ཆ་རྒྱུས་ཡོད་པའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་རེ་ཡོད་ན་ངོ་སྤྲོད་གྱིས་དང་འུ་ཚོ་ཚང་མར་ཕན་ཐོག་ངེས་རེད་སྙམས།
    ལྷག་དོན་བཀའ་ཁྲི་ཡི་འོས་གཞིར་བཏོན་སྟངས་འདི་ཡང་དགོད་བྲོ་བ་ཞིག་ལས་དོན་སྙིང་ལྡན་པ་ཞིག་ནི་གཏན་ནས་མ་མཐོང་པས།
    འདི་ལ་ཡང་བསམས་གཞིགས་ནན་པོ་རེ་ཡང་ཡང་བྱ་ངེས་ཡིན།

    Reply
  20. བཙན་ནག་པ། says:
    ལོ་ 16 སྔོན།

    མདོ་སྟོད་རྒྱུན་ལས་ནས་རྒྱ་རི་ཁྱིམ་རྒྱུད་ཀྱི་མི་གཅིག་ལ་ཡང་གོ་སྐབས་མ་སྤྲད་པ་སེམས་ཕམ་ཡོད། རྒྱ་རི་སྒྲོལ་མ་ནི་སྤྱི་འཐུས་སྐབས་བཅུ་གསུམ་དང་བཅུ་བཞི་གཉིས་ལ་ཚོགས་གཞོན་གྱི་ལས་འགན་བཞེས་ཤིང་ནམ་ཀུན་ནས་བོད་དོན་ལ་སེམས་ཤུགས་ཆེ་བ་མ་ཟད་ཤེས་ཡོན་ལྡན་པའི་བུད་མེད་ཞིག་ཡིན་ཀྱང་རྒྱུན་ལས་ཀྱི་མིག་ལ་མ་སོང་བའི་གནད་དགག་གཙོ་བོ་ནི་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་ལྟར་ཕྱོགས་བཞེན་མེད་པས་ལན་པ་ཡིན། དེང་སྤྱི་འཐུས་ལ་ཡར་ལངས་བ་ལ་ཕྱོགས་ཞེན་གྱི་འབུགས་རྩ་ཞིག་ངེས་པར་ཚང་དགོས་པ་ལྟ་བུ་མཐོང་།

    Reply
  21. བཀྲ་ཤིས། says:
    ལོ་ 16 སྔོན།

    མདོ་སྟོད་ནས་བློ་བཟང་སེང་གེ་བཀའ་ཁྲིའི་འོས་གཞིར་མི་འཇོག་པ་ནི་སྲིད་དོན་རེད་ཟེར་གི་འདུག རྒྱི་རི་ཚང་མེད་དོན་ནི་ཅི་ཡིན་མ་ཤེས། མདོ་སྟོད་ཀྱི་མི་ཞིག་ལ་རྒྱ་རི་སྒྲོལ་མ་སྐད་གྲགས་ཆེན་པོ་རེད།

    Reply
  22. བཤད་སྒྲུབ says:
    ལོ་ 16 སྔོན།

    མདོ་སྟོད་ནས་བློ་བཟང་སེང་གེ་འོས་མ་སྟོན་པར་རྒྱུན་མཚན་གང་ཡིན་ནམ་ཁོང་ནི་དོན་དམ་པའི་མཁས་དབང་ཚད་ལྡན་ཅིག་ཡིན་པར་རྒྱལ་སྤྱིའི་གནས་སྟངས་ཐོག་ཤེས་མཁན་གཅིག་ཡིན་ལ་མཁྱིན་ངེས་རེད་། ལྷག་དོན་བོད་རིགས་མི་མང་ནས་ཁོང་ལ་རེ་བ་ཧ་ཅང་རྒྱབ་བཞིན་པའི་བོད་ཀྱི་ན་གཞོན་ཨོ་སྤ་མ་ཟེར་བ་ཡོངས་གྲགས་རེད། དེ་འདྲའི་མི་ཚད་ལྡན་གཅིག་བཀའ་ཁྲི་འོས་མིར་མ་སྟོན་དགོས་པའི་གནས་ལུགས་གང་ཡིན་ནམ། དྲི་བ་འདི་དབུས་གཙང་རྒྱུན་ལས་དང་མདོ་སྟོད་རྒྱུན་ལས་གཉིས་ལ་མ་ཞུ་ཐབས་མེད་ཡིན་ཅེས་གསུངས་མཁན་ཧ་ཅང་མང་པོ་འདུག། གུས་པས་ཀྱང་དེ་བཞིན་ཞུ་འདོད་བྱུང།།

    Reply
  23. ཚེ་དབང་། says:
    ལོ་ 16 སྔོན།

    སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང་བསོད་ནམས་སྟོབས་རྒྱལ་གཉིས་དགོངས་པ་ཞུ་བ་ནི་ངོ་མ་བློ་ཕམ་པ་ཞིག་རེད། ཁོང་གཉིས་མེད་ན་བཀའ་ཤག་ལ་ལམ་སྟོན་སུ་ཡིས་བྱེད། རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག རྒྱལ་སྤྱི་ཡི་རྒྱབ་སྐྱོར་སུ་ཡིས་བཙལ། ཨ་ཁ་ཁ། ཡིན་ནའང་ཤེས་འཇོན་གཉིས་ལྡན་གྱི་འཇུ་ཆེན་དཀོན་མཆོག་ཡོད་པས་ད་དུང་ཡང་རེ་བ་ཅུང་ཟད་ཡོད།

    Reply
  24. ཤུལ་ལུང་རྡོ་རྗེ། says:
    ལོ་ 16 སྔོན།

    “དཔའ་བོ་ལ་མི་མི་དགའ།།
    སྡར་མ་ལ་ཁྱི་མི་དགའ།།”
    ཞེས་པའི་དཔེ་ལྟར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་མི་ཚོ་མི་དགའ་བ་ཤེས་ཀྱང།
    ངས་སྐད་ཆ་དྲང་པོར་བཤད་ན།
    ཁོང་ལྟ་བུ་མི་དཔའ་སྙིང་བློ་རྒྱ་ཅན་ང་ཚོའི་གྲོས་ཚོགས་ནང་ཉུང་སྐྱོན་ལས་མང་སྐྱོན་མེད།
    ཁོང་ད་རེས་དགོངས་ཞུས་བྱས་སོང་བར་ངོ་མ་བློ་ཕམ་ཞིག་རང་ཤུགས་ཀྱིས་བྱུང་ལ།
    དེ་ནི་ངོ་མ་ཁོང་གིས་མང་མང་གི་ངོ་ལ་ལྟ་དགོས་བྱུང་ཡིན་རྒྱུ་རེད་བསམས་བཞིན་ཉོབ་སོང།
    ངོ་མ་དྲ་ཐོག་གི་མི་འདི་ཚོ་ཕལ་མོ་ཆེས་ཁོང་ཤེས་མི་འདུག་ལ།
    ཁོང་བློ་ཡུལ་ལ་ཤོང་མི་འདུག་བསམས།
    ཁོང་ནི་ག་དུས་ཡིན་ཡང་གྲོས་ཚོགས་ར་བར་སྐད་ཆ་དྲང་མོ་དག་དག་ཁ་གཏུག་ཁ་གཏུག་ཏུ་བཤད་པ་ལས།
    གཡོ་སྒྱུའི་འཁོར་གཏམ་དང་མངོན་ལྐོག་ཆ་འགལ་རིགས་ཉིན་གཅིག་ལ་མི་བྱེད་མཁན་གྱི་སྤྱི་འཐུས་ཤིག་རེད།
    “དྲང་པོར་བཤད་ན་མི་དགའ།།
    དབྱུག་པས་རྡུང་ན་ཁྱི་དགའ།།”
    ཞེས་པ་བཞིན་ངོ་མ་གྲོས་ཚོགས་ར་བའི་ནང་དང་།
    བཙན་འབྱོར་སྤྱི་ཚོགས་ནང་ཁོང་ལ་མི་དགའ་མཁན་ཧ་ཅང་མང་བ་ཡང་།
    ངས་གསལ་བོར་ཤེས་ཀྱིན་ཡོད།
    ད་ནི་བློ་དཀར་གཞུང་དྲང་ཅན་གྱི་དཔའ་བོ་ཁོང་ལྟ་བུ་མེད་སོང་བས།
    “མགོ་གནོན་མེད་ན་མགོ་ནག་སྨྱོ།།
    སྣ་ལེན་མེད་ན་ཟོག་ཙོང་སྨྱོ།།”
    ཞེས་པ་བཞིན།
    མི་གང་མང་ཞིག་སྨྱོ་རྒྱུ་རེད་ལ།
    “བུ་མེད་ས་ནས་བུ་མོས་རྨོས་དོར་འདེད།།
    ཁྱི་མེད་ས་ནས་ར་ཡིས་རུས་པ་མཆའ།།”
    ཞེས་པ་བཞིན།
    ཕྱི་འཇམ་ནང་རྩུབ་བྲོད་སྤུ་འདྲ་བའི་།
    མི་ངན་གཡོ་ཅན་ཡོང་གླིང་ཟླ་བ་ཚེ་རིང་སོགས་ཀྱིས།
    དུས་ད་ནི་དཔུང་མགོ་ག་ཚད་འཕུར་འཕུར་རེད་ལ།
    ལྐོག་ཟ་དང་རུལ་སོང་ལ་སུན་འབྱིན་མེད་པར་བདེ་བདེ་ལྷོད་ལྷོད་ངང་།
    གྲོས་ཚོགས་ར་བའི་རྐུབ་སྟེགས་འབུས་པོར་རྒྱབ་སྔས་སྔས་ལ་མགོ་གུག་གུག་ལ་གཉིད་ཆོག་ཆོག་རེད།
    ད་ནི་ངོ་མ་ཡིན་རེ་བ་གཞན་ཞིག་བཅའ་རྒྱུ་ལས་ལུས་མ་སོང་།
    དེ་བས་དུས་ད་ནི་ཆོལ་ཁ་ལ་རྒྱལ་ཕམ་བྱེ་རྒྱ་རེད་ལ།
    ཆོས་ལུགས་ལ་བཙན་མཉོམ་ཐུག་རྒྱུ་རེད།
    ནང་མཉམ་དང་ནང་མཐུན་གྱི་འཇུག་འདི་ནས་མི་བསྒྲིལ་བའི་སྨོན་ལམ་འདེབས།
    གོང་གི་ཨ་སྔོན་གནམ་མཁྱེན།
    འོག་གི་དོག་མོ་ས་མཁྱེན།
    བོད་མི་རིག་འདིའི་བའི་དབུག་རྒྱུན་མི་འཆད་པར་ཤོག
    བོད་མི་རིག་ལ་རང་བཙན་ཐོབ་པར་ཤོག
    བོད་མི་རིག་ལ་རང་དབང་ཐོབ་པར་ཤོག

    Reply
  25. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 16 སྔོན།

    མངའ་རི་དང་མདོ་སྟོད་གཉིས་ལ་རེ་བ་བྱེད་རིན་ཆོག་འདུག་། དེ་བས་མངའ་རི་སྤྱི་མཐུན་ཚོགས་པ་ནི་ད་བར་དྲང་བདེན་ཀྱི་ལམ་དུ་འགྲོ་མཁན་ཚོགས་པ་ཅིག་རེད་། དཔེ་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིར་རྒྱབ་སྐྱོར་གཙོ་བོ་གནང་མཁན་དེ་རེད་ལ་ཆོལ་ཁའི་ཤ་ཞེན་དགོས་ཟེར་བའི་ཆ་ཅན་མེད་པར་བཀའ་སྤྱིའི་འོས་མིར་འདོན་མཁན་དེ་ཡང་རེད། རྩ་བས་མདོ་སྨད་རྒྱུན་ལས་ནས་བྱེད་སྟངས་མ་འགྲིག་པ་ཅིག་མཐོང་མ་སོང་ཡང་བཀའ་ཁྲི་ཐོག་མདོ་སྨད་ལ་ནུས་ཤུགས་མེད་པ་གསལ་པོ་རེད། དེས་ན་ནུས་པ་ལྡན་པའི་ཚོགས་པ་གསུམ་ཡོད་པ་ནི་དབུས་གཙང་དང་མངའ་རི། མདོ་སྟོད་ཆུ་བཞི་སྒང་དྲུག་གསུམ་ཡིན་། དབུས་གཙང་རྒྱུན་ལས་ཀྱི་བྱེད་སྟངས་ནི་ཁ་གསལ་རེད་འདུག་ཀྱང་དེས་གྲུབ་འབྲས་ལ་རེ་བ་བྱེད་ན་བོད་མི་རྣམས་བཙན་བྱོལ་དུ་ཡོངས་རིང་གནས་ཐབས་བྲེལ་བ་དང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ནག་སྲུབ་བྱེད་དགོས་པ་མཐོང་།

    Reply
  26. ལྷག་བསམ says:
    ལོ་ 16 སྔོན།

    མདོ་སྟོད་སྤྱི་མཐུས་འོས་གཞི་སྟོན་པ་ལ་རྙོག་སྒྲ་གཅིག་ཡོད་པ་འདྲ་།  ཡོད་དང་ཡོད་། ཁོ་རང་ཚོ་ནང་ཁུལ་སྟོན་གྲལ་མ་འགྲིག་ནས་ཉིན་གསུམ་གྱི་རིང་ལ་འཁྲིག་པ་རྒྱབ་རེད་གོ་ཡི་འདུག་བ་། དོན་དག་གང་ཡིན་ནམ་། ཕལ་ཆེ་མི་ཡི་ལབ་གསོལ་ལྟ་ན་མི་ཁ་ཤས་མར་ཕུད་། ཁ་ཤས་ཡར་སྒྲུབ་རེད་ལབ་གྱི་འདུག་། ཡིན་ན་མཐའ་མེའི་ཐག་སྤྱོད་དེ་གང་འདྲ་བྱུང་བ་ཡིན་ན་། དེ་དབང་ཚད་ཀྱི་ཐག་བཅོད་བྱེད་རེད་གོ་རྒྱུ་འདུག འོ་དེ་འདྲ་ཡིན་ན་དྲང་མོ་མ་རེད་བ་། དྲང་པོ་ཞིག་ག་བ་ཡོད་རེད་།

    Reply
  27. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མི་དམངས་ཀྱི་སྐུ་ཚབ་ནི་མི་དམངས་ཀྱིས་འདེམ་དགོས་པ་རེད། མི་དམངས་ཀྱིས་སོ་སོའི་སྐུ་ཚབ་དེ་དག་ཚོང་བ་དང་རྩོམ་པ་པོ། ཆབ་སྲིད་པ། སྤྱི་ཚོགས་ཞབས་ཞུ་བ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཅི་ཞིག་འདེམ་རུང་སོ་སོའི་དབང་ཚད་རེད།

    ཁོང་ཚོའི་སྐུ་ཚབ་དེ་ཚོ་མཁས་པ་མ་རེད། ཤེས་ཡོན་པ་མ་རེད། རྩོམ་པ་པོ་མ་རེད། ཅིག་ཅིག་མ་རེད། ཉིག་ཉིག་མ་རེད་སོགས་ལབ་བསྡད་ནས་ཅི་ཡང་ཡོང་གི་མ་རེད།

    མ་གཞི་ནས་མང་ཚོགས་ཀྱིས་དེ་དག་གི་ཤེས་ཡོན་གྱི་ཚད་འཛིན་ཐུབ་གི་མ་རེད། གང་ལྟར་མང་ཚོགས་རང་གི་སྐྱིད་སྡུག་ཤེས་མཁན་དང་། མངོན་འདོད་ཤེས་མཁན། དེ་དག་ལ་འགན་ལེན་མཁན། ནམ་རྒྱུན་མང་ཚོགས་ལ་འབྲེལ་བ་ཡོད་མཁན་ཞིག་བདམས་ན་འགྲིག་གི་རེད།

    Reply
  28. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    ངས་མདོ་སྟོད་མི་དམངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།དེ་རིང་གི་འོས་མིག་འདི་དག་ནི་ས་གནས་ས་ཐོག་ནས་མི་མང་ཚོས་འོས་འདེམས་ཀྱི་ལམ་ནས་བསྡུ་རུབ་བྱས་པ་ཡིན་ཙ་ན།ནམ་ཡང་འདེམས་སྟངས་མ་ནོར་པར་འདེམས་འདུག དེ་བཞིན་བཀའ་བློན་དང་སྤྱི་འཐུས་ཚང་མར་ཕྱོགས་ལྷུང་མེད་པར་གནང་འདུག་པས་ཡིད་རངས་ཞུ།
    ད་དུང་དབུས་རྒྱུན་ཚོས་སྤྱི་དོན་ཁུར་ཁྱེར་གྱི་མི་མང་ལ་འདི་ལྟ་བུའི་གོ་སྐབས་གནང་པར་བཀའ་དྲིན་ཆེ།

    Reply
  29. བཀྲ་ཤིས་ལྷ་མོ། says:
    ལོ་ 16 སྔོན།

    རྐུབ་སྟེགས་ཐོག་མི་གསར་པ་རྐྱང་རྐྱང་སླེབས་ཚེ་ཏག་ཏག་ཡོང་ཐབས་མེད། གསར་པ་རྙིང་པ་འདྲེས་མ་བྱས་ཕེབས་ཚེ་ཕན་ཐོག་ཡོད་ཤས་ཆེ། ད་ལྟའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིར་རྒན་གཞོན་གཉིས་ཆ་འདུག་པས་རེ་བ་ཆེན་པོ་བྱེད་ཆོག
    མཐོ་སློབ་ཆེན་པོའི་ལག་འཁྱེར་ཡོད་པའི་མི་སྣ་མང་པོའི་གྲོས་ཚོགས་ནང་གྲོས་གཞིའི་ཡིག་ཆ་འབྲི་རྒྱུ་ཕར་བཞག ཐ་ན་བོད་སྐད་ཚད་ལྡན་མི་ཤེས་པའི་སྤྱི་འཐུས་མང་པོ་བྱུང་འདུག་བསམ།

    Reply
  30. ཁ་བ་མཚོ། says:
    ལོ་ 16 སྔོན།

    རང་རེའི་སྤྱི་ཚོགས་ཁྲོད་དུ་རྐུབ་སྟེགས་ཐོག་སྡོད་མཁན་རྣམས་རྒྱུན་དུ་རིགས་གཅིག་ཁོ་ན་བྱུང་བསྡད་པ་འདི་སྐྱོན་ཆེ་ཤོས་ཞིག་རེད།

    Reply
  31. བཀྲ་ཤིས་ལྷ་མོ། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས། མདོ་སྟོད་སྤྱི་འཐུས་ ༡༧ ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  32. བཀྲ་ཤིས་ལྷ་མོ། says:
    ལོ་ 16 སྔོན།

    ཧཧ་། ད་ཡིན་ན་ཡག་པོ་བྱུང་འདུག

    Reply
  33. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། བཀའ་ཁྲི་འོས་མིང་དང་སྤྱི་འཐུས་ཀྱི་འོས་མིང་དེ་དག་གཙོ་ཆེ་ཤོས་ཤིག་ལ་རང་གི་ཆོལ་ཁ་ལ་ཤ་ཚ་དང་ཞེན་ཁོག་གི་བསྐྲུན་མི་དགོས་པ་བོད་རྒྱ་ཆེ་མི་མང་དང་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་གནང་དགོས་པའི་གྲོས་ཆོད་འོག་ནས་སྟོན་པ་དེ་དངོས་ཉིད་བོད་སྤྱི་པའི་རྩ་དོན་ལ་བསམ་བློ་གཏོང་འདུག་སྙམ།

    Reply
  34. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རང་གི་བསམ་ཚུལ་མངོན་གསལ་དུ་བཤད་ཆོག་པ་ནི་མང་གཙོའི་ལམ་ལུག་རེད
    དེར་སོང་ཙང་ངའི་ཡང་འདིར་བསམ་ཚུལ་ཞིག་བཤད་ན་འདོད
    གང་ལྟར་འོས་མི་དེ་དག་བློ་ལ་བབ་པོ་ཞིག་མ་བྱུང་། འོས་གཞི་འདེམས་སྟངས་ཐད་ཡར་ཐོན་གི་རྣམ་པ་མི་འདུག་པ་མ་ཟད་དུས་རབ་འདི་ལ་མིངརིང་པོ་དེ་དག་སྙན་པོ་ཞིག་ཅིང་མི་འདུག

    Reply
  35. གནམ་ལྕགས། says:
    ལོ་ 16 སྔོན།

    ཨོ་བརྗེད་སོང་བ་ཞིག་ལ། དགེ་བཤེས་སྨོན་ལམ་ལམ་མཐར་ཕྱིན་ཡང་སླེབས་མི་འདུག ད་ཐེངས་ཀྱི་འོས་གཞི་བསྒྲགས་འདིས་དཀྲུག་དཀྲུག་མང་བོ་ཞིག་བཏང་ཡོད་པ་འདྲ།

    Reply
  36. གནམ་ལྕགས། says:
    ལོ་ 16 སྔོན།

    མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིར་འབའ་བ་སྐལ་བཟང་རྒྱལ་མཚན་གཅིག་བུ་ལས་ཚད་ལྡན་གཅིག་ཀྱང་མི་འདུག ད་དུང་བེ་རི་འཇིགས་མེད་སླེབས་མེད་པ་གང་ཡིན་ནམ།

    བཀའ་བློན་ཁྲི་བའི་འོས་གཞིར་བློ་སེང་དང་བསྟན་རྣམ་གཉིས་སླེབས་མེད་པ་འདིས་མང་བོ་ཞིག་མཚོན་གྱི་ཡོད། མདོ་སྟོད་རྒྱ་ཆེའི་མི་མང་གིས་སེམས་པ་བོད་ལ་ཕྱོགས་པའི་སྒོས་འོས་ཤོག་འཕེན་རྒྱུར་སྙིང་ནས་རེ་བ་བྱེད་ཀྱིན་ཡོད།

    Reply
  37. ཨ ༚ བཙན་པོ། says:
    ལོ་ 16 སྔོན།

    བཀའ་བློན་ཚང་མ་དྲུང་ཆེ་དག་དག་ཡིན་དགོས་པའི་རྒྱུ་རྐྱེན་ག་རེ་ཡིན་ན།

    Reply
  38. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བསམ་བློ་བཏང་ནས་འོས་མི་ཅུང་ཙམ་ལེགས་པོ་བདམས་འདུག བཀའ་དྲིན་ཆེ།
    བཀའ་ཁྲིའི་འོས་གཞི་ལ་བློ་བཟང་སེང་གེ་མ་འདེམས་པ་ལ་གནངདའགག་ཡོད་པ་མ་རེད། བློ་བཟང་སེང་གེ་དང་བཀྲས་མཐོང་གང་རུང་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་རེད། མི་མང་ལ་མི་སྣ་མང་བོ་མཁོ་སྤྲོད་བྱེད་རྒྱུ་འདི་ནི་ཧ་ཅང་གལ་ཆེན་རེད། ད་ཐེངས་མདོ་སྟོད་ཀྱིས་འཆུགས་མི་འདུག ཚོགས་པ་མང་བོས་མི་གཉིས་འོས་མི་འདེམས་ནས་ཁྱབ་བསྒྲགས་བྱས་ན་དེ་ཙམ་ཕན་ཐོག་ཡོང་མི་སྲིད། གང་ལྟར་ཆབ་སྲིད་པ་ཟེར་ན་ཕྱོགས་མང་བོ་ནས་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས་པ་རེད།

    Reply
  39. གྲྭ་རྒོད says:
    ལོ་ 16 སྔོན།

    མདོ་སྟོད་མི་མང་ནས་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་གཞི་བཏོན་པ་ཡག་པོ་རེད་འོན་ཀྱང་།ནང་དུ་ཞེན་ཁོག་ཅན་མང་པོ་ཞིག་ལེབ་མེད་ན་བསམ་གི་འདུག་དེ་ནི་གཏན་ནས་ཡག་རྟགས་ཞིག་མ་རེད།བསམ་བློ་རྙིང་པ་ད་དུང་ཡང་ལྷག་ཡོད་པ་འདྲ།ངས་མང་པོ་བཤད་གི་མེན་སེམས་ཤུགས་ཆགས་སོང་།ང་མདོ་སྟོད་མི་ཞིག་ཡིན་པའི་ཆ་ནས་ངོ་མ་ངོ་ཚ་སོང་།དངོས་གཞི་ལ་འདི་ལྟ་བུ་ཞིག་མི་ཡོངས་བའི་རེ་བ་ཡོད།

    Reply
  40. ངག་དབང་རབ་རྒྱས། says:
    ལོ་ 16 སྔོན།

    དོན་དངོས་ལྟར་བྱས་ན་ང་ཚོའི་མདོ་སྟོད་ལ་སྤྱི་འཐུས་འདི་ལས་སྤུས་དག་ཙམ་བཏོན་གྱི་ཡོད་དེ། གཞན་མ་བྱུང་ན་གྲོས་ཚོགས་ནང་སྐད་ཆ་ཤེས་མཁན་དང་ཐུབ་མཁན། ལྷག་པར་གྲོས་གཞི་གྲོས་ཆོད་རང་གིས་བཟོ་ཤེས་མཁན་ཞིག་ངེས་པར་དགོས་ངེས་རེད།
    བཀའ་ཁྲི་འོས་མི་ནི་བཏོན་པ་ཙམ་ལས་སླེབས་ཐུབ་པའི་འཆར་གཞི་གང་ཡང་མེད་པ་གསལ་པོ་རེད།

    Reply
  41. མི་ཆུང་། says:
    ལོ་ 16 སྔོན།

    སེར་རྟ་དང་འབའ་པ་སྐལ་རྒྱལ་ཁོང་ཡོངས་སུ་འགྲིགས་ཀྱི་འདུག གཞན་རེ་བ་ཡོད་པའི་མི་སུ་ཞིག་ཀྱང་མི་འདུག ད་དུང་སྐབས་འདིར་འོས་གྲངས་མང་ཤོས་ཐོབ་པའི་སྤྲུ་སྐུ་ཨོ་སྟོབས་དང་བསོད་ནམས་སྟོབས་རྒྱལ་གཉིས་ལ་འོས་གྲངས་མང་པོ་འདི་འདྲ་ཐོབ་ཚུལ་ལ་བལྟས་ན་དེ་བས་རེ་བ་རྫོགས་ཚར་བ་རེད།

    བོད་མི་མང་གི་སྐུ་ཚབ་འདི་འདྲ་སླེབས་སོང་ན། རྦད་དེ་ཚར་བ་རེད་ལ། གནས་འདི་དང་ཁོར་ཡུག་འདིར་འདུག་རྒྱུ་ཡང་ངོ་ནོངས་དགོས་པ་ཞིག་རེད། ང་ཚོ་མདོ་སྟོད་ཀྱི་གཞོན་རབས་པ་ཚོ། བསམ་བློ་བ་ཚོ། རྒྱལ་ཞེན་པ་ཚོ། ད་གང་དུ་བུད་སོང་བ་ཡིན། གད་རྙིག་འདི་ཚོ་སུས་བདམས་པ་རེད་དམ།

    ངའི་རྩ་བའི་བླ་མ། ངའི་བརྩེ་བའི་གཞིས་ལུས་སྤུན་ཟླ་ཚོ། ཤེས་འཇོན་ཅན་གྱི་མི་རབས་གསར་པ་དང་ང་ཚོའི་ཆིག་སྒྲིལ་གྱི་ལག་ཟུང་། འདི་ལྟར་གཅོད་ཀྱིན་འདུག

    Reply
  42. ་འབྲི་མཚོ says:
    ལོ་ 16 སྔོན།

    སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་དང་མདོ་སྟོད་བསོད་ནམ་སྟོབས་རྒྱལགཉིས་ལ་ཐུག་རྗེ་ཆེ་ཞུ་བ་ཁྱབ་གཅིག་་་བཀའ་བློང་ཁྲི་པའི་འོས་གཞི་ནང་མཁས་དབང་བློ་བཟང་སེང་གེ་མེདཔ་་གང་ཡིན་ནམ་

    Reply
  43. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    ང་ཚོ་མདོ་སྟོད་ཆོལ་ཁ་ལ་སློབ་སྦྱོང་དང་བསམ་ཤེས་མེད་པའི་སྨྱོན་མ་དཀོན་མཆོག་ཆོས་སྒྲོན་དང་དེ་དེ་མཚུངས་གྲྭ་གཡུང་དྲུང་རྒྱལ་མཚན་གཉིས་ལས་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་སླེབས་ན་ཡག་པོ་མི་བརྡ།
    རྡོ་བཙུར་ནས་སྣུན་མེད་པ་གསལ་པོ་རེད་བརྡ།

    Reply
  44. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ལྟ་བ་རྙིང་པ་དང་ལངས་ཕྱོགས་རྙིང་པའི་བར་དོ་ན་མི་དེ་དག་ལ་རེ་བ་ཁྱོན་ནི་མེད། ཡིན་ནའི་འ་ཆད་འུ་ཐུག་དང་ཕོ་ཟད་མོ་ལ་ཐུག་པའི་དཔེ་ཞིག་ཡིན་སྲིད་རྒྱུ་རེད།

    Reply
  45. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མདོ་སྟོད་སྤྱི་འཐུས་ཨོ་རྒྱུན་སྟོགས་རྒྱལ་དང་བསོད་ནམས་སྟོབས་རྒྱལ་རྣམ་གཉིས་ཀྱི་ལོ་མང་རིང་བོད་མི་རིགས་ཀྱི་ལས་དོན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་རྣམ་པ་གཉིས་ཀྱིས་དགོངས་པ་ཞུས་པ་འདི་ནི་བེ་རི་འཇིགས་མེད་ཀྱིས་གྲོས་འཚོགས་ནང་དུ་གསུངས་པ་ལྟར་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་འདིར་ཡག་པོ་རེད།

    ལོ་ན་ཚོད་དང་མི་རབས་གསར་པ་ལ་གོ་སྐབས་ཐོབ་པས་ཆེད་དུ་ཡག་པོ་རེད། མིག་དཔེར་རེད། ང་རང་ཚོའི་སྐུ་ཞབས་གྲགས་པ་ཁོང་དགོངས་ཞུ་གནང་བ་འདིར་དགའ་པོ་མ་བྱུང་། སྐུ་ཞབས་གྲགས་པ་ལ་མི་མང་པོས་རིན་ཐང་ཆེན་པོ་རྩིས་ཀྱང་བོད་མི་རིགས་ཀྱི་འགན་ཁུར་འདོད་མེད་པར་འདྲ། མ་རེད་དམ།

    སྐུ་ཞབས་གྲགས་པ་ཁོང་མཁས་མང་བློ་གསལ་གླིང་གི་རྟོག་གེ་སྨྲ་བ་ཞིག་ཡིན་བསམ་སོང་། མ་རེད་པས།

    Reply
  46. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    མདོ་སྟོད་མི་མང་ཚོ།
    གཉིད་ལས་སད་ཅིག།ཀླད་པ་དཀྲུགས་ཤིག།སྐབས་བཅོ་ལྔ་པའི་སྤྱི་འཐུས་ནང་དུ་སྐུ་དྲག་རིང་ལུགས་མང་པོ་འདུག།
    དུས་རབས་ཉེར་གཅིག་དང་དམངས་གཙོ་ལམ་དུ་བསྐྱོད་བཞིན་པའི་མི་མང་ཚོ།
    ད་དུང་སྡེ་སྲིད་མགོ་ལེབ་ཁོང་རང་གིས་ཤེས་ཟེར་ནས་སྡོད་རྒྱུ་ཡིན་ནམ།དེ་ལྟར་ཡིན་ན་དམངས་གཙོ་ཟེར་བ་གོ་མ་ཆད།

    Reply
  47. བཀྲ་ཤིས། says:
    ལོ་ 16 སྔོན།

    ཆུ་སྒང་གིས་བསྒྲགས་པའི་བཀའ་ཁྲིའི་འོས་གཞི་འདིས་ང་མགོ་འཐོམ་བཅུག་སོང་།

    Reply
  48. བོད་མིའི་ལས་དབང༌། says:
    ལོ་ 16 སྔོན།

    དུས་དེང་སང་སྤྱི་འཐུས་འོས་ཆོས་ནི་ཤེས་ཡོན་མེད་ཅིང༌། འགོ་བདེ་དྲན་འཕྲུལ་ཅན་མང་ཙམ་བཏོན་དགོས་པ་འདྲ་པོ་མཐོང་གི་འདུག དཔེར་མདོ་སྟོད་སྤྱི་འཐུས་འདིའི་ནང་རྒྱ་ཆ་70་ལ་སྤྱི་འཐུས་བྱེད་ཐུབ་པའི་ཤེས་ཡོད་ཀྱི་གནས་ཚད་མེད་ཅིང༌། དེ་དག་ནི་འགོ་བདེ་འདྲན་འཕྲུལ་གྱིས་དབང་གི་འོས་མིར་སླེབས་པ་རང་ཡིན་པ་རེད། སྤྱི་འཐུས་ལ་ཚང་དགོས་པའི་འོས་ཆོས་ནི་ཡིད་རྨོང་མ་ཡིན་པ་དགོས་ཀྱི་ཡོད་པ་བཤད་དགོས་པ་རེད། ཡིན་ནའང་འདིའི་ནང་ཉུང་མཐར་མི་དགུ་ཙམ་རང་ཉིད་ཀྱི་མིང་དང་བཀྲིས་བདེ་ལེགས་བོད་ཡིག་ནང་འབྲི་མི་ཤེས་མཁན་ཡིན་པས། དངོས་གནས་མདོ་སྟོད་མིའི་ཆོལ་ཁ་ལ་མི་འདི་ལྟར་ལས་མེད་པ་སེམས་སྐྱོ་དགོས་པའི་གནས་ཤིག་ལས་མ་འདས། ད་ཡོད་སྤྱི་འཐུས་ནང་ཡང་རང་ཉིད་ཀྱི་མིང་བོད་ཡིག་ནང་འབྲི་མི་ཤེས་མཁན་ཁ་ཤས་ཡོད། ཤེས་ལྡན་མི་སྣ་ནི་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་དང་མང་གཙོ་སྤྱི་ཚོགས་ནང་དགོས་མཁོ་ཆེས་ཆེ་བས། སྐབས་རྗེས་མའི་སྤྱི་འཐུས་ནང་ཤེས་ལྡན་པ་མང་ཙམ་སླེབས་ཐབས་བྱེད་དགོས།

    Reply
  49. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    2011 ལོའི་གྲོས་ཚོགས་ནི་སྔར་རྒྱུན་གྱི་གྲོས་ཚོགས་ལྟར་དགྲ་དགའ་གཉེན་སྡུག་ཞིག་ལས་ཡོང་བ་མིན་འདུག འོས་དམིགས་རྣམས་ལ་གཟིགས་དང་མཁྱེན་མཁྱེན་པ་རེད་འདུག སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱས་དགོངས་ཞུས་པ་དེ་དཔེ་བསགས་པ་རེད་ཁོང་བློ་ཁོག་ཡོད་མཁན་མི་ཞིག་ཡིན་པ་གཞིས་བྱེས་ཡོངས་ཀྱི་གསལ་ལེ་མཁྱེན་པ་ཡོད་པ་སོང་མདོ་སྟོད་མི་མང་གི་འོས་དམིགས་ཨང་དང་པོ་ཆགས་ཡོད། ཕང་བ་ལ། འོན་ཀྱང་ད་དུང་སྟག་ལས་ངར་བ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། གཟིག་ལས་མཆེ་བ་རྣོ་བ་འཇུ་ཆེན་གྱི་སྲས་མོ་མཛེས་མ་དེ་ཡང་འདུག འགྲིག་ག་ཡག་པོ་འདུག་མི་མང་ནས་འདེམ་ཁ་མ་ནོར་བ་གནང་རྒྱུ་གལ་ཆེན་མཐོང་།

    Reply
  50. བོད་པ says:
    ལོ་ 16 སྔོན།

    མདོ་སྟོད་དབུས་རྒྱུན་ལས་ཁང་དང་ཆུ་སྒང་དབུས་རྒྱུན་ཁང་ཟེར་གཉིས་གཅིག་པ་རེད་དམ། མིན་ན་མདོ་སྟོད་དབུས་རྒྱུན་གང་ལ་འགྲོ་སོང་་བ་རེད། འོས་གཞིའི་ནང་རྒྱ་རི་ཚང་ཕྱོགས་ཀྱི་མི་མེད་པས་རྒྱུ་མཚན་ཅི་ཡིན་ནམ། སྤྱི་འཐུས་འོས་གཞི་འདི་དག་ཚང་མ་ཕྱོགས་ཅིག་གི་མི་དང་ཞེན་ཁོག་ཅན་རྐྱང་རྐྱང་མིན་པར་སྨོན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese