མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་ནང་པ་སངས་རྒྱས་པ་ཡིིན་ནམ། འཇམ་དཔལ་ཚུལ་ཁྲིམས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

ནུབ་ཕྱོགས་པ་དང་ཤར་ཕྱོགས་པའི་ནང་པ་མང་པོ་ཞིག་གིས་ང་ཚོ་བོད་ཀྱི་ཆོས་འདི་བླ་མའི་ཆོས་སམ་ཡང་ན་ནང་ཆོས་སླད་མེད་ཅིག་མིན་ཟེར། ཀློག་མཁན་རྣམ་པ་ཐུགས་མ་ཁྲོ། ཁོ་ཚོས་བཤད་པ་ལ་གནས་ལུགས་ཡེ་ནས་མེད་པ་རེད་མི་འདུག ནང་པའི་ཆོས་ཀྱི་སྒོ་ནི་སྐྱབས་འགྲོ་ཡིན་པ་རང་ཅག་ཀུན་གྱིས་ཁས་ལེན། དེས་ན་རང་ཅག་དང་གཞན་རྒྱ་གར་དང་སང་ག་ལ་སོགས་ཀྱི་སྐྱབས་འགྲོ་ལ་མི་འདྲ་ས་ཅུང་ཟད་ཡོད་པ་འདི་ཙམ་གྱི་ཁྱད་པར་ཅིག་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད་འདུག་སྙམ། དེ་དག་གི་སྐྱབས་འགྲོའི་ཡུལ་ལ་དཀོན་མཆོག་གསུམ་ལས་མེད་ཅིང་། ཐོག་དང་པོ་སངས་རྒྱས་ལ་སྐྱབས་སུ་འཆིའོ། ཟེར་ནས་སྐྱབས་འགྲོ་བྱེད། རང་ཅག་ལ་སྐྱབ་ཡུལ་བཞི་ཡོད་ཅིང་། ཐོག་དང་པོ་བླ་མ་ལ་སྐྱབས་སུ་འཆིའོ། ཞེས་ཟེར་ནས་སྐྱབས་འགྲོ་བྱེད། ད་དུང་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཆི་འོ། ཞེས་ཟེར་ནས་སྐྱབས་འགྲོ་བྱེད་ཅིང་། ད་དུང་སྐྱབས་འགྲོ་ཚིག་ལྔ་བ་ཞིག་ཀྱང་ཡོད། སྐྱབ་ཡུལ་ལ་མང་ཉུང་ཙམ་ལས་ཁྱད་པར་མེད་ན་ཡང་། ཁྱད་པར་དེ་ཙམ་ཡོད་པ་ནི་ཁས་ལེན་དགོས་པར་འདུག་སྙམ། 


ལོ་འགའ་ཞིག་གི་སྔོན་དུ་ཁོ་བོའི་ལག་ཏུ་སང་ག་ལའི་ནང་པའི་དགེ་སློང་ཞིག་གིས་བརྩམས་པའི་དཔེ་དེབ་ཅིག་རིན་མེད་དུ་འཁྱམས་བཞིན་པ་ལྟས་དབང་གིས་སོན། དཔེ་དེབ་དེ་ངའི་མི་ཚེའི་ནང་གི་དཔེ་ཆ་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད། གང་ལགས་ཤེ་ན་ནང་པའི་ཁོར་ཡུག་ནང་དུ་ལོ་སུམ་ཅུ་ལྷག་གི་རིང་ནང་པ་དང་ལྷན་དུ་འོ་ཆུ་བཞིན་འདྲེས་ནས་བསྡད་པ་དང་། དཔེ་དེབ་དེ་ཉིན་འགའ་ཞིག་ལ་བཀླགས་པ་གཉིས་སྡུར་ས་མེད་པར་གྱུར། དཔེ་དེབ་དེས་སྤྲད་པའི་བློ་བསྐྱེད་ནི་ང་རང་ལོ་སུམ་ཅུ་ལྷག་གི་རང་གི་ནང་ཆོས་ལ་འདྲིས་པ་ལས་ཆེ་བ་བྱུང་། ཡང་ན་དཔེ་དེབ་དེ་གཅིག་པུས་ངའི་མི་ཚེ་དང་ནང་ཆོས་སོགས་ལ་བལྟ་སྟངས་མང་པོ་ཞིག་ལ་སྒོ་ཧད་ཀྱིས་ཕྱེས་པ་ལྟར་གྱུར། མདོར་ན་ངའི་འདུ་ཤེས་མང་དག་ཅིག་ལ་འགྱུར་བ་ཆེ་ཤོས་དེ་བྱུང་། དཔེ་དེབ་དེས་ནང་ཆོས་ཟེར་བ་འདི་ཇི་འདྲ་ཞིག་ཡིན་པ་ང་རང་ལོ་ངོ་སུམ་ཅུ་ལྷག་གི་རིང་ཤེས་མ་ཐུབ་པ་མང་པོ་ཞིས་ཤེས་ཐུབ་བཅུག་སོང་། དཔེ་དེབ་དེས་ང་རང་ནང་པ་ཞིག་ཡིན་སྙམ་པ་འམ་ཡང་ངའི་སེམས་ཁམས་འདི་ནང་པའི་སེམས་ཁམས་དང་མཐུན་པོ་ཨང་སྙམ་པའི་འདུ་ཤེས་ལ་ངེས་པ་ཞིག་སྟེར་སོང་། མདོར་བསྡུས་དཔེ་དེབ་དེ་ངའི་སེམས་ལ་འཇུག་ཤོས་བྱུང་། 
ང་ཚོའི་སྤྱི་ཚོགས་ནང་དུ་ང་ནང་པ་ཡིན་ཞེས་སྐད་གསེང་མཐོ་ཤོས་དང་ཆེས་སྔོན་མར་འོང་མཁན་ལ་རིགས་གཉིས་འདུག རིགས་དང་པོ་ནི་དགོན་པ་རང་རེའི་ཁག་གི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་མི་རྣམས་རེད། དེ་དག་གིས་ཅུང་ཞིག་མ་འགྲིག་ན་མོ་འདེབས་པ། གཉིས་མ་འགྲིག་ན་གཏོར་མ་བཅས་ནས་ཆོ་ག་འདོན་པ། ད་དུང་གསུར་དང་གསེར་སྐྱེམ། ལྷ་བཅོས་ཀླུ་བཅོས་སོགས་བྱེད། ད་དུང་དཔལ་ལྡན་ལྷ་མོ་འཁྲུག་(སྤྲོ་ལངས)འདུག་ཅེས་སོགས་ཟེར། དཔལ་ལྡན་ལྷ་མོ་བྱང་ཆུབ་སེམས་དཔའ་ལ་སྤྲོ་ཇི་ལྟར་ལངས། རིགས་གཉིས་པ་ནི་དེང་རབས་ཤེས་ཡོན་ཐོབ་(འདིར་ངས་གཙོ་བོ་དབྱིན་ཡིག་བརྒྱུད་ནས་ཤེས་ཡོན་ཐོབ་མཁན་དག་ལ་བཤད་ཀྱི་ཡོད)མྱོང་མཁན་དག་ཡིན། དེ་དག་ཀྱང་གཏོ་བཅོས་འདུལ་ཆོག་ལ་དད་པ་ནི་རིགས་དང་པོ་ལས་ཞན་པ་གང་ཡང་མིན་ཞིང་། དེ་དག་གིས་གནད་དོན་ཟབ་མོ་ཞིག་བཤད་སྐབས་ དེ་དཀོན་མཆོག་གིས་(སྐབས་རེ་སངས་རྒྱས་ཀྱིས་བཟོས་པ་ཡང་ཟེར)བཟོས་པ་རེད། ང་ཚོར་བྱེད་ཐབས་ཇི་ཡོད་སོགས་ཟེར། རིགས་དེ་གཉིས་ཀས་ང་ནང་པ་ཡང་དག་པ་ཡིན་བསམ་གྱི་ཡོད། 
དཔེ་དེབ་འདི་བརྒྱུད་ནས་ངས་གོ་ཚུལ་ལྟར་ན་དེ་ལྟར་རེད་མི་འདུག འོ་ན་ཆོ་ག་བྱེད་མཁན་ཐམས་ཅད་ནང་པ་རྣམ་དག་མ་རེད་ཅེས་ཟེར་སྤོབས་སམ་ ཟེར་ན་ཁོ་བོའི་ལན་ནི་མི་སྤོབས། འོན་ཀྱང་རང་དང་རང་ལྟ་བུའི་གང་ཟག་གི་ཚད་དུ་ཐེག་པ་ཆེན་པོ་དང་སྔགས་ཀྱི་ཆོ་ག་འདི་དག་མི་འཚམ། དེ་ལས་ལྷག་པར་དུ་སྔགས་ཀྱི་ཆོས་འདི་རིགས་རྨོངས་དད་སྤེལ་བའི་རྒྱུ་གཙོ་བོ་ཞིག་ལས་གང་ཡང་མི་འདུག དེའི་ཕྱིར་ང་དང་ང་ལྟ་བུས་འདིའི་སྐོར་གང་ཡང་མི་ཤེས་པས་དེ་གུས་ཕྱག་དང་མཆོད་ཡུལ་དུ་འཇོག་པ་ཙམ་ལས་འབྲེལ་བ་གང་ཡང་མེད། འུ་ཐུག་ན་སུས་ཀྱང་གང་ཡང་བྱེད་སྲིད་པ་ནི་ཆོས་ཉིད་རེད། དེ་མིན་ང་དང་ང་ལྟ་བུས་ཐེག་ཆེན་དང་སྔགས་ལ་མཐོ་སྙབ་བྱེད་པ་ནི་འདོད་རྔམ་ཞིག་ལས་གང་ཡང་རེད་མི་འདུག གོང་དུ་བཤད་པའི་རིགས་འདི་གཉིས་ཀྱང་སེམས་ཀྱི་གནས་ཚད་ང་དང་ང་ལྟ་བུའི་གང་ཟག་དག་ལ་ཞུ་བ་ལས་རྟོགས་པ་ལྡན་པའི་གང་ཟག་དག་ལ་ཞུས་པ་ཡེ་ནས་མིན། དཔེ་དེབ་དེས་འདི་ལྟར་བཤད་པའི་སྤོབས་པ་ཞིག་དང་། རང་ཉིད་ནང་པ་(ཐེག་དམན་པ་ཡིན་ཤེས་ཆེ)་ཞིག་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གྱུར་། 
དཔེ་དེབ་དེ་ལྟར་ན་ནང་པ་ཟེར་ན་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་ཡིད་ཆེས་ཡོད་པ། འཕགས་ལམ་ཡན་ལག་བརྒྱད་ལ་ཉམས་ལེན་བྱེད་མཁན། ལྷ་བཅོས་ཀླུ་བཅོས་ལ་དད་པ་མེད་མཁན། ཚན་རིག་གི་རིགས་འགྲོས་ལ་བློ་ཁ་ཕྱོགས་ཡོད་པ་སོགས་ཡིན། ད་དུང་ནང་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཡིན་མོད། དེ་སངས་རྒྱས་ཀྱིས་རང་ཉིད་སྐྱོབས་པར་ཡིད་ཆེས་ཀྱིས་སྐྱབས་འགྲོ་བྱེད་པ་ཡིན་མི་འདུག དེ་འདྲའི་འགན་ལེན་བྱེད་པ་ནང་པའི་ལུགས་སྲོལ་ཡིན་མི་འདུག འོ་ན་གང་གི་ཕྱིར་སྐྱབས་འགྲོ་བྱེད་པ་ཡིན་ཞེ་ན། ཁྱོད་རང་ཉིད་ཀྱི་འགྲོ་ལམ་དེ་རྙེད་པའི་ཆེད་དུ་སྐྱབས་འགྲོ་བྱེད་པ་ཡིན་འདུག སྟོན་པ་ནི་ལམ་རྟགས་དང་འདྲ་ཞིང་། ལམ་རྟགས་དེས་ཁྱེད་རང་འགྲོ་བའི་ཁ་ཕྱོགས་དེ་སྟོན་པ་ཡིན་གྱི། དེས་ཁྱོད་འགྲོ་ཡུལ་ལ་ནམ་ཡང་ཁྱེར་མི་འགྲོ་བ་བཞིན་ཡིན་འདུག དཔེར་ན། སྨན་པ་ཞིག་གིས་ཁྱོད་ཀྱི་ནད་ངོས་བཟུང་ནས་སྨན་ཤོག་སྤྲད་ནས་འཇོག་པ་ལས་སྨན་ཟ་མི་ཟ་ནི་ནད་པ་ཁྱོད་ཀྱི་ལག་ཏུ་ཡོད་པ་བཞིན་ཡིན་འདུག


ད་དུང་བཤད་རྒྱུར་། ཉོན་མོངས་ནི་རང་ཉིད་ཀྱིས་གསོག་སྦྱོང་བྱེད་པ་ལས་སུས་སུ་ལ་འགོ་མི་སྲིད་ལ་འདག་ཀྱང་མི་སྲིད། མདོར་ན་ནང་ཆོས་ནི་རང་ཉིད་ཀྱི་ཐར་ལམ་རང་ཉིད་ཀྱིས་འཚོལ་བར་སྐུལ་བའི་བློ་སྟོབས་སྤེལ་བའི་བྱ་འགུལ་ཞིག་དང་། ནང་པ་ནི་རང་ལམ་རང་གིས་འཚོལ་བའི་བློ་སྟོབས་ལྡན་པའི་མི་བདག་རེ་ཡིན་འདུག མདོར་ན་རྟོགས་པ་ལྡན་པའི་གང་ཟག་རྣམས་ཕུད་པའི་ང་དང་ང་ལྟ་བུའི་གང་ཟག་དག་གིས་གཏོ་བཅོས་འདུལ་ཆོག་སོགས་བྱེད་པ་འདི་དག་ནི་ཅང་གི་སར་སོང་མེད་འདུག

གཤམ་དུ་དཔེ་དེབ་དེས་ནང་ནས་རྙེད་པའི་བློ་བསྐྱེད་གསར་བ་གཞན་རེ་ཡང་ཀློག་པ་པོ་ཚོར་འབུལ་འདོད། འདི་དག་ང་རང་ལ་བློ་བསྐྱེད་ཡིན་པ་ལས་ཁྱེད་ཅག་ལ་བློ་བསྐྱེད་ཅིག་ཡིན་པའི་ཁྲོམ་སྒྲག་བྱེད་ཀྱི་མེད་ན་ཡང་། གལ་སྲིད་ང་འདྲ་བའི་གང་ཟག་དག་ལ་ཕན་ཐོགས་རེ་འབྱུང་སྲིད་སྙམ་པ་ཡིན།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 15

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 16 སྔོན།

    ཁོ་རེ་མི་ལོ་གཅིག་ཁྲིའི་སྔོན་སུ་སོང་པའི་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པ་རྒྱལ་བ་དེ་ཉིད་ཀྱི་རྗེས་སུ་འཛིན་པའི་གང་ཟག་པའམ་མཆོག་གསུམ་སྐྱབས་གནས་སུ་འཛིན་པའི་གྲུབ་མཐར་ཞུགས་པའི་གང་ཟག་ཡིན་ན་ནང་པ་ཡིན་པའི་ཁྱབ།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    དུས་བབས་ཚང་གིས་བྱས་པའམ་གཞན་ཞིག་ནས་སྐྱོན་ཆ་ཤོར་བ་མ་ཤེས་མོད། ཁ་སང་གི་ཁོ་བོའི་ལན་དེ་མཐོང་རྒྱུ་མེད་པར་བློ་ཕམ་བྱུང་།
    དེ་རིང་ཡང་ལན་ཐུང་ངུ་ཞུ་འདོད། རྒྱུ་མཚན་ནི་བགྲོ་གླེང་ཅུང་ཟང་བྱུང་བ་དེར་ཡིད་སྤྲོ་བས་ཡིན།
    རྒྱུན་ལྡན་བཞིན་རིག་པ་འདོན་མཁན་རེ་འགའ་ལ་རིན་ཐང་མེད་པ་ཡང་འདུག་ འགའ་རེས་ནང་ཆོས་དེ་ཡང་དག་ཏུ་སྒྲུབ་ཀྱི་འདུག་པ་ནི་འབེན་མེད་པའི་མདའ་རེད།
    ངས་ནང་ཆོས་ལོག་པར་ནམ་ཡང་སྒྲུབ་མི་ཐུབ་ལ་སྒྲུབ་འདོད་ཀྱང་མེད། ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པ་གཉིས་ཀ་ནང་པ་ཡིན་ངེས་ལ་དེ་གཉིས་མི་མཐུན་པ་དེ་ཁོང་གཉིས་ཀྱིས་ནང་ཆོས་ལོག་པར་སྒྲུབ་པ་ཡིན་གྱི་མ་རེད། རང་རང་གི་ངོར་ཡང་དག་ཏུ་སྒྲུབ་པ་ཡིན་སྲིད།
    ང་རང་གིས་ཀྱང་རང་གི་ངོར་ནང་ཆོས་འདི་ཡང་དག་པ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་དཔེ་དེབ་དེ་མཐོང་བ་ནས་བཟུང་ང་དང་ང་ལྟ་བུས་ “ང་དབུ་མ་ཐལ་འགྱུར་བ་ཡིན་” “ང་གསང་སྔགས་མཉམ་ལེན་པ་ཡིན་” སོགས་མཐོ་སྙེག་གིས་བཤད་ཀྱིན་པ་འདི་དག་འདོད་རྔམ་གྱི་བྱེ་བྲག་ཅིག་ལོས་ཡིན་སྙམ་པར་འཆར་། ནས་ང་རང་ཐེག་དམན་པ་ཞིག་ཡིན་ཞེས་རྗོད་རུང་ཉམས་དམའ་དགོས་པ་ཞིག་རེད་མི་འདུག་ཨང་སྙམ་པ་དང་། མཐོ་སྙེག་བྱེད་པ་ལས་རང་གི་བློ་ཚད་དང་འཚམས་པའི་དངོས་ཡོད་དང་མཐུན་པ་ཞིག་འབྱུང་རྒྱུ་རེད་འདུག་ཨང་སྙམ་པ་བྱུང་ཞེས་ཞུ་བ་ཡིན།

    Reply
  3. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ང་སུ་རེད་ཟེར་པ་དང་གཅིག་པ་འདྲ་བོ་ཟིག་འདུག

    Reply
  4. གངས་ཅན། says:
    ལོ་ 16 སྔོན།

    ཨ་མཆོད་ལགས་ཀྱིས་བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པ་དེ་མ་མཐོང་བ་འདྲ། སིང་གྷ་པུར་གྱི་དགེ་སློང་གིས་བརྩམས་པའི་དེབ་དེ་ཁྱོད་ལ་བློ་བསྐྱེད་ཞེ་བོ་ཞིག་སྤྲད་ཡོད་ན། ཁྱོད་ཡང་བསྐྱར་ངེས་འབྱུང་སྐྱེས་ཀྱི་ཡོད་ཤག ཨ་ཁ། ཁྱོད་ཀྱི་སྐྱེས་དམན་དང་བུ་ཕྲུག་ལ་སྙིང་རྗེ།

    Reply
  5. དྲང་སྲོང་། says:
    ལོ་ 16 སྔོན།

    བོད་ཀྱི་ནང་ཆོས་འདི་ནི། གདུལ་བྱའི་བསམ་པ་དང་མཐུན་པའི་ཐེག་པའི་དབྱེ་སྒོ་མང་བ། དོན་གནད་གཅིག་ལ་འབབ་པའི་ཉམས་སུ་ལེན་བདེ་བ། མཁས་བླུན་སོ་སོའི་ངོ་སྐལ་དང་མཚམས་པའི་ཤེས་བྱ་ཡངས་པ། ཡུལ་དུས་དང་གང་ཟག་གི་ཁམས་དབང་དང་མཐུན་པའི་བསླབ་བྱ་དང་སྲུང་སྡོམ་རུང་བ་སོགས་ཧ་ཅིང་ཚད་མཐོ་བའི་ཆོས་ལུགས་ཞིག་ལ་སླེབ་ཡོད་མ་གཏོགས་འཛམ་གླིང་གི་མཁས་དབང་སུ་ཞིག་གིས་ཀྱང་དགག་པ་བྱེད་ཀྱིན་མེད་ལགས།
    བླ་མའི་ཆོས་ལུགས་ཞེས་ཐ་སྙད་བརྗོད་མཁན་དེ་ནི་རྒྱ་དམར་གོང་ཁྲན་དེང་གི་ལྟ་བ་སྤྱི་ལོ་༡༧༥༩ ལོ་ནས་མཚར་ལོང་བྱུང་ཞིག་རེད། ཕར་ཆེན་ཨ་མཆོད་ལགས་དང་ན་མཉམ་ཡིན་པ་འདྲ།

    Reply
  6. ཨ་མའི་བུ། says:
    ལོ་ 16 སྔོན།

    ཉོག་བཤད་ཀྱི་རིགས་འདི་དུས་བབ་ཀྱི་མདུན་ངོས་སུ་མ་བཀོད་ན་ལེགས།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ་ཨ་མཆོད་ལགས་་་་་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་ཅུང་ཙམ་གཟིགས་ན་ཁྱེད་ཀྱི་གསུངས་བ་རྣམས་གསལ་ཐང་ངེར་ཡོད་
    དེ་མ་ཡིན་པས་རང་གཞུང་ནང་མི་གསལ་བ་རེམཆིས་ཚེ་དྲ་གྲོགས་རྣམས་པའི་མིག་མདུན་དུ་འགོད་རོགས་གནང་།
    གཞན་སྐྱབས་སུ་འགྲོ་ཚུལ་ལེགས་པོ་མ་ཤེས་ན་སྐྱབས་ཡུལ་གྱི་ཚད་དང་སྐྱབས་འགྲོའི་ཚད་སོགས་མི་ཤེས་
    དེ་མ་ཤེས་པའི་རང་ཉིད་ནང་བ་ཡིན་མིན་ཡང་ཐེ་ཚོམ་པ་འདི་རེད
    དགོངས་འགལ་མེད་པ་ཞུ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འདུལ་བའི་ནང་ལ་མཁན་པོ་གཙོ་བོ་རེད། ཐེག་ཆེན་བྱང་སེམས་སྐབས་སུ་སྟོན་པ་དེ་གལ་ཆེ་བ་དང་། ཐེག་ཆེན་སྔགས་ཀྱི་སྐབས་སུ་རྩ་བའི་བླ་མ་ཞེས་པའི་བླ་མ་དེ་ཤིན་ཏུ་གལ་ཆེན་དུ་གསུངས་ཡོད་རེད། བླ་མ་དེ་སངས་རྒྱས་སམ་དགེ་འདུན་གང་རུང་དུ་འདུས་པ་ཤེས་ན་མཐར་སྐྱབས་གསུམ་དུ་ངེས་པ་རེད། འདུལ་བ་ཙམ་དང་། བྱང་སེམས་མདོ་སྡེ་ཙམ་དང་། གསང་སྔགས་གསུམ་སོ་སོར་འབྱེད་ཤེས་པ་བྱོས་ཤིག

    Reply
  9. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    ཨ་མཆོད་ལགས་ལོ་མང་ཁ་ལག་བཟོ་ཡུལ་དེ་ད་ཆ་སྐྱག་གཅིན་གཏོང་ཡུལ་དུ་མ་དགོངས་ན་བཟང་། གང་ལྟར་ཁྱེད་ཀྱིས་བྲིས་སོང་གང་མང་ཞིག་བྲིས་འདུག་ཀྱང་རྡོག་རྡོག་དེ་ད་ཆ་བོད་མི་རྣམས་ཀྱི་ལག་ལེན་དུ་ཡོད་པའི་ནང་ཆོས་དེ་ནང་ཆོས་མིན་པར་འགྲེལ་བཞིན་སང་གྷ་ལའི་དགེ་སློང་གིས་བྲིས་པའི་དཔེ་དེབ་དེ་ནང་ཆོས་དངོས་སུ་འགྲེལ་བཞིན་པ་མིན་འགྲོ། དེ་མིན་ཁྱེད་རང་ཁོང་དཔེ་དེབ་དེ་བརྒྱུད་ཉམས་ལེན་པ་ཞིག་གྱུར་ཟིན་པ་མིན་འགྲོ། ཨ་མཆོད་ལགས་མཐོང་རྒྱ་དང་ཐོས་རྒྱ་མང་ཙམ་གྱིས། བོད་ཡིག་ནང་ཡོད་པའི་ནང་པའི་དཔེ་དེབ་དག་དང་དགེ་སློང་ཞིག་གི་དེབ་གཅིག་འགྲན་འདོད་པ་ཡ་མཚན་མ་རེད་པས།

    Reply
  10. ཡོན་ཏན་བཟང་། says:
    ལོ་ 16 སྔོན།

    གསང་སྔགས་ལུགས་ཀྱི་བླ་མ་ཞེས་པ་དེ་ནི། དོན་ལ་དཀོན་མཆོག་གསུམ་ལས་གཞན་ཞིག་མིན་པ་ཤེས་དགོས།
    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས། གལ་སྲིད་ཁྱེད་རང་བླ་མ་ཞེས་པའི་མིང་དོན་འདི་ལ་དགའ་བོ་མེད་ན། རྗེས་མར་བླ་མ་ལ་སྐྱབས་མ་སོང་ནའང་མི་ཆོག་རྒྱུ་མེད་ལགས།

    Reply
  11. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ཨ་མཆོད་ལགས། འདིའི་ནང་ན་ནང་བསྟན་གཞུང་ལུགས་ན་མེད་པའི་བློ་སྐྱེད་གསར་བ་ཞིག་མི་འདུག དཔེ་དེབ་དེའི་ནང་གི་བློ་སྐྱེད་གང་ཡིན་པ་དེ་འགོད་རོགས།༼སྟོན་པ་ནི་ལམ་རྟགས་དང་འདྲ་ཞིང་། ལམ་རྟགས་དེས་ཁྱེད་རང་འགྲོ་བའི་ཁ་ཕྱོགས་དེ་སྟོན་པ་ཡིན་གྱི། དེས་ཁྱོད་འགྲོ་ཡུལ་ལ་ནམ་ཡང་ཁྱེར་མི་འགྲོ་བ་བཞིན་ཡིན་འདུག དཔེར་ན། སྨན་པ་ཞིག་གིས་ཁྱོད་ཀྱི་ནད་ངོས་བཟུང་ནས་སྨན་ཤོག་སྤྲད་ནས་འཇོག་པ་ལས་སྨན་ཟ་མི་ཟ་ནི་ནད་པ་ཁྱོད་ཀྱི་ལག་ཏུ་ཡོད་པ་བཞིན་ཡིན་འདུག༽ འདིའི་དོན་བཅོམ་ལྡན་འདས་ཀྱི་མདོ་ལས། ངས་ནི་ཁྱོད་ལ་ཐར་བའི་ལམ་སྟོན་གྱི། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་འདི་རེད།

    Reply
  12. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    དཔེ་དེབ་དེའི་ནང་བོད་ཀྱི་ཆོས་གཞུང་ལས་མེད་པའི་བློ་སྐྱེད་འདིར་བྱུང་ཞེས་བཤད་རྒྱུ་ཡོད་ན་དུས་བབ་དྲ་ཚིགས་སུ་བཀོད་དང་ཕ་བཟང་བུ་ཡིན།
    དེ་མིན་ན་ཁྱོད་ཀྱིས་གང་བཤད་འདོད་ཡོད་པ་ངའི་ཤེས་མ་སོང་བོད་ཀྱི་ནང་ཆོས་ལ་ཟུར་ཟ་ཡང་མིན་པའི་ངེས་པ་མེད།

    Reply
  13. རི་བོང། says:
    ལོ་ 16 སྔོན།

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས།
    ཁྱོད་ཀྱི་བློ་སྐྱེད་དེ་ཙམ་ལས་མེད་ན་སང་ག་ལའི་དགེ་སློང་གི་དཔེ་དེབ་མིན་ནའང་བོད་ཀྱི་ཆོས་གཞུང་ཁག་ན་གསལ་ཐིང་ངེར་ཡོད་པ་དེ་རེད།

    མཇུག་མཐར་རེ་སྐུལ་ཞུ་རྒྱུ་ཞིག་ལ་བོད་ཀྱི་ཆོས་གཞུང་ན་མི་གསལ་བའི་བློ་སྐྱེད་གསར་བ་འདི་དང་འདི་ཡིན་ཞེས་ཟུར་འདོན་ཞུ་ཐུབ་ན་ང་ཚོས་བརྟགས་དཔྱད་བྱས་ཆོག་ཀྱང་། འདི་ཙམ་ལས་མེད་ན། དེབ་དེ་དེ་ཨ་གསར་ཞིག་དང་མཉམ་དུ་ཁྱེད་རང་གི་བློ་ངོར་བདེ་བོ་བྱུང་བ་ཙམ་ཞིག་མིན་ནམ་སྙམ།

    Reply
  14. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ང་ཚོའི་གཞུང་འབྲེལ་གྱི་སྲུང་མ་དམར་ནག་གཉིས་དང་། ལྷ་མོ་མཆེད་ལྔ་སོགས་ཀྱིས་ཀྱང་ནང་བའི་གཞི་རྩའི་ལྟ་གྲུབ་དང་འགལ་བའི་བྱེད་སྒོ་སྤེལ་གྱིན་འདུག ཐ་ན་བོད་རྒྱ་ཞི་མོལ་གྱི་བར་ལ་ཡང་གནས་ཆུང་གིས་མོ་ལུང་འདྲ་བཤད་གི་ཡོད་ས་རེད།

    ཡིད་མི་ཆེས་རུང་། གཞུང་འབྲེལ་གྱི་ཐོག་ནས་ལས་ཀ་འདི་འདྲ་བརྩམས་པ་ཡིན་ན་བྱེད་ཐབས་ཅི་ཡང་རྙེད་ཀྱི་མི་འདུག

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ང་ཚོའི་སེམས་རྒྱུད་ལ་སྐྱབས་འགྲོ་ཡོད་ན། གཏོ་བཅོས་བཏང་ནའང་ནང་པ་རེད། དེ་མ་བཏང་ནའང་ནང་པ་རེད། གཞན་མང་པོ་ངས་མི་ཤེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese