མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མདོ་སྨད་ཀྱི་སྤྱི་འཐུས་འོས་མི་ ༡༡།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་མདོ་སྨད་ཀྱི་མི་དྲུག་ཅུ་ཙམ་གྱིས་བརྒྱུད་ལམ་འདྲ་མིན་ནས་གྲོས་བསྡུར་བྱས་ཏེ། མཐར་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སུ་ད་ལྟའི་སྤྱི་འཐུས་ལས་ཐོགས་པ་དྲུག་དང་། སྤྱི་འཐུས་ཀྱི་འོས་མི་གསར་བ་བདུན་མདོ་སྨད་སྤྱི་འཐུས་ཀྱི་འོས་མིག་ཏུ་བཏོན་འདུག

ཁོང་ཚོས་བོད་མི་མང་སྤྱི་འཐུས་ཤིག་ཡིན་ན།  ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང་། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་མཐུན་པ།  བོད་མི་མང་གི་མངོན་འདོད་ལྟར་སྒྲུབ་ཐུབ་མཁན་བཅས་ཀྱི་ཁྱད་ཆོས་གསུམ་ངེས་པར་དུ་ཚང་དགོས་ཟེར།

ཉེ་ཆར་དགེ་རྩེ་རིན་པོ་ཆེའི་དབུས་བལ་ཡུལ་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག་དང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་དང་། སིམ་ལ་ཇོ་ནང་དགོན་པའི་མཁན་པོ་ཀུན་དགའ་རིན་ཆེན་རྣམ་གཉིས་ཀྱིས་དབུས་སིམ་ལར་ཡོད་པའི་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག དེ་བཞིན་དུ་འགུ་ལོག་དམ་ཆོས་དཔལ་བཟང་གཙོས་དྷ་སར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྔ་ལྷག་ཅིག་དང་། ལྷོ་ཕྱོགས་འབྲས་སྤུངས་དགོན་པར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་གཉིས་ལྷག་ཅིག ཨ་ཁུ་ཀུན་དགའ་དང་། མཁན་པོ་ངག་དབང་རྡོ་རྗེ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མདོ་སྨད་མི་མང་བཅུ་ཕྲག་དྲུག་ལྷག་ཅིག་གིས་འབྲེལ་ལམ་འདྲ་མིན་ཐོག་ནས་གྲོས་བསྡུར་བྱས་ཏེ་མཐར་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ཁག་ཅིག་ངོ་སྤྲོད་གནང་ཡོད་ལ། ཁོང་རྣམས་ཀྱིས་ད་དུང་མདོ་སྨད་མི་མང་གིས་ཁོང་ཚོས་འོས་སྦྱོར་བྱས་པའི་མི་དེ་དག་སྤྱི་འཐུས་སུ་བཞུགས་རྒྱུར་འོས་ཆོས་ཚང་མིན་མི་མང་རང་གིས་བརྟག་དཔྱད་བྱེད་རོགས་ཞེས་སྐུལ་འདུག

ཁོང་ཚོས་ཕྱིར་བསྒྲགས་གནང་བའི་འོས་མི་རྣམས་ལས་ད་ལྟ་བོད་མི་མང་སྤྱི་འཐུས་ལས་ཐོགས་པ་ཁག་ཅིག་ནི། ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན།  སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་བཅས་ཡིན་པ་དང་། ཡང་སྤྱི་འཐུས་ཀྱི་འོས་མི་གསར་བ་རྣམས་ནི།  སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་དང་ས་རཱའི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།  མདོ་སྨད་དབུས་རྒྱུན་ལས་ཐོགས་པ་གྲྭ་བློ་བཟང་དཔལ་ལྡན། རྩོམ་པ་པོ་མཁན་པོ་འཇུ་བསྟན་སྐྱོང་། དུས་དེབ་དབུ་མའི་ལམ་གྱི་རྩོམ་སྒྲིག་པ་གྲྭ་རྨོག་རུ་བསྟན་པ།  འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་གཟུངས་ཕྱུག་སྐྱིད་བཅས་ཡིན་འདུག

གཞན་ཡང་ཁོང་ཚོས་བོད་མི་མང་སྤྱི་འཐུས་ཞིག་ལ་ངེས་པར་དུ་ཚང་དགོས་པའི་འོས་ཆོས་གསུམ་བཏོན་འདུག་ལ། དེ་དག་ནི།  ༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་མཐུན་པ།  བོད་མི་མང་གི་མངོན་འདོད་ལྟར་སྒྲུབ་ཐུབ་མཁན་བཅས་ཡིན་འདུག

ཁོང་ཚོས་མདོ་སྨད་མི་མང་ལ་རེ་སྐུལ་ཞུས་དོན། གོ་ལ་ཟླུམ་པོ་འདིའི་སྟེང་ན་འཚོ་བའི་རང་དབང་དང་ཐོབ་ཐང་ལ་དུང་བའི་འགྲོ་བ་ཡོངས་ལ་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་ཆེད་དང་།  ཁྱད་པར་དུ་བོད་སྤྱི་བའི་ལས་དོན་ཉམ་ང་ཉག་ཕྲ་བའི་དུས་འདིར། ང་ཚོ་བོད་མི་ཡོད་དོ་ཅོག་གིས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ། མི་རེས་འགན་རེ་ཁུར་ཏེ་འབད་འབུངས་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་མངོན་གསལ་ལགས། དེས་ན་སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་མི་སུ་འདྲ་ཞིག་སླེབས་ན་འགྲིག་མིན་ཐད་བསམ་བློ་གཏོང་རྒྱུ་དེ་ང་ཚོ་ཚང་མའི་ད་སྐབས་ཀྱི་ལས་འགན་གལ་ཆེན་དུ་གྱུར་ཡོད་པ་མཐོང་ཆོས་སུ་གྲུབ་ཡོད་ཕྱིར། འདིར་བོད་མི་མང་ལ་ཤ་ཞེན་དང་སེམས་ཁུར་ཅུང་ཡོད་མཁན་གྱི་མི་ཁ་ཤས་ཞིག་གིས་བརྒྱུད་ལམ་དྲ་མིན་ནས་གོ་བསྡུར་བྱས་ཏེ་སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་རུང་བའི་གང་ཟག་འགའ་ཞིག་གཏན་འབེབ་གནང་བ་བཞིན་ངོ་སྤྲོད་བྱ་རྒྱུ་ཡིན་པས་དེ་དོན་ཐུགས་ལ་བཟུང་སྟེ་བློ་གཟུ་བོའི་སྒོ་ནས་དཔྱད་པར་འཚལ། ཞེས་གསལ་འདུག

གསར་འགྱུར་སྤེལ་མཁན། ཨ་རིག་འགྱུར་མེད།

མཆན། 68

  1. ཨ་མཆོག་ཚངས་ཐིག says:
    ལོ་ 13 སྔོན།

    ཡང་རེ་བསྐུལ་ཞིག་ཞུa་རྒྱུར། དྲང་བདེན་དང་ལྷན་སྐྱོད་བྱེད་པའི་ཆབ་སྲིད་རེ་ཡང་ཡོད་རྒྱུ་རེད།

    Reply
  2. ཨ་མཆོག་ཚངས་ཐིག says:
    ལོ་ 13 སྔོན།

    ཐུགས་རྗེ་ཆེ་ཡག་པོ་འདུག ཡིན་ནའང་ལངས་ཕྱོགས་ཡང་དགོས་ཀྱི་འདུག གཙོ་བོ་དེ་སོ་སོའི་བླུགས་པའི་འོས་མི་དེས་སོ་སོ་ལ་དཀའ་ངལ་མི་འཕྲད་པ་ཞིག་དགོས་དུས། འགན་ཞིག་ལོན་དགོས་པ་རེད།

    Reply
  3. དུག་མདའ། says:
    ལོ་ 13 སྔོན།

    བསྟན་འཛིན་འབྱུང་གནས་ཀྱི་མིང་ཐོའི་ནང་དུ་བན་ཕྲུག་འགའ་མ་གཏོགས་བོད་ཁྱིམ་སློབ་གྲའི་བུ་གུ་གཅིག་ཀྱང་མི་འདུག་པས། ཉིན་ལྟར་རྒྱལ་གླུ་ལེན་བཞིན་པའི་སློབ་ཕྲུག་དེ་ཚོ་སྙིང་བརྗེ།

    Reply
  4. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 13 སྔོན།

    མདོ་སྨད་ཟིང་ཆུ་ནས་ཡིན་པའི་གངས་ཕྲུག་ངས་ཚིག་འགའ་ཞིག་ཞུ་ན་སྤྱི་འཐུས་ཚོ་ལ་སློབ་སྦྱོང་ཡོད་པ་ཙམ་གྱི་མ་ཡིན་པ་བོད་མི་མང་ཡོངས་ལ་ལྷག་བསམ་དང་སྤྱི་སེམས་ཡོད་མཁན་ཞིག་ཡིན་དགོས་པ་དང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཕེབས་ཐུབ་མཁན་ཞིག་ལ་འོག་བསྡུར་བླུགས་ན་ག་འདྲ་ཡོད་དམ།

    Reply
  5. གངས་ཕྲུག says:
    ལོ་ 13 སྔོན།

    འདིར་མི་མང་པོ་ཞིག་གིས་བསམ་ཚུལ་བཤད་ཀྱིན་འདུག ཤིན་ཏུ་ཡག་གི སྤྱི་འཐུས་ཀྱི་འོས་མི་འདོན་གྱིན་འདུག མི་མང་པོ་ཞིག་གིས་ན་གཞོན་ཤེས་འཇོན་ཅན་ཞིག་དགོས་ཞེས་གླེང་སློང་དྲགས་པོ་བྱེད་ཀྱིན་འདུག བདག་གིས་ཀྱང་བསམ་བློ་བཏང་ཡིན། ན་གཞོན་ཤེས་འཇོན་ཅན་ཞིག་སླེབས་ན་བསམ་གྱིན་ཡོད། དེས་ཆ་ནས་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་ལ་བསམ་བློ་བཏང་ཡིན། ད་སྐབས་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིར་རུང་བ་ན་གཞོན་ཤེས་འཇོན་ཅན་བཞི་ཙམ་བརྙེད་སོང་དེ་དག་འདི་ནས་ངོ་སྤྲོད་བྱེད་རྒྱུ་ཡིན།
    ཨང་། མིང་། ད་ལྟའི་ལས་གནས། སྡོད་གནས།
    ༡ ཨ་ཚོགས་ཀླུ་མཁར་བྱམས། བོད་གནས་ཉམས་བཞི་པ། དྷ་ས།
    ༢ ཚངས་དབྱངས་རྒྱ་མཚོ། ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ། དྷ་ས།
    ༣ ལུང་རིགས་རྒྱལ། དུས་བབ་རྩོམ་སྒྲིག་པ། དྷ་ས།
    ༤ བསོད་ནམས་རྒྱལ་མཚན། ས་རཱ་སློབ་དཔོན་ཆེན་མོ། དྷ་ས།

    Reply
  6. བཀྲ་ཤིས་རྒྱ་མཚོ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་ཁྱོད་ཚོས་རང་གི་འོས་འགན་ཕྲག་ཏུ་བླང་ཏེ་བཀའ་སྤྱིའི་འོས་གཞི་བཏོན་པར་ཐུགས་རྗེ་ཆེ། གུས་པས་ཀྱང་འདི་ནས་ད་སྐབས་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིར་བཏོན་བཞིན་པ་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་ཚངས་དབྱངས་རྒྱ་མཚོ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ཞིག་ཁྱེད་ཅག་ལ་ངོ་སྤྲོད་བྱེད། ཁྱེད་ཅག་གིས་བསམ་བློ་ཞིག་ཏུ་བཏང་སྟེ་དཔྱད་པར་འཚལ།
    ཚངས་དབྱངས་རྒྱ་མཚོ་ནི་ཕྱི་ལོ་༡༩༨༤ལོར་མདོ་སྨད་མགོ་ལོག་ཏུ་སྐྱེས། རང་ལོ་བཅུ་གསུམ་ནས་བཟུང་ལོ་ངོ་བདུན་གྱི་རིང་ཇོ་ནང་དགོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་དང་། མདོ་ལིའི་དགོན་དཔལ་མི་འགྱུར་བདེ་ཆེན་གླིང་གཉིས་སུ་ཚད་མ་དང་། དབུ་མ། ཕར་ཕྱིན། སུམ་རྟགས་དག་གསུམ། སྙན་ངག དཀར་རྩིས་སོགས་ལ་སློབ་སྦྱོང་བྱས། ལོ་ངོ་དེ་དག་གི་རིང་འཛིན་གྲྭ་སོ་སོའི་སྐྱོར་དཔོན་གྱི་འགན་བཞེས། ཕྱི་ལོ་༢༠༠༣ལོར་བོད་ཀྱི་མཐོ་རིམ་སློབ་གྲྭ་སྟེ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་འཛུལ་ཞུགས་བྱས་ཏེ་བོད་ཀྱི་རིག་གཞུང་སྤྱི་ལ་སློབ་སྦྱོང་བྱས། ཕྱི་ལོ་༢༠༠༦ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་སུ་སློབ་སྦྱོང་གནང་བཞིན་འབྲས་སྤུངས་ཟུང་ཆུ་ཁང་ཚན་གྱི་ཛ་དྲག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་དང་། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་རྩོམ་སྒྲིག་ལས་རོགས་སོགས་བྱས། དེས་རྗེས་སུ་བལ་ཡུལ་ཇོ་ནང་དགོན་པའི་གློག་ཀླད་དགེ་རྒན་བྱས་པ་དང་། ཕྱི་ལོ་༢༠༠༨གྱི་ལོ་མཇུག་ཏུ་འཕགས་ཡུལ་ཇོ་ནང་མ་དགོན་ནང་པའི་ཤེས་ཡོན་སློབ་གྲྭས་གདན་ཞུས་ལྟར་ཕེབས་ཏེ་དགེ་རྒན་དང་དྲུང་ཡིག་ཅིག་ལྕོགས་བྱས། དེ་དང་དུས་མཚུངས་སུ་ཇོ་ནང་ནང་བསྟན་རིག་གཞུང་སྲུང་སྤེལ་མཐུན་ཚོགས་ཀྱི་དྲུང་ཡིག་དང་། དགོན་པའི་ལོ་རེའི་དུས་དེབ་<<ངེས་དོན་ཀྱི་ཆོས་འཁོར་>>དང་། <<ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར།>> << ཇོ་ནང་དཔེ་ཚོགས>>བཅས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་ཁུར། ཕྱི་ལོ་༢༠༠༩ལོར་རྡོར་གདན་ཇོ་ནང་སྨོན་ལམ་ཆེན་མོ་ཐེངས་བརྒྱད་པའི་དུས་སུ་བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་པ་ཡོངས་ཀྱིས་ཚོགས་ཆེན་བསྡུས་ཏེ་བཀའ་མོལ་ཞིབ་རྒྱས་བྱས་ཏེ་བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་པའི་ཚབ་མཚོན་པའི་ཚོགས་པ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཞེས་པ་གསར་འཛུགས་གནང་པ་དང་། མང་མོས་ཀྱི་འོས་བསྡུའི་ལམ་ནས་ཁོང་ཉིད་ཚོགས་གཙོར་འདམས་ཤིང་ད་ལྟ་ལས་གནས་དེར་ཕྱག་ལས་གནང་མུས་སུ་མཆིས་སོ།།

    Reply
  7. ཤེས་རབ་འབྱུང་གནས། says:
    ལོ་ 13 སྔོན།

    དེས་ན་ངས་ཀྱང་རང་གི་ལྟ་ཕྱོགས་ཀྱིས་ཤེས་འཇོན་ལྡན་པ་ཁག་ཅིག་སྤྱི་འཐུས་དང་བཀའ་ཁྲིའི་མོས་མོར་བསྒྲག་རྒྱུ་ཡིན།

    བཀའ་ཁྲི།   བློ་བཟང་སེང་གེ

    མདོ་སྨད་སྤྱི་འཐུས།

    སྤེན་པ་ཚེ་རིང་།
    ཨ་ཚོགས་ཀླུ་མཁར་བྱམས།
    བོན་རྒྱ་བསྟན་རབ།
    རྨོག་རུ་བསྟན་པ།
    ཆབ་བྲག་ལྷ་མོ་སྐྱབས།
    ཚངས་དབྱངས།
    ཟུང་ཆུའི་གངས་རི།
    རྒྱལ་རོང་ཟླ་བ་ཚེ་རིང་།
    གཟུངས་ཕྱུག་སྐྱིད།
    བསོད་ནམས་རྒྱལ་མཚན།
    ཀིརྟི་སྒྲོལ་དཀར་ལྷ་མོ།
    རྒྱ་རིགས་ཐར།

    མི་འདི་དག་ཨ་མདོའི་ཁྲོད་ཀྱི་ཨ་ཡོད་ནང་གི་དེ་ཡོད་ཚོ་རེད་སྙམ།

    Reply
  8. བསྟན་འཛིན་འབྱུང་གནས། says:
    ལོ་ 13 སྔོན།

    ༡ རྨོག་རུ་བསྟན་པ། དབུ་མའི་ལམ་རྩོམ་སྒྲིག་པ།
    ༢ ཚུལ་ཁྲིམས་སངས་རྒྱས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
    ༣ ཧར་གདོང་ཨ་འཇིགས། ཀུན་སྤྱོད་རྩོམ་སྒྲིག་པ།
    ༤ ཤིས་ཚང་མཁྱེན་རབ་རྒྱ་མཚོ། མཆོད་མེ་རྩོམ་སྒྲིག་པ།
    ༥ བོན་བརྒྱ་བསྟན་འཛིན་རབ་རྒྱས། ལྗང་རླུང་རྩོམ་སྒྲིག་པ།
    ༦ གསེར་རྟའི་ཚུལ་ཁྲིམས་འོད་ཟེར། སྤྱི་འཐུས་ལས་ཐོག་པ།
    ༧ གཙང་སྐོར་འཕྲིན་ལས་རྒྱ་མཚོ། སམྦྷཊ་རྩོམ་སྒྲིག་པ།
    ༨ ཨ་རིག་དགེག་མཐོང་། གསར་འགོད་པ།རྩོམ་སྒྲིག་པ།
    ༩ ཀླུ་སྐལ་བཟང་རྡོ་རྗེ། སྤྱི་འཐུས་ཚགས་པར་རྩོམ་སྒྲིག་པ།
    ༡༠ གསེར་རྟའི་ཚུལ་ཁྲིམས་བསྟན་འཛིན། སམྦྷོཊ་རྩོམ་སྒྲིག་པ།
    ༡༡ ཟུང་ཆུ་གངས་རི། མོན་གྷོ་གངས་ལྗོངས་རང་བདེན་ཚོགས་གཙོ།
    ༡༣ ཨ་མཆོག་ཀླུ་སྒྲུབ་བསྟན་དར། དྷི་སྐད་རྩོམ་སྒྲིག་པ།
    གོང་གསལ་རྣམས་འུ་ཚོ་མདོ་སྨད་པ་ནང་གི་ཨ་ཡོད་ནང་གི་ད་ཡོད།སྒོང་ང་ནང་གི་སེར་རིལ་ཞེ་གཅིག་ཡིན་པས་རང་རེའི་མི་དམངས་རྣམས་ནས་འདེམ་ཁ་མ་ནོར་བར་གནང་རོགས།

    Reply
  9. གཡག་རོག says:
    ལོ་ 13 སྔོན།

    དྲ་གྲོགས་ཚོས་རང་རང་གི་བསམ་ཚུལ་ལྟར་བཀའ་སྤྱི་གཉིས་ཀྱི་འོས་མི་རེ་འདོན་གྱིན་འདུག དེས་ན་ང་ཡང་དུས་བབ་ཟིན་བྲིས་ཀློག་པོ་ཞིག་ཡིན་པའི་ཆ་ནས་བདག་གིས་ཀྱང་འོས་མི་རེ་འདོན་ན་འདོད་པས་ཁ་ཆེན་དབང་ཆེན་ཚོས་གཤེ་རྐྱང་མི་བྱེད་རོགས།
    བཀའ་བློན་ཁྲི་བར་བདག་གིས་རྣ་བས་ཉན་ཞིང་སེམས་ཀྱིས་མྱངས་ཏེ་སྤོབས་པ་དང་རེ་སྨོན་གྱིས་གཏམས་པའི་མཁས་དབང་བློ་བཟང་སེང་གེ་ལགས་གདན་འདྲེན་ཞུ་ངེས་ཡིན།

    མདོ་སྨད་སྤྱི་འཐུས་ལའང་དེ་བཞིན་ཨ་ཚོགས་ཀླུ་མཁར་བྱམས།
    ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས།
    བོན་རྒྱ་བསྟན་རབ།
    རྨོག་རུ་བསྟན་པ།
    འཇུ་བསྟན་སྐྱོང་།
    ཆབ་བྲག་ལྷ་མོ་སྐྱབས།
    སྤེན་པ་ཚེ་རིང་།
    ཟུང་ཆུའི་གངས་རི།
    རྒྱལ་རོང་ཟླ་བ་ཚེ་རིང་།
    གཟུངས་ཕྱུག་སྐྱིད།
    བསོད་ནམས་རྒྱལ་མཚན།
    ཀིརྟི་སྒྲོལ་དཀར་ལྷ་མོ།
    རྒྱ་རིགས་ཐར།

    མདོ་སྨད་མི་མང་གིས་འདི་དག་གི་མི་གཞིའི་སྤུས་ཀ་དང་ཤེས་ཡོན་གྱི་ཚད་གཞི། སྤྱི་ཚོགས་ཀྱི་གདེང་འཇོག་བྱེད་མིན་སོགས་ལ་དྲང་བོའི་མིག་གིས་ལྟ་ཞིང་། གཟུ་བོའི་བློ་ཡིས་དཔྱད་དེ་མདོ་སྨད་སྤྱི་འཐུས་ཀྱི་ཁྲི་འཕངས་སུ་ཞབས་སོར་བཀོད་ན་ཇི་འདྲ་འདུག་གམ།

    Reply
  10. རྨོག་རུ་བསྟན་པ། says:
    ལོ་ 13 སྔོན།

    ཁྱེད་ཚོ་ཚང་མས་སྤྱི་འཐུས་ཀྱི་འོས་གཞི་འདོན་ན་ངས་ཀྱང་འདོན་ངེས་ཡིན།
    ངས་ཀྱང་རང་ཉིད་ཀྱི་བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཀྱི་འོས་ཆོས་འདོན་རྒྱུ་ཡིན།
    བཀའ་ཁྲིའི་འོས་མི།
    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།
    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས།
    སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས།a

    སྤྱི་འཐུས་ཀྱི་འོས་མི།

    བུད་མེད་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ།
    སྤྱི་འཐུས་སྒྲོལ་མ་མཚོ་མོ།
    སྤྱི་འཐུས་ཆབ་བྲག་ལྷ་མོ།
    སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར།
    སྤྱི་འཐུས་ཚེ་རིང་གཡུ་སྒྲོན།
    སྤྲྱི་འཐུས་རྒྱལ་རོང་ཟླ་བ།

    གངས་ལྗོངས་ཚོགས་གཙོ་བློ་བཟང་དཔལ་ལྡན།
    མོན་གྷོ་ས་འཐུས་སྐུ་ཞབས་གངས་རི་།
    དབུས་རྒྱན་རྒྱལ་རིགས་ཐར།
    དབུས་ཚོགས་གཞོན་མགོན་པོ་དོན་འགྲུབ།
    ནོར་གླིང་མཐོ་སློབ་འགན་འཛིན་སྒྲོལ་དཀར་སྐྱབས།
    ཤེས་ཡོན་རྒྱབ་སྐྱོར་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་ཨ་ལོ་མཁར་བྱམས།
    བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས།
    ཇོ་ནང་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།
    བོད་ཀྱི་དུས་བབ་ལུང་རིགས་རྒྱལ།
    ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག
    རྩོམ་པ་པོ་མཁན་པོ་འཇུ་བསྟན་སྐྱོང་།
    སྨན་རྩིས་ཁང་གི་སློབ་དཔོན་མཁྱེན་རབ་ལགས།
    ས་རའི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས།
    ནོར་གླིང་མཐོ་སློབ་སློབ་དཔོན་ལྷ་ལུང་རྒྱལ་ལགས།
    དུས་འགྱུར་རྩོམ་སྒྲིག་པ་རྡོ་བྷིས་ཀླུ་རྒྱལ་ལགས།
    གཡུང་དྲུང་བོན་གྱི་ཉམས་ཞིབ་ལ་ཁྲི་གཡུང་དྲུང་ལགས།
    དབུ་མའི་ལམ་གྱི་ལས་འགུལ་བ་དམ་ཆོས་དཔལ་བཟང་ལགས།

    Reply
  11. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    དྲ་གྲོགས་གསར་བ་བྱམས་པ་རྒྱལ་མཚན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་ཀྱི་གསུངས་བར་གུས་པར་མཚོན་ན་ཡི་རངས་དང་རྒྱབ་སྐྱོར་ཡོད། ང་ཚོ་དགོས་པའི་བོད་སྤྱི་བའི་དོན་ལ་དོན་ཀྱིས་གོ་ཆོད་ཀྱི་མི་བུ་ཞིག་ལས་ཁ་ནས་ལབ་རྒྱག་ཤེས་མཁན་ཚོ་བླ་ན་མེད་པ་ཅིག་ལ་ངོས་འཛིན་བྱས་ན་འགྲིགས་མིན་ཐེ་ཚོམ་མོད། ཀླུ་མཁར་བྱམས་དང་ལྷ་ཆབ་སྦྱིན་པ་ལྟ་བའི་ཤེས་འཇོན་ཉིས་ལྡན་གྱི་མི་བུ་ཚོར་སྣང་མེད་དུ་བཞག་ན་མདོ་སྨད་མི་དམངས་ཀྱི་གྱོང་དུ་འདོད།
    གུས་པའི་ཡང་ཡང་གཞིག་པའི་མི་སྣ་གསར་བ་མདོ་སྨད་མི་བུ་རྣམ་བཞི་སྟེ།
    ༡ ལྷ་ཆབ་སྦྱིན་པ།
    ༢ ཀླུ་མཁར་བྱམས།
    ༣དགེ་རྒན་བསོད་ནམས་རྒྱལ་མཚན།
    ༤ ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས།

    མི་འདི་དག་གུས་པས་རྟག་ཏུ་དོ་སྣང་བྱེད་སའི་ཡུལ་ཡིན་པས་འཆུག་མེད་འདོད་ཀྱིན་ཡོད
    དེ་མིན་རྙིང་བ་ཚོར་རྒྱས་མངའ་མེད་པས་རང་སར་འཇོག་གི་ཡིན །
    གུས་པས་ཟེར་བའི་མི་བུ་ནི་རྩོམ་ལམ་འམ་ངག་ཐོག་ནས་ལབ་ཁོ་ན་དང་ཁེ་བཟང་གཅིག་པོར་དམིགས་པའི་ལྟེ་ཐོགས་ཙམ་ལ་ངོས་འཛིན་བྱས་མེད།
    དྲ་གྲོགས་ཚོས་བློ་གཟི་བོར་གནང་བའི་རེ་དང་བཅས།

    Reply
  12. བྱམས་པ་རྒྱལ་མཚན says:
    ལོ་ 13 སྔོན།

    བོད་མི་སུ་ཞིག་ཡིན་ནའང་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ནི་ཧ་ཅང་གལ་ཆེན་ཡིན། འོས་འཕེན་མཁན་གྱི་མི་ཚང་མས་བསམ་བློ་ཞིབ་ཚགས་གཏོང་དགོས། ཚད་མཐོ་བའི་ལག་ཁྱེར་དང་རྒྱལ་སྤྱིའི་གནས་སྟངས་ཤེས་པ་ཙམ་གྱིས་སྤྱི་འཐུས་ལ་འོས་འཕེན་རྐྱང་བྱས་ན་འགྲིགས་ཀྱི་ཡོད་ན་བསམ་གི གཙོ་བོ་བོད་ཀྱི་གནས་དོན་ཁག་ཅིག་ལ་གཏིང་ཟབ་ཀྱི་སྒོ་ནས་གོ་བ་རྙེད་དགོས། ད་ཐེངས་ཀྱི་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་གྲངས་ཤིག་ཀྱང་འདིར་བཀོད་འདུག་པ་ཚང་མ་ངོས་ལེན་བྱེད་མི་ཐུབ་ན་ཡང་འོས་གཞི་གསར་བ་ཚོའི་ནང་ནས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་དང་། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་གཉིས་ངེས་པར་དུ་འོས་འཕེན་བྱེད་དགོས་པའི་མི་སྣ་གཉིས་ཡིན་པར་འདོད། རྒྱུ་མཚན་ལ་ཚང་མས་བསམ་བློ་ཐོངས་དང་ཤེས་ངེས་ཡིན།

    Reply
  13. བློ་ཡར། says:
    ལོ་ 13 སྔོན།

    ཨ་ལ་ལ་ཡག་པོ་འདུག།

    Reply
  14. བློ་ཡར། says:
    ལོ་ 13 སྔོན།

    མ་གཞི་ཡག་པོ་འདུག་ཏེ་རྩོད་པ་མ་གནང་རོགས།

    Reply
  15. བཙན་པོའི་བུ། says:
    ལོ་ 13 སྔོན།

    ངས་ཀྱང་འདི་ནས་རང་ཉིད་ལ་འདོད་མོས་ཡོད་པ་དང་སྤྱི་ཚོགས་ལ་ལྷག་བསམ་ཡོད་པའི་སྤྱི་འཐུས་ཀྱི་འོས་གཞི་ཁག་གཅིག་འདོན་ན་བསམ་ཡོད། དེ་དག་ནི་གཤམ་གསལ།
    ༡ ཚོགས་གཙོ་སྤེན་པ་ཚེ་རིང་།(ད་ལྟའི་སྤྱི་འདུས་ཚོགས་གཙོ། )
    ༢ཀླུ་མཁར་བྱམས།( ཆེད་ལས་ཉམས་ཞིབ་པ།)
    ༣ལུང་རིགས་རྒྱལ།( བོད་ཀྱི་དུས་བབ་རྩོམ་བསྒྲིགས་པ།)
    ༧ ཚེ་རིང་སྐྱིད། ( རྔ་བ་ཚེ་རྒྱམ་གྱི་སྐྱེས་དམན།)
    ༨རྒྱ་རིགས་ཐར། (ཤེས་བྱ་ཀུན་འདུས་རྩོམ་བསྒྲིགས་པ། )
    ༩རྨ་ཆུའི་བྱམས་པ།( སྤྱི་ཚོགས་ཞབས་ཞུ་པ།)
    ༡༠བསོད་ནམས་རྒྱལ་མཚན།( རྒྱལ་རབས་དགེ་རྒན།)
    ༡༡ ཇོ་ལེབས་ཆོས་འཕེལ།( གསར་འགོད་པ།)
    ༡༢ རྔ་བ་བསོད་དེ།(སྤྱི་ཚོགས་ཉམས་ཞིབ་པ། )
    ༡༣ གཡང་མཁོ་རྒྱལ།( འོས་བསྡུ་ལས་ཁང་གི་ལས་བྱེད་པ།)
    ༡༤ གཟུངས་ཕྱུག་སྐྱིད། ( འོད་དཀར་དྲ་ཚིགས་རྩོམ་བསྒྲིགས་པ།)
    ༡༥ འཇུ་བསྟན་སྐྱོང་། ( དཔེ་མཛོད་ཁང་གི་ལས་བྱེད་པ།)
    ༡༦ མེ་འོད། ( ནོར་གླིང་གི་དགེ་རྒན་དང་ཉམས་ཞིབ་པ།) བཅས་སོ།།

    Reply
  16. གངས་རི། says:
    ལོ་ 13 སྔོན།

    མདོ་སྨད་པ་ལགས་བུད་མེད་སྤྱི་འཐུས་ལ་འཕེལ་རྒྱས་སྒྲོལ་མ་དང་གཟུངས་ཕྱུག་སྐྱིད་གཉིས་འདེམས་ན་ཏག་ཏག་རེད།

    Reply
  17. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    རྩོམ་པ་པོ་སྤྱི་འཐུས་ལ་སླེབས་ན་དགེ་མཚན་ཆེ་མོད་མང་དྲགས་ན་སྐྱོན་ཡོད། མཁན་པོ་འཇུ་བསྟན་སྐྱོང་ཡང་སྤྱི་འཐུས་ལ་འདེམས་དགོས་ན་འོ་ན་སུ་ཞིག་འདེམས་ན་མི་འགྲིག་པ་ཡོད་དམ། སྤྱི་འཐུས་ཀྱི་ས་བོན་འཚོལ་སྟངས་ལ་བལྟས་ན་མདོ་སྨད་ཚང་རྩོམ་རིག་སྐོར་ལ་དོ་སྣང་དང་ཤེས་རྟོགས་ཏོག་ཙམ་ཡོད་ནའང། ཆབ་སྲིད་ཐད་ལ་བལྟས་ཚེ་ད་དུང་ཐག་རིང་ན་འདུག ང་ལ་མཚོན་ན་སྤྱི་འཐུས་འདེམས་དགོས་ན་ཚོགས་གཙོ་སྤེན་པ་ཚེ་རིང་དང། ཀླུ་མཁར་བྱམས་དང་བསྟན་མགོན། ཆབ་བྲག་ལྷ་མོ་སྐྱབས ཟུངས་ཕྱུག་སྐྱིད་བཅས་འདེམས་ས་རེད།

    Reply
  18. བསྟན་འཛིན་འབྱུང་གནས། says:
    ལོ་ 13 སྔོན།

    སྤྱིར་ངས་དམར་ཁ་ཚས་འོས་བཏོན་པ་དག་གཅིག་ལས་གཅིག་རེད་འདུག་མོད།་མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཡོད་པའི་གནས་སྟངས་ཀྱི་འོག་ནས་ངས་རང་གི་འོས་མི་དག་འདོན་ན་འདོད།
    ༡རྨོག་རུ་བསྟན་པ།
    ༢ཨ་རིག་དགེ་མཐོང་།
    ༣གསེར་རྟའི་ཚུལ་ཁྲིམས།
    ༤ཟུང་ཆུ་གངས་རི།
    ༥ཤིས་ཚང་ལྗང་སྨྱུག
    ༦ཧརགདོང་ཨ་འཇིགས
    ༧སྐད་ཡིག་རྒྱུན་འཛིན་ཚོགས་བའི་ཚོགས་གཙོ་ཚུལ་ཁྲིམས་སངས་རྒྱས།
    ༨རྟག་ནག་བ་སྐལ་བཟང་ལུང་རིགས།
    ༩ལུང་རིགས་རྒྱལ།
    ༡༠ལྷ་མོ་སྐྱབས།
    ༡༡ལྷ་ཆབ་སྦྱིན་པ།
    ༡༢གཟུངས་ཕྱུག་སྐྱིད།
    ༡༣ཀི་རྟི་སྒྲོལ་དཀརཞ
    ༡༤ཀ་ཉག་ཚེ་རིང་།
    ༡༥གངས་དཀར་རྒྱལ་སྲས།
    ༡༦ཨ་ཚོགས་ཀླུ་མཁར་བྱམས།
    ༡༧བསྟན་འཛིན་མགོན་པོ།
    ༡༨བོན་བརྒྱ་བསྟན་རབ།
    ༡༩ཨ་མཆོགཀླུ་སྒྲུབ་བསྟན་དར།
    ༢༠ཐེ་བོ་བཟོད་པ།
    ༢༡དགེ་བཤེས་བསྟན་པ་བཀྲིས།
    མིང་གཞུང་བང་རིམ་གྱིས་མཆོག་དམན་ཡོད་པ་མཚོན་མི་ནུས།རང་གི་བང་རིམ་དེ་གང་གི་དབང་དུ་ཡང་བྱས་མེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist