མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་དམངས་གཙོ་དང་ཁ་ཐག་ཧ་ཅང་རིང་། འཕྲིན་ལས་རྒྱ་མཚོ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

འཕྲིན་ལས་རྒྱ་མཚོ།

ང་ཚོས་འདས་པའི་ལོ་རབས་ཁ་ཤས་ཀྱི་རིང་དུ་ང་ཚོའི་སྤྱི་ཚོགས་འདི་དམངས་གཙོ་ཚད་ལྡན་ཞིག་ཡིན་ཞེས་བསྒྲགས་གཏམ་མ་ཎི་བགྲང་བ་བཞིན་དུ་སྤེལ་བ་རེད། དོན་དངོས་སུ་ང་ཚོ་དམངས་གཙོ་ཅན་དུ་གྱུར་ཡོད་དམ་ཞེ་ན། མེད། བཤད་སྟངས་གཞན་ཞིག་གིས་བཤད་ན་ང་ཚོ་ནམ་ཡང་དམངས་གཙོ་ཆགས་མ་མྱོང་ལ། དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་བར་ལམ་ཐག་ཀྱང་ཧ་ཅང་རིང་། རྒྱུ་མཚན་གང་ལ་ཞེ་ན་བོད་པ་རྣམས་ཀྱི་བསམ་བློའི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་བྱ་ཐབས་འདྲ་མིན་གྱི་འོག་ཏུ་བཀག་ཡོད།

བོད་གཞུང་དང་དེའི་ལས་ཀྱི་སྣེ་མོར་གཏོགས་པའི་མི་རྣམས་ཀྱི་ནོར་འཁྲུལ་ཅན་གྱི་བྱ་བཞག་ལ་སྐྱོན་བརྗོད་བྱས་ཚེ། ༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ངོ་ལོག་བྱེད་ཀྱིན་པའི་སྙོན་འཛུགས་བྱས་ཏེ་ཁྱེད་རང་གི་ཁ་གཅོད་ཐབས་བྱེད་པ་ཡིན། ང་ཚོས་དམངས་གཙོ་ཡིན་པར་རློམ་པའི་བོད་གཞུང་འདི་ལ་ལྟ་བརྟག་བྱེད་པའི་ཕྱོགས་འགལ་ཚོགས་པ་མེད་པར་བརྟེན། བོད་གཞུང་གི་ལས་བྱེད་རྣམས་ཀྱིས་འབངས་མི་གཉོམ་ཆུང་ཚོར་བྱ་སྤྱོད་མི་ལེགས་པ་ཇི་ལྟར་བསྟན་ཀྱང་གཉོམ་ཆུང་གིས་གཉོམ་ཁུར་བ་ལས་བྱ་ཐབས་གང་ཡང་མེད། བོད་གཞུང་གི་ལས་ཁུངས་ཤིག་ཏུ་སོང་སྟེ་རང་གི་དགོས་དངོས་ཀྱི་ཡིག་ཆའི་ལས་ཀ་ཞིག་བྱེད་པ་ནི་སྲང་ལམ་དུ་ལྟོ་སློང་བ་ལས་ཀྱང་ཁག  ལས་ཁུངས་གང་ཞིག་གི་ནང་དུ་འཛུལ་བ་ནས་མགོ་དམའ་མོ་བྱས་ཏེ། “སྐུ་ངོ་ལགས། ལགས་སོ། ལགས་སོ།” ཞེས་རང་ཉིད་ཀྱིས་གང་ཤེས་པའི་ཞེ་ས་ཡོད་ཚད་མ་བརྒྱབ་ཚེ། “ག་རེ། གོ་མ་སོང་” ཞེས་ཁྱོད་ནི་བོད་པ་ཞིག་ཡིན་པ་ཕར་ཞོག གླིང་གཞན་ཞིག་ནས་ཡོང་བའི་སྲོག་ཆགས་ཤིག་ཡིན་པ་ལྟར་བྱེད་ངེས་ཡིན།

དེ་ལས་སྡིག་དམོད་དང་ཁ་འཛིང་བྱེད་ཞོར་དུ་རྒྱ་གར་ཡིག་ཚང་དག་ཏུ་ལས་ཀ་བྱས་ན་ཧ་ཅང་སྟབས་བདེ་བོ་འདུག

ཡིད་སྐྱོ་བ་ཞིག་ལ་གཞུང་གི་མི་སྣ་འདི་ཚོས་དམངས་གཙོའི་སྤྱི་ཚོགས་སུ་དམངས་ཏེ་འབངས་རྣམས་གཙོ་བོ་ཡིན་པ་དང་གཞུང་དང་དེའི་ལས་ཀྱི་སྣེ་མོར་གཏོགས་པའི་མི་རྣམས་དམངས་ཀྱི་ཞབས་གཡོག་ཡིན་པའི་ཆེས་སླ་བའི་དམངས་གཙོའི་རྩ་འཛིན་འདི་ཡང་ཤེས་ཀྱིན་མེད་པ་འདྲ། ལས་ཁུངས་ཤིག་གི་དྲུང་ཡིག་ཆུང་ཆུང་ཞིག་ལས་མིན་ན་ཡང་། དཔོན་ཚུགས་གཏོད་རྒྱུར་དགའ་བ་མ་ཟད། འབངས་མི་གཉོམ་ཆུང་ཚོར་དགོས་མེད་ཀྱི་གཤེ་གཤེ་ཡང་གཏོང་ངེས་ཡིན། ཉེ་བའི་བདུན་ཕྲག་འགའི་སྔོན་དུ་ང་རང་གི་རང་བཙན་ལག་དེབ་ཀྱི་དུས་ཡུན་ཕྱིར་འགྱངས་བྱེད་དགོས་པར་བརྟེན། བདེ་སྲུང་ལས་ཁུངས་སུ་སོང་སྟེ་དྲུང་ཡིག་ག་གེ་མོ་ཞིག་གི་འགྲམ་དུ་བཅར་བ་ཡིན། ངས་ “ཨ་་་་འདིར་” ཞེས་ཁོང་ལ་སྐད་ཆ་ཞིག་འདྲི་བའི་འགོ་བརྩམས་མ་ཐག  ཁོང་གིས “ཨ་་ཨ་་ ག་རེ་” ཞེས་རྣམ་འགྱུར་མི་ལེགས་པ་ཞིག་དང་མཉམ་དུ་གཤེ་གཤེ་གཏང་རྒྱུ་ཡིན་པའི་ཉམས་བསྟན་སོང་། ཁོང་གི་རྣམ་འགྱུར་དེས་ང་ལ་གློ་བུར་བའི་ཁོང་ཁྲོ་ཞིག་བསླངས་བྱུང་བས། “ཁྱོད་ལ་སྐད་ཆ་ཡང་འདྲི་ཆོག་གི་མ་རེད་དམ་” ཞེས་ཁོང་ཁྲོའི་ཉམས་ཀྱིས་བཤད་པས་ཁོང་ཡང་དེ་མ་ཐག་ལྷོད་དུ་བབས་ཏེ་ “ཆོག་གི་རེད། ཆོག་གི་རེད།” ཞེས་བཤད་བྱུང་། འདི་ནི་ངན་པ་རྒྱུན་འཇགས་སུ་སོང་བའི་ཐ་ཤལ་གྱི་བྱ་སྤྱོད་ཅིག་གམ་སྐུ་དྲག་ཚོའི་ཤུལ་བཞག་སྲོལ་རྒྱུན་རིག་གནས་གང་ཞིག་ཡིན་པ་བདག་གིས་མ་ཤེས།

མཚམས་རེར་དམངས་གཙོའི་སྤྱི་ཚོགས་འདིའི་འགོ་ཁྲིད་ཚོའི་སྐད་ཆ་ལ་ཉན་ན་དགོད་བྲོ་བ་ཞིག་ཀྱང་རེད། ང་ཚོའི་དམངས་གཙོ་འདི་ནུབ་ཕྱོགས་པའི་དམངས་གཙོ་ལ་དཔེ་བྱས་པ་སྨྲོས་མེད་ཡིན་ཞིང་། སྤྱི་ཚོགས་འདིའི་འགོ་ཁྲིད་ཚོ་བྱ་བཞག་ཡོད་ཚད་ནུབ་ཕྱོགས་པའི་དམངས་གཙོ་ལ་ཚད་བཙུགས་ཏེ་གཏམ་བཤད་བྱེད་རྒྱུར་ཡང་ཧ་ཅང་དགའ་བ་ཡིན། འོན་ཀྱང་། ནུབ་ཕྱོགས་པས་དོན་དངོས་ཀྱི་བྱེད་སྟངས་དང་ཁོང་ཚོས་བྱ་བ་སྒྲུབ་ཕྱོགས་གཉིས་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པ་དེ་ལ་ནམ་ཡང་དོ་སྣང་བྱེད་ཀྱིན་མེད། ང་ཚོས་དཔེ་རུ་བྱེད་པའི་ནུབ་ཕྱོགས་པའི་དམངས་གཙོའི་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་རྣམས་ཀྱིས་མི་དམངས་ཀྱིས་ཅི་ཞིག་བཤད་པར་དོ་སྣང་དང་གཙིགས་ཆེན་བྱེད་པ་ཡིན་ལ། གཞུང་གི་སྲིད་ཇུས་མང་པོ་ཞིག་ཀྱང་དེ་ལྟར་གཏན་འབེབ་བྱེད་བཞིན་ཡོད། ང་ཚོའི་འགོ་ཁྲིད་ཚོ་དམངས་ཀྱིས་བདམས་པ་ལས་དམངས་གཙོའི་སྲོག་སྙིང་སྟེ་དམངས་ལ་ཉན་སྲོལ་མེད། ད་ལོའི་ལོ་སྟོད་དུ་འཚོགས་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་སྐབས་སུ་སྤྱི་འཐུས་ཚང་མས། ༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེས་ཅི་གསུངས་བཀའ་བསྒྲུབ་ཞུ་གི་ཡིན། ཞེས་བཤད་པ་ལས་དམངས་ཀྱི་བསམ་ཚུལ་ལ་ཉན་ཏེ་ལས་ཀ་བྱ་རྒྱུ་ཡིན་ཞེས་བཤད་མཁན་ང་ནོར་བ་མིན་ན་བྱུང་མ་སོང་། བསམ་བློ་ཞིག་ཐོངས་དང་། འདི་ནི་དམངས་གཙོ་ཞིག་རེད་དམ། དམངས་ཞེས་པའི་ཡིག་འབྲུ་འདི་ལ་གོ་གནས་ཤིག་སྤྲད་འདུག་གམ།

བཙན་བྱོལ་བོད་གཞུང་འདི་སྐུ་དྲག་ལམ་ལུགས་དང་ཁ་ཐག་རིང་དུ་གྱེས་མི་འདུག་ཅེས་བཤད་ན། མི་མང་པོ་ཞིག་ལ་ཕོག་འགྲོ་བ་བཤད་མི་དགོས་པ་ཞིག་ཡིན། འོན་ཀྱང་། དོན་དངོས་སུ་བཙན་བྱོལ་གཞུང་འདིའི་བསམ་བློ་གཏོང་ཕྱོགས་ཡང་དག་པའི་དམངས་གཙོ་ཅན་དུ་འགྱུར་བར་ད་དུང་ཡང་ལམ་ཐག་ཧ་ཅང་རིང་། སྔོན་ཆད་ངས་ཀྱང་གཞུང་འདི་ནི་དམངས་གཙོའི་གཞུང་ཞིག་ཡིན་པར་ཡིད་ཆེས་བྱས་པ་ཡིན། སྐབས་དེ་དུས་ཀྱི་བདག་གི་བསམ་བློ་ནི་ཕྱོགས་རིས་པ་ཁོ་ན་ལས་མ་འདས། བོད་གཞུང་འདི་དམངས་གཙོའི་གཞུང་ཞིག་དང་མི་མཚུངས་པར་མི་དམངས་ཀྱི་འདོད་ཚུལ་དང་སྐྱོན་བརྗོད་ལ་ཉན་རྒྱུར་གཏན་ནས་མི་དགའ། དཔེ་ཆུང་ཆུང་ཞིག་བཤད་ན། ཉེ་སྔོན་བོད་ཡིག་དུས་དེབ་ཅིག་གི་རྩོམ་སྒྲིག་པའི་འགན་འཁུར་བཞིན་པའི་བདག་གི་གྲོགས་པོ་ཞིག་བཀའ་ཤག་ཏུ་རོགས་དངུལ་ཅུང་ཙམ་སློང་དུ་སོང་འདུག  སྐབས་དེ་དུས་ཁོང་ལ་བཀའ་ཤག་གིས་དུས་དེབ་ཀྱི་ནང་དུ་བོད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ན་རོགས་དངུལ་ཡོད་པ་མ་རེད་ཅེས་བཤད་འདུག  ལྟོས་དང་།  དམངས་གཙོའི་རྒྱལ་ཁབ་གཞན་གྱི་གཞུང་གི་མ་དངུལ་བཏང་སྟེ་གསར་འགྱུར་དང་རྩོམ་རིག་གི་བྱ་བཞག་ཚོགས་པ་སྒེར་ལ་སྤེལ་དུ་འཇུག་གི་ཡོད། དཔེར་ན། BBC དང VOA ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་གཞུང་གི་མ་དངུལ་གཏོང་བའི་ཚོགས་པ་རྐྱང་རྐྱང་ཡིན་ལ། འདི་དག་གི་བརྗོད་གཞིར་གཞུང་གི་ཐེ་གཏོགས་རྩ་ནས་མེད། དམངས་གཙོ་ཅན་གྱི་བོད་གཞུང་གི་ཚགས་ཤོག་དང་དུས་དེབ་ཁག་ཏུ་དམངས་ཀྱི་ཟུར་ཙམ་ཡང་མེད། འདིས་ཅི་ཞིག་བསྟན་ཡོད་ཅེ་ན། དམངས་གཙོ་ཡིན་པར་བཤད་པའི་གཞུང་འདིར་དམངས་མི་དགོས་པ་དེ་རེད།

རྣལ་ལ་བབས་ཏེ་བསམ་བློ་རེ་གཏོང་ཚེ་འདི་ནི་༧རྒྱལ་བ་རིན་པོ་ཆེ་ཐུགས་རྒྱས་པའི་མཆོད་པ་ཞིག་གཏན་ནས་མིན། ཁོང་གིས་ཐོས་འདོད་པ་ནི་གཞུང་གིས་དམངས་ལ་སྲི་ཞུ་སྒྲུབ་བཞིན་པ་དང་། དམངས་ཀྱིས་གཞུང་གི་སྲིད་ཇུས་དང་བྱ་བཞག་ལ་ཐེ་གཏོགས་བྱེད་བཞིན་པའི་དམངས་གཙོའི་སྤྱི་ཚོགས་སྲ་ཐག་ཐག་ཅིག་ཡོང་རྒྱུ་དེ་ཡིན། ༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་བྱེད་པ་ལས་ཅི་ཡང་མི་མཁོ་ན། དམངས་གཙོ་མི་མཁོ་ལ། ཤེས་འཇོན་ཅན་གྱི་འགོ་ཁྲིད་ཀྱང་མི་མཁོ།

ད་ལྟ་བཙན་བྱོལ་སྤྱི་ཚོགས་ཀྱི་གང་ཡིན་སར་ལོ་རྗེས་མའི་འོས་བསྡུ་ནི་ཉིན་རེ་འཚོ་བའི་ཁྲོད་ཀྱི་བརྗོད་གཞི་གལ་ཆེ་ཞིག་ཏུ་གྱུར་འདུག་མོད། བདག་ལ་མཚོན་ན་འདི་ནི་ཉི་མ་གཏོང་བྱེད་མེད་པའི་ཚོགས་པ་ལྔ་དང་ཨ་རིར་ཝེ་བཟྭའ་རག་གི་མེད་པའི་མགོ་བདེ་ཚོའི་གར་སྟེགས་ཀྱི་གཏམ་རྒྱུད་ཅིག་ལས་མ་འདས།

འབྲེལ་ཡོད་གསར་འགྱུར།

ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢
Mobile App

གཏམ་གླེང་དམར་རྗེན་མ།

༢༠༢༥/༠༥/༢༢
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡

མཆན། 33

  1. འབྲོང་བུ་ཟླ་བ། says:
    ལོ་ 15 སྔོན།

    ང་ཚོ་མང་གཙོ་དང་ཁ་ཐག་ཧ་ཅང་རིང་བ་མངོན་སུམ་རེད། མང་གཙོ་གཞུང་ནི་མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་ཡིན་ན། ང་ཚོ་དངོས་ནས་ཁ་ཐག་རིང་གི

    Reply
  2. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    རྭ་ལོ་མིང་ཅན། མི་འགྱུར་རྡོ་རྗེ་ཡག་སྡུག་གི་སྐད་ཆ་དེ་ཁོའི་ལས་རོགས་དང་གཤམ་འོག་གི་ལས་བྱེད་ཚོར་སྐད་ཆ་དྲིས་དང་གསལ་པོ་ཆགས་ངེས། དེ་མ་གཏོགས་ངས་ཁྱོད་ལ་གསལ་བཤད་དགོས་ངེས་མ་མཐོང༌།

    Reply
  3. འཕྲིན་ལས says:
    ལོ་ 15 སྔོན།

    རྨོག་རི་བསྟན་པ་ལགས།
    ཁྱེད་ཀྱིས་ཐམས་ཅན་མཁྱེན་པ་གསུང་གི་ཡོད་དམ།
    ང་ནི་ཐམས་ཅད་མཁྱེན་པར་ཡིད་ཆེས་བྱེད་མཁན་ཚོའི་རིགས་སུ་མི་གཏོགས་ལ། རང་ཉིད་ཐམས་ཅད་མཁྱེན་པ་ཡིན་མདོག་གིས་གང་ཡིན་སར་མགོ་རྒྱག་རྒྱུར་ཡང་མི་དགའ།

    Reply
  4. དྲང་སྲོང་། says:
    ལོ་ 15 སྔོན།

    གནའ་རབས་བོད་ཀྱི་སྐུ་དྲག་རང་ལུགས་དང་། །
    ད་ལྟའི་དམར་པོའི་སྲིད་དབང་སྒེར་འཛིན་གཉིས། །
    ཟུང་དུ་འབྲེལ་བའི་ལ་ཤན་འཕར་མ་ཞིག །
    ད་དུང་བོད་མའི་གཤེས་ལ་ཉལ་བ་འདྲ། །

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    འཕྲིན་ལས་ལགས། སེམས་ཚོར་གྱི་ཆ་ནས་འདྲ་ས་མང་པོ་འདུག
    ཡིན་ཡང་སྐད་ཆ་འདི་རིགས་བཤད་སྐབས་ཕྱོགས་མང་པོ་ཞིག་ནོན་དགོས་པ་གལ་ཆེན་པོ་རེད།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ཁྱེད་རྣམ་པས་རང་བཙན་ལག་དེབ་ཤི་ནས་ཕུང་པོ་རོ་ཁང་ནང་དུ་བསྐྱལ་ཚར་བ་མ་ཤེས་པར་རང་བཙན་ལག་དེབ་ཅིག་ཅིག་མོག་མོག་གསུངས་བསྡད་པ་འདིར་ག་རེ་རེད་དམ།
    བཙན་རང་ལག་དེབ་ཟེར་བ་ཞིག་དེང་སང་ཡོད་དམ། 1970ནང་དུ་བསྡད་ཡོད་པ་མ་རེད་ད།

    Reply
  7. འཕྲིན་ལས says:
    ལོ་ 15 སྔོན།

    བྱ་གཞུང་དཔལ་རྡོར་ལགས།
    ད་དུང་ཁྱེད་ལ་བཤད་རྒྱུ་ཞིག་ལྷག་འདུག
    སྐྱོན་ངོས་འཛིན་བྱེད་པ་ནི་དྲང་ཕྱོགས་སུ་བསྐྱོད་པའི་ལས་དང་པོ་ཡིན་པ་ལས་ཁྱེད་ཀྱིས་བཤད་ལྟར་འཐབ་འཛིང་གི་སྟ་གོན་ཞིག་གང་ནས་ཡིན། དམངས་གཙོའི་གཞུང་ཞིག་ལ་ལས་ཀ་བྱེད་ཀྱིན་ཡོད་ན་སྐྱོན་དང་ལེན་བྱེད་རྒྱུར་གོམས་པར་གྱིས།

    Reply
  8. འཕྲིན་ལས says:
    ལོ་ 15 སྔོན།

    བྱ་གཞུང་དཔལ་རྡོར་ལགས།
    ཁྱོད་ལ་སྐད་ཆ་མང་པོ་ཞིག་བཤད་འདོད་མ་བྱུང་ལ་བཤད་པའི་དགོས་པ་ཡང་མ་མཐོང་། ཁྱེད་ཀྱིས་རང་གིས་བྲིས་པའི་ཨ་མ་ལ་སྐྱོན་བརྗོད་ཅེས་པ་དང་རང་དོན་ཞིག་བོད་གཞུང་ལ་སོང་ནས་འགྲུབ་མ་འགྲུབ་ཅེས་པ་འདི་ལ་གཟིགས་ཏེ་བསམ་བློ་ཡག་པོ་ཞིག་ཐོངས།
    སྤྱིར་དམངས་གཙོ་ཡོད་ཚད་སྒེར་སོ་སོ་ནས་འཛུགས་དགོས་པ་ཡིན་ལ། སྒེར་སོ་སོའི་ཕན་ན་དམངས་ཞེས་པ་འདི་མེད་པ་ཤེས་པར་གྱིས། དམངས་ཀྱི་དོན་ཞིག་འགྲུབ་གི་མེད་ན་གཞུང་གི་དོན་འགྲུབ་གི་མེད་པའི་ཁྱབ་པ་ཡིན། དམངས་དོན་མི་དགོས་ན་གཞུང་ཡོད་པའི་དགོས་པ་ཅི།
    ཁྱེད་ཀྱིས་ཨ་མར་དཔེ་སྤྱར་འདི་ནི་སྐུ་དྲག་ཚོས་འབངས་ལ་བྱམས་བརྩེ་ཡོད་ཁུལ་བྱེད་པའི་སྔར་གྱི་འགྲོ་ལུགས་ཤིག་ལས་དུས་རབས་ ༢༡ ནང་དུ་ཚིག་འདི་ལྟ་བུ་ལ་གོ་གནས་མེད།

    Reply
  9. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    དུས་བབ་ཟིན་བྲིས་ནང་གི་མི་འདི་ཚོས་གཞུང་གི་ལས་བྱེད་ཚོར་སྐྱོན་བརྗོད་དང་རྒོལ་གཏམ་བཏང་ཆོག་ན་བོད་གཞུང་གི་ལས་བྱེད་ཚོས་ཁོང་ཚོར་མངོན་ཚང་བྲིས་མ་ཆོག་པ་མེད་པས། གཞུང་གི་ལས་བྱེད་ཚོས་ཀྱང་མི་དག་ལ་ཞིབ་འཇུག་གིས་ཁྲིམས་དང་སྒྲིག་སྲོལ་དང་འགལ་བའམ། ཁུངས་མེད་འཆལ་གཏམ་ཡིན་ན་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་ངེས་རེད། དེ་ལྟར་བྱས་ན་གཞི་ནས་མང་གཙོ་ཡར་རྒྱས་འགྲོ་གི་རེད་ལ། མང་གཙོ་སྲུང་ཐུབ་པ་རེད། དེ་མིན་མང་གཙོ་དེ་ཁྱི་གཙོ་མི་ཆགས་པའི་ངེས་བ་མི་འདུག་གོ

    Reply
  10. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་མང་གཙོ་ཚད་ལྡན་ཞིག་མིན་པ་བདེན་ཡང་ཁོའི་ལོ་ཚོད་དང་གནས་སྟངས་ལ་ལྟོས་པས་ཡག་ཐག་ཆོད་ཡོད་པ་རེད། སྐྱོན་གཅིག་པུ་ལ་བསམ་བློ་མ་གཏོང་དགེ་མཚན་ལའང་བསམ་བློ་གཏོང་དགོས་པ་རེད། དེ་ལྟར་བྱས་ན་བློ་གཟུར་བོར་གནས་བ་རེད། དྲང་མོར་བཤད་ན་བོད་གཞུང་ད་ལྟ་བར་ཁྲིམས་དང་སྒྲིག་གཞི་ལྟར་ཡག་ཐག་ཆོད་འགྲོ་ཐུབ་པ་དེའང་ང་ཚོ་ཟིན་བྲིས་བ་ཚོས་རྩོམ་བྲིས་ནས་བྱུང་བ་ཞིག་མ་ཡིན་པར་གཞུང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་དཀའ་ལས་བརྒྱབ་ནས་བྱུང་བ་རེད། མང་གཙོ་ཚད་ལྡན་ཅི་འདྲ་ཞིག་མིན་ནའང་བཙན་བྱོལ་ནང་དུ་ཡག་ཐག་ཆོད་བྱུང་བ་རེད། གཙོ་བོ་ནི་ཁ་བདེ་བོ་བཤད་ནས་ཅི་ཡང་ཡོང་རྒྱུ་མེད་པར་གཙོ་བོ་དཀའ་ལས་རྒྱག་དགོས་པ་རེད།

    Reply
  11. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    ཁྱེད་ཀྱིས་བཤད་པ་ལ་རྒྱུ་མཚན་ལོས་ཡོད་ཀྱང་། བོད་བཙན་བྱོལ་གཞུང་འདི་མང་གཙོ་མ་ཡིན་ཞེས་ནའང་ག་ལ་འགྲིག མང་གཙོ་ཡིན་མིནནི་་ཁྱེད་ཀྱིས་མ་རེད་ཟེར་ན་མིན་འགྲོ་བ་ཞིག་ཀྱང་མ་རེད། དེ་མ་ཚད་མང་གཙོ་ཡིན་མིན་ནི་སྨྲ་བརྗོད་རང་དབང་ཡོད་མེད་དང་། འོས་བསྡུ་བྱེད་དབང་ཡོད་མེད། ཁྲིམས་ཀྱིས་དབང་སྒྱུར་ཡིན་མིན་སོགས་ལ་ལྟ་དགོས་པ་ལས་རང་དོན་ཞིག་བོད་གཞུང་ལ་སོང་ནས་འགྲུབ་མ་འགྲུབ་ལ་བརྟེན་ནས་བོད་གཞུང་མང་གཙོ་མ་རེད་ཟེར་ན་དགོད་བྲོ་བོ་འདུག དེ་མི་ཚད་གཞུང་གི་ལས་བྱེད་ག་གེ་མོ་ཞིག་གི་སྤྱོད་ཚུལ་ལ་བལྟས་ནས་བོད་གཞུང་གི་ལས་བྱེད་ཚང་མར་རྒྱུགས་པ་ལེབ་རྡུང་བྱས་ན་ག་ལ་རུང་། བཙན་བྱོལ་སྤྱི་ཚོགས་དང་བོད་གཞུང་ལ་སྐྱོན་བརྗོད་བྱེད་དགོས་ན་རང་གི་ཨ་མ་ལ་སྐྱོན་བརྗོད་དང་གསལ་འདེབས་བྱེད་པ་ལྟར་བྱེད་དགོས་པ་ལས། རང་དོན་ཁོག་བཅིང་གིས་མགོ་རྔ་གང་ཡང་མེད་པར་བསམ་ཚུལ་བཤད་ན་ཅི་ལ་འགྲིག བོད་གཞུང་གི་ལས་བྱེད་དང་མི་མང་སུ་ཞིག་འགྲིག་གི་ཡོད་མེད་ཀྱང་བཤད་དཀའ་སྟེ། རང་དབང་ལག་དེབ་ནི་བོད་རང་དབང་སླར་གསོའི་ལས་དོན་ལ་ཤིན་ཏུ་གལ་ཆེ་བའི་བོད་མི་ཚོའི་ཁྲིམས་མཐུན་གྱི་ཡིག་ཆ་ཞིག་ཡིན་ནའང་བོད་མི་ཚོས་ཕྱི་རྒྱལ་ལ་འགྲོ་བའི་ཆེད་བློ་ཡུལ་དུ་མི་ཤོངས་རྫུན་བཟོ་བྱེད་བཞིན་པ་དང། བོད་གཞུང་གི་དེའི་འགོག་ཐབས་སུ་ཁྲིམས་ལྟར་ལག་བསྟར་བྱེད་སྐབས་མི་མང་པོས་རང་དོན་ཆེད་དུ་བོད་གཞུང་གི་ལས་བྱེད་ཚོར་འཇིག་སྐུལ་དང་། སྙད་འདོགས། འུར་སྒྲོགས། གཅར་རྡུང་བྱས་པ་ལྟ་བུ་རེད། དེ་མི་ཚད་དཔལ་འབྱོར་ལས་ཁུངས་བཀའ་བློན་ལ་གཅར་རྡུང་བྱེད་ཉེར་ཡོད་དུས་མི་འགའ་ཤས་ཀྱིས་མཐོང་སྟེ་འགག་འགོག་བྱས་པ་ལྟ་བུ་རེད། གཞུང་གི་ལས་བྱེད་ཚོས་མི་མང་ལ་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱེད་སྐབས་རང་དོན་དང་འགལ་བ་ཞིག་ཡིན་ཚེ་ཐབས་བརྒྱ་ཇུས་སྟོང་གི་བོད་གཞུང་ལ་སྐུར་འདེབས་བྱེད་ཞོར་སོ་སོ་རང་ཉིད་ནི་མང་གཙོ་བསམ་མཁན་དང་། སྤྱི་ཚོགས་བསམ་མཁན། ཆབ་སྲིད་རིག་པར་མཁས་མདོག་སྟོན་པ་རེད། ད་སྐབས་ང་ཚོར་བོད་གཞུང་མང་གཙོ་ཇི་འདྲ་ཡིན་མིན་གྱི་དཀའ་ངལ་དེ་མིན་པར་མི་སྐོར་ཞིག་གིས་བོད་གཞུང་ལ་གཏིང་ནས་གནག་བསམ་པ་རེད། ཁོ་བ་ཚོས་བོད་ཀྱི་ཆེད་དུ་ལས་ཀ་ཅི་ཞིག་བྱས་པ་དང་བྱེད་བཞིན་ཡོད་མེད་ལ་བལྟས་ན། མང་ཆེ་ཤོས་ནི་ཉིན་མ་བསྐྱལ་མཁན་དང། དུས་ཚོད་སྐར་ཆ་ཙམ་ལ་རང་ཉིད་ལ་ཞུ་དག་མི་བྱེད་པར་ཉིན་མཚན་དུས་དྲུག་ཏུ་བོད་གཞུང་ལ་སྙད་འདོགས་ཅི་ཞིག་བྱེད་མིན་ལ་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་གཅིག་བཏང་སྟེ་འཆལ་གཏམ་སྒྲོག་པ་རེད། དངོས་གནས་ཕན་བསམ་ན་བཤད་སྟངས་དེ་འདྲ་ཞིག་མ་ཡིན་པར་དུས་ཚོད་དང་ནུས་པ་བཏང་ནས་ཞིབ་འཇུག་ལེགས་པོ་ཞིག་བྱས་རྗེས་བཤད་ན་དོན་ལ་གནད་པ་རེད།

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རང་བཙན་ལག་དེབ་ཀྱི་དུས་ཡུན་ཕྱིར་འགྱངས་ཆེད་བདེ་སྲུང་ལས་ཁུངས་སུ་འགྲོ་དགོས་པ་འདྲ།
    ངའི་ཅི་ཡང་མི་ཤེས་མོད། དེས་སྐོར་བཤད་མཁན་ཡང་མི་འདུག གང་ལྟར་རང་བཙན་ལག་དེབ་གྱི་ཐོ་འགོད་བྱེད་བཞིན་པ་གོ་བ་དང་དེ་གར་ཐོ་འགོད་བྱེད་སེར་འགྲོ་གིན་ཡོད། ལོ་ལྔ་རེ་དུས་འགྱངས་དགོས་ཟེར་བ་གོ་ཐོས་བྱུང་།འོན་ཀྱང་ལོ་རེ་རེའི་ནང་ལ་ཡང་དཔྱ་ཁྲལ་རེ་འབུལ་དགོས་ཀྱིན་འདུག་གཱ། དཔྱ་ཁྲལ་འབུལ་སྐབས་ཀྱི་སྒོར་གྱི་ཚད་ཀྱང་མི་འདྲ་བ་རེ་ཡོང་གིནའདུག་ དེ་དག་གང་འདྲ་ཡིན་ངའི་མི་ཤེས་ལ་བཤད་མཁན་ཅང་མི་འདུག
    གངལྟར་རང་ཉིད་བོད་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཐོ་འགོད་བྱེད་རྒྱུ་ལས་གཞན་པའི་རྒྱུ་མཚན་ངའི་མི་ཤེས
    དྲ་གྲོགས་ཚོ་འདི་ངའིལེན་པ་ཨེ་ཡིན་ནམ

    Reply
  13. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཨ་རོགས་དྲ་གྲོགས་ཚོ་བདེ་མོ་ངང་ནས་བཤད་ན་ཡག་ཁི་།

    Reply
  14. འཕྲིན་ལས says:
    ལོ་ 15 སྔོན།

    སེམས་ལ་མ་འཛིན་ཞེས་བཅོས་རོགས།

    Reply
  15. འཕྲིན་ལས says:
    ལོ་ 15 སྔོན།

    ཁྲ་གླག་སྤྱང་གསུམ་ལགས།
    ཁྱོད་ལ་ཕོག་སོང་ན་དགོངས་དག ངས་ཧམ་བཤད་རྒྱག་མཁན་དང་མི་ཤེས་ཤེས་འདོགས་བྱེད་མཁན་དེ་ཚོར་དམིགས་པའི་སྐད་ཆ་དེ་ཚོ་སེམས་ལ་འཛིན།

    Reply
  16. འཕྲིན་ལས says:
    ལོ་ 15 སྔོན།

    ཨོ་ཡ་་་
    སྐུ་དྲག་ཚོའི་ཕྱོགས་སུ་གཏོགས་པ་འགའ་རེ་ཡོད་པ་སྔོན་ནས་ཚོར་བྱུང་།
    དེ་ལྟར་སྐད་ཆ་དྲང་བོར་ཤོད་དང་ཉེས་པ་མེད།

    Reply
  17. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ཡ་ཡ། འཕྲིན་ལས། ངས་ཁྱོད་ཀྱི་རང་བཞིན་ཚང་མ་ཤེས་སོང༌། ཐུགས་ཆེ་གནང་

    Reply
  18. རྭ་ལོ། says:
    ལོ་ 15 སྔོན།

    བོད་མིའི་ལས་དབང་ཟེར་མཁན་ཁོང་ལགས། བཀའ་དྲུང་མི་འགྱུར་རྡོ་རྗེ་ནི་དངོས་གནས་མི་ཡག་པོ་ཞིག་ཡོད། ཁོང་གི་གསུང་མོལ་བཙན་པོ་འདྲ་ཡོད། འོན་ཀྱང་། དོན་ལ་འབབ་དུས་ཁོང་ནི་ཕན་ཐོགས་ཆེ་ཤོས་ཀྱི་མི་ཞིག་ཡིན། མིའི་སྐྱིད་སྡུག་ཤེས་མཁན་ཞིག་ཡིན། ང་ཁོང་ཉིད་ལ་རྒྱུས་མངའ་ཡོད།

    རྒྱུས་མ་ལོན་གོང་ལ་སྐྱོན་བརྒྱབ་ན་ཡག་པོ་མ་རེད།

    མ་གཞི་ནས་སྐུ་དྲག་གི་བྱེད་སྟངས་ནི་ཁྱེད་ཚོས་བཤད་པ་དེ་འདྲ་མ་རེད། དེ་ཚོའི་རྩེད་མོ་དེ་རྩེས་ཁག་པོ་ཡོད་པ་རེད། ཞལ་འཛུམ་གྱིན་འཛུམ་གྱིན་ཏུ་ཕྱག་ནས་སྟར་ཀ་གཅོག་གི་རེད། ད་ཤེས་སོང་ངམ།

    Reply
  19. འཕྲིན་ལས says:
    ལོ་ 15 སྔོན།

    ཁྲ་གླག་སྤྱང་གསུམ་ལགས།
    ཁྱེད་ལ་དུས་ཚོད་ཡོད་ཀྱང་ང་ལ་ལམ་སྟོན་དང་སློབ་ཁྲིད་བྱེད་པའི་དུས་ཚོད་མི་འདུག མི་གཞན་ཞིག་གི་འགྲམ་དུ་སྤྱོངས།

    Reply
  20. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    དེ་རིང་ང་ལ་དུས་ཚོད་ཏོག་ཙམ་ཡོད། ཁ་བརྡ་འདྲ་བྱས་ན་འགྲིག
    རང་བཙན་ལག་དེབ་དུས་འགྱངས་ཀྱང་ལོ་ལྔ་རེའི་མཚམས་སུ་བྱེད་དགོས་པ་དེ་དངོས་གནས་ཤེས་མ་བྱུང༌། ངས་དེབ་གསར་རྙིང་སྤྱོད་པ་ཡིན་ཏེ་ཤེས་མ་བྱུང༌། ག་དུས་འགོ་བཙུགས་པ་རེད། ༢༠༠༥་ལོ་ནས་འགོ་བཙུགས་པ་མིན་འགྲོ། ཉེ་ཆར་སྐུ་ཉིད་རིང་ནུར་གནང་བར་པེབས་འདུ་ག

    ཁ་རྡུང་ལ་བཟོད་སེམས་དང་དེའི་གོང་དུ་རང་སྲོག་བློས་གཏོང་ཞེས་པ་གཉིས་དེ་རང་དུ་དོན་འགལ་དུ་སོང་མི་འདུག་གམ་ཟེར། འདི་དོན་ངོ་མ་གོ་རྒྱུ་ཚོར་རྒྱུ་ཅིག་ཀྱང་མི་འདུག སྐད་ཆ་བཤད་མི་ཤེས་ན་བཙན་གྱིས་ཤོད་ཟེར་མཁན་མེད་ཟེར་བ་དེ་རང་ཐོག་ལ་ཕར་གསུང་པར་ཞུ།

    བོད་ཀྱི་རང་དབང་རྩོམ་རིགས་སྡེ་ཚན་ཁག་འཇིག་སྐུལ་དྲག་སྤྱོད་རིང་ལུགས་པར་དཔེར་བྱས་པ་མ་རེད། ཨ་རིའི་གཞུང་ལ་ཁ་གཏོང་མཁན་ལ་ཨ་རིའི་གཞུང་གིས་རོགས་པ་བྱེད་ཀྱི་མེད་པའི་དཔེར་བཀོད་པ་རེད། སྐད་ཆ་ཉན་མི་ཤེས་ན་བཙན་གྱིས་ཉན་ཟེར་མཁན་མེད་ཟེར་བ་དེ་རང་ཐོག་ལ་ཕར་གསུང་པར་ཞུ།

    CNN ནི་སྒེར་གྱི་ཚོགས་པ་ཞིག་ཡིན་པས་དེ་གཞུང་ཞིག་དང་དཔེར་འགོད་ས་མེད་ཟེར། ཨ་རི་དེ་མང་གཙོ་སྤྱི་ཚོགས་ཡིན་པ་དང༌། cnn དེ་ཡང་མང་གཙོའི་མགྲིན་ཚབ་མ་ལྟ་བུ་ཡིན་ཀྱང༌། ར་རང་ལ་ལངས་ཕྱོགས་རེ་ཡོད་པ་དེ་བྟན་པ་རེད། དཔེ་རྒྱན་ཡག་པོ་སྐུ་ཉིད་ཀྱིས་སྤྱོང་།

    Reply
  21. འཕྲིན་ལས says:
    ལོ་ 15 སྔོན།

    ཁྲ་གླག་སྤྱང་གསུམ་ལགས། ཁྱེད་ཀྱང་དཔྱ་ཁྲལ་མ་འཇལ་བར་ཡུན་རིང་སོང་བའི་བོད་རིགས་ཁག་ཅིག་གི་ནང་དུ་གཏོགས་ཡོད་པ་འདྲ། ཁྱོད་ཀྱི་དྲི་བ་དང་པོའི་ལན། ད་ལྟ་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་འཇལ་བ་གཅིག་པས་མི་ཆོག་ལ། དུས་འགྱངས་ཀྱང་ལོ་ལྔ་རེའི་མཚམས་སུ་བྱེད་དགོས་པ་ཡིན། འདི་ནི་དཔྱ་ཁྲལ་དུས་སུ་འབུལ་མཁན་ང་ལྟ་བུ་ཚང་མས་ཤེས་ངེས་ཡིན།

    ཁྱེད་ཀྱི་དོན་ཚན་གཉིས་པར་ ༼ཁྱེད་ནས་ཁ་རྡུང་ཞིག་བཟེད་མི་ནུས་པར་མང་གཙོ་ག་འདྲ་བཤད་དགོས་རེད།༽ ཅེས་བྲིས་འདུག་པ་འདིར་ཁྱེད་ཀྱིས་ཡང་བསྐྱར་ཅིག་གཟིགས་དང་། ཁ་རྡུང་ལ་བཟོད་སེམས་དང་དེའི་གོང་དུ་རང་སྲོག་བློས་གཏོང་ཞེས་པ་གཉིས་དེ་རང་དུ་དོན་འགལ་དུ་སོང་མི་འདུག་གམ། སྐད་ཆ་བཤད་མི་ཤེས་ན་བཙན་གྱིས་ཤོད་ཟེར་མཁན་མེད།

    ཁྱེད་ཀྱི་དོན་ཚན་གསུམ་པར། བོད་གཞུང་དང་བོད་ཀྱི་རང་དབང་རྩོམ་རིགས་སྡེ་ཚན་ཁག་ཨ་རི་དང་འཇིག་སྐུལ་དྲག་སྤྱོད་རིང་ལུགས་པར་དཔེར་བྱས་འདུག བོད་རིགས་ན་གཞོན་རྩོམ་པ་པོ་རྣམས་ཀྱིས་བོད་གཞུང་རྩ་མེད་གཏོང་བར་འབེད་པ་བྱེད་ཀྱིན་ཡོད་རེད་ཟེར་གྱི་ཡོད་དམ།

    CNN ནི་སྒེར་གྱི་ཚོགས་པ་ཞིག་ཡིན་པས་དེ་གཞུང་ཞིག་དང་དཔེར་འགོད་ས་མེད། དཔེ་རྒྱན་ཡག་པོ་སྤྱོང་།

    མདོར་བསྡུས་ཏེ་བཤད་ན། མཆན་འབྲི་མཁན་ཚོའི་ནང་དུ་ཁ་རྒྱགས་པ་ལས་དམངས་དང་གཞུང་ཤེས་མཁན་ཞིག་ཀྱང་མི་འདུག

    Reply
  22. འཕྲིན་ལས says:
    ལོ་ 15 སྔོན།

    མ་ཤེས་པ་མ་གཏོགས་བོད་སྐད་བཤད་དང་བོད་ལ་དུང་བ་ཡོད་འདོགས་བྱེད་མཁན་འདི་ཚོའི་ནང་དུ་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་ཙང་ཡང་འཇལ་གི་མེད་མཁན་མང་ས་རེད། དཔྱ་ཁྲལ་འཇལ་གི་མེད་ན་སྐད་ཆ་མང་པོ་མ་བཤད་གཏོགས་ཞབས་འདྲེན་ཞུ་བཞིན་འདུག

    Reply
  23. རྭ་ལོ། says:
    ལོ་ 15 སྔོན།

    ཁ་རྒྱག་པ་བཤད་པ་མིན། ངས་གྲོགས་པོ་འདིའི་རྩོམ་ཡིག་གི་དོན་སྐྱོན་དང་ཚིག་སྐྱོན་རེ་རེ་བྱས་ནས་བཤད་གི་མེད། མཆན་འདེབས་མཁན་ཚོ་ཡང་དེ་དང་གཅིག་པ་ཡིན། དཔེར་ན། དམངས་གཙོ་ཚད་ལྡན་ཞེས་པ་འདིའི་ཚད་འཛིན་ཤེས་མཁན་དང་། དམངས་གཙོའི་རྩ་དོན་ཞེས་པ་འདི་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་ཐུབ་མཁན་ཡོད་ན་བགྲོ་གླེང་འདི་མཇུག་སྐྱོང་ཆོག དེ་མེད་ན་འུར་ཟུག་མ་བྱེད་རོགས་ཞུ་རྒྱུ་ཡིན།

    ཁྲ་གླག་སྤྱང་གསུམ་གྱི་སྐད་ཆར་རྒྱབ་སྐྱོར་ཡོད།

    Reply
  24. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    སྐད་ཅ་འདི་ལ་རྒྱུ་མཚན་ཞིག་འདུག ཁྱེད་ཀྱིས་རང་བཙན་ལག་དེབ་བདེ་སྲུང་ནང་ག་རེ་བྱེད་ས་ཁུར་ཡིན་ནམ།

    བོད་གཞུང་ལ་ནོར་འཁྲུལ་ཅན་གྱི་བྱ་བཞག་ལ་སྐྱོན་བརྗོད་བྱས་ཚེ་ངོ་ལོག་བྱེད་ཀྱིན་པའི་སྙོན་འཛུགས་ཀྱིས་ཁ་གཅོད་ཐབས་བྱེད་ཀྱི་འདུག་ན། དེ་ལ་གདོང་ལེན་བྱེད་ཕོད་པའི་སྙིང་སྟོབས་དགོས་པ་རེད། མི་གཞན་དག་གིས་མང་གཙོ་ལ་སྲོག་གི་འགྲོ་སོང་གཏོང་གི་ཡོད་རེད། ཁྱེད་ནས་ཁ་རྡུང་ཞིག་བཟེད་མི་ནུས་པར་མང་གཙོ་ག་འདྲ་བཤད་དགོས་རེད།

    བོད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ན་རོགས་དངུལ་ཡོད་པ་མ་རེད་ཅེས་བཤད་འདུག་ཟེར། དེ་བདེན་པ་ཡིན་སྲིད། ཨ་རིའི་རོགས་དངུལ་གྱིས་གཙུགས་པའི་ཨ་རབ་སྐད་ཀྱི་རླུང་འཕྲིན་ནས་སྦན་ལ་ཊིན་གྱི་མི་སྣར་བཅར་འདྲི་མང་པོ་བྱས་རྐྱེན་རོགས་དངུལ་བཅད་པ་རེད། རྒྱུ་མཚན་ནི། ཨ་རིའི་དངུལ་དེ་ཚོ་སྦན་ལ་ཊིན་གྱི་ཁྱབ་བསྒྲགས་བྱེད་སའི་གླེང་སྟེགས་བསྐྲུན་ན་མི་འགྲིག་ཟེར་བ་དེ་རེད།

    དེ་ག་ནང་བཞིན་ཉེ་ཆར་cnn གྱི་གསར་འགོད་པ་ཞིག་གིས་ཁ་ཆེ་འཇིགས་སྐུལ་བའི་བླ་མ་ཞིག་ལ་དད་མོས་ཡོད་པར་བཤད་པས་མོ་རང་ལམ་སང་ལས་ཁུངས་ནས་ཕུད་པ་རེད།

    ཇི་ཙང་། རྩོམ་ཡིག་དེས་མང་གཙོ་མ་ཤེས་པ་དེ་ཚོ་མགོ་བོ་རྨོངས་པའི་ཉེན་ཁ་མཐོང་ནས་ཟུར་ཙམ་བཤད་པ་ཡིན།

    Reply
  25. ཨ་ཁུ་ཁྲོ་ཐུང་། says:
    ལོ་ 15 སྔོན།

    འཕྲིན་ལས་ལགས། རེད། ད་བར་དུ་ཚད་ལྡན་གྱི་དམངས་གཙོ་ལམ་ལུགས་ཞིག་ང་ཚོའི་མི་རིགས་ལ་བྱུང་མེད་པ་མ་མཁྱེན་པ་སུ་ཡོད། འོན་ཀྱང་དམངས་གཙོ་ཚད་ལྡན་ཞིག་བྱུང་མ་ཐུབ་པའི་གཞི་རྩ་དེ་ང་ཚོས་ངེས་པར་དུ་ཤེས་ཐུབ་པ་བྱེད་དགོས། གཞི་རྩ་གཙོ་བོ་གཅིག་ང་ཚོ་དམངས་ཀྱིས་དམངས་གཙོའི་ཁེར་དབང་ལ་ཡོངས་སུ་ལོངས་སྤྱོད་མ་ཐུབ་པ་ཡེ་ཤེས་ཀྱི་སྤྱན་ལ་ཡིད་ཆེས་བྱས་པའི་རྐྱེན་གྱིས་རེད། བོད་ཀྱི་ལུང་པ་དེ་ཆོས་ལྡན་གྱི་ལུང་པ་ཞིག་སོང། མཚན་ཉིད་ཚང་ལ་མ་ཚང་བའི་དམངས་གཙོའི་ལམ་ལུགས་འདི་ང་ཚོའི་བོད་ལ་འཚམ་པོ་ཡོད་རེད། འཕྲིན་ལས་ལགས་ཀྱི་གསུངས་པ་ལྟར་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་ཐམས་ཅད་སྐུ་དྲག་གི་བརྗིད་ཉམས་སྟོན་གང་ཐུབ་བྱེད་མཁན་ག་ལ་ཡིན། སྙིང་སྟོབས་དང་ཤ་ཞེན་ཅན་གྱི་ལས་བྱེད་མང་པོ་ཡོད་པ་དེ་གསལ་པོ་རེད། བྱས་ཙམ་དམངས་གཙོ་ཚད་ལྡན་ཞིག་མ་བྱུང་བ་དེ་སྐུ་ངོ་ཚོ་འབའ་ཞིག་ག་ལ་ཡིན། ང་ཚོ་དམངས་ལ་ཡང་ལེན་པ་ཡོད་རེད།

    Reply
  26. བོད་པ says:
    ལོ་ 15 སྔོན།

    སྐྱག་རྫུན་རྐྱང་རྐྱང་རེད། རྫུན་ཡག་པོ་ཞིག་ཡང་གཏམ་ཤེས་མི་འདུག
    ཁྱེད་ནས་་་་་་་་་་་་། ཉེ་བའི་བདུན་ཕྲག་འགའི་སྔོན་དུ་ང་རང་གི་རང་བཙན་ལག་དེབ་ཀྱི་དུས་ཡུན་ཕྱིར་འགྱངས་བྱེད་དགོས་པར་བརྟེན། བདེ་སྲུང་ལས་ཁུངས་སུ་སོང་སྟེ་དྲུང་ཡིག་ག་གེ་མོ་ཞིག་གི་འགྲམ་དུ་བཅར་བ་ཡིན།
    ༡ རང་བཙན་ལག་དེབ་ལ་དུས་ཡུན་ཕྱིར་འགྱངས་བྱེད་རྒྱུ་ཞིག་ཨེ་ཡོད།ཤོག་ངོས་ཚར་སོང་ན་གསར་བ་ལེན་ཡ་རེད།
    ༢ རང་བཙན་ལག་དེབ་་་བདེ་སྲུང་ལས་ཁུངས་ལ་འབྲེལ་བ་ཨེ་ཡོད། རང་བཙན་ལག་དེབ་རང་བཙན་ཚོགས་ཆུང་ལ་འགྲོ་དགོས་བ་རེད་ལོ།

    Reply
  27. འཕྲིན་ལས says:
    ལོ་ 15 སྔོན།

    ཁྱེད་རང་ཚོས་མཐོང་ཡོད་སྲིད། ཉེ་ལམ་དེང་དུས་དམངས་གཙོའི་ཨ་མར་གྲགས་པའི་དབྱིན་ཡུལ་ཀྱི་འོས་བསྡུ་ཆེ་མོ་སྐབས་སུ་སྲིད་བློན་ Golden Brown བུད་མེད་དཀྱུས་མ་ཞིག་དང་མཉམ་དུ་ཁ་རྩོད་ཅང་ཙམ་ཤོར་བའི་རྗེས་སུ་སྲིད་བློན་གྱིས་ཨུ་ཚུགས་ཚ་ལ་ཞེས་བཤད་པའི་ཚིག་འབྲུ་དེས་ཁོང་དངོས་སུ་མོ་རང་ཡོད་སར་སོང་སྟེ་དགོངས་དག་ཞུ་དགོས་བྱུང་བ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མ་འདེམས་པའི་སྐབས་སུ་ཡང་དོན་དག་དེ་འདྲ་ཞིག་བྱུང་བ་རེད། དེ་ཚོ་ཚང་མ་འདིར་བཤད་པའི་དགོས་པ་མེད་ཀྱང་དམངས་གཙོ་ཞེས་པའི་ཆབ་སྲིད་ལས་ལུགས་འདིས་ལས་ཀ་ཇི་ལྟར་བྱེད་ཀྱིན་ཡོད་པ་ཤེས་པར་བྱས་ཏེ་གླེང་སློང་རོགས། དེ་མིན་ཨུ་ཚུགས་ཀྱིས་གང་ཡང་འགྲུབ་མི་སྲིད།

    Reply
  28. འཕྲིན་ལས says:
    ལོ་ 15 སྔོན།

    ངས་འདིར་དམངས་གཙོ་ཞིག་ལ་མེད་དུ་མི་རུང་བའི་ཕྱོགས་གཉིས་ཀྱི་གུས་ཞབས་mutual respect དང་དམངས་གཙོའི་རྩ་འཛིན་ principles of democracy བཤད་ཀྱིན་ཡོད་པ་ལས། སྔར་སྲོལ་གྱི་དཔོན་གཡོག་གི་ཉོག་གཏམ་བཤད་ཀྱིན་མེད།

    Reply
  29. འཕྲིན་ལས says:
    ལོ་ 15 སྔོན།

    མཐུ་སྟོབས་ལགས།
    ངས་བལྟས་ན་སྲོལ་རྒྱུན་གྱི་གུས་ཞབས་བྱེད་སྟངས་མང་པོ་ཞིག་སྐུ་དྲག་དེ་ཚོའི་འགྲོ་སྟངས་ཤིག་མི་འགྲོ།

    Reply
  30. རྭ་ལོ། says:
    ལོ་ 15 སྔོན།

    དམངས་གཙོ་ཡོད་མེད་ཀྱི་སྐད་ཆ་མ་རེད། མི་སྒེར་བ་སོ་སོའི་བྱ་སྤྱོད་དང་རྣམ་འགྱུར་ཡག་པོ་ཡོད་མེད་ཡིན་ས་རེད། འདིའི་ཐད་ནས་ཕྱོགས་གཉིས་ཀར་ལྟ་དགོས་པ་གལ་ཆེན་པོ་རེད།

    དཔེར་ན། གཤམ་དུ་མཐུ་སྟོབས་ཀྱིས་བཤད་པ་བཞིན། མི་རེ་ཟུང་གི་ཆ་ལུགས་དེ་གཞུང་གི་ལས་བྱེད་ཚོའི་སྣང་བར་མ་སོང་ནས་ག་རེ་བཤད་དགོས་ཀྱང་མ་ཤེས་པར་རྣམ་འགྱུར་དེ་བསྟན་པ་ཡིན་སྲིད།

    ཁོང་ཚོའི་རྣམ་འགྱུར་དེ་མཐོང་རྗེས་འཕྲིན་ལས་དང་མི་གཞན་པ་དག་གིས་བཙན་བྱོལ་བོད་གཞུང་གི་རྐུབ་སྟེགས་སྟེང་ན་མི་རྒྱག་པ། ཁ་རྒྱག་པ། དབང་ཤེད་ཚ་བོ་དེ་འདྲ་འདུག་སྙམ་གྱི་ཡོད་པ་རེད།

    སྤྱིར་བཏང་བོད་གཞུང་གི་ལས་བྱེད་ཚང་མ་མིན་ཡང་། འགའ་རེ་ཞིག་གི་རྣམ་འགྱུར་ཡག་པོ་མེད་པ་དེ་བདེན་པ་རེད། དེ་ལ་ཡར་རྒྱས་རེ་བཏང་ན་འགྲིག་གི་རེད། ལས་བྱེད་ཚོགས་འདུའི་སྐབས་དེ་དོན་གསལ་བོ་དག་པོ་བྱས་ནས་བཤད། གོང་ནས་གང་བཤད་པ་དེར་ལས་བྱེད་སོ་སོས་དོ་སྣང་དང་གཟབ་ནན་བྱས་ན་འགྲིག་སོང་བ་རེད།

    ངའི་དོ་སྣང་ནོར་མེད་ན། དེང་སྐབས་བོད་ནས་ཡོང་མཁན་གཞོན་སྐྱེས་འདི་ཚོ་ཡང་ཨུ་ཚུགས་ཚ་བོ་དང་། རང་གཤིས་གྱོང་པོ། མགོ་ཚོས་མི་ཚོས་གང་ལ་ཡང་སྐེ་བསྲིང་ཡོང་བ། རང་རློམ་ཆེན་པོ། སྤྱོད་པ་ལད་པོ་དེ་འདྲ་ཡོང་གི་འདུག་ལ། ཁོང་ཚོའི་གྲངས་འབོར་ཇེ་མཐོར་སོང་བ་དང་མཉམ་དུ་གཞུང་ཞབས་ལས་བྱེད་ཚོར་ཡང་མཛད་དཀའ་བཟོ་གི་ཡོད་པ་འདྲ། དེ་འདྲ་ཡིན་ན་ཡག་པོ་མ་རེད།

    སྤྱི་ཚོགས་ཤིག་ཡིན་དུས་འགྲོ་ཤེས་འདུག་ཤེས་དང་། སྐད་ཆ་བཤད་མཁས་པོ། རྣམ་འགྱུར་ ཕུལ་དུ་བྱུང་བ་དེ་འདྲ་ཞིག་ཁྱེར་ནས་འགྲོ་དགོས་པ་རེད། གླེན་ཤེད་འགྲན་རེས་བྱས་ན་བྱབ་ཆུང་རེད།

    བོད་པ་ཚོར་རྣམ་འགྱུར་གྱི་ཕྱོགས་ནས་ཞན་པོ་རེད། རྣམ་འགྱུར་ནི་མགོ་དཔོན་པོ་ནས་འབངས་མི་སེར། ཐ་ན་ཤེས་ཡོན་པ་ཚོར་ཡང་རྣམ་འགྱུར་ལེགས་པོ་མི་འདུག འདི་ལ་སྦྱོང་བ་བྱེད་རྒྱུ་ཡོད་པ་རེད།

    གནས་སྐབས་འདི་ཙམ་ཡིན།

    Reply
  31. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    འཕྲིན་ལས་ལགས། དེ་འདྲ་རང་ད་ཨེ་ཡིན། སྤོ་ལངས་ནས་རྩོམ་འབྲི་མི་ཉན་ཡ། ཁྱེད་ཀྱིས་ཕལ་ཆེར་རང་བཙན་དཔྱ་དངུལ་ཙམ་ཡང་འབུལ་གྱི་མེད་པ་འདྲ།

    Reply
  32. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    དོན་དངོས་དང་མཐུན་པའི་རྩོམ་ཡིག་ཡག་པོ་བྲིས་འདུག ང་ཡང་སྔོན་ཆད་དེ་ལྟར་དཀའ་ངལ་འཕྲད་སོང༌། སྐབས་ཤིག་བཀའ་ཤག་ནང་ལས་དོན་ཞིག་གི་ཆེད་ཕྱིན་པ་ཡིན་པས། བཀའ་དྲུང་མི་འགྱུར་རྡོ་རྗེས་ཟེར་བ་ཐུགས་སོང༌། དང་པོ་ཁོ་དཔོན་ཉམས་དང་རྫིག་མདོག་བྱས་ཏེ་ཁ་མར་སྐོར་ནས་ལྟ་ཙམ་བྱེད་ཀྱི་མི་འདུག་ རྗེས་ནས་མར་ཁ་སྐོར་སོང་ཡང༌། མཐུང་ཆུང་དང་གཤེ་གཤེ་འདྲ་པོ་བཏང་སོང༌། ངའི་དྲི་བ་ཁག་ལ་ལན་གསལ་པོ་ཞིག་རག་མ་སོང༌། ཕྱིར་ལོག་ཡོང་དགོས་ཁེལ་སོང༌། ཁོ་ཚོ་ནི་དཔོན་དང་ང་ཚོ་འབངས་མི་སེར་ཡིན་དུས་དེ་གཉིས་བར་ད་དུང་ཧེ་བག་ཡང་ཆེན་པོ་ཤོར་ཡོད་དུས་བྱེད་ས་འདི་ས་གང་ཡང་མེད་པ་རེད།

    Reply
  33. མཐུ་སྟོབས། says:
    ལོ་ 15 སྔོན།

    འཕྲིན་ལས་རྒྱ་མཚོ་ལགས་ང་ཚོ་མང་གཙོ་དང་ཐག་ཉེ་ཡོད་པ་ལས་ཉག་རིང་བ་མ་རེད། ཐག་ཉེ་བ་ཡོད་པ་ལས་ཁྱེད་རང་ཁ་བདེ་པོ་བྱས་ཏེ་གཞི་མེད་ཀྱི་སྐྱོན་འཛུགས་འདི་ལྟ་བུ་བྱ་ཐུབ་ཀྱི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་རང་དབང་ཆེ་དྲག་སྟེ་རང་དབང་ལྡན་པའི་ཐོག་གསར་འགྱུར་འགོད་ལེན་བྱ་ཆོག་པ་མ་ཟད། ད་ལྟ་ཁྱེད་རང་ནས་བསམ་ཚུལ་བརྗོད་ཡུལ་ཡོད་པའི་བོད་ཀྱི་དུས་བབས་ཀྱི་སྡིངས་ཆ་དེའང་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་གྲུབ་ཆའི་ནང་གསར་འགོད་རང་དབང་དང་མི་མང་གི་སྨྲ་བརྗོད་རང་དབང་ནང་གསལ་ཡོད་པའི་རང་དབང་བེད་སྤྱོད་བྱ་བཞིན་པ་འདི་ཡིན། བོད་གཞུང་གི་ལས་ཁུངས་ལ་བཅར་དང་རྒྱ་གར་ལས་ཁུངས་ལ་བཅར་ན་སྟབས་བདེ་བ་ཡོད་པ་དེ་རྟག་ཏུ་ལས་ཁུངས་སུ་བཅར་མཁན་དེ་དག་གིས་གང་ཞིག་སྟབས་བདེ་བ་ཡོད་མེད་གསལ་པོ་ཤེས་ཀྱི་རེད། དོན་ངོ་མའི་ཐོག་ཁྱོད་རང་ལས་ཁུངས་ནང་འཛུལ་སྐབས་བོད་མིའི་སྲོལ་རྒྱུན་གྱི་གུས་ཞབས་དང་གང་ཡང་མེད་པར་གྱོན་པ་ཡ་མ་ཟུང་ཞིག་གྱོན་ནས་ཡོང་ཡོད་ཀྱི་རེད། དེ་མིན་ཁྱོད་ལ་སྐྱོན་གཞན་ཞིག་ཡོད་སྲིད་པ་ལས། དེ་མིན་ནོར་འཁྲུལ་དེ་བོད་གཞུང་གི་གཞུང་ཞབས་པའི་ཁྲོད་དུ་དེ་ཙམ་ཆེན་པོ་ཡོད་མ་སྲིད་པ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་ལ་མང་གཙོ་མི་འདུག་ཅེས་རྒྱ་མིས་ཉིན་ལྟར་དཀྲོག་གཏམ་སྤེལ་བཞིན་ཡོད་རེད། དེས་ཁྱེད་ལ་བསླབ་བྱ་ཐེབས་ཡོད་ཚེ་ཐབས་སྐྱོ་པོ་ཞིག་རེད། ཁྱེད་རང་གི་བཤད་པར་མང་གཙོ་མི་མཁོ་ལ་ཤེས་འཇོན་མི་མཁོ་ཚེ་བཙན་བྱོལ་སྤྱི་ཚོགས་ནང་ཉིན་མ་གང་འཁྱོལ་གྱི་དུས་ཚོད་འབུད་ནས་སྤྱི་ཚོགས་ནང་གཞི་མེད་ཀྱི་དཀྲོག་གཏམ་ཁོ་ན་བཟོ་མཁན་དེ་དག་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་རང་དབང་བེད་སྤྱོད་ལོག་པར་བཏང་སྟེ་གཞུང་མང་དབྱེན་དཀྲུག་བྱ་མཁན་གྱི་བྱེད་གཏེ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese