མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དང་འབྲེལ་བའི་གློག་བརྙན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་རི་ཆར་ཌི་གྷེར་ལགས་ཀྱིས་ཟླ་རྗེས་མའི་ནང་ལ་དྭགས་ནས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་གློག་བརྙན་ཞིག་འཁྲབ་རྒྱུ་ཡིན་འདུག

རྒྱ་གར་གྱི་དུས་བབ་གསར་ཤོག་སྟེང་གནས་ཚུལ་སྤེལ་བ་ལྟར་ན། དུས་ཡུན་རིང་བོར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆར་ཌི་གྷེར་ Richard gere   ལགས་ཀྱིས་འཆར་ཟླའི་ཟླ་མགོ་ནས་མགོ་འཛུགས་ཀྱིས་ལ་དྭགས་སླེ་ནས་བོད་དོན་དང་བོད་ཀྱི་ནང་ཆོས་བརྗོད་བྱར་བྱས་ཏེ་གློག་བརྙན་ཞིག་འཁྲབ་སྟོན་བྱ་འཆར་ཡོད་འདུག་ལ།   ཐེངས་འདིའི་གློག་བརྙན་འདིའི་འཁྲབ་སྟོན་མི་སྣའི་ཁྲོད་ཧོ་ལེ་ཝོ་ཌི་གློག་བརྙན་སྒྱུ་རྩལ་གྱི་འཁྲབ་འཁྲིད་པ་ཆེན་མོ་སྐུ་ཞབས་རཱ་རྗེལ་ཁེན་ཆི་ Rajeiv Khinchi  ལགས་ཀྱང་གདན་ཞུ་གནང་ཡོད་པ་དང་། དེ་ནི་འཁྲབ་འཁྲིད་པ་ཁོ་བོས་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་འཁྲིད་ཀྱི་ལས་ཀ་བྱས་ཐེངས་ཐོག་མ་ཆགས་ཡོད་པ་རེད།

འཁྲབ་འཁྲིད་པ་སྐུ་ཞགས་རཱ་རྗེལ་ཁེན་ཆི་ལགས་ཀྱིས་གློག་བརྙན་འདིའི་སྐོར་ལ་བརྗོད་དོན། རི་ཆར་ཌི་གྷེར་ལགས་དུས་རྒྱུན་དུ་བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་མཁན་ཞིག་དང་། བོད་དོན་ལ་དོ་སྣང་བྱེད་མཁན་གྱི་མི་སྣ་ཞིག་ཡིན་སྟབས། བོད་ཀྱི་ནང་ཆོས་བརྗོད་བྱར་བྱས་པའི་གློག་བརྙན་འདི་བོད་ནང་འཁྲབ་སྟོན་བྱ་རྒྱུའི་གྲ་སྒྲིག་བྱས་ཀྱང་། དེའི་ཐད་ཀྱི་བཀའ་འཁྲོལ་མ་རག་སྟབས་གློག་བརྙན་འདི་ཟླ་རྗེས་མར་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་མགོ་འཛུགས་གནང་ཆར་ཡོད་ཅེས་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་ཡོད་པར་མ་ཟད།  ཟླ་རྗེས་མའི་ཟླ་དཀྱིལ་ནས་དངོས་སུ་འཁྲབ་སྟོན་མགོ་འཛུགས་གནང་རྒྱུ་ཡིན་ཚུལ་དང་། ད་ལྟའི་ཆར་གློག་བརྙན་གྱི་མིང་ཕྱིར་བསྒྲགས་བྱེད་ཀྱི་མིན་ཅེས་འགྲེལ་བརྗོད་གནང་ཡོད་འདུག

ཐེངས་འདིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆར་ཌི་གྷེར་ལགས་ནི། བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་གྱི་མི་སྣ་ཞིག་དང་དུས་རྟག་ཏུ་༸གོང་ས་མཆོག་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཞིག་ཡིན་པར་མ་ཟད། ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩེད་འགྲན་ཚོགས་མ་ཚོགས་པའི་ཡར་སྔོན་ཏུ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་དང་བོད་ལ་རང་བཙན་སྤྲོད་དགོས་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གནང་བ་དང་།  ལོ་དེར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་མང་སྤེལ་ཡོད་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་བོད་ཁྱིམ་གྱི་གསར་བསྐྲུན་གྱི་རོགས་འདེགས་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་རེད།

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 7

  1. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    བོད་མི་མང་གི་སེམས་གཏིང་གི་དཔའ་བོ་ལགས་ཐུགས་རྗེ་ཆེ། ཁྱེད་ཉིད་བོད་མི་རིགས་ཀྱི་ལས་དབང་དང་མཉམ་དུ་དཀའ་ངལ་ལ་མ་འཛེམས་པར་ད་ལྟའི་བར་མདུན་སྐྱོད་བྱེད་བཞིན་པའི་ལོ་རྒྱུས་ཀྱི་ལེའུ་འདི་ཉིད་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཟིན་ཐོ་རུ་ངེས་པར་འགོད་ངེས། དེ་ནི་ཁྱེད་ལ་མཚོན་ན་འདི་ཕྱི་གཉིས་ཀར་ལྟ་ས་ཡོད་པ་ཞིག་ཡིན་པ་མཁྱེན་རྟོགས་ཡངས་པ་སྐུ་ཉིད་ཀྱིས་ལོས་ཤེས། ཐུགས་རྗེ་ཆེ། ཁྱེད་ཀྱིས་གློ་བརྙན་བདེ་ལེགས་ངང་འཁྲབ་ཐུབ་པར་འཁྱམས་པོ་ཧེ་ར་ངས་སྨོན་ལམ་འདེབས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    གློག་བརྙན་འཁྲབ་སྟོན་མཁས་ཆེན་སྐུ་ཞབས་རི་ཆར་ཌི་གྷི་རི་ལགས་ཀྱི་གློག་བརྙན་དེ་བཟོ་མཁན་གྱི་ཆ་ནས་བློ་ཤིན་ཏུ་བདེ་སོང་བས་དོན་དང་ལྡན་ལ་ཀུན་ལ་ཕན་པར་འགྱུར་ཅིག།

    Reply
  3. oscargyatso says:
    ལོ་ 16 སྔོན།

    སེར་སྨད་བློ་དགའ་དང་སྒོ་མང་རྨོག་རུ་བསྟན་པ་རྡ་ས་རེ་གོང་ཨ་ལོ་མི་དག་ཚང་མ་འཁྲབ་སྟེང་གཅིག་པ་རེད་ལ། ཕུག་བསམ་ཡང་གཅིག་པ་རེད། ཚང་མའི་གཟབ་གནང་དགོས།

    Reply
  4. རྭ་ལོ། says:
    ལོ་ 16 སྔོན།

    ད་ལོ་རི་ཆར་ཌི་གྷེར་དང་སེར་སྨད་བློ་དགའ་གཉིས་ཀྱི་སུ་འཁྲབ་ན་ཡག་མིན་ལྟ་དགོས་པར་སྣང་།

    ད་ངུང་གྲགས་ཅན་གྱི་འཁྲབ་སྟོན་པ་གཞན་པ་མང་པོ་ཡོད་པ་རེད། དེ་དག་ལ་ཡང་འཁྲབ་སྟངས་སྣ་ཚོགས་ཡོད་པ་རེད། ལ་ལ་མི་མངོན་པའི་ཚུལ་གྱིས་འཁྲབ། ལ་ལ་མངོན་སུམ་རྗེན་པར་འཁྲབ། ད་ལྟད་མོ་ཡོད་རྒྱུ་རེད།

    Reply
  5. ཁ་ལྡོམ། says:
    ལོ་ 16 སྔོན།

    གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་རི་ཆར་ཌི་གྷེར་མཆོག་གིས་དུས་དང་རྣམ་པ་ཀུན་དུ་བོད་དོན་ལ་རྒྱབ་བསྐྱོར་གནང་བར་ང་ཚོས་སྙིང་ཐག་པ་ནས་
    རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

    Reply
  6. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    གློག་བརྙན་འཁྲབ་སྟོན་མཁས་ཆེན་སྐུ་ཞབས་རི་ཆར་ཌི་གྷི་རི་ལགས་ཀྱི་གློག་བརྙན་དེ་བཞིན་གང་མགྱོགས་ལམ་ལྷོང་ངང་ལེགས་གྲུབ་ཡོང་རྒྱུར་སྨོན་འདུན་ཞུ།

    Reply
  7. oscargyatso says:
    ལོ་ 16 སྔོན།

    འཁྲབ་སྟོན་པ་རི་ཆར་ཌི་གྷེར་ལགས་ལ་སྙིང་ཐག་པ་ནས་དགའ་བསུ་དང་ཐུག་རྗེ་ཆེ་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese