མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གང་ལྟར་ཀྱང་ང་ཚོར་མཛའ་བརྩེ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

འདི་ཟླའི་ཚེས་ ༡༤ ཉིན་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཡུ་རོབ་ས་ཁུལ་སྦེལ་ལྗེམ་གྱི་གྲོང་ཁྱེར་ཨན་ཁྲི་ཝེར་ཕན་ ༼ Antwerpen༽ ལ་བོད་རྒྱ་གཉིས་མཉམ་འཛོམས་ཀྱིས་སྤྱི་ ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་འཁྲུངས་སྐར་དགའ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་པ་དེའི་ནང་སྦེལ་ལྗེམ་ས་གནས་ཀྱི་བོད་ རིགས་ཚོགས་པ་དང༌། གཞོན་ནུ་ཚོགས་པ། ཆུ་བཞི་སྒང་དྲུག་གི་ཚོགས་པ་བཅས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་དང༌། དེ་བཞིན་འཇར་མ་ནི་ནས་རྒྱ་རིགས་གྲངས་དྲུག་དང༌། ཧོ་ལན་ནས་རྒྱ་རིགས་གྲངས་གཉིས། སྦེལ་ལྗེམ་ས་གནས་བོད་མི་བཅས་ཁྱོན་བསྡོམས་མི་གྲངས་ཉིས་བརྒྱ་ལ་ཉེ་བ་ཞིག་འདུ་ འཛོམས་བྱུང་སོང༌།    

དེ་ཡང་ཐོག་མར་ལྷ་མོ་བཀྲ་ཤིས་ཞོལ་པ་ཡི་གླུ་སྒྲའི་ཁྲོད་མཛད་སྒོ་དབུ་འཛུགས་དང༌། དེ་རྗེས་སྐུ་མགྲོན་དང་མི་དམངས་རྣམས་ཀྱིས་རིམ་བཞིན་༧གོང་ས་མཆོག་གི་བཞུགས་ཁྲིར་མཇལ་དར་སྒྲོན་པ་དང༌། དེ་རྗེས་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དབང་འདུས་མཆོག་གིས་འཁྲུངས་སྐར་གྱི་ཤིས་ཚིག་སྒྲོག་སྦྱང་དང༌། ཚོགས་པའི་དམིགས་ཡུལ་དང་མ་འོངས་པའི་ལས་འཆར་སྐོར་གྱི་གཏམ་བཤད་དང༌། དེ་སྔོན་འཇར་མ་ནི་དང་སྦེལ་ལྗེམ་ས་གནས་གཉིས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་ གྲངས་བཅུ་ཡོད་པ་དེའི་སྟེང་ད་ཆ་འཇར་མ་ནི་ནས་རྒྱ་རིགས་རྒྱུན་ལས་གྲངས་དྲུག་ དང༌། ད་དུང་ཧོ་ལན་ནས་རྒྱ་རིགས་རྒྱུན་ལས་གྲངས་གཉིས་བཅས་ད་ལྟ་ཁྱོན་བསྡོམས་མི་གྲངས་ རྒྱུན་ལས་མི་གྲངས་བཅོ་བརྒྱད་ཡོད། ཚོགས་པའི་མིང་ཡང་སྔར་འཇར་སྦེལ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་པ་ཞེས་པ་དེ་ད་ ལྟ་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཞེས་བརྗེ་པོ་རྒྱག་དགོས་དོན་གསལ་བཤད་ གནང་སོང༌། དེ་རྗེས་སྐུ་མགྲོན་གཙོ་བོ་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་དང་ཡོ་རོབ་ བོད་རྒྱ་འབྲེལ་མཐུད་པ་སྐུ་ངོ་བློ་བཟང་ཉི་མ་མཆོག་དང༌། རྒྱ་རིགས་རྩོམ་པ་པོ་བང་ཞའོ་མིང་རྣམ་གཉིས་ཀྱིས་༼ངའི་སེམས་ནང་གི་བོད་༽ཞེས་ པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང༌། གཏམ་བཤད་ནང་རྒྱ་རིགས་རྩོམ་པ་པོ་བང་ཞའོ་མིང་གིས་གསུངས་དོན། ཁོང་རང་ཆུང་ངུའི་དུས་སུ་ཁྱིམ་མཚེས་ཞིག་ཡོད་པ་དེ་གོ་མིན་ཏང་སྲིད་གཞུང་གི་ བོད་སྡོད་ལས་བྱེད་པ་ཞིག་ཡིན། ཁོང་བོད་ལ་བསྐྱོད་སྐབས་བན་ཞའོ་མིང་གི་ནང་དུ་བོད་ཀྱི་སྐུ་འདྲ་དང་ཐང་ག་ཁག་ ཅིག་བཅོལ་ཡོད། དེ་རྗེས་གོ་མིན་ཏང་དམག་ཤོར་རྗེས་དེ་དག་ཁོང་གི་ནང་དུ་ལུས་པས་དེ་དག་གི་ཐོག་ ནས་ཁོང་གིས་བོད་པའི་སྐོར་ལ་ཕྲན་བུའི་རྒྱུས་ལོན་བྱུང༌། འོན་ཀྱང་བློ་ཕམ་པ་ཞིག་ལ་རིག་གནས་གསར་རྗེའི་སྐབས་དངོས་པོ་དེ་དག་མེད་པར་གྱུར། དེ་རྗེས་ཕྱི་ལོ་༡༩༥༨ལོར་རྒྱ་ནག་ནང་འཁྲུག་ཟིང་ཆེན་པོ་བྱུང་བའི་སྐབས་ཁོང་གི་ ཁྱིམ་ཚང་ལའང་ནག་ཉེས་ཀྱི་ཞྭ་མོ་ཆེན་པོ་ཞིག་གི་འོག་ཁོང་གི་གཅེན་མོ་བོད་ཀྱི་ས་ ཁུལ་ཨ་མདོ་ཕྱོགས་ལ་རྒྱང་ཕུད་ལ་བཏང་བས། ཁོང་ལ་གཅེན་མོ་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་དང༌། མར་ཚོན་རི་མོ་དང༌། གླུ་གར་ལ་སོགས་པའི་རིག་གཞུང་མང་པོ་ཞིག་ཤེས་རྟོགས་བྱུང༌། ཕྱི་ལོ་༡༩༥༩ ལོར་བོད་ལ་ཟིང་འཁྲུག་གི་འོས་ལངས་ཆེན་པོ་ཞིག་བྱུང་སྐབས། རྒྱ་ནག་གཞུང་ཕྱོགས་ཀྱིས་གསར་འགྱུར་བརྒྱུད་ལམ་གྱི་ཐོག་ལ་བོད་ཀྱི་འོས་ལངས་དེ་ ནག་པོ་བཟོ་རྒྱུའི་ཐབས་ལམ་མང་པོ་སྤྱད་ཡོད། དེ་རྗེས་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་བྱུང་ནས་ཁོང་ཡང་སློབ་གྲྭ་ཆེན་མོར་ རྒྱུགས་འཕྲོད་པ་མ་ཟད། ཚན་ཁག་དེ་ཡང་མི་རིགས་དང་དམངས་ཁྲོད་ཀྱི་སྐོར་ལ་སློབ་སྦྱོང་བྱེད་རྒྱུ་ཡིན་པས་ བོད་ཀྱི་གླིང་སྒྲུང་ལ་རྒྱུས་མངའ་ཏོག་ཙམ་བྱུང་བ་བརྗོད། དེ་ནས་ཕྱི་ལོ་ ༡༩༨༠ ལོར་རྒྱ་ནག་ལ་འགྱུར་བཅོས་སྒོ་དབྱེ་འགོ་ཚུགས་པས། ཐེངས་ཤིག་ང་ཚོ་ཞིབ་འཇུག་སློབ་མའི་ཆེད་ལས་ཀྱི་བགྲོ་གླེང་ཞིག་གི་སྐབས་ཨ་རི་ ནས་ཕེབས་པའི་དགེ་རྒན་ཆེན་མོ་ཞིག་གིས་ཞིབ་འཇུག་སློབ་མའི་ཚོགས་འདུ་ཞིག་གི་ སྟེང༌། བོད་དོན་སྐོར་གྱི་གནས་ཚུལ་གསར་པ་འགའ་ཞིག་བརྗོད་བྱུང༌། དེའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་གི་ཞི་བདེར་ལེགས་སྐྱེས་འབུལ་ མཁན་གྱི་རླབས་ཆེན་མི་སྣ་ཞིག་ཡིན་པའི་སྐོར་བརྗོད་བྱུང༌། སྐབས་དེ་དུས་སློབ་མ་ཚོ་ཧ་ལས་སོང་། རྒྱུ་མཚན་ནི་རྒྱ་ནག་གཞུང་ཕྱོགས་ཀྱིས་ཕྱི་ ཕྱོགས་ལ་དྲིལ་བསྒྲགས་བྱས་པ་དང་ཡོངས་སུ་ལྡོག་ཕྱོགས་ཞིག་ཡིན། ཕྱི་ལོ་ ༡༩༨༧ ལོར་ཁོང་རྒྱ་ནག་ནས་ཁ་བྲལ་ཏེ་འཇར་མ་ནི་ལ་སླེབས་རྗེས་དེ་གར་ཡོད་ པའི་བཙན་བྱོལ་བོད་མི་དང་འབྲེལ་བ་བྱུང༌། སྐབས་དེ་དུས་རྒྱ་བོད་མི་རིགས་གཉིས་ཀྱི་དབར་ཕན་ཚུན་འགལ་ཟླའི་བའི་བསམ་པ་ཤུགས་ ཆེན་པོ་འདུག བོད་པ་ཚོས་རྒྱ་མི་རིགས་དེ་རྒྱ་ནག་གཞུང་ཕྱོགས་ཀྱི་སློབ་གསོར་ངན་ཤོར་བ་ཞིག་ལ་ ངོས་འཛིན་དང༌། རྒྱ་མི་རིགས་ཀྱིས་བོད་པ་ཚོར་རང་བཙན་གྱི་འཐབ་རྩོད་ཁོ་ན་རྩོད་མཁན་ཞིག་ཡིན་པར་ ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༩༦ལོར་ཐེངས་དང་པོའི་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་གྱི་ཚོགས་འདུ་ ཞིག་གི་ཐོག་ཁོང་རང་ཞུགས་རྒྱུ་བྱུང་ལ། དེ་རྗེས་འཇར་མན་གྱི་ཤར་ཕྱོགས་སུ་ཡོད་པའི་རྒྱ་ནག་ནས་ཕྱི་ཕྱོགས་སུ་སློབ་ སྦྱོང་བྱེད་པར་ཡོང་མཁན་གྱི་རྒྱ་རིགས་སློབ་མ་ཚོར་༧གོང་ས་མཆོག་གི་སྐོར་དང་ བོད་དོན་སྐོར་ལ་འགྲེལ་བཤད་བྱས་པས་སློབ་མ་ཚོས་ཧ་ཅང་གི་དོ་སྣང་ཆེན་པོ་བྱེད་ ཀྱི་འདུག་ཅེས་དང༌།  མཐའ་མར་ཁོང་གིས་གསུངས་དོན། བོད་ལ་ཕྱི་ལོ་ ༡༩༥༩ ལོའི་ཞི་བའི་འོས་ ལངས་དང་ ༢༠༠༨ ལོའི་ཞི་བའི་འོས་ལངས་ཆེན་མོ་གཉིས་གཙོ་བྱས་པའི་ཞི་བའི་ལས་འགུལ་ མཐའ་དག་ལ་དྲག་གནོན་ཤུགས་ཆེན་བྱས་ནའང༌། བོད་རྒྱ་མི་རིགས་གཉིས་ནི་རླབས་ཆེན་གྱི་མི་རིགས་ཞིག་ཡིན་པས་དེ་དག་ལ་ནམ་ཡང་ མགོ་སྒུར་མི་སྲིད་ལ། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་བོད་མིར་དཀའ་སྡུག་མང་པོ་བཟོས་པ་དེར་དགོངས་སེལ་ཞུ་ བའི་རེ་བ་དང༌། སླད་མར་ཡང་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་ལམ་དེ་ཡང་སྔར་བས་དམ་ཟབ་ཡོང་བའི་ རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས།     

བློ་བཟང་ཉི་མ་མཆོག་གིས་ཐོག་མར་དགའ་སྟོན་མཛད་སྒོར་ཞུགས་མཁན་གྱི་བོད་མི་ཚོར་ གསུངས་དོན། ང་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ལས་ཀྱང་གལ་ཆེ་བ་ནི་ཆོལ་གསུམ་བོད་མི་རྡོག་རྩ་གཅིག་སྒྲིལ་གྱིས་རང་རང་སོ་ སོའི་ངོས་ནས་རྒྱལ་བའི་དགོངས་དོན་བཞིན་བོད་སྤྱི་ལ་ཕན་པའི་བྱ་བ་གང་ཐུབ་སྒྲུབ་ དགོས་རྒྱུ་དེ་ཡིན། ཞེས་གསུངས་སོང༌། དེ་རྗེས་མཛད་སྒོའི་ཐོག་ཕེབས་པའི་རྒྱ་རིགས་རྣམས་ལ་གནད་དོན་གཉིས་ཀྱི་ཐོག་ནས་ གསུངས་དོན། དང་པོ། བོད་མི་ཚོའི་སེམས་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གནས་བབས་ ཇི་འདྲ་ཞིག་ལ་ངོས་འཛིན་དང༌། རྒྱ་བོད་མི་རིགས་གཉིས་འཆམ་མཐུན་གྱི་སྤྱི་ཚོགས་ཞིག་སྐྲུན་དགོས་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ལ་མཚན་སྨད་བྱེད་རྒྱུ་མཚམས་འཇོག་བྱས་ནས་ཁོང་ལ་གུས་གཙི་བྱེད་རྒྱུ་དེ་ཤིན་ཏུ་ གལ་ཆེ་བར་འཛིན་དགོས་པ་དང༌། གནད་དོན་གཉིས་པ་དེ་བོད་མི་ཚོ་ད་ལྟ་འཛམ་གླིང་འདིའི་སྟེང་མི་རྣམས་ཀྱིས་གནས་ བབས་གལ་ཆེན་འཛིན་གྱི་ཡོད་པ་དེ་ཡང་རླབས་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་ དྲིན་ལས་བྱུང་བ་ཞིག་ཡིན་པས། དེ་གཉིས་རྒྱ་ཡི་སྤྱི་ཚོགས་ནང་ངོ་སྤྲོད་ཡག་པོ་བྱེད་དགོས་པའི་འབོད་སྐུལ་ཡང་ ཞུས་སོང༌།

གསར་འགྱུར་སྤེལ་མཁན། ལྷག་པ་ཚེ་རིང་། བྷེལ་རྗེམ།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

སྐར་མ ༡ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

མཆན། 6

  1. བསེ་རུ། says:
    ལོ་ 16 སྔོན།

    སྦེལ་ཇམ་ནས་གསར་འགྱུར་སྤེལ་མཁན་ལྷག་པ་ཚེ་རིང་ལགས་སུ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྔར་གྱི་འཇར་སྦེལ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་པ་ཞེས་པ་དེ་ ད་ཆ་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཞེས་མིང་བསྒྱུར་ཙམ་མ་ཟད། དོན་དམ་དུ་ཚོགས་པ་དེ་གཞི་རྒྱ་ཆེ་རུ་སོང་བར་དམིགས་བསལ་འཚམས་འདྲི་ཡོད། །

    Reply
  2. ཁ་ལྡོམ། says:
    ལོ་ 16 སྔོན།

    བློ་བཟང་ཉི་མ་ལགས་ཀྱིས་འབོད་སྐུལ་ཞུས་པའི་དོན་ཚན་གཉིས་པོ་དེ་དངོས་གནས་ཡག་པོ་འདུག
    དེ་བཞིན་རྒྱ་བོད་གཉིས་ཀྱི་མི་རིགས་འགས་མཉམ་སྦྲེལ་གྱིས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་གནང་པ་དེ་ཡག་པོ་བྱུང་འདུག་པ་མ་ཟད་
    དེས་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་ངེས་རེད། རྗེས་སུ་དེ་འདྲ་བའི་ལས་འགུལ་མང་ཙམ་སྤེལ་ཐུབ་ན་ཡག་པོ་ཡོད་ས་རེད།

    Reply
  3. གཡུ་རལ་ཚང་བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ངོ་མ་བཀའ་དྲིན་ཆེ་ཞུ་བ་རང་རེད་།

    Reply
  4. གྱི་ན་བ says:
    ལོ་ 16 སྔོན།

    གོ་སྒྲིག་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་ཞུ། རྗེས་ཕྱོགས་ལས་དོན་དེ་དག་དང་འདྲ་བ་ཡང་ནས་ཡང་དུ་སྤེལ་རོགས་ཞུ།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    དེ་སྔོན་བོད་ཀྱི་གླུ་མ་ཚེ་བརྟན་སྒྲོལ་མས་གཞས་རྒྱ་རིགས་དང་བོད་རིགས་ཨ་མ་ཅིག་གི་བོུ་ཞེས་པ་ཞིག་བཏང་ཡོད་པ་དེར་བཙན་བྱོལ་བོད་མི་ཙམ་མ་ཟད་བོད་ནང་གི་བོད་མི་མང་པོའི་སེམས་ཕམ་དང་འབྲེལ་གླུ་མ་དེར་རང་མི་རིགས་ཀྱི་ལ་རྒྱ་མེད་རབ་དང་རྒྱལ་འཚོང་བ་ཞིག་ཡིན་རབ་ཀྱིས་གླེང་སློང་མང་དག་བྱུང་བ་ནི་ང་ཚོའི་ཚང་མི་སེམས་ནང་གསལ་ལྷམ་མེར་ཡོད། འོན་ཀྱང་ད་ལྟའི་འཆར་དངོས་ནས་བཙན་བྱོལ་གཞུང་གི་ལངས་ཕྱོགས་ལ་ཞིགས་ན་གླུ་མ་དེའི་གཞས་དེ་ཡང་ལུང་བསྟན་ལྟ་བུ་ཞིག་མཐོང་བ་ནི་ཀུན་གྱི་སེམས་ལ་མེད་དམ།

    Reply
  6. གྱི་ན་བ says:
    ལོ་ 16 སྔོན།

    དེ་ལྟར་བོད་རྒྱ་མཐུན་ལམ་གྱི་བྱ་བ་སྤེལ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། མུ་མཐུན་ནས་གཞི་རྒྱ་ཆེ་རུ་གཏོང་ཐུབ་པ་འབད་བརྩོན་གནང་རོགས་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese