མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་སྤོལ་དང་རྒྱན་ཤོག

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་བྱ་འགུལ་འདིའི་དམིགས་ཡུལ་གཙོ་བོ་མི་མང་ལ་རྐང་རྩེད་སྤོ་ལོ་གཙོས་རྩེད་མོའི་རིགས་ལ་དོ་སྣང་དང་དགའ་མོས་བྱ་ཆེད་དང་། མ་འོངས་བོད་རྒྱ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གི་མི་རབས་རྗེས་མར་མཐུན་རྐྱེན་བསྐྲུན་ཆེད་ཡིན་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༡༨ བཅས་ཉིན་གྲངས་གཉིས་རིང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག བཞུགས་སྒར་ཉིན་མོའི་སློབ་གྲྭའི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་ཚོགས་པ་འདི་ཉིད་ཀྱི་འདས་པའི་ལོ་རྒྱུས་དང་འབྲེལ་བའི་པར་རིས་དང་བྱ་དགའི་རྟགས་མ། སྒྲིག་ཆས་སོགས་འགྲེམས་སྟོན་དང་། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གིས་རྩེད་མོ་བ་རྣམས་ལ་སྦྱོང་བརྡར་སྤྲོད་བཞིན་པའི་གོ་རིམ་དང་རྣམ་པ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐོར་སྐྱོད་ཀྱིས་རྩེད་འགྲན་བྱས་པའི་གློག་བརྙན་འོད་སྡེར་སོགས་གཟིགས་འབུལ་གནང་བྱུང་། ཚོགས་པ་འདི་ཉིད་ཀྱིས་ད་ལོ་ལྷོ་ཨ་ཧྤེ་རི་ཀའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་དང་བསྟུན་ཏེ། རྒྱན་ཤོག་བཀྲམས་པའི་བྱ་འགུལ་ཞིག་སྤེལ་ཡོད་པ་དེའི་ཨང་དང་པོ་ནས་གསུམ་པའི་བར་གྱི་མི་དྲུག་ལ་བྱ་དགའི་གསོལ་རས་བསྩལ་བྱུང་། སྐབས་དེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས་ཀྱིས། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ་དེ་བོད་པའི་སྤྱི་ཚོགས་ནང་རྐང་རྩེད་སྤོ་ལོ་གཙོས་རྩེད་མོའི་རིགས་ལ་དོ་སྣང་བྱ་མཁན་མང་དུ་འགྲོ་ཆེད་དང་། ལྷག་པར་འཛམ་གླིང་གི་རྩེད་འགྲན་འདི་བརྒྱུད་དེ། མ་འོངས་པར་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་རྐང་རྩེད་སྤོ་ལོར་དོ་སྣང་དང་། སྦྱང་བརྩོན་གྱི་འདུན་པ་ཆེ་རུ་འགྲོ་ཆེད་ཡིན་ཚུལ་བརྗོད་བྱུང་།

 

ཡང་ཁོང་གིས་ཐེངས་འདིར་ང་ཚོས་བསྡོམས་པའི་རྒྱན་ཤོག་༨༢༨ ཙམ་བཙོང་སྟེ། ཧིན་སྒོར་བཞི་ཁྲི་ཆིག་སྟོང་བཞི་བརྒྱ ༤༡༤༠༠ ཙམ་རག་ཡོད་སྐོར་དང་། དེའི་ཁྲོད་ཀྱི་བརྒྱ་ཆ་དྲུག་ཅུ་གསོལ་རས་སུ་གནང་རྒྱུ་དང་། ལྷག་མ་རྣམས་སློབ་གྲྭ་ཁག་ཏུ་གསར་འཛུགས་གནང་ཡོད་པའི་རྐང་སྤོ་རུ་ཁག་གི་སོན་རྩ་ཚོར་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་དང་སྦྲགས། ཐེངས་འདིའི་རྒྱ་ཤོག་ཁྲོད་ཨང་དང་པོ་ཐོབ་མཁན་ཀིརྟི་བྱེས་བ་གྲྭ་ཚང་གི་གྲ་ཚེ་རིང་ལགས་སུ་ཧིན་སྒོར་ ༧༤༥༢ དང་། ཨང་གཉིས་པ་ཅོང་ཏ་ར་སློབ་གྲྭའི་བསྟན་འཛིན་པདྨ་དང་ཚེ་རིང་བཀྲ་ཤིས། བསྟན་འཛིན་ཆོས་འཛིན་བཅས་ལ་སྒོར་ ༡༦༥༦ རེ། ཨང་གསུམ་པ་འཇིགས་མེད་ནོར་བུ་དང་བསྟན་འཛིན་བློ་ལྡན་གཉིས་ལ་སྒོར་ ༡༢༤༢ རེ་བཅས་ཀྱི་བྱ་དགའ་སྤྲད་སོང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འདི་ནི། སྤྱི་ལོ་ ༡༩༦༠ ལོར་རྒྱ་གར་གཞུང་ལ་དེབ་སྐྱེལ་དང་བོད་གཞུང་གིས་ངོས་ལེན་ཡོད་པ་ཞིག་ཡིན་འདུག་ལ། ༢༠༠༢ ལོའི་ཟླ་ ༥ བའི་ནང་སྐབས་དེའི་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རྗེ་བཙུན་པདྨ་མཆོག་གིས་དཔལ་འབྱོར་གྱི་མཐུན་རྐྱེན་འཚོལ་སྒྲུབ་འོག་གསར་འཛུགས་གནང་རྗེས། ༢༠༠༣ ལོ་ནས་བཟུང་རྩེད་རིགས་དངོས་སུ་རྩེད་རིགས་ཚོགས་ཆུང་གོ་སྒྲིག་བྱེད་མགོ་བརྩམས་པ་དང་། ད་ལྟའི་བར་ཨེ་ཊ་ལི་དང་ཌེན་མག  སུད་སི་ལན་ཌི། འཇར་མན། ཧྤ་རན་སི། བྱང་ས་ཡ་པ་རས། ཧོ་ལན་ཌི། ཝོ་སི་ཊི་ལི་ཡ་བཅས་རྒྱལ་ཁབ་ ༨ ཙམ་ལ་ཕྱིན་ཏེ་འགྲན་བསྡུར་བྱས་ཡོད་འདུག

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 2

  1. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    ལས་དོན་འདི་འདྲ་བའི་རིགས་དེ་ཡག་པོ་འདུག་མ་འོངས་པ་བོད་ཀྱི་རྐང་སྤོལ་རུ་ཁག་དེ་འཛམ་གླིང་རྐང་པོ་རུ་ཁག་དང་མཉམ་དུ་འགྲན་དུ་ནུས་ན་ཡག་པོ་འདུག།

    Reply
  2. ཤེས་རབ། says:
    ལོ་ 16 སྔོན།

    ལས དོན་འདིའི་རིགས་ལ་མང་དུ་སྤེལ་ཐུབ་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese