མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་སྤྲུལ་ཚོགས་པ་བསམ་ཚུལ་བརྗེ་རེས་སུ་ཕྱོགས་སྐྱོད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp
ད་ལྟ་བོད་ལྗོངས་སུ་རིགས་མི་འདྲ་བའི་ཆོས་གྲྭ་ ༡༧༠༠ ལྷག་ཡོད་ཅིང་། མིང་ཐོ་བཀོད་ཟིན་པའི་གྲྭ་པ་ཕལ་ཆེར་ཁྲི་ ༤་༧ ཡོད། རྒྱ་ཆེའི་མི་སེར་རྣམས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ལ་ཞུགས་པ་དང་། དད་མོས་བྱེད་པར་རང་དབང་ཡོད། ས་གནས་ཁག་གི་དད་ལྡན་མང་ཚོགས་ལྷ་སའི་གཙུག་ལག་ཁང་དུ་མཇལ་སྐོར་དུ་སྐྱོད་མཁན་ཡང་ཧ་ཅང་མང་།  དོན་དངོས་དེ་དག་གིས་བོད་ས་གནས་ཀྱི་མི་སེར་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ཡིན་པ་གསལ་བོར་བསྟན་ཡོད་ཟེར།
 
དེ་རིང་ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཉི་ཧོང་ནང་འཚམས་འདྲིར་བསྐྱོད་པའི་བོད་ལྗོངས་ཀྱི་བོད་རིག་པའི་མཁས་པ་དང་སྤྲུལ་སྐུའི་འཐུས་ཚབ་ཚོགས་པ་ཁ་སང་སྟེ། ཕྱི་ཚེས་ ༡༩ ཉིན་ལྷོ་ཀོ་རི་ཡར་འབྱོར་ཡོད་འདུག
ཐེངས་འདིར་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་འཚམས་འདྲིར་བསྐྱོད་པའི་བོད་ལྗོངས་ཀྱི་བོད་རིག་པའི་མཁས་པ་དང་སྤྲུལ་སྐུའི་འཐུས་ཚབ་ཚོགས་པའི་ནང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ་ལགས་ཚོགས་གཙོ་ཡིན་ཞིང་། འཐུས་ཚབ་ཚོགས་པའི་ནང་སྤྲུལ་སྐུ་བློ་བཟང་བྱམས་པ་ལགས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་སུའུ་ཧྥ་ཞང་སོགས་ཚུད་ཡོད།  
གོང་གསལ་དྲ་རྒྱས་གནས་ཚུལ་སྤེལ་དོན། ཕྱི་ཚེས་ ༡༩ ཉིན་ལྷོ་ཀོ་རི་ཡར་འཚམས་འདྲིར་འབྱོར་བའི་བོད་རིག་པའི་མཁས་པ་དང་བླ་སྤྲུལ་སྐུ་ཚབ་ཚོགས་པས། ལྷོ་ཀོ་རི་ཡའི་རྒྱལ་ས་ Seoul ནས་ལྷོ་ཀོ་རི་ཡའི་ནང་བསྟན་གྲུབ་མཐའ་གཙོ་བོ་སྟེ་ཚའོ་ཞི་ཙོང་སྤྱི་ཁྱབ་ཁང་གི་མགོ་གཙོ་ཚི་ཁྲེང་ལ་མཇལ་འཕྲད་གནང་བ་མ་ཟད། རྒྱལ་ཕྱིར་བཅའ་སྡོད་བྱས་པའི་ཀྲུང་གོ་བ་དང་ཐོས་བསམ་གཉེར་མཁན་གྱི་སློབ་མའི་འཐུས་ཚབ་པ་རྣམས་ལ་བཞུགས་མོལ་ཡང་གནང་བ་དང་། བོད་ལྗོངས་ཀྱི་ད་ལྟའི་གནས་ཚུལ་དང་བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་ལོ་རྒྱུས་ཐད་ནས་བསམ་ཚུལ་བརྗེ་རེས་མཛད་པ་རེད་ཟེར།
 ཉིན་དེའི་སྔ་དྲོར་མཇལ་འཕྲད་སྐབས། འཐུས་ཚབ་ཚོགས་པའི་ཚོགས་གཙོས་ད་ལྟ་བོད་ལྗོངས་སུ་རིགས་མི་འདྲ་བའི་ཆོས་གྲྭ་ ༡༧༠༠ ལྷག་ཡོད་ཅིང་། མིང་ཐོ་བཀོད་ཟིན་པའི་གྲྭ་པ་ཕལ་ཆེར་ཁྲི་ ༤་༧ ཡོད། རྒྱ་ཆེའི་མི་སེར་རྣམས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ལ་ཞུགས་པ་དང་། དད་མོས་བྱེད་པར་རང་དབང་ཡོད། ས་གནས་ཁག་གི་དད་ལྡན་མང་ཚོགས་ལྷ་སའི་གཙུག་ལག་ཁང་དུ་མཇལ་སྐོར་དུ་སྐྱོད་མཁན་ཡང་ཧ་ཅང་མང་།  དོན་དངོས་དེ་དག་གིས་བོད་ས་གནས་ཀྱི་མི་སེར་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ཡིན་པ་གསལ་བོར་བསྟན་ཡོད་ཅེས་དང་།
ཡང་ཁོང་གིས་བོད་ལྗོངས་ནི་ཧ་ཅང་ལྟ་ན་སྡུག་ཅིང་ཡིད་དབང་འཕྲོག་པའི་གནས་མཆོག་ཅིག་ཡིན་ཞིང་། ད་ལྟ་གནས་དེར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། བོད་ལྗོངས་སུ་བསྐྱོད་འདོད་ཚེ། གནམ་གྲུ་དང་མེ་འཁོར། རླངས་འཁོར་སོགས་གང་རུང་དུ་བསྡད་དེ་བོད་ལྗོངས་སུ་ཕེབས་ཆོག་པ་ཡིན། ལྷོ་ཀོ་རི་ཡའི་ནང་བསྟན་ཆོས་ལུགས་པ་རྣམས་དངོས་སུ་བོད་ལྗོངས་སུ་གཟིགས་ཕེབས་གནང་རྒྱུ་ནི་བདག་གི་རེ་བ་ཉག་ཅིག་ཡིན། ཞེས་བརྗོད་འདུག
ལྷོ་ཀོ་རི་ཡའི་ནང་བསྟན་གྲུབ་མཐའ་གཙོ་བོ་ཚའོ་ཞི་ཙོང་ཚོགས་གཙོས་ཀྱང་། ཀྲུང་གོའི་བོད་རིག་པའི་མཁས་པ་དང་བླ་སྤྲུལ་སྐུ་ཚབ་ཚོགས་པ་ལྷོ་ཀོ་རི་ཡར་འབྱོར་བར་དགའ་ཚོར་བྱུང་བ་དང་། ཕྱིས་སུ་གོ་སྐབས་བྱུང་ན་བོད་ལྗོངས་སུ་འཚམས་འདྲིར་བསྐྱོད་ཐུབ་པའི་རེ་བ་བཅངས་ཡོད། ཅེས་དང་།   ཕྱོགས་གཉི་གའི་བོད་བརྒྱུད་ནང་བསྟན་དང་ཚའོ་ཞི་ཙོང་གྲུབ་མཐའི་འབྱུང་ཁུངས་གཅིག་ཡིན་པས། ཀྲུང་གོ་དང་ལྷོ་ཀོ་རི་ཡའི་རྒྱ ལ་ཁབ་གཉིས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་མུ་མཐུད་དུ་བསམ་ཚུལ་བརྗེ་རེས་དང་མཉམ་ལས་བྱེད་པར་སྔར་ལས་ལྷག་པར་ཤུགས་སྣོན་རྒྱག་དགོས་པར་འདོད། ཅེས་བཤད་འདུག
ཐེངས་འདིར་ལྷོ་ཀོ་རི་ཡར་འཚམས་འདྲི་བྱེད་སྐབས། སྐུ་ཚབ་ཚོགས་པས་ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་རྒྱུ་མ་ཟད། ཧྥུའུ་ཧྲན་རི་བོར་ཕྱིན་ནས་ཡུལ་དེའི་ནང་བསྟན་ལས་རིགས་དང་སྲིད་འཛིན་ལས་རིགས་ཁག་གི་མི་སྣར་བཞུགས་མོལ་གནང་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་འཐུས་ཚབ་ཚོགས་པ་ཉི་ཧོང་ལ་འབྱོར་རྗེས་ཐོག་མར་ཏུང་ཅིང་གི་ཀྲུང་གོ་བའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ལིའོ་ཡ་ཡན་ལ་མཇལ་འཕྲད་གནང་ཡོད་ལ། ཤེས་རབ་ཉི་མས་མཇལ་འཕྲད་གནང་སྐབས། འཐུས་ཚབ་ཚོགས་པ་འདི་ནི་དུས་ཡུན་རིང་བོར་བོད་རིག་པར་ཞིབ་འཇུག་གནང་བཞིན་པའི་ཆེད་མཁས་པ་དང་སྤྲུལ་སྐུས་གྲུབ་ཡོད་ཅིང་། ཐེངས་འདིར་ཉི་ཧོང་ལ་ཡོང་དོན་ཉི་ཧོང་གི་ལས་རིགས་ཁག་སོ་སོ་དང་བསམ་བློ་བརྗེ་རེས་དང་ཕན་ཚུན་འབྲེལ་འདྲིས་བྱ་རྒྱུ་དང་། བོད་ལྗོངས་འཕེལ་རྒྱས་ཀྱི་གནས་ཚུལ་རྣལ་མ་ཞིག་ངོ་སྤྲོད་གནང་ཆེད་ཡིན་ཞེས་བཤད་འདུག  
ཏུང་ཅིང་གི་ཀྲུང་གོ་བའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ལིའོ་ཡ་ཡན་གྱིས་ཀྱང་ཕྱིར་འཁོར་ནས། དེང་སྐབས་རྒྱལ་སྤྱིའི་སྟེང་ལས་རིགས་ཁག་སོ་སོས་བོད་ལྗོངས་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་ནའང་། ཁོང་ཚོའི་བོད་ལྗོངས་ཐད་ཀྱི་ལྟ་བར་ཕྱོགས་རིས་ཆེ་བས།  འཐུས་ཚབ་ཚོགས་པས་ཐེངས་འདིའི་འབྲེལ་འདྲིས་བརྒྱུད་ཕྱི་རྒྱལ་བ་སྔར་ལས་མང་པོ་ཞིག་ལ་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་ཤེས་སུ་འཇུག་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
 

གསར་འགོད་པ། ཨ་རིག་འགྱུར་མེད།

གསལ་བཤད།

གོང་གསལ་པར་དེ་ནི་ཀྲུང་གོའི་བོད་ལྗོངས་དྲ་བའི་པར་ཡིན་ལ། དེའི་སྟེང་གི་མི་རྣམས་ནི་འཐུས་ཚབ་ཚོགས་པའི་སྤྲུལ་སྐུ་བློ་བཟང་བྱམས་པ་དང་ཤེས་རབ་ཉི་མ། སུའུ་ཧྥ་ཞང་བཅས་ཡིན།

འབྲེལ་ཡོད་གསར་འགྱུར།

པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༢༡ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༢༢ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧

མཆན། 1

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 16 སྔོན།

    བླ་སྤྲུལ་ཚོ་ནི་ཁམས་གསུམ་གང་ལ་གནས་པའི་འགྲ་ོབ་སེམས་ཅན་གྱི་མཐའ་ཐུག་གི་སྐྱབས་ཡུལ་དམ་པ་ཞིག་ཆག་ཡོད་པ་རེད།
    ཡིན་ན་ཡང་དེང་སང་བླ་སྤྲུལ་ཚོ་ལ་བླ་སྤྲུལ་བའི་མཚན་ཉིད་ཚང་མ་ཚང་དཔྱད་པ་བྱ་དགོས་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ཆག་འདུག
    ཚང་མའི་སེམས་ལ་ཡག་པོ་བཞག་རོགས་གནོངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese