མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདེམས་སྟངས་མི་ནོར་བ་གནང་རོགས། སད་མ་དཀར།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

བོད་སྤྱི་པའི་དབུ་འཁྲིད་འདེམས་སྟངས་མི་ནོར་བ་གནང་རོགས།
སད་མ་དཀར།

 

མང་གཙོའི་རྒྱལ་ཁབ་ཀྱི་ངོ་བོ་ཞིག་སྒྲུབ་ཡོད་ན་ངེས་པར་མང་གཙོའི་ཀ་བ་གསུམ་གྱིས་གཙོས་པའི་གང་ལྟར་མི་མང་གི་འགོ་འཁྲིད་ཐུབ་མཁན་ཞིག་དང་འགན་འཁྱེར་ཐུབ་མཁན། དེ་བཞིན་དུས་རབས་ཀྱི་འགན་འཁྱེར་ཐུབ་མཁན། ད་དུང་རྣམ་དཔྱོད་དང་ལྷག་བསམ་གཉིས་ཀ་སྐྱེ་བོ་གཞན་ལས་ལྷག་པ་ལྡན་པའི་དབུ་འཁྲིད་ཀྱི་དཔུང་ཁག་ཅིག་ངེས་པར་ཡོད་དགོས་པ་འདྲ།

བོད་རྒྱལ་ཁབ་ཆེན་པོའི་ད་ལྟའི་གནས་བབས་ལ་བསམ་བློ་བཏང་ཚེ་དངོས་འབྲེལ་གཉན་འཕྲང་གི་དུས་རབས་ཤིག་ཡིན་པས་སྐྱེ་བོ་སུས་གཞུང་གི་རྐུབ་སྟེགས་ཐོག་བསྡད་རུང་རང་གིས་རང་ཉིད་ལ་བསྐུལ་ལྕག་དང་ལས་རྒྱུ་འབྲས་བརྩི་ཤེས་པ་ཞིག་བྱེད་དགོས་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་རེད། ལྷག་པར་དུ་རང་ཉིད་ཀྱིས་རྐུབ་སྟེགས་དེའི་ཐོག་བསྡད་ནས་བོད་རྒྱལ་ཁབ་ལ་ཕན་པའི་བྱ་བ་གང་ཞིག་སྒྲུབ་མིན་རང་བློ་རང་ལ་ལྐོག་ཏུ་འགྱུར་བ་ཞིག་མིན་པས་༸གོང་ས་རྒྱལ་བའི་དབང་པོ་སྐྱབས་མགོན་ཏ་ལའི་བླ་མར་ཞལ་མཇལ་དུས་ངོ་གནོངས་མི་དགོས་པ་ཞིག་ཅིས་ཀྱང་དགོས་འགལ་ཆེ། རང་ཉིད་ལ་བོད་རྒྱལ་ཁབ་ཆེན་པོ་དེའི་འགན་འཁྱེར་བའི་འཇོན་ཐང་མེད་བཞིན་དུ་རྟ་ལམ་བོང་བུས་བཀག་པའམ། ཡང་ན་མིང་རྫིག་པོ་ཞིག་གི་ཆེད་དུ་ཉི་མ་གང་འཁྱོལ་གྱིས་བསྡད་པ་ཡིན་ན་བོད་ནས་ཚུར་རེ་བའི་མིག་འབྲས་ཧུར་ཧུར་དུ་ལྟ་བཞིན་ཡོད་ལ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་སྡུག་སྦྱོང་དེ་ལྟར་མྱོང་བ་དག་བློས་བཟོད་ཐབས་མེད་པ་ཞིག་རེད། འོན་ཀྱང་ང་ཚོས་གོ་ཐོས་ལ་བོད་མི་མང་སྤྱི་འཐུས་ལ་ལོ་བཅུ་གྲངས་ཁ་ཤས་བསྡད་ཀྱང་གྲོས་ཚོགས་ལ་བོད་རྒྱལ་ཁབ་དང་མི་མང་གི་ཆེད་དུ་གྲོས་མོལ་ཙམ་ཡང་འདོན་མྱོང་མེད་ཟེར་བ་ཡོད་པ་མ་རེད་དམ། གལ་སྲིད་རང་ཉིད་ཀྱིས་མ་འཇོན་ན་ཨུ་ཚུགས་ཀྱིས་བསྡད་ནས་༸གོང་ས་རྒྱལ་བའི་དབང་པོས་སྐུ་ལས་འདི་ལྟར་བསྐྱོན་པ་མིག་ཡོད་ཀུན་གྱིས་ཤེས་ཚོད་རེད་ན་རྒྱུ་འབྲས་རྣོག་ནས་ཅི་བྱེད། མ་གཞི་སྤྱི་འཐུས་དེ་དག་མི་མང་གིས་འདེམས་པ་རེད་ཟེར་མོད། རྡ་སའི་མི་མང་རྣམས་གོ་རྟོགས་མཐོ་ཙམ་ཡོད་མདོག་ལས་ས་གནས་གཞན་ཁག་གི་མི་མང་ལ་གོ་རྟོགས་ཤིགཁག་པོ་རེད། མི་མང་ཆེ་བས་སྤྱི་འཐུས་དེའི་ལྟ་སྤྱོད་དང་འཇོན་ཐང་གང་ཅིར་རྒྱུས་མངའ་མེད་པས་མིའི་ཟེར་གྲོས་ཉན་ནས་འོས་གཞིའི་སྟེང་གང་ལྕོག་གིས་རྡ་རྟགས་འཐེན་རྒྱུ་ལས་མ་འདས། དེར་བརྟེན་རབ་བྱུང་ན་བཀའ་ཁྲི་དང་སྤྱི་འཐུས་འོས་གཞི་སུ་དང་སུ་ཡོད་རུང་འོས་མི་ངོ་མ་མི་མང་དཀྱིལ་དུ་ཕེབས་ཏེ་དམིགས་ཡུལ་དང་ལྟ་གྲུབ་སོགས་ངོ་སྤྲོད་གནང་རྒྱུ་དང་རླུང་འཕྲིན་དང་བརྙན་འཕྲིན་སོགས་ལས་ངོ་སྤྲོད་དང་བཅར་འདྲི་གནང་བ་སོགས་ཐབས་ལམ་འདྲ་མིན་ལས་འོས་མི་རྣམས་མི་མང་གིས་རྒྱུས་མངའ་ཡོང་ཐབས་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང། ལྷག་པར་དུ་སྤྱི་འཐུས་ཀྱི་འོས་མི་བཏོན་མཁན་ནང་དུ་སྐབས་དེའི་སྤྱི་འཐུས་ལས་ཐོག་པ་བཞུགས་མི་ཆོག་པ་བྱུང་ན་ལས་ཀ་དེ་གཙང་སིང་བ་ཡོང་ངམ་སྙམ། 

འདས་ལོའི་སྤྱི་འཐུས་ཚོའི་ཕྱག་ལས་གནང་སྟངས་ལས་ད་ཆ་སྤྱི་ཚོགས་ནང་དུ་གང་སར་དམིགས་ཡུལ་རྒྱབ་ནས་འདེམས་སྒྲུག་ལེགས་པོ་ཞིག་མ་བྱས་པར། བླ་མའི་ཁྱིས་སོ་རྒྱབ་ཀྱང་ཤ་ཚིལ་གྱི་སྤྲེལ་ལད་འཁྲབ་ན་སྤྱི་དོན་ལ་འཐུས་ཤོར་འགྲོ་རྒྱུ་ལས་མེད། དེར་བརྟེན་བོད་མི་སྤྱི་བོ་གནམ་བསྟན་སུས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་ནང་དུ་རྒྱུས་མངའ་ཡོད་པའི་ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་སྐྱེ་བོ་ཡོད་ན་ངོ་སྤྲོད་གནང་རོགས་གསུངས་མཁན་མེད་ཀྱང་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་ནས་འདིར་མི་ངོ་ཁ་ཤས་ངོ་སྤྲོད་ཞུ་རྒྱུ།  བཀའ་བློན་སྦུག་གཏན་སློབ་ཀྱི་སློབ་སྤྱི་གནང་བཞིན་པ་སྐུ་ངོ་སྐལ་བཟང་བསྟན་འཛིན།  རྡོ་རྗེ་གླིང་གཏན་སློབ་ཀྱི་མཐོ་རིམ་རྒྱལ་རབས་དགེ་རྒན་བསོད་ནམས་ཆོས་སྒྲོན། སྦེལ་ཀོབ་གཏན་སློབ་ཀྱི་སློབ་སྤྱི་མཐར་ལམ་སྒྲོལ་མ། སིམ་ལ་དང་མ་སུ་རི་གཏན་སློབ་ཀྱི་བོད་རིགས་དབུ་འཛིན་༼རེག་ཌར་༽ཟུར་པ་ཀརྨ་རྣམ་རྒྱལ་བཅས་ཡིན། ཁོང་རྣམས་ནི་ཤེས་ཡོན་གྱི་གཤོག་རྩལ་རྒྱས་ལ་ལྷག་བསམ་གྱི་རྒྱབ་འཁྱོངས་པ། དྲང་བདེན་དཔའ་ཚུགས་ལྡན་པའི་མི་བོ་ཤ་སྟག་ཡིན་པ་རྒྱུས་ལོན་བྱུང་བས་བཀའ་ཁྲི་སྤྱི་འཐུས་གང་ལྟར་བོད་དོན་ལ་ལྷག་བསམ་རྣམ་དག་གི་མི་ངོ་སྤུས་དག་ཤ་སྟག་ཡིན། གོང་གསལ་གྱི་སྐྱེས་བོ་ཁག་མཐོང་དུས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ནས་བཙན་བྱོལ་དུ་ཕེབས་མ་ཐག་ཤེས་ཡོན་སློབ་སྦྱོང་ལ་ཐུགས་འཁུར་ཆེ་བཞེས་བསྐྱངས་ནས་བྱུང་བའི་ཤེས་ལྡན་པ་ངོ་གནོང་མི་དགོས་པ་ཤ་སྟག་ཡིན་པའི་ངེས་ཤེས་འདྲོངས་པོ་བྱུང། གལ་སྲིད་ས་གནས་ཁག་སོ་སོར་ཁོང་དང་ཁོང་འདྲ་བའི་སྐྱེ་བོ་སུ་ཡོད་ནའང་སྐྱེ་བོ་སྒེར་སོ་སོས་ཀྱང་མི་ངོ་སྤྱན་འབུལ་ཞུ་དགོས། ཚོགས་པ་སྐྱིད་སྡུག་ཁག་མིན་ཀྱང་གང་ལྟར་རང་ཡུལ་དགྲ་ལག་ཏུ་ཤོར་བའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ངོས་ནས་ལས་འགན་རེ་འཁྱེར་ཐུབ་ན་ཐིག་པ་བསགས་པའི་རྒྱ་མཚོ་བཞིན་ནམ་ཞིག་གཉེན་ལ་འཕྱར་རིན་ཡོད་པ་དང་དགྲ་ལ་ངོམས་རིན་ཡོད་པའི་བོད་སྤྱི་པའི་དབུ་འཁྲིད་སྤུས་དག་ཤ་སྟག་སླེབས་ས་དེར་སླེབས་ཐུབ་པའི་རེ་བ་དང་སྨོན་འདུན་བཟང་པོའང་ལྷན་དུ་ཡོད།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༨ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 8

  1. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    སློབ་སྤྱི་རྐྱང་རྐྱང་གྲོས་ཚོགས་ནང་དུ་ཡོང་ན། གྲོས་ཚོགས་ར་བ་དེ་སློབ་གྲྭ་ཞིག་གི་ཚད་དུ་ཆགས་པ་མ་རེད་དམ། སྐུ་རྩེད་ཞུས་པ་ཡིན།
    སྤྱིར་བཏང་ལྷག་བསམ་དང་ཤེས་ཡོན་ཡོད་པ་དེ་ཧ་ཅང་ཡག་པོ་རེད། བསྔགས་བརྗོད་ཞུ་རྒྱུ་མ་གཏོགས་མེད། འོན་ཀྱང་སྤྱི་འཐུས་དང་བཀའ་བློན་ཟེར་དུས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ལྷག་བསམ་རྣམ་དག་དང་ཤེས་ཡོན་གྱི་སྒང་ལ་ད་དུང་བློ་ཁོག་དང་། ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་དང་། བྱེད་ཕོད་པ་དང་བསམ་ཕོད་པ། སྒྲུབ་ཕོད་པ་སོགས་ཆ་རྐྱེན་མང་པོ་དགོས་ཀྱི་རེད། སྤྱིར་བཏང་ནམ་རྒྱུན་སྤྱི་ཚོགས་ནང་དུ་བལྟ་ཡོང་དུས་ཤེས་ཡོན་ཅན་གྱི་མི་སྣ་དང་། མི་མང་གི་འགོ་འཁྲིད་མཁན་གྱི་ཆབ་སྲིད་མི་སྣ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་འདུག མི་རེ་རེའི་སྒང་ནས་བལྟས་ན། ཁ་ཤས་དགེ་རྒན་གྱི་ལས་ཀ་བྱས་ན་ཧ་ཅང་མཚུངས་པོ་དང་ཡག་པོ་ཡོད་ཀྱང་། ཆབ་སྲིད་ཀྱི་འགོ་ཁྲིད་བྱས་ན་དེ་་ཙམ་མཚུངས་པོ་མེད་པ་དང་། མི་འཇོན་པ་སོགས་མདོར་ན་མི་རེ་རེའི་རང་གཤིས་ལ་བལྟ་རྒྱུ་ཆེན་པོ་འདུག

    Reply
  2. མ་སུ་རི་བུ་མོ། says:
    ལོ་ 16 སྔོན།

    ༅། དྲ་གྲོགས་འཇམ་ཚུལ་ལགས་ཀྱིས་གཙོས་པར་འགྲེལ་བཤད་ཞུ་རྒྱུར།
    རྩོམ་འདི་བྲི་མཁན་དང་འོས་མིའི་དབར་འབྲེལ་བ་གང་ཡང་མེད། གུས་མོ་ནི་མ་སུ་རིར་གནས་སྡོད་བྱེད་ཅིང། ཁོང་རྣམས་པ་ས་གནས་གཞན་ནས་ཡིན་པ་མཁྱེན་གསལ་རེད། འོན་ཀྱང་ང་ཚོའི་སྤྱིའི་ཚོགས་འདིའི་ས་གནས་ལ་ངེས་གཏན་ཞིག་མེད་པས་གལ་ཏེ་རང་མིང་དངོས་སུ་བྲིས་ན་དེ་ནི་འགོ་ལ་སྡོད་མཁན་ཚོར་སྤྲེལ་ལད་འཁྲབ་པར་འགྲོ་ཉེན་འདུག།།བསམ་པ་ཡིན། ལྷག་པར་རང་ཉིད་གནས་སའི་སྤྱི་ཚོགས་ཀྱི་མི་ངོ་རྒྱུས་མངའ་ཆེ་ཤོས་ཡིན་པས་དེ་ལྟར་བཀའ་སྤྱིའི་འོས་སུ་ངོ་སྤྲོད་བྱས་པ་ཡིན་ཀྱང་ཁོང་རྣམས་པ་ཆོལ་ཁ་གང་ནས་ཡིན་དོ་སྣང་མ་བྱུང་དགོངས་དག།།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས། འདི་ནས་མགོ་གཉིས་མ་གང་ཡང་འཁྲབ་རྒྱུ་མ་བྱུང་། རྩོམ་པ་པོའི་རེ་སྐུལ་ལྟར་གསང་མིང་འདི་སྤྱོད་དུ་བཅུག་པ་ཡིན། སྤྱིའི་ཆ་ནས་དངོས་མིང་འགོད་རྒྱུར་ཕར་རེ་སྐུལ་དང་འབད་རྩོན་བྱེད་ཀྱིན་ཡོད། དགོས་དབང་གིས་དངོས་མིང་འགོད་འདོད་མེད་མཁན་ལ་གསར་ཁང་གི་ངོས་ནས་རྩོམ་པ་པོ་ངོ་རྟགས་ཆོད་ཚེ་དེ་ལྟར་འགོད་ཀྱིན་ཡོད། རྩོམ་ཡིག་རེ་ཟུང་ནི་གསར་ཁང་རང་གིས་ལེགས་འདེམས་ཀྱིས་འདིར་འགོད་ཀྱིན་ཡོད་ལ། དེ་དག་གི་འགན་ཡང་གསར་ཁང་གིས་འཁྱེར་གྱི་ཡོད།

    གུས་བཅས།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    དུས་བབས་ཚང་གིས་ཀྱང་མགོ་ཉིས་མ་ཞིག་བྱེད་ཀྱི་འདུག སྐབས་རེ་དངོས་མིང་མ་བཀོད་པར་རང་རྩོམ་བསམ་ཚུལ་སྡེ་ཚན་འདིར་མི་འཇོག་ཟེར་མོད་ད་ལྟ་སུ་ཡིན་མི་ཤེས་པ་ཞིག་གིས་དགོངས་ཚུལ་འདི་ལྟར་སྤེལ་འདུག དུས་འགྲོས་ཙམ་ལ་བལྟས་ན་ཕལ་ཆེར་ལྷག་བསམ་ཡིན་སྲིད་མོད་མིང་མ་བཀོད་པ་དེ་དོགས་པའི་གནས་ཤིག་རེད། བདག་གི་བསམ་ཚུལ་ལ་མི་དེ་དག་ཚང་མ་དཀའ་ཁྲིར་མི་འོང་མཁན་ཤ་སྟག་རེད། ལར་ནས་བཀའ་ཁྲི་ལ་ཤེས་ཡོན་དང་ལྷག་བསམ་ཡོད་པ་ཙམ་གྱིས་མི་ཆོག གཞན་ཡང་ཚང་དགོས་པའི་ཆ་རྐྱེན་མང་པོ་ཡོད།

    Reply
  5. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    རྩོམ་ཡིག་འདི་ལ་གང་ནས་བལྟས་ཀྱང་མིང་རྫུན་མ་ཞིག་བེད་སྤྱོད་བྱེད་དོན་མི་འདུནག་པས། ཕལ་ཆེར་འོས་གཞི་འདིའི་ནང་གི་གཅིག་ཁོ་རང་ཉིད་ཡིན་ས་རེད། གལ་ཏེ་ཁོ་རང་ཉིད་ཡིན་ནའང་མི་ཆོག་པ་མི་འདུག་མོད། ང་ལང་གི་ཡིན་ཞེས་ཐད་ཀར་མ་བཤད་པ་དེ་སྐྱོན་ཞིག་ཡོད་པའི་རྟགས་མིན་དྲོ།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དེ་རིང་བསམ་ཚུལ་ཁྱེར་ཡོང་མཁན་འདི་སུ་ཡིན་མི་ཤེས་མོད། དགེ་རྒན་དང་སློབ་སྤྱི་རྐྱང་རྐྱང་གྲོས་ཚོགས་ནང་ལ་དྲུད་ཡོང་ལུགས་ལ་བལྟས་ན་ཁོ་རང་ཡང་ལས་ཀ་དེའི་རིགས་ཀྱི་ནང་ལ་ཚུད་ཡོད་མཁན་ཡིན་པ་གསལ་པོ་རེད།

    Reply
  7. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    སྙིང་རྗེ་བོ་ཞིག་འདུག མི་རིགས་དང་རྒྱལ་ཁབ་ལ་ཤ་ཚ་དང་འགན་འཁུར་བའི་རྟགས་རེད།

    Reply
  8. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    སད་མ་དཀར་ལགས།
    དགོངས་ཚུལ་ཡག་པོ་གནང་བ་ཐུགས་རྗེ་ཆེ།
    ཡིན་ཡང་། ཁྱེད་རང་གི་དངོས་མིང་མ་བྲིས་པ་དེ་རྒྱུ་མཚན་གང་ཡིན་མ་ཤེས།
    ཁྱེད་ཀྱིས་བཏོན་པའི་འཐུས་མིའི་འོས་མི་དེ་དག་ཆོལ་ཁོངས་གང་ནས་ཡིན་གསལ་པོ་མི་འདུག
    ལྕམ་སྐུ་ཐར་ལམ་སྒྲོལ་མ་ལ་རྒྱུས་ཡོད་ཀྱང་གཞན་ཚོ་ངོ་ཙམ་ཡང་ཤེས་ཀྱིན་མི་འདུག
    དགོངས་འགལ་མེད་པར་ཞུ་རྒྱུ་ནི། རྗེས་ཕྱོགས་ངོ་སྤྲོད་བྱེད་སྐབས་ཆོལ་ཁ་དང་ལུང་ཚན། དེ་བཞིན་རྣམ་པ་དག་གི་ལོ་རྒྱུས་ངོ་སྤྲོད་རེའང་ཡོད་ན་ཕྱོགས་གང་ཅིའི་ཆ་ནས་སྟབས་བདེ་བ་རེད། ཁ་དྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese