མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་དང་སྒྲིག་གཞི་མ་ཤེས་པའི་དཀའ་ངལ་སེལ་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་བོད་ནང་འཇུ་བཟུང་བྱས་པ་དང་དམར་གསོད་བཏང་བ་སོགས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་ལ་ཞུ་གཏུགས་མ་བྱས་པར་སྤྱི་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བ་ཡིན་ན། དེ་སྤྱི་བའི་བར་ནས་ལྷག་པའི་ཉེན་ཁ་ཡོད་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བརྗོད་ཡོད། 

དེ་རིང་ཞོགས་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་སུད་སིའི་རྗེ་ནེ་ཝར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྦྱོང་བརྡར་བསྟི་གནས་ཁང་། དེ་བཞིན་སུད་སི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་བཅས་མཉམ་འབྲེལ་ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྒྲོམ་གཞི་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་རིང་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་ལ། ཐེངས་འདིའི་ཟབ་སྦྱོང་སྤྲོད་མཁན་ནི་རྗེ་ནེ་ཝར་རྟེན་གཞི་བྱས་པའི་མཉམ་སྤྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྦྱོང་བརྡར་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཨར་ཌི་རེན་རྫོབ་ལེར་ལགས་རེད། 

འདིའི་ཐད་འདི་གསར་འགོད་པས་ཐེངས་འདིའི་ཟབ་སྦྱོང་གོ་སྒྲིག་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། སྦྱིར་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་བརྗོད་གཞི་ཆེན་པོ་ཞིག་རེད། ཡིན་ནའང་། ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་གནད་དོན་དེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་སྒྲིག་གཞི་དང་མཐུན་པའི་ཐོག་སྒྲུབ་ལུགས་དང་འགྲོ་ལུགས་ཤེས་པར་བྱ་རྒྱུ་གལ་ཆེན་དུ་དམིགས་ཏེ་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན་ལ། དེ་ཡང་གཙོ་བོ་ནམ་རྒྱུན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་བཞིན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཙོས། བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་ལས་ཁུངས་དང་བདེ་སྲུང་། ཁྲིམས་ཞིབ་ཁང་། དེ་བཞིན་མཐོ་རིམ་སློབ་གྲྭའི་ནང་སྲིད་དོན་ཚན་རིག་གི་ཐོག་སློབ་སྦྱོང་དང་ཕྱག་ལས་གནང་བཞིན་པའི་དགེ་སློབ་བཅས་ལས་ཀ་འདི་དང་འབྲེལ་བ་ཡོད་མཁན་དང་དགའ་མོས་ཡོད་མཁན་གྱི་མི་སྣ་ ༢༠ ལྷག་གདན་ཞུའི་ཐོག་མ་འོངས་པར་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་སྒྲོམ་གཞི་དང་འབྲེལ་བའི་ཐོག་ནས་སྙན་ཞུ་ཕུལ་སྟངས་དང་ལས་འགུལ་སྤེལ་སྟངས་སོགས་འགྲོ་ལུགས་འགྲོ་སྟངས་གནད་ལ་སྨིན་པ་ཞིག་ཡོང་བར་བྱ་ཆེད་ཟབ་སྦྱོང་གོ་སྒྲིག་ཞུས་པ་ཡིན་ཞེས་བརྗོད་བྱུང་ལ།  ཡང་ཁོང་གིས། ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞུ་ས་གཙོ་བོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཆགས་ཡོད་ཀྱང་། དེ་ལའང་ཞུ་ལུགས་ཞུ་སྟངས་ཡོད་པ་རེད། གལ་སྲིད། ང་ཚོས་འཇུ་བཟུང་བྱས་པ་དང་དམར་གསོད་བཏང་བ་སོགས་འབྲེལ་ཡོད་ཀྱི་སྡེ་ཚན་ཁག་ལ་ཞུ་གཏུགས་མ་བྱས་པར་སྤྱི་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བ་ཡིན་ན། དེ་སྤྱི་བའི་བར་ནས་ལྷག་པའི་ཉེན་ཁ་ཡོད་སྟབས། ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་གང་བྱུང་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་ཏག་ཏག་ཚུད་རྗེས་འབྲེལ་ཡོད་སྡེ་ཚན་ཁག་ལ་འབུལ་ཐུབ་པར་བྱ་རྒྱུ་དང་། ཁྲིམས་དང་སྒྲིག་གཞི་མ་ཤེས་པའི་དཀའ་ངལ་གང་མང་ཞིག་སེལ་ཆེད་ལས་རིམ་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བ་ཡིན་ཞེས་བརྗོད་བྱུང་།

ཟབ་སྦྱོང་འདི་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྦྱོང་བརྡར་ཁང་གཉིས་མཉམ་འབྲེལ་གྱིས་བཞུགས་སྒར་ངྷ་རམ་ས་ལར་བོད་རིགས་ཚོར་འདི་ལྟའི་ཟབ་སྦྱོང་སྤྲད་པ་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤

མཆན། 4

  1. ཁྱུང་གསེར་ཕྲུག says:
    ལོ་ 15 སྔོན།

    རྣམ་པ་ཚོ་དེ་འདྲ་གསུངས་ཡ་ཨུ་ཡོད་ན་

    Reply
  2. ཁྱུང་གསེར་ཕྲུག says:
    ལོ་ 15 སྔོན།

    རྣམ་ཚོ་དེ་འདྲ་གསུང་ཨུ་ཡོད་ཟམ་སྦྱོང་དང་ལས་རིམ་འདི་ལྟ་བུ་ཚོགས་ཐོབ་ཡིན་ན་མ་འོང་པ་ལ་གམཔ་སྤོ་སར་ལམ་དང་དམིགས་བཟུང་ས་འབེན་ལྟ་བུ་འཚོལ་བས་ཐོབ་ལམ་ཞིག་རེད་དྲན་ཡི་གདའ

    Reply
  3. ཨ་མའི་བུ། says:
    ལོ་ 16 སྔོན།

    ཡང་དུས་ཚོད་འཕྲོ་ལྷག་ཏུ་གཏོང་བྱེད་ཀྱི་ཚོགས་འདུ་ཞིག་ཚོགས་འདུག ཡང་མིན་ན་གསར་འགོད་པས་གསར་འགྱུར་ལེན་མ་ཤེས་ཟིག

    Reply
  4. kalsang says:
    ལོ་ 16 སྔོན།

    ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིག་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese