མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་མན་ཌ་ལའི་ཉིན་མོ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༡༨ ཉིན་འཛམ་གླིང་གང་སར་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་ཟུར་བའམ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ནེལ་སིན་མན་ཌ་ལ་མཆོག་དགུང་ལོ་ ༩༢ ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག

ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༨ ཉིན་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཡོངས་སུ་རང་ལོ་ ༩༢ ལ་སོན་པའི་མི་རིགས་ནག་པོའི་སྲིད་འཛིན་དང་པོའམ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ནེལ་སིན་མན་ཌ་ལ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པར་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་ཡང་ཐེངས་དང་པོར་རྒྱལ་སྤྱིའི་མན་ཌ་ལ་མཆོག་གི་ཉིན་མོ་ཞེས་པ་སྲུང་གཙི་ཞུས་ཡོད་འདུག འཁྲུངས་སྐར་གྱི་ཉིན་མོར་ཡུལ་དེའི་མཐོ་རིམ་དཔོན་རིགས་ཚོས་སྐར་མ་ ༦༧ ཙམ་གྱི་རིང་སྲིད་འཛིན་ཟུར་བ་མན་ཌ་ལ་མཆོག་གིས་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ལ་འཐབ་རྩོད་བྱས་ཏེ་མི་ལོ་ ༦༧ ཕྱིན་པར་རྗེས་དྲན་གུས་འདུད་བྱས་ཡོད་འདུག ཡིན་ནའང་མན་ཌ་ལ་མཆོག་གིས་ཁོང་གི་སྐྱེས་སྐར་དེ་རང་ཁྱིམ་ནས་སྟབས་བདེ་ཞིག་བཏང་ཡོད་ལ། སྐབས་དེར་ཁོང་གི་ཕ་ཡུལ་གཅིག་པའི་བྱིས་པ་ ༡༠༠ ཙམ་རང་ཁྱིམ་དུ་ཡོང་སྟེ་ཁོང་དང་ལྷན་དུ་སྐྱེས་སྐར་ལ་རོལ་འདུག་ལ། བྱིས་པ་ཚོས་སྐྱེས་སྐར་གྱི་ལག་རྟགས་སུ་མཉམ་རུབ་ཀྱིས་ཤིས་ཤོག་ཆེན་པོ་ཞིག་ཀྱང་ཕུལ་ཡོད་འདུག

སྐུ་ཞབས་མན་ཌ་ལ་མཆོག་གིས་སྐབས་དེའི་ལྷོ་ཨ་ཧྥི་རི་ཁའི་མི་རིགས་དཀར་པོའི་སྲིད་གཞུང་ལ་ངོ་རྒོལ་རྒྱུན་རིང་བྱས་སྟབས་མཐར་མི་ལོ་ ༢༧ རིང་བཙོན་འཇུག་བྱས་ཡོད་ལ།  ཕྱི་ལོ་ ༡༩༩༠ ལོར་ཁོང་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་པ་དང་། ལོ་ངོ་བཞིའི་རྗེས་སུ་ཁོང་ལ་རྒྱལ་ཡོངས་རང་བཞིན་གྱི་འོས་འདེམས་ཁྲོད་སྲིད་འཛིན་གྱི་གོ་གནས་ཐོབ་ཡོད་ལ། སྲིད་འཛིན་གྱི་ལས་འཁུར་སྐབས་ཁོང་གིས་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་དེ་རྦད་དེ་མེད་པ་བཟོས་ཡོད།

ད་ལོར་ལྷོ་ཨ་ཧྥི་རི་ཁར་གོ་སྒྲིག་ཞུས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོའི་སྟེང་སྤྱིར་ཡིན་ན་མན་ཌ་ལ་མཆོག་ཕེབས་རྒྱུར་གཏན་འཁེལ་འདུག་ཀྱང་། ཁོང་གི་ཚ་མོ་ཞིག་བརྡབ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་པའི་རྐྱེན་གྱིས་ཁོང་མཛད་སྒོའི་ཐོག་ཕེབས་ཐུབ་མེད་པ་རེད།

སྐུ་ཞབས་ནེལ་སིན་མན་ཌ་ལ་མཆོག་ནི་འཛམ་གླིང་ཐོག་མི་རིགས་དབྱེ་འབྱེད་དང་འགྲོ་བ་མིའི་ཐོབ་ཐང་ཐད་བྱས་རྗེས་ཆེ་བའི་གྲགས་ཅན་གྱི་མི་སྣ་ཞིག་ཡིན་ལ། ཕྱི་ལོ་ ༡༩༩༣ ལོར་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཐོབ་ཡོད་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

ཆུ་ཚོད་ ༡༠ སྔོན་ལ།
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༤ སྔོན་ལ།
Sikyong Penpa Tsering spoke on Tibet’s environmental significance and its global implications at the College of Mexico (ColMex), and on Tibet’s enduring nonviolent struggle at ITESO University.
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མེག་སི་ཁོའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་།

༢༠༢༥/༡༠/༢༦
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧སྐུའི་གོ་སྟོན་སྲུང་གཙིའི་རིག་གཞུང་དུས་སྟོན་འཚོག་བཞིན་པ། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གཞུང་དུས་སྟོན་འཚོག་བཞིན་པ།

༢༠༢༥/༡༠/༢༤
འདི་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་སྟོན་རྒྱུར་དཀའ་ངལ་འཕྲད་འདུག

༢༠༢༥/༡༠/༢༤
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཉི་ཧོང་གི་སྲིད་བློན་ས་ནའེ་ཊ་ཀའེ་ཆི་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར་སྒྲིག་སྦྱོར་བྱས།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

༢༠༢༥/༡༠/༢༤

མཆན། 3

  1. སེང་ཆུང་། says:
    ལོ་ 15 སྔོན།

    སྐུ་ཞབས་ནིལ་སོན་ལཊ་སུ་འཚམས་འདྲི་དང་སྦྲགས་༸གོང་ས་མཆོག་ཀུང་དགུང་གྲངས་བརྒྱ་ཕྲག་ཁ་ཤས་བཞུག་པའི་སྨོན་འདུན་ཞུ། །

    Reply
  2. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    འཁྲུངས་སྐར་ཉིན་གྱི་རྒྱ་གར་ཨིན་ཌེ་ཊེ་ཝེ་བརྙན་འཕྲིན་གྱི་བཅར་འདྲི་ལེ་ཚན་ནང་། མགོ་སེར་བུད་མེད་ཅིག་གིས་༧གོང་ས་མཆོག་ད་དུང་ཡང་དགུང་ལོ་༧༥བཞུགས་ཐུབ་གི་རེད་ཅེས་ཞུས་སྐབས། ཁོང་ནས་དེ་རྦད་དེ་རིང་དྲགས་པ་རེད། ཡིན་ནའང་། ད་ལྟའི་ངོས་ཀྱི་སྐུ་གཟུགས་ཀྱི་བདེ་ཐང་ལ་བལྟས་ཡོང་ན་ཏན་ཏན་ལོ་༡༠ ནས་ ༢༠ སྡོད་ཀྱི་རེད་ཅེས་གསུངས་སོང་། དེ་དང་མཉམ་དུ་ཁོང་གིས། བཅོམ་ལྡན་འདས་དང་མགོན་པོ་ཀླུ་སྒྲུབ་སོགས་ལའང་རང་རང་གི་སྒྲིག་འཛུགས་ཟེར་བ་གང་ཡང་མེད་པས། ཏཱ་ལའི་བླ་མའི་སྒྲིག་འཛུགས་ཟེར་བ་དེའང་གལ་ཆེན་མིན་ལུགས་གསུངས་སོང་། ལྷག་པར་དུ་ཁོང་ནས་དེབ་གང་འཚམ་བྲིས་ཡོད་པ་དེ་མ་འོངས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་སྡོད་སྲིད་པས་ཕན་ཐོགས་ཀྱི་ཡོད་ལུགས་དང་དེ་གས་འགྲིག་གི་ཡོད་ཚུལ་ཡང་གསུངས་སོང་། དེར་བལྟས་ཡོང་ན། ཁོང་ནི་ཏཱ་ལའི་སྐུ་ཕྲེང་མཐའ་མ་ཡིན་སྲིད་པའི་སེམས་ཁྲལ་ཞིག་ཀྱང་ཡོང་གི་འདུག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ལྟར་དགུང་ལོ་ ༡༡༣ བཞུགས་ཐུབ་པའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese