མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྱུ་རྩལ་དང་ཚོང་རྫས་སུ་གྱུར་དང་འགྱུར་བཞིན་པའི་བོད་དོན། ཀླུ་སྨྱོན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་དང་བོད་ཀྱི་གནད་དོན་འདི་ནི་རྗེ་གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། དེ་ནས་ད་ལྟ་ལ་ཐུག་གི་བར་དུ་སྔོན་གཤེགས་དཔའ་བོ་དཔའ་མོ་ཁྲི་ཕྲག་དུ་མས་དམར་པོ་ཁྲག་དང་གཅེས་པའི་སྲོག་གི་འགྲོ་སོང་བཏང་སྟེ་རྒྱུན་སྲིང་ཡོང་བ་ཞིག་ཡིན་ཞིང་། བོད་ལ་ཡི་གེ་འབྲི་བའི་ལུགས་སྲོལ་མེད་པའི་དུས་སུ་བོད་དོན་འདི་བོད་མི་ཚོས་རང་རང་གི་སེམས་ཁོང་དུ་ཉར་ཚགས་བྱས་ཤིང་། ཡི་གེ་འབྲི་བའི་ལུགས་སྲོལ་བྱུང་ནས་བཟུང་སྟེ་ལོ་རྒྱུས་ཀྱི་དེབ་ཐེར་སྣ་ཚོགས་ཤིག་གི་སྟེང་དུ་བོད་ཀྱི་གནད་དོན་འདི་སྣག་ཚ་ནག་པོས་ཞིབ་ཚགས་པོར་བྲིས་ཡོད། དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཆ་སྔ་གྲས་སྦ་བཞེད་དང་དེའི་རྗེས་ཀྱི་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་བོད་ཀྱི་རྒྱལ་རབས་ལྟ་བུ་བཀླགས་ན་ལོ་ངོ་ཆིག་སྟོང་ཡས་མས་ཀྱི་བོད་པའི་ལོ་རྒྱུས་ཡིག་ཐོག་ཏུ་འབེབ་སྟངས་ཤིག་གསལ་བོར་མཐོང་ཐུབ། ད་དུང་ལྷ་སའི་རྡོ་རིང་དང་ཁྲ་འབྲུག་གི་དྲིལ་བུའི་ཁ་བྱང་ལྟ་བུའི་རྡོ་དང་ཟངས་ཀྱི་དངོས་རྫས་དག་ལ་ཡང་བོད་པ་ཚོས་རང་གི་ལོ་རྒྱུས་ཀྱི་བྱུང་བ་ཁག་ཅིག་གསལ་བོར་བརྐོས་ཡོད།

དེའི་རྗེས་སུ་རྡོ་རིང་གི་ངོས་སུ་ལོ་རྒྱུས་འབྲི་བའི་ལུགས་སྲོལ་འདི་ལ་འགྱུར་བ་ཐེབས་ནས་ཤོག་བུའི་ངོས་སུ་ལོ་རྒྱུས་འབྲི་བའི་ལུགས་སྲོལ་ཏེ་ལོ་རྒྱུས་ཀྱི་དཔེ་དེབ་རྩོམ་པའི་ལུགས་སྲོལ་འདི་དར་ཁྱབ་ཆེན་པོ་ཞིག་ཏུ་གྱུར་ཅིང་། དེབ་ཐེར་སྔོན་པོ་དང་ཚལ་བའི་དེབ་དམར་ལྟ་བུ་ལོ་རྒྱུས་དེ་ལོ་རྒྱུས་ཀྱི་ངོ་བོའི་སྟེང་ནས་ཚིག་རྒྱན་ཅི་ཡང་མེད་པར་བྲིས་ཡོད་པ་ཁག་ཅིག་དང་། རྒྱལ་དབང་ལྔ་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་མདོ་མཁར་ཞབས་དྲུང་གི་མི་དབང་རྟོགས་བརྗོད་དང་བཀའ་བློན་རྟོགས་བརྗོད་ལྟ་བུ་ལོ་རྒྱུས་ཀྱི་བྱུང་བ་ཁག་སྒྱུ་རྩལ་གྱི་ལམ་ནས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གིས་སྤྲས་ཏེ་འབྲི་སྲོལ་གཉིས་བྱུང་ཡོད། ཆོས་རྒྱལ་ཚོའི་དུས་སུ་བོད་པའི་དམག་སྡེ་ལ་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་བཞི་སོགས་སུ་ཕྱེ་སྟེ་དམག་སྡེ་རེ་རེར་ཚོས་གཞི་མི་འདྲ་བའི་དམག་དར་འཕྱར་རྒྱུ་ཡོད་ཅིང་། དམག་དར་རེ་རེའི་ངོས་སུ་ཚོན་མདོག་འདྲ་མིན་གྱི་རི་མོ་འབྲི་སྲོལ་དར་བའི་ལོ་རྒྱུས་ལ་དཔྱད་ན། བོད་ཀྱི་གནད་དོན་འདི་སྒྱུ་རྩལ་གྱི་ལམ་དུ་འདྲེན་སྲོལ་དེ་ཡང་གནའ་སྔ་མོ་ཞིག་ནས་ཡོད་པ་ཤེས་ཐུབ།
 
ཆབ་སྲིད་ཀྱི་ལམ་ལུགས་དེར་སྒྱུ་རྩལ་གྱི་མཛེས་རྒྱན་སྤྲས་ཏེ་རྒྱལ་ཁབ་ཕྱི་ནང་དུ་ངོམ་སྲོལ་ཡོད་པ་འདི་ནི་བོད་པ་གཅིག་པོའི་སྤྱི་ཚོགས་ཁྲོད་ཀྱི་སྣང་ཚུལ་ཞིག་མ་ཡིན་པར་ཕྱི་རྒྱལ་ཁག་ལ་ཡང་ཡོད་པ་ནི། གནའ་སྔ་མོའི་རྒྱ་གར་གྱི་རྒྱལ་ཕྲན་དག་གཅིག་གྱུར་བྱེད་མཁན་གྱི་རྒྱལ་པོ་མྱ་ངན་མེད་ཀྱི་དུས་སུ་བཞེངས་པར་གྲགས་པའི་རྡོ་རིང་དང་ཁོང་གི་ཐམ་ཀའི་ཁ་རིས་སོགས་ལས་ཤེས་ཐུབ་ལ། རྒྱ་ནག་གི་རྒྱལ་པོ་རིམ་བྱོན་གྱི་ཐམ་ཀ་དང་དངུལ་སྒོར་གྱི་མཛེས་རིས་དག་ལས་ཀྱང་གསལ་བོར་རྟོགས་ཐུབ་ཅིང་། ཡོ་རོབ་དང་ཨ་རབ་ཡུལ་གྲུ་ཁག་གི་སྔོན་གྱི་རྒྱལ་པོ་དག་གི་ཤུལ་བཞག་གནའ་རྫས་དག་ལས་ཀྱང་ཤེས་ཐུབ་པ་ཞིག་རེད།

སྐབས་སུ་བབས་པ་བོད་དོན་འདི་སྒྱུ་རྩལ་གྱི་ངོ་བོར་ཇི་ལྟར་འགྱུར་བཞིན་པའི་ཚུལ་ནི་འདི་ལྟ་སྟེ། ད་ལྟའི་དུས་རབས་འདི་ཚོང་ལས་ཀྱི་དུས་རབས་ཤིག་ཡིན་པའི་ཆ་ནས། མི་རྣམས་ཀྱིས་ཆབ་སྲིད་དང་ཆོས་ལུགས་ཀྱི་མཚོན་རྟགས་ལྡན་པའི་ཅ་དངོས་དག་གི་སྟེང་ནས་ཁེ་བཟང་མང་ཙམ་ལེན་ཐུབ་པའི་རིག་པའི་གཞུང་ལུགས་དེ་ཁོང་དུ་ཆུད་ཡོད་ཅིང་། གཞུང་ལུགས་དེ་བེད་སྤྱད་ནས་མི་རྣམས་ཀྱི་དོ་སྣང་བྱེད་བཞིན་པའི་ཆབ་སྲིད་ཀྱི་འབོད་ཚིག་སྣ་ཚོགས་ཀྱང་གོན་ཆས་དང་ཤོག་བུ་འདྲ་མིན་གྱི་ངོས་སུ་པར་སྐྲུན་གྱིས་འཚོང་འགྲེམ་བྱེད་བཞིན་ཡོད་པ་རེད། དེ་ལས་ད་ལྟ་རྒྱ་ནག་དང་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག ཨ་ཧྥེ་རི་ཁའི་ཡུལ་གྲྭ་དག་ཕར་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་མི་དམངས་ཀྱི་མིག་ལམ་དུ་ཆ་རྒྱུས་ཧ་ཅང་ཡོད་པའི་ཆབ་སྲིད་ཀྱི་འབོད་ཚིག་ཁག ཅིག་སྟེ་བོད་རང་དབང་FREE TIBET དང་བོད་སྐྱོབ་SAVE TIBETཞེས་པའི་ཡིག་འབྲུ་འདི་དག་ཅན་གྱི་གྱོན་ཆས་དང་ཤོག་བྱང་ནི་ཚོང་པ་ཚོའི་ཚོང་རྫས་དང་སྒྱུ་རྩལ་པ་ཚོའི་རྩེད་ཆས་སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

བྱ་དངོས་གང་ཞིག་ཡིན་ཡང་གསར་པ་ནས་རྙིང་བའི་ཕྱོགས་སུ་འགྱུར་ལྡོག་འབྱུང་བར་སུས་ཀྱང་གཡོལ་ཐབས་མེད་པ་ཇི་བཞིན། བོད་རང་དབང་དང་བོད་སྐྱོབ་སོགས་ཀྱི་ཡིག་རིས་འདི་དག་ཀྱང་ཆབ་སྲིད་ཀྱི་ཚོར་བ་ཤུགས་དྲག་སྟེར་བའི་དངོས་པོ་ཞིག་ནས་སྒྱུ་རྩལ་གྱི་མཛེས་རིས་འགྲན་པའི་ཐོན་རྫས་ཤིག་ཏུ་མི་འགྱུར་ཀ་མེད་བྱུང་བ་རེད། དཔེར་ན་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་གྱ་གྲངས་ཀྱི་དུས་སུ་རྡ་རམ་ས་ལ་སོགས་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་སུམ་ཅུའི་དུས་དྲན་གྱི་ཉིན་མོར་བོད་རང་དབང་གི་འབོད་ཚིག་སྒྲོག་དུས་བོད་མི་ཕལ་མོ་ཆེའི་སེམས་པ་དྲག་ཏུ་ཁོལ་ཞིང་མིག་མཐའ་མཆི་མས་བརླན་པ། སྐད་གསེང་མཐོན་པོས་ང་རོ་སྒྲོག་པ་སོགས་ཆབ་སྲིད་ཀྱི་རྣམ་འགྱུར་བཅོས་པ་མིན་པ་ཞིག་ཡོད་ཀྱང་། ད་ལྟའི་དུས་འདིར་སུམ་ཅུའི་དུས་དྲན་སྲུང་རྩི་བྱེད་དུ་ཡོང་མཁན་ཇེ་ཉུང་ནས་ཇེ་ཉུང་དེ་གྱུར་ཅིང་། ཡོང་བ་དག་གིས་ཀྱང་ཁྲལ་འཁྱོལ་ཙམ་གྱི་སྐད་འབོད་རེ་བྱེད་པ་དང་། མི་མང་པོ་ཞིག་གིས་ཁྲོམ་སྐོར་གྱི་ཁྲོད་དུ་ཡང་ཁ་བརྡ་སྣ་ཚོགས་གློད་ཅིང་ཁ་ཡེངས་མིག་ཡེངས་ཀྱིས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཐུག་པའི་གོམ་བགྲོད་འདི་ལ་གོམ་བགྲོད་སྤྱིར་བཏང་བ་དཔེར་ན་ཞོགས་པའི་ལུས་སྦྱོང་ལྟ་བུ་ཞིག་གི་འདུ་ཤེས་འཛིན་བཞིན་ཡོད་པ་སོགས། རང་དབང་གི་མཚོན་རྟགས་ནི་སྒྱུ་རྩལ་གྱི་བསྡུས་གཟུགས་སུ་འགྱུར་བཞིན་པ་དང་། ཆབ་སྲིད་པའི་ཁྲོམ་སྐོར་ནི་གནས་སྐབས་ཀྱི་འཁྲབ་སྟོན་ཙམ་ཞིག་ཏུ་འགྱུར་བཞིན་པའི་དུས་འདིར། བོད་པའི་མཚོན་རྟགས་རེ་རེ་བཞིན་ཚོང་རྫས་སུ་གྱུར་དང་འགྱུར་བཞིན་ཡོད་པའི་དཔེ་གསོན་པོ་ཞིག་ནི། ལོ་འགའི་སྔོན་རྒྱ་ནག་གི་བཟོ་གྲྭ་ཞིག་ནས་སྟོན་པའི་སྐུ་བརྙན་རྐང་པ་འཁྲུ་བའི་འདག་རྫས་ཀྱི་སྟེང་དུ་དཔར་པ་དང་། དེའི་རྗེས་སུ་བོད་ལྗོངས་སུ་གཞོང་པ་ལྷ་ཆུའི་བཏུང་ཇའི་ཤོག་སྒམ་སྟེང་པོ་ཏ་དང་སངས་རྒྱས་ཀྱི་སྐུ་བརྙན་བཀོད་པ། ཉེ་ཆར་ཡང་ཕྱི་རྒྱལ་གྱིི་བཟོ་གྲྭ་ཞིག་གིས་སྟོན་པ་སངས་རྒྱས་དང་འཇམ་པའི་དབྱངས་སོགས་ཀྱི་སྐུ་གཟུགས་རྐང་མགོའི་ལྷམ་གྱི་སྟེང་དུ་དཔར་ཏེ་འགྲེམ་ཚོང་བྱས་པ་འདི་ལས་ཤེས་ཐུབ་ཅིང་། བསམ་བློ་དང་འདུ་ཤེས་འཛིན་སྟངས་ཀྱི་རྟགས་མཚན་གང་ཞིག་སྒྱུ་རྩལ་དང་ཚོང་རྫས་སུ་གྱུར་པའི་དུས་དེ་ནས་བཟུང་སྟེ། དངོས་པོ་དེ་དག་གི་སྟེང་གི་ཆབ་སྲིད་ཀྱི་ཚོར་ཤུགས་དྲག་པོ་དེའི་ངོ་བོའམ་རང་བཞིན་དངོས་མ་དེ་ནི་གཞན་དང་གཞན་ཞིག་ཏུ་གྱུར་ཚར་བ་མ་ཡིན་ནམ།

དཔེ་མཚོན་གཞན་ཞིག་ནི་དེང་སང་ཕྱི་གླིང་བའི་ཁྲོད་དུ་གཙགས་རིས་ཀྱི་ལམ་ནས་བོད་པའི་མ་ཎི་ཡིག་དྲུག་འདི་ཡང་རྐང་པ་དང་སྐེ་མཇིང་། དཔུང་བ་སོགས་ཀྱི་སྟེང་དུ་འབྲི་སྲོལ་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། འདི་ནི་མི་རིགས་ཤིག་གི་བླ་སྲོག་གི་དྭངས་མར་འཕོས་པའི་རིག་གཞུང་ཞིག་གི་བསྡུས་གཟུགས་ཤིག་མི་རིགས་གཞན་ཞིག་གིས་སྒྱུ་རྩལ་གྱི་ཐོན་རྫས་ཤིག་ཏུ་བརྩིས་པའི་དཔང་རྟགས་གསོན་པོ་ཞིག་ཡིན་པས། བྱེད་སྟངས་འདིའི་ལྡོག་འོད་ཕྱིར་མི་རིགས་འདིའི་མི་རབས་རྗེས་མ་ཚོའི་ལུས་སྟེང་དུ་འཕྲོ་རྒྱུ་ཡང་ད་ལྟ་ནས་མགོ་བཙུགས་ཚར་ཡོད་ཅིང་། དེ་ནི་དེང་སང་ལག་ཁུག་སྣ་ཚོགས་ཀྱི་ངོས་སུ་མ་ཎི་ཡིག་དྲུག་གང་བྱུང་དུ་བྲིས་ཡོད་པ་འདི་ཡིས་ཤེས་ཐུབ་ལ། བྱེད་སྟངས་འདིས་མི་རབས་སྔོན་མ་ཚོས་ཕྱག་དང་མཆོད་པའི་ཡུལ་དུ་བཟུང་བའི་ནང་ཆོས་ཀྱི་སྲོག་ཟུངས་ཀྱི་བསྡུས་གཟུགས་མ་ཎི་ཡིག་དྲུག་འདི་རང་ཅག་གི་དུས་རབས་འདིར་ཁུག་མ་སྣ་ཚོགས་ཀྱི་མཛེས་རྒྱན་དུ་བསྒྱུར་པའི་རང་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཆོག འདི་དང་འདི་ལྟ་བུའི་ཉིན་རེ་ནས་ཉིན་རེ་བཞིན་སྒྱུ་རྩལ་གྱི་ངོ་བོར་གྱུར་དང་འགྱུར་བཞིན་པའི་བོད་དོན་ནམ་བོད་ཀྱི་རིག་གཞུང་དང་དེའི་རྒྱབ་ལྗོངས་དག་མཐོང་ཐེངས་རེ་རེར། བོད་ཀྱི་རིག་གཞུང་གི་རང་མདོག་ངོ་མ་དེ་དང་བོད་དོན་གྱི་ཁ་ཕྱོགས་གཙང་མ་འདི་གཉིས་འཛམ་གླིང་ཆུང་ཆུང་འདིའི་སྟེང་ནས་རྩ་བརླག་ཏུ་འགྲོ་བའི་དུས་ཚོད་དེ་ཡང་མགོ་བཙུགས་ནས་དུས་ཡུན་རིང་པོ་ཞིག་ཕྱིན་ཚར་ཡོད་པ་དེ་ལས་སླ་བོར་རྟོགས་ཐུབ་པ་ཞིག་རེད་ཨང་། །

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 1

  1. གངས་རྒན། says:
    ལོ་ 16 སྔོན།

    བོད་ཀྱི་རྩ་དོན་དང་བོད་ཀྱི་རིག་གཞུང་གི་མཚོན་རྟགས་རྣམས་འཛམ་གླིང་གི་གྲུ་ཟུར་རེ་རེ་ན་འབུས་ཡོང་བཞིན་པ་ཁྱེད་ཉིད་ནས་ཁས་ལེན་བཞིན་དུ་རྩ་བརླག་ཏུ་འགྲོ་བར་དོགས་པ་ནི་རི་བོད་གནམ་རྡིབས་ཀྱི་སེམས་ཁྲལ་མ་ཡིན་ནམ། གང་ལྟར་ཁྱེད་ཀྱི་བསམ་ཚུལ་དེ་དག་ནི་སེམས་ཤུགས་ཆག་པའི་ཁྱེད་དང་ཁྱེད་ལྟ་བུ་རེ་ཟུང་གི་ལྟ་ཚུལ་ལས་བོད་ཀྱི་རིག་གཞུང་གི་རང་མདོག་ངོ་མ་དེ་དང་བོད་དོན་གྱི་ཁ་ཕྱོགས་གཙང་མ་འདི་གཉིས་འཛམ་གླིང་ཆུང་ཆུང་འདིའི་སྟེང་ནས་རྩ་བརླག་ཏུ་འགྲོ་མི་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese