མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚད་ལྡན་རྙེད་པའི་ཐབས་ལམ། རྨོག་རུ་བསྟན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

      
བོད་མི་མང་སྤྱི་འཐུས་ཚད་ལྡན་ཞིག་དགོས་པ་ནི་མི་མང་གི་མངོན་འདོད་ཡིན་མོད། སྤྱི་འཐུས་སྐབས་རེ་རེའི་མཇུག་ཏུ་སྤྱི་འཐུས་ཚད་ལྡན་དགོས་གལ་ཆེ་བའི་གླེང་སློང་ནི་སྐབས་སྔོན་མའི་སྤྱི་འཐུས་ཀྱིས་འདོད་བློ་མ་ཁེངས་པའི་རྟགས་མཚན་གསལ་པོ་རེད། སྤྱི་འཐུས་ཚད་ལྡན་དགོས་པར་བཤད་ནས་ལོ་ངོ་ལྔ་བཅུ་འགྲོ་ཟིན་ལ། མི་རབས་རྒན་པའི་དུས་ཚོད་དེ་གླེང་སློང་དང་མེད་མུག་གི་ངང་ནས་མཇུག་རྫོགས་ལ་ཉེ།

 བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་བར་མི་རབས་གསར་བའི་གཞོན་སྐྱེས་མང་པོ་སླེབས་ཡོད་ལ། འདི་ནི་གསར་རྙིང་བོད་མི་ཀུན་གྱི་རེ་ལྟོས་དང་མངོན་འདོད་ཞིག་ཀྱང་ཡིན་པ་རེད། སྟབས་མ་ལེགས་པར་སྐབས་བཅུ་བཞི་བའི་གྲོས་ཚོགས་ཀྱིས་ཕྱི་ནང་བོད་མི་ཀུན་ལ་བློ་ཕམ་རང་བཞིན་གྱི་ཟིང་ཆ་ཚ་བོ་ཞིག་སྤྲད་སོང༌། ལྷག་པར་གྲོས་ཚོགས་ནང་གི་མི་རབས་གསར་པ་ཚོ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། དེའི་ཕྱིར་སྐབས་བཅོ་ལྔ་བའི་འཐུས་མི་གདམ་ལ་ཉེ་སྐབས་འདིར་ཡང་སྔར་སྲོལ་ལྟར་སྤྱི་འཐུས་ཚད་ལྡན་དགོས་པའི་སྡུག་སྐད་དེ་མུ་མཐུད་བསྐྱོན་བཞིན་ཡོད།

ད་ནི་སྤྱི་འཐུས་གདམ་སྲོལ་ལ་འགྱུར་བ་ཞིག་གཏོང་དགོས་ཀྱིན་འདུག ད་སྔར་སྤྱི་འཐུས་ཚང་མར་ཚོགས་སྡེ་ག་གེ་མོས་འོས་གཞི་བཏོན། མི་མང་གིས་ཀྱང་དངོས་ཡོད་ལ་རྒྱུས་མངའ་གང་ཡང་མེད་པར་ནག་ཁུང་ནང་ནས་འོས་ཤོག་བླུགས། རྒྱབ་རྩ་སུ་མཐུག་དང༌། དཔལ་འབྱོར་སུ་ཡོད། སྐད་གྲགས་སུ་ཆེ། དགེ་ཕྲུག་སུ་མང༌། འགྲེལ་བཤད་སུ་ཡག་ལ་ལྟས་ནས་འོས་ཀྱི་རྒྱལ་ཁ་ཐོབ།

སྤྱི་འཐུས་ཐོབ་རྗེས་རང་ཉིད་སྤྱི་འཐུས་སུ་སྡོད་འདོད་མེད་ཀྱང་མི་མང་ནས་སྡོད་དུ་མ་བཅུག་པའི་ཡུད་བཤད་ཞུས། མི་མང་གི་སྐུ་ཚབ་ཡིན་པ་དང༌། མི་མང་གི་རེ་བ་ཡིན་པའི་དྲན་པ་ཉམས། ཟླ་དྲུག་གི་ཚོགས་འདུའི་ཆ་ཤས་ཙམ་ཡང་ལེན་ཐུབ་དང་མི་ཐུབ་ལྟ་བུས་དུས་ཚོད་བསྐྱལ།

དེང་ནས་བཟུང་བོད་མི་མང་སྤྱི་འཐུས་དང་བླངས་ངང་ཐོན་པའི་རེ་བ་བྱེད། འབོད་སྐུལ་བྱེད། སུ་ཞིག་དང་བླངས་ངང་ཐོན་ན་ཚང་མས་དེ་ལ་རྒྱབ་སྐྱོར་བྱེད། དང་བླངས་པ་བཅུ་སླེབས་སོང་ན་ཐེ་ཚོམ་མེད་པར་ང་ཚོས་འཐུས་མིར་གདམ། དང་བླངས་བ་གཅིག་གཉིས་ཤིག་ལས་མ་བྱུང་ན་གཅིག་དང་གཉིས་དེ་ང་ཚོས་སྤྱི་མི་དང་པོར་འདེམས། དེ་ལྟར་བྱས་ནས་སྐབས་རྗེས་མ་ནས་དང་བླངས་པ་རྐྱང་རྐྱང་ཐོན་པའི་རེ་བ་བྱེད། དང་བླངས་པ་ཉི་ཤུ་སླེབས་སོང་ན་ང་ཚོར་གདམ་ཀ་བྱེད་རྒྱུའི་གོ་སྐབས་ཡོད། དེ་ལྟར་དཔའ་ཁས་བླངས་དང༌། མདུན་སྐེད་བཟུང་བྱས་པའི་དང་བླངས་འཐུས་མི་ཚོར་ང་ཚོས་རེ་བ་བྱེད། ཡིད་ཆེས་བྱེད། གལ་སྲིད་དང་བླངས་བ་སུ་ཞིག་བོད་མི་མང་སྤྱི་འཐུས་ཐོབ་རྗེས་ཐོག་མའི་ཁས་ལེན་དང་ཆ་རྐྱེན་ལས་འགལ་ན་ང་ཚོས་བགྲོ་གླེང་བྱེད། འགལ་ཚབས་ཆེ་ན་འོས་ཤོག་ཕྱིར་འཐེན་བྱེད།

ད་ལྟའི་དང་བླངས་བཀའ་བློན་ཁྲི་བའི་འོས་མི་ཚོར་ང་ཚོས་བསྔགས་བརྗོད་བྱེད། ཡི་རང་བྱེད། རེ་བ་བྱེད། མིག་ལྟོས་བྱེད། མཐའ་མའི་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ཞུ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

ཆུ་ཚོད་ ༡༢ སྔོན་ལ།
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 17

  1. ཨ་མཆོག་ཚངས་ཐིག says:
    ལོ་ 15 སྔོན།

    རྣམ་པ་གང་རུང་ཞིག་གི་སྒོ་ནས་་་་

    Reply
  2. རི་བོང། says:
    ལོ་ 15 སྔོན།

    རྒན་རྨོག་རུ་བསྟན་པ་ལགས།

    ཁྱེད་ཀྱི་གསུངས་པ་གོ་སོང་། ངས་རང་གི་བསམ་ཚུལ་ཙམ་ཞུས་པ་ལས་དམིགས་བསལ་གྱིས་ནན་བསྐུལ་ཞུས་མེད། དགོས་དབང་གིས་དེ་ལྟར་ཡིན་ན་དེ་ག་རེད།

    ཁྱེད་རང་སྒེར་ལ་དེ་འདྲའི་འགྲན་རྩོད་ཀྱི་བསམ་བློ་མེད་པར་ང་ལའང་ཡིད་ཆེས་ཡོད། འོན་ཀྱང་སྤྱི་དོན་ལ་ལྷག་བསམ་དང་སེམས་ཤུགས་ཡོད་མཁན་ཁྱེད་རང་ཚོར་ལས་འགན་དེ་མ་སྤྲད་ན་ཅུང་ཕངས་པའི་གནས་རེད།

    དང་བླང་དུ་ཐོན་རུང་མ་ཐོན་རུང་དེ་ལ་ཁྱད་པར་གང་ཡང་མེད་མོད། དེར་སླེབས་ཚར་བའི་རྗེས་ལ་ལྷག་བསམ་ཟོལ་མེད་གནང་རྒྱུ་དེ་གལ་ཆེན་པོ་རེད་སྙམ།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རི་བོང་བློ་ལྡན་ལགས།
    ང་རང་སྤྱི་འཐུས་སུ་ལངས་ཀྱང་མ་ལངས་ཀྱང་ངའི་ལས་འགན་དང་། དམིགས་ཡུལ།
    བསྒྲུབ་བྱ་གཅིག་པ་ཡིན། དེའི་ཕྱིར། ང་རང་སྤྱི་འཐུས་སུ་ལངས་དགོས་པའི་རྩོད་ལེན་མེད།
    དཀོན་མཆོག་དབང་བཙུགས་ཡིན།

    སྤྱིར་ང་རང་གིས་བསམ་ཚུལ་བཏོན་པ་ཡང་དངོས་ཡོད་ཡིན།
    དང་བླངས་མང་པོ་ཞིག་ཐོན་ན་ལོ་རྒྱུས་དང་ཁས་ལེན་ཆ་རྐྱེན་ལ་ཞིབ་འཇུག་བྱེད་རྒྱུ་ཞིག་ང་ཚོར་རེག་གི་རེད། དེ་རེག་པའི་རྗེས་སུ་གདམ་ག་བྱེད་རྒྱུ་དང་།ཁོ་རང་གིས་ཀྱང་ཁས་ལེན་དམ་བཅའ་ལ་དྲན་གསོ་རེ་དང་། གལ་སྲིད་མ་བྱས་ན་ངོ་ཚ་རེ་ཡོང་གིན་རེད་བསམ་གྱིན་འདུག

    ཡིན་ནའང་། དགོས་དབང་ཞིག་གིས་ང་རང་དང་བླངས་ཐོན་མིན་དེར་ཁྱེད་ལ་ལན་འདེབས་བྱེད་ཐུབ་མ་སོང་། དགོངས་དག་ཞུ་རྒྱུ་ཡིན།

    Reply
  4. རི་བོང། says:
    ལོ་ 15 སྔོན།

    དྲ་གྲོགས་རྨོག་རུ་བསྟན་པ་ལགས།
    ངས་ཞིབ་མོ་ཀློག་ཡོད་ཁྱེད་ཀྱི་དེ་ལ་གནས་ལུགས་དང་རྒྱུ་མཚན་འདུག ཡིན་ནའང་ད་རེབ་ང་ཚོའི་ས་གནས་འདིར་སྔོན་འགྲོའི་ཚོད་ལྟའི་འོས་ཤོག་བསྡུ་བཞིན་པའི་སྒང་རེད། ཕལ་ཆེར་ཁྱོད་རང་སྐབས་བཅོ་ལྔ་བའི་སྤྱི་མཐུས་ལ་གཏན་ཁེལ་བ་འདྲ་ཞིག་འདུག ཅིའི་ཕྱིར་ཞེ་ན། སྐབས་འདིར་སྐུ་ཉིད་སྤེན་ཚེ་རིང་སོགས་དང་དཔུང་བ་མཉམ་གཤིབ་བྱས་ནས་འགྲོ་བཞིན་འདུག མི་དམངས་ཀྱི་སྒྲོགས་གཏམ་ལ་ཉན་ནའང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་རེད། ས་གནས་འདི་ནི་མདོ་སྨད་མི་དམངས་མང་ཤོས་ཀྱི་ས་གནས་ཤིག་རེད། དེ་རྒྱུ་མཚན་ཡང་དག་ལ་འགྲོ་ས་རེད་དམ། དེས་སྐུ་ཉིད་འཆར་གཞི་དང་བཅས་དམ་བཅའ་དང་བཅས་དང་བླངས་དུ་ཐོན་ན་གང་འདྲ་འདུག ང་དང་ང་ལྟ་བུ་མང་བོ་ཞིག་གིས་ཡིད་ཆེས་དང་རེ་བས་བསྒུག་ཡོད་པས། ཁྱོད་རང་ཡང་སྤོབས་པ་དང་དཔའ་གདེང་གིས་ཕེབས་ཤོག བཀྲ་ཤིས་བདེ་ལེགས།

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཨ་མཆོག་ཚངས་ཐིག་ལགས།
    ཀརྨ་དགེ་ལེགས་ཀྱིས་དང་བླངས་བྱེད་བཞིན་ཡོད་ན་ངེད་རང་ནས་རྒྱབ་སྐྱོར་བྱེད་ཐག་ཆོད་ཡིན།
    གཅིག་ན་གོང་དུ་བཤད་པའི་ངེད་ཀྱི་བསམ་ཚུལ་ལ་ང་རང་གིས་བརྩི་བཀུར་དང་། དང་ལེན་བྱེད་བཞིན་ཡོད་ལ། གཉིས་ན་ཀརྨ་དགེ་ལེགས་ཁོང་ཡང་གཞིས་ཆགས་མི་མང་གི་ཁོར་ཡུག་ནས་མཚར་ལོངས་བྱུང་བ་དང་། རང་ཉིད་དང་མི་མང་གི་བདེ་སྡུག་མཉམ་རོལ་བྱེད་མཁན་ཞིག་རེད།
    ལྷག་པར་ཁོ་བོས་སྤྱི་ཚོགས་ཆེད་ལོ་ངོ་སུམ་ཅུ་ལྷག་ཅིག་ཞབས་ཞུ་ཞུས་པའི་ཉམས་མྱོང་དང་འགན་ལེན་གང་ལ་བལྟས་ན་ཁོ་ལ་སྤྱི་འཐུས་ཀྱི་ཚད་གཞི་མི་ལྡན་པ་ཞིག་རྩ་ནས་མ་རེད།
    གསུམ་ནས་ཁོ་རང་བྷན་རྡ་ར་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སོགས་ཆབ་སྲིད་ཀྱི་སྣེ་མོ་སྣ་མང་ཞིག་ཏུ་འགན་ལེན་གནང་མྱོང་ཡོད་འདུག
    གསུམ་ནས་ཤེས་ཡོན་ཀྱང་ཚད་ལྡན་རེད།ལོ་རྒྱུས་ཞིབ་ཚགས་ལ་ཁྱོད་རང་ཚོས་ཀྱང་དོ་སྣང་བྱེད་ཐུབ་པའི་རེ་བ་ཡོད།

    བཞི་ནས་ཉེ་ཆར་ཁོང་མདོ་སྨད་དབུས་རྒྱུས་ཡིན་པས་ཚོགས་བཅར་སྐབས།
    བྷན་རྡ་ར་གཞིས་ཆགས་སུ་རྒན་གསོ་ཁང་ཡག་པོ་ཡོད། རྗེས་ཕྱོགས་ང་ཚོའི་ཁོངས་ནས་ཀྱང་བདག་མེད་རྒན་རྒོན་འདྲ་ལྷག་ཡོད་ན་རྒན་གསོ་ཁང་དུ་འཇུག་རོགས་ཀྱི་ཞལ་གཞེས་གནང་སོང་།
    ང་རང་ཡང་རྗེས་མ་རྒན་གསོ་ཁང་ཞིག་ཏུ་འཛུལ་རྒྱུར་གྲ་སྒྲིག་བྱེད་དགོས་མིན་ནམ་བསམ་གྱིན་ཡོད།
    དེའི་ཕྱིར་ད་ལྟ་ནས་་་་་་་་དོན་ཚན་བཞི་བ་ཀུ་རེ་དང་འབྲེལ་བ་ཡོད།

    Reply
  6. གངས་ཕྲུག says:
    ལོ་ 15 སྔོན།

    ཨ་ཁུ་བསྟན་པ་ལགས།
    ཁྱེད་ལ་ཕལ་ཆེར་མདོ་སྨད་སྤྱི་འཐུས་ཀྱི་རྒྱལ་ཁ་ཐོབས་ངེས་ཡིན་ས་རེད། གོ་ཐོས་ལ་དེང་སེང་རྡ་ས་རུ་ཁྱོད་ཀྱི་མཛད་འཕྲིན་རྒྱས་ཆེན་པོ་འདུག་ཟེར།
    ཁྱོད་ལ་བཀྲ་ཤིས་བདེ་ལགས་ཞུ་པ་དང་ཆབ་གཅིག་སྤྱི་འཐུས་ཐོབ་ཀྱང་མ་ཐོབ་རུང་སོ་སོའི་བལྟ་བ་དོར་མི་རུང་།

    Reply
  7. ཨ་མཆོག་ཚངས་ཐིག says:
    ལོ་ 15 སྔོན།

    བསྟན་པ་ལགས། དེ་རིང་དང་བླང་བ་ཞིག་ཐོན་འདུག ཁྱེད་ཀྱིས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཨེ་ཡིན། ཁོང་ནི་ད་ལྟའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ལས་ཐོག་པ་ཀརྨ་དགེ་ལེགས་ལགས་རེད། དེ་རིང་ཞོགས་པ་ཁོང་གི་ལུས་རྒྱུས་དང་འབྲེལ་བའི་སྦྱར་ཡིག་འགྲེམ་སྤེལ་བྱེད་མཁན་ཞིག་གིས་ཁོང་རང་ཉིད་སྤྱི་འཐུས་ཀྱི་འོས་མི་ལ་དང་བླང་ཐོན་ཡོད་པ་རེད་ཟེར། ང་ནི་ཁོང་ལ་ཆ་རྒྱུས་གང་ཡང་མེད། ཡིན་ཡང་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ཆེས་ཚད་ལྡན་ཞིག་ཡིན་པའི་རེ་བ་དང། ཁྱེད་ཀྱི་བསམ་སྤྱོད་དོན་སྨིན་གྱི་འགོ་འཛུགས་ཐུབ་པ་ཡིན་པའི་རེ་བ་བྱེད་བཞིན་ཡོད།

    Reply
  8. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    འབྲི་མཚོ།
    ཁྱེད་ཀྱིས་འཕེལ་རྒྱས་སྒྲོལ་མ་ངེད་གཉིས་ལ་སྡང་པོ་བྱེད་ཀྱིན་འདུག
    ཡིན་ཡང་མདོ་སྨད་མི་མང་གིས་ངེད་གཉིས་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་བསྒྲུབ་ཐུབ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག
    ཁྱེད་ལྟ་བུ་ངེད་གཉིས་ལ་སྙིང་ན་མཁན་རེ་ཟུང་ཀྱང་ཡོད་པས། ཁྱོད་ཚོར་ཡང་ཁག་མེད།
    སོ་སོ་སྐྱེ་བོ་ཡིན་པ་རེད། གང་ཐུབ་ཀྱིས་བསམ་བློ་བཏང་ཆོག
    སེམས་ཁྲལ་མ་བྱེད།

    Reply
  9. ཨ་མཆོག་ཚངས་ཐིག says:
    ལོ་ 15 སྔོན།

    བསྟན་པ་ལགས། ངས་ཁྱེད་ལ་རྒྱབ་སྐྱོར་བྱེད་། ཡིན་ནའང་ངས་བལྟས་ན་ང་
    ཚོའི་མི་རིགས་ཀྱི་བསམ་བློའི་ཁོར་ཡུག་ན་ད་དུང་དེ་ལྟ་བུའི་སྤོབས་དེ་མི་འདུག    ང་དང་ངའི་རོགས་པ་ཚོས་ཀྱང་ཁྱེད་ཀྱིས་བཤད་པའི་འོས་བསྡུའི་ལམ་ལུགས་དེ་ལ་འབད་བརྩོན་བྱེད་བཞིན་ཡོད། མུ་མཐུད་དུ་གསུང་རོགས། དང་ལེན་ཐུབ་པའི་བསམ་བློའི་ཁོར་ཡུག་དེའམ་སྙིང་སྟོབས་ཀྱི་ཁོར་ཡུག་ཇི་ལྟར་བྱས་ན་ཡོང་ཐུབ་རྒྱུ་རེད།

    Reply
  10. རིག་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་རྨོག་རུ་ལགས།
    སྤྱི་མཐུས་རྙེད་པའི་ཐབས་ལམ་འདི་འདྲ་རིགས་མང་ཙམ་བེད་སྤྱོད་བྱེད་ན་ཚད་ལྡན་གྱི་སྤྱི་མཐུས་རག་པར་ཕན་ཐོག་ཏན་ཏན་ཡོང་གིན་སྙམས།
    ད་དུང་ང་ཚོས་འདང་རྒྱག་དགོས་པར་ཞིག་ནི།
    གཞི་རིམ་མི་མང་གི་ཤེས་ཚད་ལ་བལྟ་དགོས་ངེས་ཤིག་ཀྱང་སེམས།
    མ་གཏོགས་་་་མགོ་འཁོར་བའི་ཉེན་ཁ་ཞེ་དྲགས་རེད་དྲན།

    Reply
  11. ་འབྲི་མཚོ says:
    ལོ་ 15 སྔོན།

    རྨོས་རུ་བསྟན་པ་ལ་དང་བླངས་བྱེད་འདོད་པ་འདྲ་་་་་་་་་་་འོས་འཐོབ་པའི་རེ་བྲལ་བ་འདྲ

    Reply
  12. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཁྱེད་ཚང་མས་ཀྱང་གནས་ལུགས་དང་རྒྱུ་མཚན་གསུང་གིན་འདུག
    ཐུགས་རྗེ་ཆེ།

    ངས་བཤད་རྒྱུ་དོན་དག་དེ་སྤྱི་འཐུས་དང་བླངས་ཀྱིས་ཐོན་ཐུབ་ན་ཡག་པོ་འདུག་ལབ་པ་དེ་རེད།
    དང་བླངས་ཀྱིས་ཐོན་པ་ལ་མགོ་བདེ་དྲན་འཕྲུལ་ཡིན་དགོས་ཀྱིན་ཡོད་ཀྱི་མ་རེད་བསམ་གྱིན་འདུག་་བློ་གྲོས་རྒྱལ་པོ་ནམ་རྒྱུན་མ་བརྟག་མ་དཔྱད་པ་ཏོག་ཙམ་ཤུགས་ཆེ་བ་འདུག

    Reply
  13. སོག་ནག་ཚང་། says:
    ལོ་ 15 སྔོན།

    ང་ཚོ་ལ་དངོས་གནས་འཐུས་ཚད་ལྡན་རྙེད་པའི་ཐབས་ལམདགོས། འོན་ཀྱང་ཁྱེད་རྩོམ་འདིའི་འགོ་མཇུག་བར་གསུམ་ཀུན་ཏུ་མེད་མུག་དང་སྡུག་ཡུས་གང་མང་བརྗོད་པ་ལས་སྤྱི་འཐུས་ཚད་ལྡན་རྙེད་པའི་ཐབས་ལམ་གཅིག་ཀྱང་མཐོང་མ་སོང་།
    སྤྱིར་ཁྱེད་ཀྱིས་སྤྱི་འཐུས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཀྱིས་བོད་ཕྱི་ནང་ཀུན་ལ་བློ་ཕམ་རང་བཞིན་གྱི་ཟིང་ཆ་ཚ་བོ་ཞིག་སྤྲད་སོང་ཟེར་ནས་ཧ་ལས་མདོག་ཁ་བོ་གནང་གི་འདུག དེ་ནི་དམངས་གཙོའི་རྒྱལ་ཁབ་ཅིག་གི་འགྲོ་སྟངས་རེད། དམངས་གཙོའི་རྒྱལ་ཁབ་ཅིག་གི་གཟི་བརྗོད་རེད། གཅིག་སྡུད་སྒེར་གཅོད་པའི་སྲིད་དབང་འོག་ཏུ་དེ་འདྲ་གནང་མི་ཆོག་པ་ཡིན་དུ་སྲིད་ཀྱང་། དམངས་གཙོ་དང་རང་དབང་ལྡན་པའི་ཡུལ་ལུང་ཀུན་ཏུ་དེ་ནི་རྒྱུན་སྲོལ་ལྟ་བུ་ཞིག་རེད། ཧང་སང་དགོས་པ་དེ་སྤྱི་མི་ཚོས་གོང་མའི་བཀའ་མི་དམངས་ལ་བཙན་གྱིས་འགེལ་བ་དང་། མི་དམངས་ཀྱི་དཀའ་སྡུག་མཐོ་སར་ཞུ་མི་ཕོད་པ། སྤྱི་བའི་མིང་ཁྱེར་ནས་སྒེར་གྱི་ཁ་ཕོ་འཚོལ་མཁན་གྱི་སྐབས་འཚོལ་རིང་ལུགས་པར་གྱུར་བ། ལོ་འཁོར་སུམ་བརྒྱ་དྲུག་ཅུའི་ནང་དུ་གཞུང་དོན་ཁོ་ནའི་ཆེད་དུ་དངོས་གནས་ཆུ་ཚོད་ཇི་ཙམ་གཏོང་ཐུབ་གི་ཡོད་མེད་སོགས་རེད།

    Reply
  14. གཡག་རྒོད says:
    ལོ་ 15 སྔོན།

    རྨོག་རུའི་བཤད་པ་ལ་རྒྱུ་མཚན་འདུག ལོ་འགའི་བསྔོན། མདོ་སྨད་སྤྱི་མཐུས་འོས་གཞི་འགའ་ལ། ཨེ་ཤ་ཡ་རླུང་འཕྲིན་ཁང་གི་དཔལ་ལྡན་རྒྱལ་གྱིས་དྲི་བ་དྲི་ལན་བྱས་པ་ཞིག་དྲན་གྱིན་འདུག བསྟན་འཛིན་དགོན་པོ་ལས་གཞན་ཐམས་ཅད་ཀྱིས། སྤྱི་མཐུས་བྱེད་འདོད་མེད་མོད། འོན་གྱང་མི་མང་གི་རེ་བ་རྒྱབ་དུས་རེ་བ་གཅོག་མི་འདོད་ཅེས་འབྲེལ་བཤད་བྱས་སོང་།

    སྤྱི་མཐུས་བྱེད་འདོད་མེད་མཁན་དང་། འཆར་གཞི་མེད་མཁན། ཐ་ན་དུས་ཙམ་གཏོང་འདོད་མེད་མཁན་ཞིག་སྤྱི་མཐུས་སུ་གྱུར་ན། མཇུག་འབྲས་གང་ཡོང་ཤེས་གསལ་རེད

    Reply
  15. རོ་བདག says:
    ལོ་ 15 སྔོན།

    རྨོག་བསྟན་ལགས་ཐུགས་རྗེ་ཆེ། ད་སྐབས་ལམ་སྟོན་རེ་ལ་རེ་བ་དང་རེ་ལྟོས་ཡོད་། ངོ་མ་སྤྱི་ཚོགས་འདིར་བཟང་ངན་གཉིས་ལས་གང་ཕན་ཧ་མི་གོ་གི ཁྱེད་ཀྱི་ལྷག་བསམ་ལ་བདག་ཡིད་ཆེས་དང་རེ་བ་ཡོད་། ད་དུང་མུ་མཐུད་ནས་ལེགས་ཉེས་ལ་དབྱེ་འབྱེད་བྱེད་དང་ང་ནམ་་ཡང་ཁྱེད་ཀྱི་ཉེ་ཁྲིས་ན་ཡོད།

    Reply
  16. དམར་ཁ་ཚ། says:
    ལོ་ 15 སྔོན།

    རྨོག་རུ་འཕག་འཚག་རེ་བྱས་ན་གྲ་རྒོད་ཚོའི་སྙིང་ལ་ཨི་ཁུང་འབིགས་ཀྱིན་པ་འདྲ།
    ད་གང་དྲག རྨོག་རུ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་འབོད་སྐུལ་རེ་ཞུས་ཏེ་རྨོག་རུ་འོས་འདེམས་མི་བྱེད་རྒྱུའི་གསོལ་འདེབས་ཞུ་ཡ་རང་རེད།
    དཀོན་མཆོག་མཁྱེན།
    ཕྲག་དོན་ཅན་ལ་བདེ་དུས་མེད།།
    ཞེ་སྡང་ཅན་ལ་སྐྱིད་དུས་མེད།།

    Reply
  17. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    རེད་ཡ། མགོ་བདེ་དྲན་འཁྲུལ་དང་སྐབས་འཚོལ་རིང་ལུགས་པ་མང་པོ་ཞིག་སྤྱི་འཐུས་ལ་འདེམས་རྒྱུ་དེ་ཁྱེད་ཀྱི་ལྟ་བ་ངོ་མ་དེ་ཡིན་པ་འདྲ།
    རྨོག་རུ་བསྟན་པ་ལགས། འོས་འཕེན་མི་དམངས་རྣམས་ཡག་ཉེས་དང་བཟང་ངན་གྱི་དབྱེ་བ་མི་ཤེས་པ་དང་། ཆུ་རྣ་གར་འཁྲིད་ཀྱི་བླུན་པོ་ཁྱུ་ཞིག་ལ་ངོས་འཛིན་མ་གནང་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese