མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་བཙལ་བའི་བརྒྱུད་ལམ་གསུམ་དང་འགན་འཁྲི་གསུམ། ཨ་རིག་འགྱུར་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གང་ཡིན་རུང་། བརྒྱུད་ལམ་གསུམ་ལ་བརྟེན་ནས་བཀའ་སྤྱིར་སླེབས་དགོས་ལ། མང་ཚོགས་ཀྱིས་བརྒྱུད་ལམ་དེ་གསུམ་ངོས་གསལ་བོར་ཟིན་སོང་ན། བཀའ་སྤྱི་གང་ཡིན་རུང་ཚད་ལྡན་དང་སྤུས་དག ཤེས་འཇོན་ལྡན་པ་ཞིག་ཡོང་རྒྱུར་གདོན་མི་ཟ། དེ་གཉིས་གང་ཡིན་རུང་བྱ་གཅིག་གི་གཤོག་པ་ཟུང་ལྟར་༧གོང་ས་མཆོག་དང་མང་གཙོའི་ལྟ་བའི་ཕྱག་གཡས་པ་དང་གཡོན་པ་ཡིན་སྟབས། གཉི་ག་གལ་ཆེན་ཡིན། གཉི་ག་ངེས་པར་དུ་སྤུས་དག་པོ་དགོས། གཤོག་ཡ་གཅིག་ལ་སྐྱོན་དང་ཉམ་ཞན་ཡིན་ན་མི་ཆོག

དེར་བརྟེན། མང་ཚོགས་ཀྱིས་བཀའ་སྤྱི་གཉིས་བཙལ་དུས་བརྒྱུད་ལམ་གསུམ་ཡོད་པ་དེ་གཏན་ནས་བརྗེད་མི་རུང་། གཅིག་བྱས་ན་ངས་སྐད་ཆ་འདི་དྲན་གསོ་ཙམ་གྱི་ཕྱིར་དུ་ཕན་ཡང་སྲིད།
བརྒྱུད་ལམ་དང་པོ། བཀའ་སྤྱི་གཉི་གའི་གང་ཡིན་རུང་བརྒྱུད་ལམ་དང་པོ་འདི་ཧ་ཅང་གི་གལ་ཆེན་པོ་དང་མི་སྤུས་ལེགས་རྙེད་པའི་ལམ་བུ་ཆེས་བཟང་ཤོས་དེ་ཡིན། དེ་ནི་བཀའ་སྤྱི་གཉི་གའི་གང་གི་འོས་མིར་ལངས་འདོད་མཁན་གྱི་མི་སུ་ཡིན་རུང་། རང་འགུལ་གྱིས་སྤྱི་ཚོགས་ཐོག་བུད་ནས་རང་གི་འཇོན་ནུས་དང་ལངས་ཕྱོགས་གསལ་སྟོན་བྱ་དགོས་ལ། རང་གིས་རང་ཉིད་སྤྱི་ཚོགས་ལ་ངོ་སྤྲོད་བྱ་དགོས་པ་མ་ཟད། མ་འོངས་ལོ་ལྔའི་ནང་རང་གིས་ད་ལྟའི་བོད་མི་རིགས་ཀྱི་གནས་བབ་འདི་དང་སྤྱི་ཚོགས་འདིར་འགན་ལེན་ཅི་ལྟ་བུ་ཞིག་བྱ་ཐུབ་མིན་ཁྱབ་བསྒྲགས་བྱེད་པ། ལས་ཀ་ཅི་ཞིག་བྱེད་ཐུབ་མིན་གྱི་དམ་བཅའ་འཇོག་པ་བཅས་རེད། དེ་ལྟར་བྱས་ན་རང་ཉིད་བཀའ་སྤྱིའི་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་ཐུབ་རྒྱུར་མ་ཟད། མང་ཚོགས་ཀྱིས་ཀྱང་ཁྱོད་ལ་གདེང་ཚོད་རྙེད་པ་དང་ཡིད་ཆེས་བྱ་ཆོག་པ་ཡིན།

བརྒྱུད་ལམ་གཉིས་པ། མང་ཚོགས་ཀྱིས་གན་དང་འདི་ན་མི་འདི་དང་དེ་ལྟ་བུ་ཞིག་འདུག་དང་། ཕ་གི་དང་ཡ་གིར་འཇོན་ཐང་དང་ཤེས་ཡོན་ཡོད་ཟེར་ནས་ཕར་བཙལ་རྒྱུ་དེ་རེད། འདས་པའི་ལོ་མང་རིང་རང་ངོས་ནས་མང་ཚོགས་དང་སྤྱི་ཚོགས་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་བསྒྲུབ་མཁན་ཞིག་ཡིན་ན། མང་ཚོགས་ཀྱིས་ཀྱང་གང་འཚམ་ངོ་ཤེས་ཀི་རེད་ལ། ཕལ་ཆེར་རྙེད་ཡོང་གི་རེད། ལྷག་པར་དུ་ནུས་པ་དང་འཇོན་ཐང་ལྡན་པའི་མི་སྤུས་ལེགས་ཤིག་མང་ཚོགས་ཀྱིས་ཏན་ཏན་རྙེད་མདོག་ཁ་བ་རེད། དེའི་རིགས་བཀའ་སྤྱིའི་འོས་མིར་ལངས་འདོད་མེད་སྲིད་ནའང་མང་ཚོགས་ཀྱིས་འཕུད་རྒྱག་གཏོང་ཐུབ་ཀི་རེད། ཡིན་ནའང་། མང་ཚོགས་མི་རེ་ངོ་རེ་ནས་ཅིག་གིས་ཚུར་ངོ་སྤྲོད་བྱས་པ་མིན་པར་རང་གིས་ཕར་མི་སྤུས་དག་ཅིག་བཙལ་དགོས།

བརྒྱུད་ལམ་གསུམ་པ།  མང་བོ་ཞིག་རང་འགུལ་གྱིས་བཀའ་སྤྱིར་ལངས་ཡོང་གི་ཡོད། ཡིན་ནའང་། ཁོང་ཚོ་ལངས་སྟངས་ལ་བལྟས་ན་བཀའ་སྤྱིར་འོས་པའི་མི་དེ་དག་ཡིན་མིན་བཤད་ཚོད་དཀའ། ཁོང་ཚོ་ལངས་སྟངས་ནི་བྱེད་ཐབས་ཤིག་བེད་སྤྱོད་པའམ། ཁ་གཞན་ཞིག་དང་ལག་པ་གཞན་ཞིག ཡང་ན་མི་གཞན་ཞིག་བེད་སྤྱད་ནས་རང་ཉིད་བཀའ་སྤྱིར་ལངས་ཐབས་བྱེད་པ་དེ་རེད། གཅིག་བྱས་ན་མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལེགས་པོ་ཆགས་མེད་པའི་སྤྱི་ཚོགས་ཤིག་ལ་དེ་ལྟ་བུའི་གནད་དོན་འབྱུང་བ་རྒྱུན་ལྡན་ལྟ་བུ་ཡིན་སྲིད། ཡིན་ནའང་། ཁོང་ཚོ་རང་གིས་རང་ཉིད་ལ་གདེང་ཚོད་འདི་དང་གན་ཡོད་པ་དང་། མང་ཚོགས་ཀྱིས་རང་ཉིད་བཀའ་སྤྱིར་གདམ་ཚེ་གཞུག་ཕྱོགས་བྱ་བ་འདི་དང་དེ་བྱ་ཐུབ་ཀི་ཡོད་ཅེས་བཤད་ཀྱི་མེད་པར། མི་གཞན་གྱི་ཁ་བེད་སྤྱད་ཀྱིས་ཁོས་བྱ་བ་གན་དང་འདི་བསྒྲུབ་མྱོང་བ་དང་། ཁོ་ལ་དམིགས་འདུན་དེ་དང་འདི་ལྟ་བུ་ཞིག་འདུག་པས། ཁོ་བླུགས་ན་ནོར་མེད་ཚུལ་འགྲེལ་གྱིན་ཡོད། ཡང་ན། ལོ་ལྔའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་སྐབས་འདིར་ཁོང་ཚོས་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་འགུལ་སྐྱོད་བྱེད་ཀྱིན་ཡོད་སྲིད། དེ་ནི་རང་ཉིད་འོས་འདེམས་ཁྲོད་ཞུགས་པའི་སྟ་གོན་ཡིན་ནའང་། མང་ཚོགས་ཀྱིས་དེའི་ཕན་གྱི་ལོ་རྒྱུས་དངོས་དེ་སྣང་མེད་དུ་འཇོག་མི་ཉན།

གོང་གི་བརྒྱུད་ལམ་འདི་གསུམ་མང་ཚོགས་ཀྱིས་ངེས་པར་དུ་ཤེས་དགོས། དེ་བཞིན་མང་ཚོགས་ལ་དེ་བས་ཀྱང་འགན་འཁྲི་མ་འདྲ་གསུམ་ཡོད། མང་ཚོགས་མི་རེ་ངོ་རེས་རང་གི་འགན་འཁྲི་ཐེག་སོང་ན་བཀའ་སྤྱི་གཉི་གའི་གང་ཡིན་རུང་སྤུས་དག་པོ་དང་འཇོན་ནུས་ལྡན་པ་ཞིག་བྱ་ཐུབ།

འགན་འཁྲི་དང་པོ། རང་ལོ་བཅོ་བརྒྱད་ཡན་གྱི་མི་ཚང་མས་ངེས་པར་བཀའ་སྤྱིའི་འོས་བསྡུའི་ཁྲོད་འོས་བསྡུའི་ཆ་ཤས་ལེན་དགོས། ཆ་ཤས་བླངས་པ་ཙམ་གྱིས་འགན་འཁྲི་ཐེག་མེད། ཁྱོད་ཀྱིས་བཀའ་བློན་ཁྲི་པར་མི་སུ་གདམ་ན་དང་ཐོག་ཁྱོད་རང་ཐོག་ནས་མི་དེའི་ལོ་རྒྱུས་སྤུས་དག་པོ་དང་ཁུངས་བཙུན་པོ་ཤེས་དགོས། བཤད་སྟངས་བསྒྱུར་ན་ཁྱོད་རང་ཉིད་མི་དེ་དང་ཆ་ཡོད་རྒྱུས་ཡོད་ཡིན་དགོས། ཁྱོས་རང་གི་འོས་མིར་གདེང་ཚོད་རྙེད་པ་དང་ཡིད་ཆེས་ཆོག་ན་དེས་ཕལ་ཆེར་ཁྱོད་ཀྱང་བསླུ་མི་སྲིད། སྤྱི་འཐུས་ཀྱང་དེ་མཚུངས་ཡིན། ཁྱོས་རང་གི་སྤྱི་འཐུས་འོས་མིར་མི་སུ་གདམ་ན་དེ་ལ་གདེང་ཚོད་དང་ཡིད་ཆེས་རྙེད་དགོས།

འགན་འཁྲི་གཉིས་པ། གོང་ཞུས་ལྟར་ཁྱོད་རང་ངོས་ནས་བཀའ་བློན་ཁྲི་པ་སྤུས་དག་ཅིག་རྙེད་དགོས་པ་ཨ་ཅང་ཅང། ཁྱོད་ཀྱིས་འོས་བསྡུ་མ་བྱས་པའི་སྔོན་དུ་ངེས་པར་དུ་བརྒྱུད་ལམ་གཞན་མིན་པར་རང་ཉིད་ཀྱི་ངོས་ནས་སྤྱི་འཐུས་འོས་མི་སྤུས་དག་བཅུ་རྙེད་དགོས། ཁྱོད་ཀྱིས་སྤྱི་འཐུས་ལ་འོས་ལྡུག་སྐབས་མི་གཅིག་ལ་མ་གཏོགས་འོས་མ་བླུགས་ན། ཁྱེད་ཀྱིས་གདམ་འདོད་པའི་མི་དེ་སྤྱི་འཐུས་སུ་སླེབས་ཐུབ་སྲིད་མོད། གཅིག་བྱས་ན་ཁྱོད་ཀྱིས་གདམ་པའི་མི་གཅིག་པོའི་ཕན་གྱི་འཐུས་མི་དགུ་སྤུས་མི་དག་པ་དང་། བརྒྱུད་ལམ་སྣ་ཚོགས་བེད་སྤྱད་ནས་ཡོང་ཡོད་ཚེ། ཁྱོས་གདམ་པའི་མི་གཅིག་པོས་ནུས་པ་ཆེན་པོ་འདོན་མི་ཐུབ། དེ་ངེས་པར་དུ་ཤེས་དགོས།

འགན་འཁྲི་གསུམ་པ། ཕྱོགས་རིས་སྤང་དགོས། ལོ་རྒྱུས་ལ་འགན་འཁུར་དགོས། དམིགས་རྒྱང་རིང་བོར་གཏད་དགོས། ངས་དཔེ་འཇོག་ཅིག་གི་སྒོ་ནས་བཤད་ན། ངའི་ད་ལྟའི་སྡོད་གནས་ངྷ་ས་ཡིན། ངྷ་སའི་གཡས་གཡོན་གྱི་སྤྱི་འཐུས་འོས་མིར་རན་པའི་མི་ཚོ་ས་གནས་གཞན་གྱི་མིར་བལྟས་ན་ངས་གང་འཚམ་ངོ་ཤེས་ཀི་ཡོད་ལ། གཅིག་བྱས་ན་ང་ཁོང་ཚོ་དང་རྒྱུན་ཏུ་འབྲེལ་འདྲིས་ཟབ་མོ་ཡོད་ཀྱང་སྲིད། ཡིན་ནའང་། ངས་ངྷ་སའི་འོས་མིར་མ་གཏོགས་ས་གནས་གཞན་གྱི་འོས་མིར་རྒྱུས་ལོན་མ་བྱས་ན་ངའི་དམིགས་རྒྱང་ཐུང་སོང་བ་ཡིན་ལ། ཡང་ངས་རང་ཉིད་ཀྱི་འབྲེལ་ལམ་དང་ཡུལ་སྡེ་དང་ཚོགས་སྡེ་བྱེ་བྲག་པའི་ཕྱོགས་ཞེན་གྱི་དབང་གི་འོས་མིར་གདམ་ན་ལོ་རྒྱུས་ལ་འགན་མ་ཁུར་བ་དང་། ༧གོང་ས་མཆོག་གི་བཀའ་དང་རྒྱབ་འགལ། ཐ་ན་རང་ཉིད་ལ་མགོ་སྐོར་དང་བསླུ་བྲིད་བཏང་བ་ཡིན་པས་རང་ཉིད་བརྟན་པོ་བཟོ་དགོས།

ད་དུང་མཇུག་ཏུ་གསལ་འདེབས་ཤིག་ཀྱང་བྱེད་དགོས་པར་འདོད། བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཆོལ་ཁ་རེ་ནས་མི་བཅུ་རེ་ཡོང་དགོས་སྟབས་ཤེས་ཡོན་དང་འཇོན་ནུས་སོགས་གང་གི་ཆ་ནས་ཀྱང་ཇི་ལྟར་སྣ་འཛོམས་ཡིན་ན་དེ་ལྟར་བཟང་ཆ་ཆེ། ཡིན་ནའང་། ཆོལ་རེ་ནས་མ་མཐར་ཡང་ཆབ་སྲིད་སྲིད་ཇུས་ལ་མཁས་པའི་མི་ལྔ་ངེས་པར་དུ་དགོས། དེ་ལྟར་བྱུང་ཚེ། ད་ལྟའི་འཛམ་གླིང་སྟེང་གི་བོད་ཀྱི་གནས་སྟངས་དང་རྒྱ་ནག་གི་འགྱུར་འགྲོས། དོན་ངོ་མར་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་ཡང་དག་པ་ཞིག་ཇི་ལྟར་འཛིན་མིན་བཅས་ཀྱི་ཐད་ནས་ནུས་པ་ཆེན་པོ་ཐོན་སྲིད། དེ་ལྟར་མ་བྱུང་ཡང་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་ངོ་མ་རྟོགས་ཐུབ་པ་དང་ལག་ལེན་ཏུ་བསྟར་རྒྱུར་ཐེ་ཚོམ་མེད་པ་འབྱུང་སྲིད། དེའི་ཕན་གྱི་མི་ལྔ་སྙན་ངག་པ་དང་རྩོམ་པ་བོ། རིག་གནས་དགེ་རྒན་དང་ཉམས་ཞིབ་པ། ཡང་ན་ཤེས་ཡོན་མེད་ཀྱང་ལྷག་བསམ་ཡོད་པ་ལྟ་བུའི་སྣ་འདུས་རང་བཞིན་ཅན་ཡིན་ཡང་མི་ཆོག་ཆེར་མེད། ཡིན་ནའང་། སྡུག་ཤོས་སྐབས་འཚོལ་བ་ཚོ་གཏན་ནས་ཡོང་མི་ཉན། སྐབས་འཚོལ་བས་གྲོས་ཚོགས་ར་བ་རང་གི་ཁ་ཕོ་དང་མཚན་སྙན་ཙམ་ཙམ་སྲུང་བྱེད་ཀྱི་སྟེགས་བུ་ཞིག་ཏུ་ངོས་འཛིན་པ་ལས་དེའི་ཕན་ནས་འགན་ཆེན་པོ་མི་འཁུར། དེ་མཁྱེན་པ་གནོངས། །

འབྲེལ་ཡོད་གསར་འགྱུར།

CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༣ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༢༤ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

༢༠༢༦/༠༩/༢༡

མཆན། 5

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    བརྗོད་གཞི་འདི་དང་མི་མཐུན་ན་བཟོད་པ་གསོལ་ལོ།
    ངའི་འདི་ནས་དྲ་གྲོགས་རྣམས་ལ་ཞུ་རྒྱུར་ཕྲན་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་མདོ་སྨད་སྤྱི་མཐུས་འོས་འདེམས་ལ་འགན་ཡོད་པས་།་ངའི་ཡིན་རིང་དཔྱད་མཐར་སྤྱི་མཐུས་འོས་མི་དག་གཤམ་གསལ་ལྟར་ལགས་ན་དེས་ཐོགས་ལེགས་ཉེས་ཀྱི་བླང་དོར་བརྩལ་རོགས།
    ༡༽ ཚོགས་གཙོ་སྤན་པ་ཚེ་རིང།
    ༢༽ མཐུས་་་ཆབ་བྲག་ལྷ་མོ་སྐྱབས།
    ༣༽མཐུས་་་་རྒྱལ་རོང་ཟླ་བ་ཚེ་རིང་།
    ༤༽མཐུས་་་་ཀིརྟི་སྒྲོལ་དཀར་ལྷ་མོ།
    ༥༽མཐུས་་་་སྒྲོལ་མ་མཚོ་མོ།
    ༦༽དུས་བབས་ཚང་ལུང་རིག་རྒྱལ།
    ༧༽ནོར་གླིང་སྒྲོན་དཀར་སྐྱབས།
    ༨༽ས་རྭ་སློབ་དཔོན་ཆེན་མོ བསོད་ནམས་རྒྱལ་མཚན
    ༩༽ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་་ཚངས་དབྱངས།
    ༡༠༽རང་བདེན་ཚོགས་གཙོ་་་བློ་བཟང་དཔལ་ལྡན།
    བཅས་ཡིན།
    རེ་བསྐུར ལོ་རྒྱུས་དང་གནས་ལུགས་མེད་ན་ དེ་དེ་བཞིན་ནོ

    Reply
  2. རིག་འཛིན། says:
    ལོ་ 16 སྔོན།

    ཨ་རིག་གིས་བཤད་པ་འདིར་རྒྱུ་མཚན་ཡག་པོ་འདུག་པས།
    བསམ་གཞིགས་ནན་པོ་རེ་གནང་རོགས།

    Reply
  3. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཧོབ་སྟེ་གཉིད་སད་པ་འདྲ་བའི་གཞུང་ལུགས་དེ་རིགས་ང་ཚོའི་སྤྱི་ཚོགས་ལ་འཚམ་པོ་མེད། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་ཡིན་ནའང་མི་དམངས་འོས་འཕེན་ལ་དོ་སྣང་མེད་པ་དང་དོ་སྣང་ཡོད་མཁན་གང་མང་ཞིག་གཞན་གྱི་ཟེར་སྒྲོས་རྗེས་སུ་འབྲངས་རྒྱུར་དགའ་བས་འབྲས་བུ་ཡག་པོ་མ་ཐོན་པ་རེད། ཡིན་ནའང་སྐུ་ཉིད་ཀྱི་འཆར་སྣང་དེ་མ་རེད་ཟེར་ཡ་མེད།

    Reply
  4. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཨ་རིགས་ཀྱིས་བཤད་པ་ཤིན་ཏུ་བདེན།མང་ཚོགས་ལ་འདི་ལྟའི་བསམ་ཚུལ་རེ་ཅིས་ཀྱང་དགོས།

    འོན་ཀྱང་ཁྱོད་ཀྱི་་འགན་འཁྲི་གསུམ་ཞེས་པ་ལ་ངེས་ཤེས་གསུམ་གསུམ་ཞེས་བཅོས་ན་ཅུང་ལན་པོར་སྣང་།དེ་བསམ་ཚུལ་ཙམ་ཡིན།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ངས་ཀྱང་ད་རེར་གསར་བུ་ཨ་རིག་པས་སྣང་བ་འགྲོ་བོ་ཞིག་བཤད་སོང་ཞུ་རྒྱུ་ཡིན། ཨ་ལ་རྩེད་མོ་ཡིན། བཀའ་སྤྱི་འཚོལ་བའི་ཐབས་ལམ་གསུམ་ལས་དང་བོ་དེ་འཚོལ་བའི་རིགས་སུ་མི་གཏོགས་པར། བཀའ་སྤྱིར་ཕེབས་པའི་རིགས་སུ་གཏོགས་པ་འདྲ། དེ་མ་གཏོགས་ད་རེར་ཡག་པོ་བཤད་འདུག

    གཞན་ངས་ཀྱང་སྣོན་མ་ཞིག་བྱེད་འདོད། ངས་ད་རེའི་སྤྱི་འཐུས་སླེབས་སྟངས་ལ་བློས་བསླངས་འདི་འདྲ་ཞིག་བྱས་ཡོད། མཁས་མི་མཁས་དང་རྒྱུ་ཡོད་མེད་ལ་བལྟ་རྒྱུ་གཙོ་བོ་མིན། རང་གིས་བདམས་ཐོན་བྱུང་བའི་སྤྱི་འཐུས་དེ་གཞན་གྱི་དཔང་འོག་ལ་མགོ་སྒུར་རྐྱང་མི་བྱེད་པར་རང་ཉིད་ལ་ལྟ་བ་ཚུགས་ཐུབ་ཡོད་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད། དཔེར་ན་ཀླུ་མཁར་བྱམས་དང་བསྟན་འཛིན་མགོན་པོ། ཀིརྟི་སྒྲོལ་དཀར་ལྷ་མོ་ལྟ་བུ་རེད། དེ་དང་དེ་བཞིན་དུ་ཕྱོགས་གང་སར་བསམ་བློ་བཏང་ནས་སྔོན་ཚུད་ནས་ཁོག་རྩིས་ཤིག་ཏན་ཏན་དགོས་པ་རེད་དྲན། དེ་འདྲ་ཞིག་མ་རེད་དམ་སྙིང་ཉེ་བའི་གྲོགས་་དམ་པ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese