མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེན་པོ་དང་ཆུང་ཆུང་། ཟླ་བ་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

་་་་་་་་་་་་་་་་་་་་་་ ཨེ་ལོ་ཌིའི་བོད་དེབ་ Le vol du paon mène Lhassa དང་འབྲེལ་བའི་ཚིག་འགའ།

ལེའུ་བཅུ་བདུན་དང་ཤོག་ངོས་ཉིས་བརྒྱ་བཞི་ལས་མེད་པའི་ཨེ་ལོ་ཌིའི་བོད་དེབ་འདི་ཧྥ་རན་སིའི་ནང་གྲགས་ཆེ་བའི་བོད་དེབ་རྙིང་བ་སྟེ། དུས་རབས་སྔོན་མའི་ནང་དཔར་བསྐྲུན་བྱས་པའི་ « Voyage d’une Parisienne à Lhassa » ༼ཕ་རི་སིའི་བུ་མོ་ཞིག་གི་ལྷ་སའི་འགྲུལ་བཞུད། ༽ དང་། « Hanter d’étrange pays de là-haut »༼འཛམ་གླིང་ཡང་རྩེའི་རྒྱལ་ཁབ། ༽ སོགས་དང་བསྡུར་ན་བེམ་པོ་དང་། དེབ་གཟུགས། ཤོག་ངོས་སོགས་ཕྱོགས་གང་ཐད་ནས་ཆུང་ཆུང་ཞིག་ཡིན། ཡིན་ནའང་སྐད་ཡིག་གཅིག་གི་ནང་ཐོན་པའི་བོད་དེབ་ཆེ་ཆུང་འདི་དག་ལ་ལས་དབང་གི་ཆ་འདྲ་ས་མང་ལ། ལས་བསྐལ་གྱི་མྱོང་བ་མི་འདྲ་ས་ཡང་མང་། ཕ་རི་སིའི་བུ་མོ་ལོ་གཞོན་གཉིས་རང་ཉིད་འཚོ་བའི་དུས་རབས་ནང་རང་འགུལ་དང་ཁེར་རྐྱང་གིས་བོད་ནང་འཛུལ་བ་ནི་ཆ་འདྲ་ས་དང་པོ་དེ་ཡིན་ཞིང་། བོད་ནང་རང་རང་གིས་གང་མཐོང་ཤིང་ཐོས་པ་རྣམས་ཕྱིར་རང་ཡུལ་དུ་འཁོར་རྗེས་དེབ་ཏུ་དཔར་བཏབས་པ་ཡང་ཆ་འདྲ་ས་ཞིག་ཡིན། དུས་རབས་གཅིག་གཉིས་ཤིག་གི་བར་སྟོང་ཡོད་པའི་དེབ་གཉིས་པོ་དེ་ Gallimard དཔར་བསྐྲུན་ཁང་སྟེ། དཔར་ཁང་གཅིག་གིས་དཔར་དུ་བསྐྲུན་པའང་ལས་དབང་གི་ཆ་འདྲ་ས་གཅིག་ཅི་ལ་མིན། འོ་རེད། ཆ་མི་འདྲ་ས་ཡང་གཙོ་བོ་གསུམ་འདུག གཅིག་བོད་ནང་ཆེས་བདེ་འཇགས་དང་སྟབས་བདེའི་ངང་འཛུལ་ཡོད་ལ། གཅིག་ཤོས་བོད་ནང་ཆེས་ཉེན་ཁ་དང་དཀའ་སྡུག་གིས་འཛུལ་ཡོད། གཅིག་གིས་མཐོང་བའི་བོད་ནི་ཆེས་རང་དབང་དང་བག་ཕེབས་ཀྱི་ངང་གནས་པའི་དུས་རབས་སྔོན་མའི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། ཅིག་ཤོས་ཀྱིས་མཐོང་བའི་བོད་ནི་ཆེས་དངངས་སྐྲག་དང་འཇིགས་སྣང་། དོགས་པ། ཁོང་ཁྲོ། མནར་གཅོད། སྡུག་སྦྱོང་སོགས་ཀྱི་འོག་གནས་པའི་གཞན་འོག་གི་ཡུལ་ལུང་ཞིག་ཡིན། གཅིག་གིས་ཆེས་རང་དབང་གིས་མི་ཚེའི་ཕྱེད་ཀ་བོད་ནང་དུ་བསྐྱལ་ཐོག ཆོས་ལུགས་ཉམས་ལེན་གྱིས་རྩ་རླུང་སྒོམ་ནས་ནམ་མཁར་འཕགས་མྱོང་ལ། མི་ཚེ་རང་དབང་བེད་སྤྱད་ནས་ཆང་སའང་བརྒྱབ་མྱོང་ཡོད། འོན་ཀྱང་ཅིག་ཤོས་ནི་དུས་ཡུན་ཐུང་ཐུང་ཞིག་གི་ནང་བོད་ནང་འཛུལ་ཐེངས་གསུམ་དང་ཕྱིར་འབུད་བྱེད་ཐེངས་གསུམ་བྱས་ཡོད། མདོར་བསྡུས་ན་འདི་དག་ཆེན་པོ་དང་ཆུང་ཆུང་གི་ཁྱད་པར་དུ་བཞག་ཆོག

ལོ་མང་སྔོན་ནས་ཕྱི་མི་ལ་དམ་དྲག་ཆེ་ནའང་དུས་རྒྱུན་བོད་ནང་རྐང་ཟུག་ཡོད་མཁན་མང་ཤོས་ནི་བོད་རིག་པར་ཞིབ་འཇུག་གནང་མཁན་གྱི་མགོ་སེར་ཚོ་ཡིན། ཁོང་རྣམ་པས་བོད་རིག་པར་ཞིབ་འཇུག་གནང་ནས་ཕྱག་རྗེས་བཞག་དང་འཇོག་གིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ལ་བརྟེན་ནས་ཞལ་ལག་མཉེས་པོ་ཡང་བཞེས་དང་བཞེས་བཞིན་པ་རེད། ༼ ང་རང་བོད་པ་ཡིན། ༽ཞེས་པ་འདི་ཁོང་ཚོ་རྒན་གཞོན་ཚང་མས་ཡང་སེ་ཡང་སེར་གསུང་གི་རེད། ངས་གསལ་བོར་དྲན་སོས་པ་ཞིག་ལ།  ཨེ་ལོ་ཌིས་ཉེན་ཁ་དང་དཀའ་ངལ་ལ་མ་འཛེམ་པར་ཨུ་ཚུགས་ངང་ཡང་ནས་ཡང་དུ་བོད་ནང་འཛུལ་སྐབས་དེའི་་རིང་ལ། ལྷ་ས་དང་། ཟི་ལིང། ཁྲིན་ཏུའུ་སོགས་གྲོང་ཁྱེར་ཁག་དང་། མགོ་ལོག་དང་། ནང་ཆེན། སྡེ་དགེ་སོགས་གྲོང་གསེབ་ཁག་ན་ངས་ངོ་ཤེས་པའི་བོད་རིག་པ་རྒན་པ་དང་གཞོན་པ་གང་མང་ཞིག་འདུག ཨེ་ལོ་ཌིས་རྐང་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་མྱུལ་ཞིང་བོད་པ་ཚོའི་ཁ་ནས་བླངས་པའི་ཉིས་སྟོང་བརྒྱད་ལོའི་དོན་རྐྱེན་རྣམས། ངའི་ངོ་ཤེས་བོད་རིག་པ་བ་ཚོས་དངོས་སུ་མཐོང་ཤིང་ཐོས་ཡོད་ལ། དོན་རྐྱེན་རེ་འགའ་ཁོ་ཚོའི་ཉེ་འཁྲིས་དང་འགྲམ་ནས་བྱུང་ཡོད། ཁོ་ཚོས་ཕྱག་བརྐྱངས་ཙམ་གནང་ན་དངོས་ཡོད་དོན་རྐྱེན་དེ་དག་བདེ་བླག་ངང་བསྡུ་ཐུབ། ཨེ་ལོ་ཌི་བོད་ནས་ཕྱིར་འབུད་བཏང་དུས། ངའི་ངོ་ཤེས་ཚོའི་ནང་གི་ཁ་ཤས་ཕྱིར་ཕེབས་འདུག་ལ། ཁ་ཤས་ད་དུང་མུ་མཐུད་བོད་ནང་རྐང་ཟུག་འདུག ཁ་ཤས་ཕྱིར་ཡོང་རྗེས་ཡང་བསྐྱར་བོད་དུ་ལོག་ཕེབས་སོང་། གང་ལྟར་ད་བར་དུ་ཁོང་རྣམ་པ་བརྒྱུད་ལམ་ཁག་གི་མདུན་དུ་ཐོན་ནས་ཉིས་སྟོང་བརྒྱད་ལོའི་དོན་རྐྱེན་སྐོར་ལ་གསུང་སྐད་ཅི་གང་གནང་མ་སོང་། འདི་མི་སྒེར་གྱི་ཐུགས་འདུན་ལ་ཆེན་པོ་དང་ཆུང་ཆུང་གི་ཁྱད་པར་ཤོར་བ་མིན་འགྲོ། ངས་གསལ་བོ་ཤེས་མ་སོང་།

མགོ་སེར་ཚོར་ཅི་ཁག སྐད་གྲགས་ཆེ་ཞིང་གུས་བརྩི་ཆེ་བའི་བོད་པའི་མཁས་དབང་མང་པོ་ཞིག་ཀྱང་ངྷ་རམ་ས་ལ་ནས་རེ་རེ་བཞིན་ནུབ་ཕྱོགས་སུ་འཕུར་ཞིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ལག་འཁྱེར་རག་རྗེས་རང་རང་གི་ཐུགས་དགོངས་ལྟར་འཆར་གཞི་རེ་བཟོས་ནས་བོད་ནང་ཡང་སེ་ཕེབས་འགྲོ་གི་འདུག ཁོང་རྣམ་པ་བོད་ནང་གི་འཆར་གཞི་རྒྱ་ཅི་ཙམ་ཆེ་ན་དེ་ཙམ་གྱིས་བོད་ནང་མང་ཙམ་ཕེབས་ཀི་འདུག་ལ། འགའ་ཤས་ལོ་ལྟར་ཉུང་མཐར་ཡང་བོད་ནང་ཐེངས་རེར་ཕེབས་གནང་གི་འདུག ཉིས་སྟོང་བརྒྱད་ལོའི་བོད་ནང་གི་དོན་རྐྱེན་ཐད་ཁོང་རྣམ་པར་ཡང་གནས་ཚུལ་གསར་པ་མང་པོ་ཞིག་རག་ཡོད་པ་ཐག་ཆོད་ཡིན། འོན་ཀྱང་། ཁོང་རྣམ་པ་བོད་ནང་ཅི་ཙམ་ཕེབས་ཐེངས་མང་ན་དེ་ཙམ་གྱིས་ཕྱིར་འཁོར་རྗེས་གསུང་ལྐུགས་ནས་བཞུགས་གི་འདུག དེ་སྔ་བཙན་བྱོལ་ནང་གི་དུས་དེབ་དང་ཚགས་ཤོག་སྟེང་བོད་དོན་སྐོར་གྱི་ཆེད་རྩོམ་རྒྱུན་མཐུད་ནས་སྤེལ་ནའང་། ད་ལྟ་རྦད་དེ་ཡལ་ཚར་ཡོད། མཚམས་ལ་ལར་དྲ་རྒྱའི་སྒང་སྐད་ཡིག་དང་འབྲེལ་བའི་ཕྱག་རྩོམ་རེ་ཕེབས་ནའང་། ད་ནི་སྨྱུག་མིང་འོག་བཀབས་ནས་ཕེབས་གི་རེད། འདི་ནའང་ཆེན་པོ་དང་ཆུང་ཆུང་གི་ཁྱད་པར་ཅིག་ཡོད་པ་ཡིན་ནམ། ཡིན་རྒྱུ་མ་རེད། ང་རང་རྦད་དེ་འཐོམས་སོང་།

བཙན་བྱོལ་བོད་གཞུང་གིས་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ངོ་རྒོལ་རྣམས་མཐའ་གཅིག་ཏུ་༼ བོད་རང་བཙན་ ༽དང་འབྲེལ་བ་མེད་ཅེས་གསུང་གི་འདུག ཨེ་ལོ་ཌིའི་རྒྱུས་ལོན་དང་ངོས་འཛིན་ནི་རང་དབང་དང་། རང་བཙན། ཡང་ན་བཙན་བྱོལ་ནང་རྒྱུགས་ཆེ་བའི་༼ དབུ་མའི་ལམ ༽ སོགས་བོད་རྒྱའི་སྲིད་དོན་དང་འབྲེལ་བའི་ཐ་སྙད་ཁག་ལ་ནང་ལོགས་ཀྱི་བོད་མི་ཚོར་ཕྱི་ལོགས་ཀྱི་བོད་མི་ཚོ་ནང་བཞིན་གཞུང་ལུགས་རང་བཞིན་དང་ལྟ་གྲུབ་རང་བཞིན་གྱི་ངེས་ཤེས་མི་འདུག་ཟེར་ལ། བོད་ནང་གི་བོད་མི་ཚོར་མཚོན་ན་བོད་རང་བཙན་རག་གི་མེད་པའི་བསམ་བློ་དང་། ད་ལྟའི་རྒྱ་ནག་གི་སྲིད་བྱུས་འོག་འདུག་འདོད་མེད་པའང་མངོན་གསལ་དོད་པོ་རེད་ཟེར། འདིའི་གོ་དོན་ནི་ཕྱི་ལོགས་ཀྱི་བོད་མི་ཚོས་བོད་རང་བཙན་བརྩད་ནས་ཐོབ་ཐུབ་ན་ནང་ལོགས་ཀྱི་བོད་མི་ཚོ་རྒྱ་ནག་གི་དབང་བསྒྱུར་འོག་འདུག་འདོད་མེད་པ་གསལ་བོ་རེད་ཅེས་པ་འདི་རེད། གཞན་ད་དུང་ཁོ་མོས་བོད་རྒྱ་འབྲེལ་མོལ་དང་བོད་རྒྱ་མཉམ་གནས་ནི་གནས་སྟངས་འཚོལ་སྟངས་ཤིག་ལས་གནད་དོན་སེལ་སྟངས་ཤིག་མིན་ལ། བོད་ནང་དོན་རྐྱེན་བྱུང་བར་ཕྱི་ལོགས་ཀྱི་བརྒྱུད་སྐུལ་མི་མཁོ་བ་ནང་བཞིན། དགོས་གལ་བྱུང་བའམ་ཨུ་ཐུག་ན་བོད་རྒྱ་མཉམ་གནས་ཀྱི་དཀའ་ངལ་དེ་སེལ་བར་བོད་ནང་གི་བོད་མི་ཚོར་དཀའ་ངལ་གང་ཡང་མི་འདུག་ཟེར། བོད་ནང་གི་བོད་མི་ཚོ་དང་། ངྷ་རམ་ས་ལའི་ཕྱོགས་འགལ་ཚོགས་པ་ཁག ཨེ་ལོ་ཌིའི་ལྟ་སྟངས་དང་ངོས་འཛིན་གྱི་ཐོག་ནས་འདི་འདྲ་ཞིག་ཡིན་ནའང་། བཙན་བྱོལ་བོད་གཞུང་གི་ངོས་ནས་འབྲེལ་མོལ་རེ་གནང་རྗེས་རྒྱ་ནག་གི་རྩ་ཁྲིམས་འོག་སྡོད་རྒྱུ་རྩོད་ལེན་བྱེད་གི་ཡོད་པ་དང་། མང་པོ་ཞིག་གི་སྒང་ནས་ཕྱི་སྣུར་རེ་གནང་བཞིན་པའང་དགོས་པ་རྒྱུ་མཚན་ཞིག་གིས་མིན་འགྲོ་སྙམ། གང་ལྟར་འདི་ཡང་བོད་ནང་གི་བོད་མི་མི་རེ་ངོ་རེ་དང་། བཙན་བྱོལ་ནང་གི་ཕྱོགས་འགལ་ཚོགས་པ། ཨེ་ལོ་ཌི། བཙན་བྱོལ་བོད་གཞུང་བཅས་ཀྱིས་རང་རང་གི་ངོས་ནས་ཆེན་པོ་དང་ཆུང་ཆུང་ལ་ངོས་འཛིན་གནང་ཕྱོགས་ཤིག་རེད་འདོད།

 ༼ ང་ལོ་ཉི་ཤུ་ཡིན། ལྷ་སར་ཡོད། ༽ «  J’ai vingt ans, J’habite à Lhassa » ཅེས་པ་ནི་ཉིས་སྟོང་བརྒྱད་ལོར་ཧྥ་རན་སིའི་བརྙན་འཕྲིན་བརྒྱུད་ལམ་གཉིས་པས་« France 2 » ཆེད་དུ་བཟོ་བསྐྲུན་བྱས་པའི་དངོས་བྱུང་གློག་བརྙན་ཞིག་ཡིན། འདིའི་ནང་ལྷ་སར་གནས་འཆའ་བཞིན་པའི་ཆོལ་ཁ་གསུམ་གྱི་བོད་རིགས་གཞོན་སྐྱེས་ཏེ། རང་ལོ་ཉི་ཤུ་ཅན་གྱི་བོད་རིགས་སློབ་མ་དང་། ལས་བཟོ་བ། གྲྭ་བ། ཨ་ནེ། རང་ངོས་ནས་ཚོང་ལས་གཉེར་མཁན། ཟ་ཁང་དང་མགྲོན་ཁང་གི་ལས་གཡོག ལས་མེད། འཁྱམ་པོ། ར་བཟི་སོགས་ལ་བཅར་འདྲི་བྱས་ནས་རྒྱ་ནག་གི་སྲིད་བྱུས་འོག་བོད་མིིའི་གནས་སྟངས་དང་དཀའ་ངལ། དགོས་འདུན། དམིགས་བསལ་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཡར་ལངས་དོན་རྐྱེན་དང་། པེ་ཅིན་ཨོ་ལིམ་པིག་སྐབས་ལྷ་སར་རྒྱ་ནག་གཞུང་གིས་དམ་དྲག་ཇི་བྱས་དང་། ཨོ་ལིམ་པིག་དབུ་འབྱེད་མཛད་སྒོའི་སྐབས་ལྷ་སར་ཆང་ཁང་ཞིག་གི་ནང་བོད་རིགས་དང་རྒྱ་རིགས་གཞོན་སྐྱེས་ཚོའི་བར་འཁྲུག་འཛིང་ཅི་བྱུང་སོགས་དངོས་སུ་བརྙན་ཕབ་བྱས་ཡོད། གློག་བརྙན་འདི་ཉིས་སྟོང་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་སྟེ། པེ་ཅིན་ཨོ་ལིམ་པིག་དངོས་སུ་ཚུགས་ཉིན་ལྷ་སར་གཞི་ནས་ཕབ་བསྐྲུན་བྱས་ཡོད་ནའང་། ཚེས་ཉེར་གཉིས་སྔོན་དུ་བརྙན་ཕབ་དང་བཟོ་བསྐྲུན་ལེགས་གྲུབ་བྱུང་ཡོད་མ་ཟད། ལས་ཀ་བྱེད་མཁན་ཚང་མ་ཡང་བདེ་འཇགས་ངང་ཧྥ་རན་སིར་འབྱོེར་ཡོད་ལ། ཚེས་ཉེར་གཉིས་ཉིན་གྱི་དགོང་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཧྥ་རན་སིའི་བརྙན་འཕྲིན་བརྒྱུད་ལམ་གཉིས་པའི་དམིགས་བསལ་ཆེད་གཏོང་ལེ་ཚན་ « speciale envoyer » ནང་དངོས་སུ་བསྟན་ཡོད།  གློག་བརྙན་འདི་དང་ཨེ་ལོ་ཌིའི་དེབ་ཆུང་གཉིས་ལ་ནང་དོན་གྱི་ཆ་ནས་འདྲ་ས་དང་མཚུངས་ས་མང་ནའང་། དེབ་ཆུང་དེ་དོན་དངོས་སུ་གློག་བརྙན་ལས་ལོ་གཉིས་ཙམ་འཕྱི་བོ་ཆགས་ཡོད།

ཉིས་སྟོང་བརྒྱད་ལོར་བོད་ནང་གི་དོན་རྐྱེན་བྱུང་སྐབས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཉིན་རེ་དང་། དུས་ཚོད་རེ། ཐ་ན་སྐར་ཆ་རེ་རེ་བཞིན་བོད་ནང་དངོས་སུ་བྱུང་བའི་དོན་རྐྱེན་རྣམས་འཛམ་གླིང་མི་དམངས་ལ་དངོས་སུ་བསྟན་ཡོད། དེ་ལྟར་ཀྱང་ལོ་གཉིས་རྗེས་ཀྱི་དེ་རིང་གསར་འགྱུར་བརྒྱུད་ལམ་ཁག་ལ་མིག་གཡེང་ཤིང་རྣ་འཆའ་བའི་མི་ཚོས་ལོ་གཉིས་སྔོན་གྱི་བོད་ནང་གི་བྱུང་བ་རྣམས་དྲན་པ་མ་བརྗེད་ཙམ་དུ་ཟད་ཡོད། གསར་འགྱུར་བརྒྱུད་ལམ་དང་གློག་བརྙན་ཁག་ལ་ཁ་ཐུག་གི་དང་བ་འདྲེན་ཤུགས་ཆེ་ནའང་། དུས་ཚོད་ཀྱི་དབང་གིས་དང་བ་དང་ཚོར་བ་། ངེས་ཤེས་དེ་དག་དྲན་མེད་དུ་བཟོ་བཞིན་པའང་དངོས་ཡོད་ཆགས་ཡོད། དེབ་ནི་དེ་ལྟར་མིན། ཁོ་ལ་དུས་ཚོད་དམ་དང་བའི་འདྲེན་ཤུགས་ཀྱི་བཀག་རྒྱ་མེད་ལ། ཁོ་ལ་གནས་དུས་མཐུན་རྐྱེན་གྱི་བཀག་རྒྱའང་མེད། དེབ་ནི་ཁྱེད་ཀྱི་ལས་ཁུངས་ཀྱི་མདུན་ཅོག་སྟེང་དང་། རང་ཤག་གི་ཉལ་ཁྲིའི་སྔས་མགོ། ལམ་བར་དུ་འགྲོ་སྐབས་འཁུར་ཁུག་ནང་བཞག་ཆོག་ལ། དང་དོད་ཡོད་ཚེ་ཕྱིར་བཏོན་ནས་མུ་མཐུད་ནས་བཀླག་ཆོག གང་ལྟར་ངས་གློག་བརྙན་ལ་ལྟ་མཁན་དང་དེབ་ཀློག་མཁན་ཚོར་ཆེན་པོ་དང་ཆུང་ཆུང་གི་དབྱེ་མཚམས་ཡོད་པའི་རེ་བ་ཞིག་འཛིན་གི་མེད་ལ། ཨེ་ལོ་ཌིའི་བོད་དེབ་འདི་ཉར་མཁན་སུ་ཞིག་ལ་མཚོན་ནའང་། ཁོ་ཚོའི་མདུན་ཅོག་དང་ཉལ་ཁྲི། འཁུར་ཁུག་ནང་ཡོད་པ་ནི་ཤོག་ངོས་ཉིས་བརྒྱ་ཅན་གྱི་དེབ་གཟུགས་གཅིག་པུ་མིན་པར། ཉིས་སྟོང་བརྒྱད་ལོར་བོད་ནང་བྱུང་བའི་ཡ་ང་བའི་དོན་རྐྱེན་ཁག་དང་། ལོ་དེར་བོད་མི་ཚོས་མྱངས་པའི་འཇིགས་སྣང་དང་སྐྲག་སྣང། མནར་གཅོད་དང་སྡུག་སྦྱོང་བཅས་ཡིན་པའི་ཡིད་ཆེས་བྱེད་གི་ཡོད།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 4

  1. འབའ་སྲས། says:
    ལོ་ 16 སྔོན།

    དོན་གནད་ལ་ཁེལ་བའི་དཔྱད་གཏམ་ཞིག་སྤེལ་འདུག ཐུགས་རྗེ་ཆེ།

    Reply
  2. ་འབྲི་མཚོ says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེཆཻ

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    དེབ་ཞིག་གིས་བརྗོད་གཞིའི་ཐོག་
    སེམས་ཚོར་ཟབ་མོ་སྤྲད་ཐུབ་པའི་རྩོམ་ཐུང་འདིོ་ངོ་མ་སྙན་མོ་ཞིག་རེད།
    བཀའ་དྲིན་ཆེ
    འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་དེབ་ཆུང་དེ་མཐོང་མེད་ལ་གློག་བརྙན་དེ་ཡང་མཐོང་མ་སོང།
    ཕར་ཆེར་ང་ཡོད་སའི་ཁུག་སོ་ན་ད་དུས་དེབ་དེ་དག་དཀའ་རྒྱུ་རེད་ཡ།

    Reply
  4. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    རྩོམ་ཡིག་འདི་ཀློག་གིན་ཀློག་གིན་ང་ཅིག་ལ་སླེབས་ཟིན་པའམ། ཡང་ན་ང་ཅིག་ན་འགྲོ་གིན་ཡོད་པའི་ཚོར་བ་བྱུང་། ལྷ་ས། མཚོ་སྔོན། དཀར་མཛེས། ཟི་ལིང་། མ་རེད། འོ་ན་གང་རེད། ངས་ཀྱང་བཤད་ཤེས་ཀི་མི་འདུག དེབ་དེའི་སྐོར་ནས་ང་བོད་དུ་སླེབས་སོང་བ་འདྲ། རྩོམ་རྩལ་གྱི་ཆ་ནས་ང་ངའི་མདུན་ངོས་ཀྱི་གློག་ཀླད་ནང་ཕར་འཛུལ་ཚུར་འབུད་ཐེངས་འགར་བྱས་པ་འདྲ། གང་ལྟར་ཡང་། ཧ་ཅང་གི་སྙན་མོ་བྱུང་། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese