མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་བུའི་གླིང་ལ་དྲ་རྒྱའི་ཁ་བྱང་རྫོགས་གྲབས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ད་ནས་ལོ་གཅིག་མི་འགོར་བར་འཛམ་གླིང་སྟེང་དུ་དྲ་རྒྱའི་ཁ་བྱང་རྫོགས་རྒྱུ་རེད། ད་ལྟ་དྲ་བྱང་ས་ཡ་ ༢༣༢ མ་གཏོགས་མི་འདུག་ཅེས་ཆེད་ལས་པས་ལུང་དུ་བསྟན་འདུག

དྲ་ཚིགས་ཕལ་ཆེ་བས་སྤྱོད་ཀྱིན་པའི་ IPv4 ཞེས་པ་དེས་དྲ་བྱང་དུང་ཕྱུར་ ༤ མཁོ་སྤྲོད་བྱས་ཏེ། གྲངས་གནས་ ༣༢ ཡོད་པའི་ཐུན་མིན་གྱི་གྲངས་ཀ་འདིས་གློག་ཀླད་རེ་རེ་དང་། དྲ་རྒྱ་རེ་རེ། དྲ་ཚིགས་ལ་མཐུད་ཡོད་པའི་འཛིན་ཆས་མཐའ་དག་རེ་རེ་བཞིན་ངོས་འཛིན་བྱེད་ཀྱིན་ཡོད།

ལོ་ ༣༠ ཡར་སྔོན་ལ་ IPv4 གསར་གཏོད་བྱས་དུས་དྲ་བྱང་ས་ཡ་ ༤ ནི་འདང་ངེས་ཤིག་ལ་བསམ་ཡོད་ལ། སྐབས་དེ་དུས་སྒེར་གཉེར་གློག་ཀླད་ཀྱི་རིགས་བྱུང་མེད་པས་ཡིན་འདུག ད་སྐབས་དྲ་བྱང་ས་ཡ་ ༢༣༢ ལྷག་འདུག་ལ། འདི་དག་གིས་ཉིན་ ༣༤༠ ལ་མ་གཏོགས་མི་འདང་བར་བཤད།

གལ་སྲིད་དྲ་བྱང་རྫོགས་པ་དང་། ཐབས་ལམ་གསར་པ་ཞིག་མ་བརྩམས་ཚེ། དྲ་བྱང་གི་ཐད་ནས་ནག་ཚོང་གི་ཁྲོམ་ར་འཐོན་རྒྱུར་ཉེན་ཁ་ཆེ་ལ། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན་ད་སྐབས་དྲ་རྒྱ་འདི་གཞུང་གཉེར་ནས་སྒེར་གཉེར་གྱི་རིམ་པར་ཡོད་པ་འདི་ཡང་ཡོངས་སུ་བསྡུ་དགོས་པར་འཁེལ་གྱིན་ཡོད་ཅེས་ཀྱང་ཟེར།

ཆེད་ལས་པ་དག་གིས་བཤད་དོན། ད་ནི་ངེས་པར་གྲངས་གནས་ ༡༢༨ ཡོད་པའི་ IPv6 ཞེས་པ་ཞིག་བཟོ་དགོས་ལ། དེ་མ་བཟོས་ཚེ་དྲ་རྒྱའི་ཁྱབ་རྒྱ་དང་གསར་གཏོད་ཀྱི་ལས་དོན་ཕྱོགས་གང་ཐད་ལ་ཚད་འཛིན་ཐེབས་རྒྱུ་རེད་ཟེར། ཐབས་ལམ་འདི་ཡོད་ཀྱང་ལག་ལེན་ལ་བསྟར་མཁན་གྱི་འགྱུར་བ་དལ་དྲགས་འདུག་ཟེར། དྲ་བྱང་ IPv6 ཅན་ལ་བསྒྱུར་བ་ཡིན་ན་མི་རེ་རེ་ལ་དྲ་བྱང་དུང་ཕྱུར་ ༤ རེ་དགོས་ཀྱང་འདང་གི་རེད་ཟེར།

IPv4 ཞེས་པ་ནི་དྲ་ལམ་ཐོན་ ༤ པ་ཟེར་བ་དང་། IPv6 ཞེས་པ་ནི་དྲ་ལམ་ཐོན་ ༦ ཞེས་པའི་དོན་རེད།

གང་མགྱོགས་ཀྱིས་དྲ་ལམ་ཐོན་ ༤་ (IPv4)  ནས་དྲ་ལམ་ཐོན་ ༦ (IPv6) ལ་བརྗེ་སྒྱུར་མ་བྱས་ཚེ། དྲ་རྒྱའི་སྤྱོད་སྒོ་དང་མ་ལག དྲ་རྒྱ་སྤྱོད་མཁན་བཅས་ལ་ག་ས་གང་ནས་ཚད་བཀག་ཐེབས་རྒྱུ་ཡིན་འདུག

ད་སྐབས་དྲ་བྱང་ IPv4  ནས་ IPv6 ལ་བརྗེ་སྒྱུར་བྱེད་བཞིན་པ་ནི་གྷོ་གྷལ་ཡིན་འདུག་ལ། ངོ་དེབ་ཀྱིས་ཀྱང་ IPv6 སྤྱོད་མགོ་བརྩམས་ཡོད་འདུག

དྲ་རྒྱའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་སྤྱི་གཉེར་ཁང་ཆེ་ཤོས་གཉིས་ཏེ། Verizon དང་ Comcast གཉིས་ཀྱིས་ཀྱང་གོང་གི་དྲ་བྱང་འདི་ལ་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན་འདུག

གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༢ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 10

  1. ᫥ᨕᩏ་᫕ᨕᩏ᫥ says:
    ལོ་ 15 སྔོན།

    དྲ་རྒྱའི་ཁ་བྱང་རྫོགས་ཚེ་སྔར་བེད་སྤྱད་བསྡད་རྒྱའི་ཁ་བྱང་ཚང་མ་ནག་བསྲུབ་ཏུ་འགྲོ་རྒྱུ་རེད་དམ།

    Reply
  2. གཤོང་ཀ་ says:
    ལོ་ 15 སྔོན།

    (Interenet protocol version )སྦྲེལ་མཐུད་དྲ་ཚིགསཀྱི་ལམསྟོན་༤དང་ཡང་ན་༦་གང་རུང་སྤྱད་ཕྱོགས་པ་ (IETF) ནས་༡༩༩༨ཀྱི་ཟླ་བ་༡༢་ནང་བཟོས་ཚར་ཡོད་པ་མ་རེད་པས། གང་ལྟར་སེམས་ཁྲལ་གྱི་དགོས་པ་ཨེ་ཡོད། ཝ་ཕྲུག་ཐང་ནས་ཐང་ལ་ འཛག་རྒྱུ་མེད།་རྒོད་ཕྲུག་ཡངས་ལ་འཛག་པ་རྙིང་ཡང་རྗེ། ཧཱ་ཧཱ་

    Reply
  3. ཁར་ལྷུན says:
    ལོ་ 16 སྔོན།

    ཧཧ་་་་་་སྐྱེ་བའི་མཐའ་མ་ཤི་རྒྱུདང་བཟོས་པའིམཐའ་མ་རྫོགས་རྒྱུ་དེ་ཆོས་ཉིད་རེད་
    ཕུག་བསམས་ཡོད་ན་དེ་གས་འགྲིག་་

    Reply
  4. སྐལ་བུ་ says:
    ལོ་ 16 སྔོན།

    ཁ་བྱང་རྫོགས་སོང་ན་ད་གསར་པ་བཟོ་རྒྱུ་རེད་
    དེ་མ་རེད་པས་ ཡང་ན་གསར་པ་བཟོ་ཐོབ་གི་མ་རེད་པས་་
    ཧ་ཧ་ དེ་ལས་བཀའ་ཁྲིའི་འོས་ལ་དོ་གནང་བྱེད་

    Reply
  5. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    མགྱོགས་མྱུར་དུ་རྫོགས་ནས་མི་རབས་འདི་ལ་བསམ་བློ་གསར་པ་དང་འཚོ་བ་གསར་པ་ཞིག་བསྐྲུན་ན་ཇི་འདྲའི་སྐྱིད་པ་ལ།

    Reply
  6. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    ཁ་བྱང་རྫོགས་པར་ཅི་ཧང་སང་རྒྱུ་ཡོད་
    དེ་ལས་ལྷག་འཛམ་གླིང་ནང་བཟའ་རྒྱུ་རྫོགས་ནས་མི་མང་པོ་ལྟོག་ཤི་ཐེབས་འགྲོ་གིན་ཡོད་རེད།

    Reply
  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    བཀླགས་ཡོད།

    Reply
  8. རྨེ་རུ། says:
    ལོ་ 16 སྔོན།

    དྲ་གྲོགས་བསེ་རུ་ལགས་ཕེགས་བྱུང་ངོ་།
    དག་ཆ་ལ་ཟབ་དགོས་སོ།

    Reply
  9. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ཁ་བྱང་རྫོགས་སོང་ན་ད་ཅི་བྱ།

    Reply
  10. བསེ་རུ། says:
    ལོ་ 16 སྔོན།

    ཁ་བྱང་ལ་ནོར་བཅོས་གནང་དགོས་འདུག
    མ་དག་པ། དག་པ།
    རྫོགས་གྲབ། རྫོགས་གྲབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese