མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་སྐབས་གཉིས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

མ་སུ་རི་སློབ་གྲྭ་ནས་ཚུལ་མིན་སྒྲིག་འགལ་གྱི་དབང་གིས་ཕྱིར་འབུད་བྱས་པའི་སློབ་ཕྲུག་དགུ་བོ་བསྐྱར་དུ་སློབ་གྲྭ་གཞན་དུ་ཚུད་འདུག

ཟླ་གཉིས་ཀྱི་སྔོན་མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་བཅུ་སྒྲིག་འགལ་གྱི་དབང་གིས་ཕྱིར་འབུད་བྱས་པའི་ཁྲོད་སློབ་ཕྲུག་བུ་ ༩ དེ་ཕྱིར་བོད་དང་རང་ཁྱིམ་དུ་ལོག་དགོས་བྱུང་མི་འདུག་པའི་ཁར། ཉིན་ཤས་གོང་སློབ་ཕྲུག་རྣམས་སླར་ཡང་བཙན་བྱོལ་གྱི་སློབ་གྲྭ་ཁག་གི་ནང་ཚུད་འདུག

སློབ་ཕྲུག་དེ་དག་ཕྱིར་སློབ་འཇུག་གི་ཐད་ཤུགས་རྒྱག་མཁན་སེར་སྨད་གྲྭ་བློ་དགའ་ཡིས་ཕྱི་ཚེས་ ༢༨ ཉིན་འདི་ག་གསར་ཁང་ལ་བརྗོད་དོན། ཉེ་ཆར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བྱས་པའི་སློབ་ཕྲུག་དགུ་ལས་བཞི་ད་ལྟ་བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་ཀྱི་སློབ་གྲྭ་ཞིག་ཏུ་བཅུག་ཐུབ་པ་དང་། ལྷག་མ་ལྔ་ཡང་དེ་མིན་གྱི་སློབ་གྲྭ་གཞན་ཞིག་ཏུ་བཅུག་ཐུབ་པ་བྱུང་ཐོག  ངྷ་ས་བོད་ཁྱིམ་དབུས་སྤྱི་ཁྱབ་ཡིག་ཚང་གིས་སློབ་ཕྲུག་ལྷག་མ་ལྔའི་སློབ་ཡོན་གནང་རྒྱུར་ཞལ་བཞེས་ཀྱང་ཐོབ་བྱུང་ཞེས་ཟེར།

གྲྭ་བློ་དགས་ཐེངས་འདིར་སློབ་ཕྲུག་འདི་ཚོ་བསྐྱར་དུ་སློབ་གྲྭར་ཚུད་ཐུབ་པ་བྱུང་དོན་ནི། ངས་དང་ཐོག་ནས་ངྷ་སྟེང་བོད་ཁྱིམ་དབུས་སྤྱི་ཁྱབ་ཡིག་ཚང་ལ་རེ་སྐུལ་སྙན་ཞུ་ཕུལ་ཐོག དེའི་རྗེས་བོད་གཞུང་འཛིན་སྐྱོང་བཀའ་ཤག་ལའང་རེ་སྐུལ་སྙན་ཞུ་ཕུལ་ཏེ། སློབ་ཕྲུག་ཚོའི་བདེ་སྡུག་སྐོར་ལ་སྐྱབས་འཇུག་ཞུས་སྐབས། འཛིན་སྐྱོང་བཀའ་ཤག་གིས་ཁོང་ཚོ་བོད་རིགས་ཤིག་ཡིན་སྟབས་སློབ་གྲྭ་གཞན་གྱིས་སློབ་འོག་ཏུ་ཉར་རྒྱུར་དགག་བྱ་མེད་ཀྱང་། ངེས་པར་དུ་སློབ་གྲྭར་འཇུག་དགོས་པའི་བཀའ་གཏོང་ཤེས་ཀྱི་མེད་ཅེས་གསུངས་ཏེ། བཀའ་ཤག་གིས་སློབ་གྲྭ་གཞན་དུ་བསྐྱར་འཇུག་བྱ་རྒྱུར་དགག་བྱ་མ་གནང་སྟབས། སློབ་ཕྲུག་དགུ་བོ་བསྐྱར་དུ་སློབ་གྲྭར་འགྲིམ་པའི་གོ་སྐབས་བྱུང་བ་ཡིན་ཞེས་གསུངས།

ཡང་ཁོང་གིས། སྤྱིར་བཏང་དགོན་པ་གྲྭ་ཚང་ཁག་དང་བོད་གཞུང་གི་འཛིན་སྐྱོང་སྡེ་ཚན་ཁག སློབ་གྲྭའི་སྒྲིག་འཛུགས་ཁག་གང་ཡིན་རུང་དེའི་ཁོངས་གཏོགས་ཀྱི་མིར་སྒྲིག་འགལ་འབྱུང་སྲིད་པ་རེད་མོད། མ་འོངས་པར་སྒྲིག་འགལ་བྱུང་རིགས་ལ་སྒྲིག་འཛུགས་གཅིག་ནས་དཀའ་ངལ་འཕྲད་ཀྱིན་ཡོད་ནའང་། སྒྲིག་འཛུགས་དང་སྡེ་ཚན་གཞན་ཞིག་གིས་ བསྐྱར་དུ་མདུན་ལམ་གསར་བ་ཞིག་དང་རེ་བ་གསར་བ་ཞིག ཡང་ན་མཇུག་མཐའི་གོ་སྐབས་ཤིག་སྤྲོད་དགོས་པ་རེད་འདོད་ཅེས་སྤྱིར་བཏང་གི་བསམ་ཚུལ་ཞིག་ཀྱང་གསུངས།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 23

  1. ཐོས་པ་དགའ། says:
    ལོ་ 16 སྔོན།

    སེར་སྨད་བློ་དགའ་ལགས་བཀའ་དྲིན་ཆེ། ཁྱེད་ཉིད་ཀྱི་རང་དོན་བློས་གཏང་གཞན་དོན་ཁོ་ན་ལ་དམིག་ཏེ་སློབ་ཕྲུག་རྣམས་མགོན་སྐྱབས་ཐུབ་པ་ནི་ཁྱེད་ཉིད་ཀྱིས་འཇོན་ཐང་རེད་ལ་བྱས་རྗེས་ཀྱང་རེད།
    བོད་ཕྲུག་འདི་དག་ནི་ང་ཚོའི་བོད་མི་རིགས་ཀྱི་མ་འོང་སོན་རྩ་ཡིན་པའི་ཕྲུལ་གུ་གཅིག་ཡིན་ནའང་སློབ་སྦྱོང་རེ་སྤྲོད་ཐབས་བྱེད་རྒྱུ་ནི་༸གོང་ས་མཆོག་གི་བཀའ་དང་ང་ཚོའི་འོས་མགན་ཀྱང་ཡིན།
    དེ་རིང་ངེས་དྲ་ལམ་འདི་རྒྱུད་ནས་དྲ་གྲོགས་ཡོངས་ལ་ཞུ་རྒྱུ་ཞིག་ཡོད་པ་ནི་སེར་སྨད་བློ་དགའ་ལྟ་བུའི་མི་མང་བདེ་སྡུག་ལ་ཁ་རྩམ་མིན་པར་དངོས་ཡོད་ལག་ལེན་བྱེད་ཐུབ་འདི་འདྲའི་བུ་་རེ་ཡོད་ན་ནི་མ་འོང་བར་སྤྱི་མཐུས་ནང་ངེས་པར་འདེམས་དགོས་པ་གལ་ཆེ་བར་མཐོང་།

    Reply
  2. གྱི་ན་བ says:
    ལོ་ 16 སྔོན།

    བློ་དགའ་ལགས་ཁྱེད་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཚད་དུས་བབ་ཚང་ལ་དམིགས་གསལ་ཐུགས་རྗེ་ཞུ། ཁྱེད་རྣམས་པའི་ཐུགས་བསྐྱེད་ལས་ཕྲུ་གུ་དེ་དག་གི་མི་ཚེ་ལ་རྐྱེན་ངན་བར་ཆད་ཐམས་ཅད་སེལ་ནས་བྱ་བ་ལམ་འགྲོ་ཡོང་བའི་སྨིན་ལམ་ཞུ།

    Reply
  3. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    ལྷག་བསམ་ལྡན་པའི་བློ་དགའ་ལགས་ལྟ་བུའི་མི་དེ་འདྲ་ཐེངས་དེའི་བོད་མི་དམངས་སྤྱི་མཐུས་ཀྱི་མཐུས་མིར་འདེམས་ཐོན་བྱུང་ན་གཏན་གཏན་དགེ་མཚན་ཆེན་པོ་ཡོད་རེད་སྙམ།

    Reply
  4. བློ་བཟང་། says:
    ལོ་ 16 སྔོན།

    དངོས་གནས་བློ་དགའ་ལགས་བོད་ཀྱི་དཔའ་བོ་རེད་འདུག སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བོད་ཀྱི་ཕྲུ་གུ་དེ་དག་གི་མི་ཚེ་འདུན་ལམ་ལ་ཕན་པའི་ཕྱག་རྗེས་བཞག་འདུག བོད་མི་རྣམས་ཀྱིས་ཁོང་གི་ལྷག་བསམ་ལ་ཡར་དཔེ་བལྟ་དགོས།

    Reply
  5. གཡང་ལགས། says:
    ལོ་ 16 སྔོན།

    སློབ་མ་རྣམས་བསྐྱར་དུ་སློབ་ཞུགས་ཐུབ་པར་དགའ་བ་སྐྱེ་བ་དང་དེ་ལྟར་ལམ་དུ་ལྷོང་ཕྱིར་སྐུ་ལས་གང་མང་བསྐྱོན་མཁན་བློ་དགའ་ལགས་སོགས་དེ་བཞིན་ཐུགས་བག་ཡངས་པོས་སློབ་མ་དག་ལ་གོ་སྐབས་གསར་དུ་ཐོབ་པར་གང་ཕྱོགས་ནས་མཐུན་རྐྱེན་སྦྱར་མཁན་ཀུན་ལ་ཐུགས་རྗེ་ཆེ་དང་སྐུ་ཐང་མཉེས་སོང་ཞུ་རྒྱུ་ཡིན། མིའི་མི་ཚེའི་ཆུ་ཡི་མཉེར་མ་བཞིན་ཡིན་ལ། མི་ཚང་མ་ལམ་ལ་ཞུགས་པ་དང་ཐོག་མ་ཡིན་པས། དེ་དང་ཕ་གིའི་སྐྱོན་དང་ནོར་འཁྲུལ་སྣ་ཚོགས་ལྷག་སྲིད་པ་དང་། སྐབས་རེ་འགྱོད་པའི་གླིང་དུ་བསྐྱལ་བའི་བགེགས་དང་སྐྱོན་ཆག་ཡང་འཕྲད་སྲིད་པ་རེད། ད་རེས་ཀྱི་གནས་ཚུལ་དེས་ང་ཚོས་ལུས་པོ་ལོན་ཡང་སེམས་པ་མ་ལོངས་པའི་ཕྲུ་གུ་དག་ལ་སློབ་གསོ་ཇི་ལྟར་བྱེད་དགོས་པའི་ཐད་བསམ་མནོ་ཟབ་མོ་གཏོང་དགོས་པར་སྐུལ་བ་དང་། དེ་ལས་ཕྱིན་ཆད་སློབ་མ་དག་ལ་སློབ་སྦྱོང་ཡོན་ཏན་བསླབས་པ་མ་ཚད། མི་ཚེ་འགྲིམས་ལུགས་དང་ཀུན་སྤྱོད་ཚུལ་ལྡན་གྱི་སློབ་གསོ་ཡང་ཁ་གསབ་བྱ་དགོས་གལ་ཆེ་བར་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་ར་འཕྲོད་བྱུང་འདུག དགེ་རྒན་དང་ཕ་མ་དེ་བཞིན་འཚོ་སྐྱོང་གནང་མཁན་ཚང་མས་སློབ་མ་དང་ཕྲུ་གུའི་སེམས་ཁམས་འཇིག་རྟེན་ལུགས་བཞིན་སྐྱོང་བར་འབད་པ་གནང་དགོས་པ་དང་། དེའི་ཐད་ལ་བསླབ་བྱ་དང་དཔེ་སྦྱར་དྲན་སྐུལ། ལེགས་ཉེས་ལམ་སྟོན་སོགས་ལ་ཐུགས་སྣང་ཆེན་པོ་བྱ་དགོས་པར་འཚལ།

    Reply
  6. འཇམ་གྲགས says:
    ལོ་ 16 སྔོན།

    བློ་དགའ་ལགས་ཐུགས་རྗེ་ཆེ།

    Reply
  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    དུས་བབ་ཚང་དང་སེར་སྨད་བློ་དགའ་དྲ་གྲོགས་ཚོའི་ཚིག་ཕན་བྲིས་པ་ཚང་མ་ལ་ཐུགས་རྗེ་ཞུ་རྒྱུ་དང་གྲུབ་འབྲས་ཡག་པོ་བྱུང་འདུག་་ཞུ་རྒྱུ་ཡིན།

    ཐུགས་རྗེ་ཆེ།

    Reply
  8. ཁར་ལྷུན says:
    ལོ་ 16 སྔོན།

    སེར་སྨད་བློ་དགའ་ལགས་ཐུགས་རྗེ་ཆེ་བསམས་ཕོད་པ་དང་བྱེད་ཕོད་པ་དེ་ཕོ་རྟགས་རེད་འགྲིགས་ཞག་བཀྲིས་བདེ་ལེགས་་་་་་་་་་་་་་་་་་

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    སློབ་ཕྲུག་དེ་དག་འདས་ལོག་ཤིག་བྱས་ཚར་བ་རེད་། ད་ནི་ཡོད་ཚད་ནས་ཡོད་ཚད་དམུགས་ཡུལ་གཅིག་དང་རེ་བ་བརྒྱ་ཕྲག། ལྷག་དོན་དུ་དུས་བབ་ཚང་དང་གྲྭ་བློ་དགའ་སོགས་ཀྱི་རེ་བ་དང་འབད་འབྲས་སོགས་ཆུ་ཟོས་སུ་མི་གཏོང་བར་ལམ་བུ་དེའི་སྣེ་ཟུར་ནས་ཡངས་རྩེར་སོན་ཐུབ་པ་ཞིག་ངེས་པར་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེད་དུ་བསམ་དེ་། ངུར་ཆུ་ཟད་ནས་ཁྲག་ལ་ཐུག་ཅིང་ཤི་མྱལ་པ་ལ་སྐྲགས་མི་དགོས་པ་ཞིག་བྱེད་རོགས་ཞུ་རྒྱུ་ཡིན།་ཕྲུ་གུ་ཚོོོ།
    ལྷག་དོན་དུ་སེར་སྨད་བློ་དགའ་ལ་ཐུགས་རྗེ་ཆེ་ཞུ

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གཏམ་བཟང་རེད་དངོས་གནས་དགའ་ཚོར་ཆེན་པོ་བྱུང་། འབྲེལ་ཡོད་ཚང་མར་འཚམས་འདྲི་ཡོད།

    Reply
  11. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་མི་རྒྱུ་གཉིས་ཐད་ནས་འབད་འབུངས་བྱས་པར་རྗེས་སུ་ཡི་རངས་ཡོད། ང་དང་དྲ་གྲོགས་མི་མང་པོས་བོད་ཕྲུག་འདི་ཚོའི་མ་འོངས་པའི་མི་ཚེའི་མདུན་ལམ་དང༌། གཞིས་བྱེས་བར་གྱི་མཐུན་སྒྲིག་སོགས་གང་ས་ཅི་ཐད་ནས་བསམ་ཚུལ་དང་ཞུ་འབོད་གང་ཡོང་བྱས་ཡོད་མོད། སྐུ་ཉིད་ལྟར་དངོས་སུ་ལག་པ་འཆང་སྟེ་གྲུབ་འབྲས་འདི་འདྲ་འཇོག་ཐུབ་མེད་པར་བརྟེན། ད་ཆ་ང་དང་ང་འདྲའི་དྲ་གྲོགས་ཁ་བཤད་ལག་སྟོང་ཅན་རྣམས་ངོ་ཚ་ཞིང༌། ཁ་སྐྱེངས་ནས་བསྡད་རྒྱུ་རང་རེད་འདུག ད་ནས་ཁྱེད་ལ་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་ལས་མ་མཆིས། ད་དུང་མུ་མཐུད་ནས་མདུན་བསྐྱོད་གནང་རོགས།

    Reply
  12. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་མི་རྒྱུ་གཉིས་ཐད་ནས་འབད་འབུངས་བྱས་པར་རྗེས་སུ་ཡི་རངས་ཡོད། ང་དང་དྲ་གྲོགས་མི་མང་པོས་བོད་ཕྲུག་འདི་ཚོའི་མ་འོངས་པའི་མི་ཚེའི་མདུན་ལམ་དང༌། གཞིས་བྱེས་བར་གྱི་མཐུན་སྒྲིག་སོགས་གང་ས་ཅི་ཐད་ནས་བསམ་ཚུལ་དང་ཞུ་འབོད་གང་ཡོང་བྱས་ཡོད་མོད། སྐུ་ཉིད་ལྟར་དངོས་སུ་ལག་པ་འཆང་སྟེ་གྲུབ་འབྲས་འདི་འདྲ་འཇོག་ཐུབ་མེད་པར་བརྟེན། ད་ཆ་ང་དང་ང་འདྲའི་དྲ་གྲོགས་ཁ་བཤད་ལག་སྟོང་ཅན་རྣམས་ངོ་ཚ་ཞིང༌། ཁ་སྐྱེངས་ནས་བསྡད་རྒྱུ་རང་རེད་འདུག ད་ནས་ཁྱེད་ལ་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་ལས་མ་མཆིས། ད་དུང་མུ་མཐུད་ནས་མདུན་བསྐྱོད་གནང་རོགས།

    Reply
  13. རྨེ་རུ། says:
    ལོ་ 16 སྔོན།

    དཀོན་མཆོག་གི་མཁྱེན་མི་རྙིང་པ་ལ་སེམས་གསར་པ་ཞིག་རྙེད་པ་ཤོག
    དཀོན་མཆོག་གི་མཁྱེན་སྔར་བྱས་རྒྱབ་ཏུ་བྱེད་པ་ཤོག

    Reply
  14. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མ་སུ་རིའི་སློབ་ཕྲུག་རྩ་རྒྱས་ར་འདི་ཚོ་བོད་ལ་ཕྱིར་ལོག་བྱེད་དགོས་མ་བྱུང་བ་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ནི་གཙོ་དུས་བབ་ཚང་གི་དཀའ་དྲིན་དང་སེར་སྨད་བློ་དགས་ལག་ལེན་བསྟར་ཐུབ་པས་རྒྱུ་རྐྱེན་གྱི་བྱུང་བ་རེད་སྙམ།

    དུས་བབ་ཚང་དང་སེར་སྨད་བློ་དགའ་དྲ་གྲོགས་ཚོའི་ཚིག་ཕན་བྲིས་པ་ཚང་མ་ལ་ཐུགས་རྗེ་ཞུ་རྒྱུ་དང་གྲུབ་འབྲས་ཡག་པོ་བྱུང་འདུག་་ཞུ་རྒྱུ་ཡིན།

    ཐུགས་རྗེ་ཆེ།

    Reply
  15. གཞི་དྲང་པོ་ says:
    ལོ་ 16 སྔོན།

    གཞན་ཕན་དོན་གཉེར་བྱང་ཆུབ་ཀྱི་སེམས་ལ་མངོན་སུ་འཇུག་པར་དགའ་མོས་བྱུང་ལ་ ཁ་ཡོད་ལག་ཡོད་ཀྱི་བྱ་བ་བརྩམས་པར་ལས་སླ་པོ་རྩ་བ་ཉིད་ནས་མེད་། དམིགས་བསལ་ཐུགས་རྗེ་ཆེ་ཞུས་གིན་ཡོད་། ང་ཚོའི་སྤྱི་ཚོགས་ནང་ཁ་ནས་ཤོད་མཁན་ཧ་ཅང་མང་བས་ ལག་ལེན་བལྟར་མཁན་ཉུང་དྲགས་ཡོད་། སློབ་ཕྲུག་དགུ་ནས་རྐྱེན་ངན་གྲོགས་ཤར་ལ་རྩིས་ཏེ་སྦྱོང་བརྩོན་ཧུར་ཐག་གནང་རོགས་གནང་།

    Reply
  16. kalsang says:
    ལོ་ 16 སྔོན།

    ༄༅།་།བློ་དགའ་ལགས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བ་བསྒྲགས།
    སློབ་ཕྲུག་རྣམས་ནས་གྲ་བློ་དགས་གཙོས་པའི་མི་དམངས་རྣམས་དང་ཕ་མའི་རེ་བ་ཆུ་སོས་སུ་མ་གཏང་བར་སློབ་སྦྱོང་ལ་འབད་བརྩོན་གནང་བའི་རེ་བ་ཆེ།

    Reply
  17. ་འབྲི་མཚོ says:
    ལོ་ 16 སྔོན།

    བློ་དགའ་ལགས་ཀྱི་ཁྲབ་སྟོན་དེ་ལམ་འགྲོ་ཀྱི་ཡོད་དམ

    Reply
  18. བྲག་ཚེ་དབང་། says:
    ལོ་ 16 སྔོན།

    བ྄ློ་དགའ་ལགས་དམིགས་ཡུལ་འགྲུབ་པ་ལ་བཀྲ་ཤིས་བདེ་ཞུ།
    ཁྱེད་ཀྱིས་ཧུར་བར྄ྩོན་བྱེད་པ་ལ་ཡི་རང་ཡོད།
    གང་ལ྄ྟར་ཐུགས་ཆེ། འགྲིག་ཞག

    Reply
  19. སྟོང་བསྐོར་ ཐུབ་བསྟན says:
    ལོ་ 16 སྔོན།

    སེར་སྨད་བློ་དགའ་ལགས་ཕྱག་ལས་ཡག་པོ་གནང་འདུགཐུགས་རྗེ་ཆེ་་།

    Reply
  20. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    སེར་སྨད་བློ་དགས་བོད་ཕྲུག་དགུས་མདུན་ལམ་སྲུང་ཐུབ་འདུག ཁ་དྲོ། བཀྲ་ཤིས།

    Reply
  21. འབྲི་འབྲོང་། says:
    ལོ་ 16 སྔོན།

    བོད་མི་རིགས་ལ་བརྩེ་སེམས་དང་ལ་རྒྱ་ལྡན་པའི་གྲྭ་བློ་དགའ་ལགས་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  22. བྱམས་རྒྱལ། says:
    ལོ་ 16 སྔོན།

    བློ་དགའ་ལགས་ཐུགས་རྗེ་ཆེ་
    ཁྱེད་ཀྱིས་ལྷག་བསམ་གྱི་དཀའ་ལས་བརྒྱབས་པའི་འབྲས་བུ་སྨིན་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད་།

    Reply
  23. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    སློབ་གྲྭ་གཅིག་ནས་ཕྱིར་འབུད་བྱས་པ་ནི་སྒྲིག་པ་ཙམ་མ་ཟད། སློབ་གྲྭ་གཞན་ཞིག་ཏུ་གོ་སྐབས་གསར་པ་སྤྲད་པ་ནི་ཚད་མཐོའི་རླབས་ཆེན་གྱི་མཛད་རྗེས་ཤིག་རེད་སྙམ། སྙིང་ཐག་པ་ཁོང་ཚོའི་ནང་མི་གཉེན་ཉེའི་སྤུན་མཆེད་རྣམས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese