མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་དགོངས་དོན་ལ་སློབ་སྦྱོང་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

ས་རྭ་མཐོ་སློབ་ཏུ་རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་ངྷ་ས་ཉེ་ཁོར་གྱི་རིག་ལམ་སློབ་གཉེར་ཁང་ཁག་གི་སྐུ་ཚབ་བཅས་ཀྱིས་ ༼ ༧གོང་ས་མཆོག་གི་དགོངས་དོན་ལ་སློབ་སྦྱོང་བྱེད ༽ ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད།

ས་རཱ་ས་གནས་གཞོན་ནུས་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ནས་ ༣༠ བར་གྱི་ཉིན་བཞིའི་རིང་། ས་རྭ་མཐོ་སློབ་ཏུ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་བཞི་པ་དེ་ཚོགས་ཡོད་པ་དང་། ཚོགས་འདུ་དབུ་འཛུགས་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་གཏམ་བཤད་གནང་ཡོད། ཐེངས་འདིར་ལྡི་ལི་མཐོ་སློབ་དང་ཅན་ངྷི་སྒར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཁག་དག་གི་མཐོ་སློབ་ཁག འབྲི་གུང་བཀའ་བརྒྱུད་མཐོ་སློབ་དང་རྫོང་གསར་བཤད་གྲྭ དེ་བཞིན་ངྷ་ས་ཉེ་ཁོར་གྱི་སློབ་གཉེར་ཁང་ཁག་གི་སྐུ་ཚབ་བཅས་ས་གནས་ ༡༡ ཙམ་གྱི་སྐུ་ཚབ་ ༣༠ ལྷག་མཉམ་ཞུགས་གནང་ཡོད་འདུག  

 བགྲོ་གླེང་དངོས་གཞིའི་སྐབས། སཾབྷོ་ཌའི་སྤྱི་ཁྱབ་འགན་འཛིན་རྒན་ཀརྨ་ཆུང་བདག་ལགས་ཀྱིས། མིའི་རིགས་ཀྱི་སློབ་སྦྱོང་དང་༧གོང་ས་མཆོག་གི་དགོངས་དོན། ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས། ༧གོང་ས་མཆོག་དང་བོད་མིའི་སྤྱི་ཚོགས་ཀྱི་བར་ཐག ས་རཱ་མཐོ་སློབ་ཀྱི་སྐུ་ཚབ་དག་གིས། བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་རིན་ཐང་དང་དེང་རབས་ཤེས་ཡོན་གྱི་དགོས་མཁོའི་ཐད་ཀྱི་དགོངས་དོན་དང་ཆོས་ཕྱོགས་ཀྱི་དགོངས་དོན། བུད་མེད་ཀྱི་འགན་འཁུར་དང་འབྲེལ་བའི་དགོངས་དོན། སྨན་རྩིས་ཁང་མཐོ་སློབ་ཀྱི་སྐུ་ཚབ་ཚོས། བོད་ཀྱི་གསོ་བ་རིག་པའི་ཐད་ཀྱི་དགོངས་དོན། རྫོང་སར་བཤད་གྲྭའི་སྐུ་ཚབ་ཚོས། བཤད་གྲྭ་དང་སྒྲུབ་གྲྭ་ཁག་གི་ཐད་ཀྱི་ལམ་སྟོན་ཐད་ཀྱི་དགོངས་དོན། བྷེང་ལོར་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས། བོད་ཀྱི་སློབ་གྲྭའི་ཤེས་ཡོན་སློབ་གསོའི་སྐོར་གྱི་ལམ་སྟོན་དགོངས་དོན། ཅིན་ནཡེ་མཐོ་སློབ་ཀྱི་སྐུ་ཚབ་ཚོས། ཁོར་ཡུག་སྐོར་གྱི་དགོངས་དོན་སོགས་ཀྱི་ཐད་གཏམ་བཤད་བགྲོ་གླེང་གནང་ཡོད།

 

ས་རྭ་ས་གནས་གཞོན་ནུ་གོ་སྒྲིག་གནང་བཞིན་པའི་བགྲོ་གླེང་གི་ལས་རིམ་འདི་ནི་རྒྱ་གར་ནང་ཁ་འཐོར་དུ་གནས་པའི་མཐོ་རིམ་སློབ་མ་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་དང་རིག་གནས་འགྲོ་འོང་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་ཡིན་ཞིང་། ཐེངས་འདིར་དམིགས་བསལ་གྱི་༸གོང་ས་མཆོག་གི་དགོངས་དོན་སློབ་སྦྱོང་བྱེད་པ་ཞེས་པའི་བརྗོད་གཞི་གདམ་གསེས་ཀྱིས་མཐོ་སློབ་ཙམ་མིན་པར་ངྷ་སའི་ཉེ་འགྲམ་གྱི་དགོན་སྡེ་ཁག་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སྐུ་ཚབ་བཅས་གདན་ཞུའི་ཐོག་བགྲོ་གླེང་ལྷུག་པོར་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༠ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. ཨ་འདུས་མིག་ཆུ། says:
    ལོ་ 16 སྔོན།

    ཐེངས་འདིར་ང་རང་ཉིད་མཉམ་ཞུགས་བྱས་པ་ཡིན་ལ། ཉིན་མ་དེ་དག་གི་རིང་ལ་རང་ཉིད་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་དག་ཇི་ལྟར་སློབ་སྦྱོང་བྱེད་དགོས་པ་ཤེས་སོང་། ལྷག་པར་ཐོག་མའི་དམིགས་ཡུལ་ལྟར་མཐོ་སློབ་ཁག་གི་སློབ་ཕྲུག་མི་ཉུང་བ་ཞིག་ངོ་ཤེས་བྱུང་བས་ཧ་ཅང་དགའ་ཡོད།།

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    བགྲོ་གླེང་ཇི་ལྟར་གནང་བ་ལྟར་ལག་ལེན་དེ་ལྟར་བསྒྲུབ་ཐུབ་ན་ཅི་མ་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese