མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་པ་ཚོས་འདི་ལྟར་གནང་ཐུབ་བམ། རྨོག་རུ་བསྟན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཤེས་ཡོན་པ་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དང་། སྤྱི་ཚོགས་ཀྱི་ལམ་སྟོན་ལྟ་བུ་རེད། དེའི་ཕྱིར་སྤྱི་ཚོགས་གང་ཞིག་ལ་དཀའ་ངལ་དང་། ཉེན་ཁའི་འགག་རྩ་ཞིག་སླེབས་སྐབས་ཤེས་ཡོན་པས་འགན་འཁུར་དང་གདོང་ལེན་བྱེད་དགོས་ལ། ཤེས་ཡོན་པས་བསམ་བློ་དང་སྙུག་ཁ་སྤྱད་དེ་ལམ་སྟོན་ཀྱང་གནང་དགོས།

དེའི་ཕྱིར་བོད་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་བ་དང་། བོད་མི་མང་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་ནི་ད་ལྟའི་སྤྱི་ཚོགས་ཀྱི་གླེང་སློང་གཙོ་བོ་རེད་ལ། དུས་ཚོད་ལ་དཔོག་པའི་གནད་འགག་ཀྱང་རེད། གནད་འགག་འདིར་ཤེས་ཡོན་པ་ཚོས་བགྲོ་གླེང་དང་གོ་བསྡུར། གསར་འགོད་བརྒྱུད་ལམ། དུས་དེབ་ཁག་ཏུ་དགོངས་འཆར་སྤེལ་རེས་མང་ཙམ་མཐོང་བ་འདུག་ཀྱང་། དེ་ཙམ་གྱིས་མི་མང་ལ་གོ་རྟོགས་ངེས་ཅན་ཞིག་སྤྲོད་རྒྱུ་དཀའ་ལས་ཁག་ཙམ་མཐོང་གིན་འདུག

ངེད་ཀྱིས་བསམ་ན་ཤེས་ཡོན་པ་ཚོས་འགན་མཉམ་ལེན་གྱིས་བོད་མི་མང་སྤྱི་འཐུས་ཚོའི་འདས་ཟིན་པའི་སྤྱི་འཐུས་སྐབས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་ཞིག་བྱེད་དགོས་ཀྱིན་འདུག སྤྱི་འཐུས་ཚང་མ་ཤེས་ཡོན་དང་། ཉམས་མྱོང་། འབྱོན་ཐང་སོགས་འདྲ་མཉམ་མིན་པར་བརྟེན་འགན་འཁུར་བཞེས་ཕྱོགས་དང་། ཕྱག་ལས་ཆེ་ཆུང་གི་གོ་རིམ་མང་པོ་ཡོད་སྲིད་ཀྱང་། སྤྱི་འཐུས་ཀྱི་ནང་དུ་མི་མང་གི་བདེ་སྡུག་དང་། སྤྱི་ཚོགས་ཀྱི་བདེ་དོན། བཙན་བྱོལ་བོད་མིའི་སྒྲིག་འཛུགས། བོད་ཀྱི་ཆོས་དང་རིག་གཞུང་། དགོན་སྡེ་དང་སློབ་གྲྭའི་སློབ་གསོའི་གནས་བབ། སྐྱབས་བཅོལ་བོད་མིའི་ཆབ་སྲིད་སོགས་ལ་འགན་ལེན་གྱི་ཟུར་ཙམ་ཡང་མ་གནང་བ་མ་ཟད། ཐ་ན་ཟླ་དྲུག་མཚམས་ཀྱི་ཚོགས་འདུའི་ཆ་ཤས་ལེན་རྒྱུར་ཡང་འགན་འཁུར་མི་གནང་བའི་རིགས་ཤིག་ཡོད་ཤས་ཆེ།

སྤྱི་འཐུས་སྐབས་བཅོ་ལྔ་བ་གསར་པ་རྐྱང་རྐྱང་སླེབས་དགོས་པར་འདོད་ཚུལ་ཅན་དང་། གསར་རྙིང་འདྲ་མཉམ། ཡང་ན་རྙིང་པ་མང་ཤོས་སུ་སླེབས་དགོས་པའི་འདོད་ཚུལ་འཛིན་མཁན་རིགས་ཁག་ཅིག་འདུག དེའི་ཕྱིར། སྤྱི་འཐུས་ཚོས་ལོ་རྒྱུས་ལ་ཞིབ་འཇུག་དང་། ཞིབ་འཇུག་གི་གྲུབ་དོན་དེ་ཡོངས་ཁྱབ་རང་བཞིན་གྱི་འགྲེམས་སྤེལ་བྱེད་ཐུབ་ན་གསར་རྙིང་གང་ཞིག་དགོས་མིན་གྱི་རྩོད་པའི་འགལ་འདུ་དེ་གྲོལ་ཐུབ་ངེས་རེད།

རྒྱུ་མཚན་ནི་སྤྱི་འཐུས་ཤིག་གིས་ལྷག་བསམ་དང་འགན་འཁུར་དེ་མི་མང་དང་། གཞུང་གི་ཆེད་དུ་ཕུལ་ཡོད་པ་དང་། མ་མཐར་ཡང་བོད་མི་མང་སྤྱི་འཐུས་སུ་བསྡད་པའི་དོན་གོ་ཆོད་ཡོད་པ་ཞིག་ཡིན་ན་མི་དེ་བསྐྱར་ཏུ་སྤྱི་འཐུས་སུ་འདེམས་པའི་འོས་ཆོས་ཚང་བ་རེད། སྤྱི་འཐུས་ལས་ཐོག་རིང་ལ་གང་ཡང་བྱས་མེད་མཁན་ཞིག་ཡིན་ན་མི་དེ་བསྐྱར་ཏུ་སྤྱི་འཐུས་སུ་བླུགས་དགོས་མིན་ལ་རྩོད་པ་མེད་པར་དུས་མཚམས་འདི་ནས་མི་མང་གིས་དགོངས་པ་སྤྲད་རྒྱུའི་འོས་སུ་བབ་པ་རེད།

འདི་ལྟར་ཤེས་ཡོན་པས་འགན་ལེན་གྱིས་ཞིབ་འཇུག་ལམ་སྲོལ་ཞིག་ཆགས་པ་ཡིན་ན་སྤྱི་འཐུས་ཀྱི་རྐུབ་སྟེགས་བློས་མི་ཐོངས་མཁན་ཚོས་ཁ་སྟོང་པ་བཤད་ནས་བསྡད་ས་མེད་པས་ཁོ་ཚོས་ཀྱང་འགུལ་བསྐྱོད་མ་བྱས་རང་བྱས་རེད། དེ་མིན་སྐབས་གཅིག་ལ་སྤྱི་འཐུས་རྐུབ་སྟེགས་རླུང་རྟ་རྒྱུག་ཀྱང་། སྐབས་རྗེས་མར་ཤེས་ཡོན་པའི་ཞིབ་འཇུག་གི་ལམ་སྣེ་ནས་ཐར་ལམ་མེད་པ་རེད།

བསམ་ཚུལ་འདི་ནི་ངེད་ཀྱི་རྨོངས་འཆར་ཡིན་པ་ལས། སྤྱི་འཐུས་ལས་ཐོག་རེ་ཟུང་ལ་ཁ་གཏད་པའི་དམིགས་ཡུལ་གང་ཡང་མེད། དེ་མིན་སྤྱི་འཐུས་སུ་གསར་ཏུ་ཕེབས་མཁན་ཚོ་ཡང་སྤྱི་འཐུས་སུ་གཞེངས་བཅུག་ན་སྤྱི་བ་ལ་ཕན་པའི་ལས་གཞི་གང་འདྲ་འདུག ཁོ་བོ་རང་ཉིད་ཀྱི་སྟེང་དུ་སྤྱི་འཐུས་སུ་འོས་ཆོས་ཀྱི་ཆ་རྐྱེན་ག་རེ་འདུག འདི་ལྟར་སྤྱིའི་ཁེ་ཕན་གཅིག་དང་། དོ་བདག་གི་འོས་ཆོས་གཅིག་དམིགས་བྱར་ཡོད་པའི་ཐོག་ནས་ཤེས་ཡོན་པ་ཚོས་སྤྱི་ཚོགས་ལ་ངོ་སྤྲོད་རྒྱུས་ཡོད་བྱེད་ཐུབ་ན་ཡག་པོ་འདུག་བསམ་གྱིན་འདུག དོན་ཕན་གྱི་དགོངས་འཆར་ཡོང་བའི་རེ་བ་བཅས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

མཆན། 12

  1. ས྄ྐར་མདའ says:
    ལོ་ 15 སྔོན།

    ཚེ་སྲོག་གི་གཉེན་ཁ།
    ཕ་སྤྲེའུ་བྱང་ཆུབ་སེམས་པའི་རྒྱུད་པ་ཞིག་ཡིན་ཕྱིན།ཕན་སེམས་ཀྱི་བསམ་བ་རྒྱ་ཆེན་པོ་ཞིག་ཡོད་པ་གསལ་བོ་རེད། དེའི་ནང་ནས་ཀྱང་ལྟ་བ་དཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་ཅིག་ཡིན་ན་རང་ལས་གཞན་གཅེས་ཀྱི་བསམ་བློའི་མིང་གཞི་བརྟན་པོར་ཡོད་པ་དེ་ལ།
    ཐམས་ཅད་ཡིད་ཆེས་ཀྱིས་ཁེངས་པ་སྨོས་ཅི་དགོས།
    དེ་ཡིན་ན་ངས་བཤད་བྱ་གཙོ་བོ་དེ་ནི།བལ་ཡུལ་གྱི་སྤོག་རའི་བཀྲིས་འཕེལ་རྒྱས་གླིང་གི་གཞི་ཆགས་ཀྱི་བོད་རིགས་ལོ་གཞོན་བུ་མེད་<སྲི་ཆོས་སྒྲོལ་མ>་ལ་ལོ་ན་བརྒྱད་ལ་
    སོན་པའི་བུ་མོ་<ཉི་མ་དབང་མོ>་ཟེར་བ་ཞིག་ཡོད་པས་དེ་ལ་ཆེས་གཉེན་ཁ་ཅན་གྱི་
    ཁྲག་གི་ནད་ཚ་Bloodcancerཕོགས་ཡོད་སྟབས་བལ་ཡུལ་སྨན་ཁང་གི་བརྟག་དཔྱད་ཀྱི་གྲུབ་འབྲས་ལ་གཞིགས་ན་ལོ་གཉིས་ཀྱི་རིང་ལ་སྨན་ཁང་ནས་སྨན་བཅོས་བྱས་ཏེ་
    འདུག་དགོས་པའི་གྲུབ་འབྲས་འཐོན་འདུག་པས།ལོ་གཉིས་ཀྱི་རིང་ལ་འགྲོ་སོང་བལ་སྒོར་འབུམ་ལྔ་ཙམ་གྱི་འགྲོ་གྲོན་དགོས་ཀྱི་ཡོད་པ་ཡིན་དུས།མོའི་མི་ཚང་གི་ཆ་རྐྱེན་ནི་ཧ་ཅང་གི་སྐྱོ་པོ་ཡིན་པས་འབུམ་ལྔ་མ་དགོས་ཁྲི་གཅིག་ཀྱང་འགྲོ་སོང་གཏོང་རྒྱུ་མེད་ཙང་ད་སྐབས་ཧ་ལས་པའི་དཀའ་ངལ་གྱི་གནས་སུ་འཁྱར་ཡོད།ད་ལྟ་མོའི་བུ་མོའི་སྲོག་གི་གཉེན་ཁ་ལ་ཐུག་ཡོད་པ་ཡིན་དུས།གློ་བུར་དུ་འགྲོ་སོང་ཕོན་ཆེན་པོ་དེ་འདྲ་ཞིག་
    གཏོང་ཐུབ་ཀྱི་མེད་ནའང་ལོ་ན་ཕྲ་པའི་བུ་མོ་དེའི་ཚེ་སྲོག་རྟ་རྔ་འདྲ་བོ་དེ་སྐྱོབ་ཕྱིར་
    བལ་ཡུལ་གྲོགས་པོ་ཚོགས་པའི་ཚོགས་གཙོ་དེ་་་་བཀྲིས་ཚེརིང་་་་གིས་གནས་སྐབས་ཀྱི་འགྲོ་སོང་ཐད་ལ་ཐུགས་འཁུར་རྒྱ་ཆེན་བཞེས་ཏེ་ཚོགས་པ་དང་སྒེར་སོགས་སུ་ཞལ་འདེབས་སློང་བར་ཕྱིན་ནའང་དེ་འདྲ་བའི་ཕོན་ཆེན་པོ་ཞིག་རག་པ་ཤིན་ཏུ་ཁག་པོ་ཡོད་ཙང་།བོད་རིགས་ཀྱི་ཁྲོད་ན་ཆ་རྐྱེན་ཧ་ཅང་གི་ཡག་པོ་ཡོད་དཔེ་མང་པོ་ཡོད། དེ་དག་གི་ཁྲོད་ན་བལ་སྒོར་འབུམ་ལྔ་ཙམ་གཏོང་ཐུབ་མཁན་ཡང་མང་པོ་ཡོད་པ་རེད།ཡིན་ནའང་།བྱམས་དང་སྙིང་རྗེ་ཡིས་ཀུན་ནས་བསླངས་དང་མ་བསླང་ལ་རག་ལས་ཡོད་པ་རེད་བསམ་གྱི་འདུག ང་ཚོ་བོད་རིགས་ཚོས་ཁ་ནས་ལྷག་བསམ་དང་སྙིང་རྗེ་ཟེར་བ་གཅིག་བུ་མ་ཡིན་པར་དོན་ལ་གནས་དགོས་པ་ཧ་ཅང་གི་གལ་ཆེན་པོ་མཐོང་གི་འདུག
    ༸གོས་ས་མཆོག་གིས་ཀྱང་ག་དུས་ཡིན་ནའང་གཞན་ཕན་དང་ལྷག་བསམ་ཟེར་བ་དེ་
    དངོས་སུ་ལག་ལེན་ལ་བསྟར་བ་ཡིན་ན།དེ་ནི་བོད་མི་རྣམ་དག་ཟེར་བ་དང་ཆོས་ཟེར་ནའང་དེ་ཡིན་ཞེས་ནན་གཏན་གྱིས་གསུང་ཡོད། དེ་འདྲ་ཡིན་དུས།
    འདི་འདྲ་བའི་གནས་སྟངས་ཚབས་ཆེན་དང་།མི་སྲོག་ལ་ཐུག་པའི་ཛ་དྲག་གི་གནས་
    སྟངས་འདིའི་སྐབས་སུ་གཞན་ཕན་གྱི་བསམ་བློ་འཁོར་མ་ཐུབ་པ་ཡིན་ན།
    གཞན་ཕན་གྱི་བསམ་བློ་དང་ལྷག་
    བསམ་ཟེར་བ་སྟོང་བཤད་ཙམ་རེད།དངོས་སུ་ལག་ལེན་ལ་བསྟར་དགོས་པ་དལ་
    འབྱོར་གྱི་ལུས་རྟེན་འཐོབ་པའི་དགོས་དོན་སྙིང་པོའང་ཡིན།དེ་འདྲ་སོང་ཙང་ད་རེའི་
    བལ་ཡུལ་སྤོག་རིའི་གཞི་ཆགས་ཀྱི་ངོས་ནས་ཞལ་འདེབས་སློང་སྟེ་ཕལ་ཆེར་བལ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་འདུག་ནའང་།དེ་འདྲ་ཞིག་གིས་བོད་རིགས་ན་ཆུང་བུ་མོ་དེའི་ཚེ་སྲོག་སྐྱོབ་ག་ལ་ཐུབ།
    ང་ཚོས་བྱམས་དང་སྙིང་རྗེ་ཁ་ལ་འཁྱེར་ཏེ་སོང་བ་ལས།ད་ལྟ་ཉམ་ཐག་མི་ཚང་འདི་ཡི་བུ་མོ་ཉི་མ་དབང་མོའི་ཚེ་སྲོག་དེ་སྐྱོབ་ཐབས་ལ་ཐབས་བྱས་ཡོད་དགུ་རྩལ་དྲུག་འདོན་རྒྱུའི་རེ་བ་དེ།ལས་དང་རྒྱུ་འབྲས་ལྷད་མེད་རྩི་མཁན་གྱི་བོད་རིགས་སྤྱི་ཡོངས་ཀྱི་མིག་དབང་གསེར་གྱི་པདྨོའི་དྲུང་དུ་སྤྱན་འབུལ་ཞུ་རྒྱུ་ལགས་ན་བོད་རིགས་ཡོད་དོ་ཅོག་གིས་བསམ་ཤེས་ཀྱི་རོགས་དངུལ་མང་ཉུང་ལ་མ་བལྟས་པར་གང་ཐུབ་ཐུབ་གནང་རོགས་ཞུ་རྒྱུ་ཡིན།གལ་སྲིད་བོད་རིགས་ལྷག་བསམ་ཅན་གང་དང་གང་གིས་རོགས་ཕན་ཞུ་འདོད་ཡོད་རིགས་རྣམས་ཀྱི་བལ་ཡུལ་གནས་སྡོད་བོད་གཞུང་སྤྱི་འཐུས་སྒྲོལ་མ་འཚོ་མོ་ལ་འབྲེལ་བ་གནང་པ་ཡིན་ན། ནད་པའི་སྨན་ཡོན་དུ་ཕན་ཐོག་ངེས་སོ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ད་ང་ཚོས་བགྲོ་གླེང་ལྷུག་པོར་བྱས་ཏེ་ད་ལྟའི་ལས་ཐོག་སྤྱི་འཐུས་ཚོའི་ནང་ནས་སུ་ཞིག་གིས་མི་རིགས་རིག་གནས་དང་བཅས་པའི་སྐོར་དང་། ཡང་སྒོས་སུ་དེང་སྐབས་ཀྱི་བོད་དོན་གནས་སྟངས་དང་འབྲེལ་བའི་སྐད་ཆ་བཤད་མྱོང་བ་དང་བཤད་བཞིན་པ། ཡང་སུ་ཞིག་གིས་སྤྱི་འཐུས་ཀྱི་རྐུབ་སྟེགས་དེའི་སྟེང་ནས་ལྷོད་ཤུགས་སེ་སྡོད་པ་ལས། སྐད་ཆ་ཅི་ཡང་མ་བཤད་པ་དང་བཤད་མི་ཤེས་པ། ཡང་ན་རང་གི་འདོད་བློ་གང་ཡིན་པ་དེ་ཡང་བཤད་མི་ནུས་པའི་རིགས་གང་ཡིན་པ་དེ་ཚོ་ཕྱིར་འཐེན་དང་། སྔར་ཡོད་འཐུས་མི་ལས་གང་ཡག་གང་འོས་བསྐྱར་དུ་གདམས་རྒྱུ་དང་། གཞན་དེ་ཚོ་ཕྱིར་འཐེན་གྱིས་གསར་པ་གསར་འདེམས་བྱ་དགོས་ངེས་སུ་མཐོང་།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    སྤྱི་འཐུས་རེ་ཟུང་ཞིག་གིས་བཀའ་མོལ་གནང་ཕྱོགས་ཀྱིས་འདོད་པ་ཁེངས་ཀྱིན་མི་འདུག ཁོ་ཚོས་བཤད་ན་སྤྱི་འཐུས་རྒྱུན་ལས་མ་ཡིན་པའི་སྤྱི་འཐུས་ཚོ་ཟླ་དྲུག་མཚམས་ཀྱི་ཚོགས་འདུ་ལས་ལས་ཀ་མེད་པར་བཤད་ཀྱིན་པ་གོ་སོང་། ངས་བལྟས་ན་དེ་རྩ་བ་ཉིད་ནས་མ་རེད་བསམ་བཞིན་ཡོད། མི་མང་གིས་རེ་བ་དང་ཡིད་ཆེས་ཆེན་པོས་མི་མང་གི་ལས་དོན་བསྒྲུབ་སླད་ལྡིངས་ཆར་བསྐྱལ་བ་རེད། རང་ཉིད་ནས་ལས་ཀའི་དུས་ཚོད་ཞིག་ལ་ངང་སྒུག་བྱེད་པ་ལས་འགན་རང་ངོས་ནས་འགན་ལེན་དང་། དྭང་ལེན་གྱི་བསམ་བློ་མེད་པ་དེ་འགྲིག་གིན་མི་འདུག་སྙམ་པ་དེ་ཚོར་བ་ཆེ་ཤོས་ཡིན། རྒྱལ་ཁབ་ཡོད་མཁན་དང་། རང་ས་རང་བདག་ཡོད་མཁན་ཞིག་ཡིན་ན་གནས་ཚུལ་ཁག་ཁག་རེད། འུ་ཚོར་གང་ཡང་མེད་པའི་དུས་ཚོད་འདི་ནི་རྩོད་ལེན་གྱི་དུས་ཚོད་ཅིག་ཡིན་པ་ལས་ལྷོད་སྡོད་ཀྱི་དུས་ཚོད་ཅིག་མ་རེད་བསམ་བཞིན་ཡོད། སྤྱི་འཐུས་བསྟན་འཛིན་མགོན་པོ་རྒྱུན་ལས་ཀྱི་སྐབས་ཤིག་ལ་གསུང་ཆོས་སུ་ཕེབས་པ་བསྡད་པ་རེད། དེ་ལ་ངེད་ཀྱིས་སྐྱོན་བརྗོད་བྱས་པ་ཡིན། ཁོང་གིས་ལྷོ་ཕྱོགས་སེ་ར་ནས་གཏམ་བཤད་ཅིག་གནང་སྟེ་དགེ་འདུན་པའི་ཁྲོད་ན་སྐུ་མདུན་གྱི་གསུང་ཆོས་སུ་སོང་ན་དགག་པ་རྒྱག་མཁན་འདུག ང་ཧང་སོང་ཞེས་བཤད་འདུག
    ངས་ནི་སྐུ་མདུན་གྱི་རྩ་ཆེན་པོ་མ་རེད་ཅེས་བཤད་པ་མ་རེད། བོད་མི་ས་ཡ་དྲུག་གི་སྤྱི་དོན་གྱི་རྐུབ་སྟེགས་སྟེང་གི་ལས་ཀ་གཡུག་ནས་སོ་སོ་སྒེར་གྱི་གསུང་ཆོས་ཞུས་བསྡད་པ་དེ་འགྲིག་གི་མི་འདུག་ཞུ་བ་འདི་རེད། དེའི་ཕྱིར། ཤེས་ཡོན་པ་ཚོས་མི་འདི་སྤྱི་འཐུས་ལས་ཐོག་སྐབས་སུ་བྱས་རྗེས་དང་། འགན་འཁུར་འདི་འདྲ་ཞིག་གནང་འདུག མི་འདིས་འགན་གང་ཡང་འཁྱེར་མི་འདུག་ལྟ་བུས་མི་གཞི་དང་། གཤིས་སྤྱོད་ལ་སྐྱོན་བཏགས་པ་མ་ཡིན་པར་ལས་འགན་དང་ལས་དོན་གྱི་གནད་དོན་ཐད་ལ་དྲང་ཕྱོགས་ནས་གླེང་སློང་ཞིག་བྱས་ན་མི་མང་ལ་གོ་རྟོགས་ཤིག་སྤྲད་ཐུབ་པའི་རེ་བ་ཡོད། དེའི་ཕྱིར་བསམ་ཚུལ་འདི་སྤེལ་བ་ཡིན།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ད་ཤེས་ཡོན་པས་ཕན་དང་མི་ཕན་སྐད་ཆ་མང་པོ་བཤད་ཀྱང་རང་རང་སོ་སོའི་བསམ་ཚུལ་རེ་བཤད་དེ་དོན་གཅིག་ལ་འབབ་གི་མ་རེད། རྨོག་རུས་བཤད་པའི་དོན་འདི་དྷ་ས་ནས་ཀྱང་འོས་ལྡུག་སྐབས་བྱང་དང་འབྱུང་བར་འགྱུར་བའི་དོན་དངོས་ཀྱི་གནས་ཚུལ་ཞིག་རེད། དེས་ན་ང་ཚོས་འདི་ལ་ཐབས་ཤེས་ཞིག་དང་ཡང་འདི་འདྲ་མི་འབྱུང་བར་ལམ་ཁ་ཞིག་མ་བཙལ་དུས། རྨོངས་གཙོ་འདི་རིགས་ཀྱིས་མགོ་ཆགས་བཟོ་རྒྱུ་ཡིན་པ་གཏན་འཁེལ་རེད།
    དེ་བས་འོས་ལྡུག་སྐབས་ཆེད་བཙུགས་ཀྱིས་མི་འགས་ཡིག་རྨོངས་པ་ཚོའི་འདོད་པའི་མི་དེ་དག་གི་མིང་ཡང་དག་པ་ཞིག་ཅི་ལྟར་བྲི་བར་ཐབས་ཤིག་འཚོལ་རན་མ་རེད་དམ།

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ངས་ཞུ་འདོད་པ་ནི་ཁྱེད་རང་ངོ་མ་ཆབ་སྲིད་པ་ཞིག་ཡོང་བཟོ་འདུག མུ་མཐུད་ནས་རེམ། ནམ་ཞིག་གར་སྟེགས་སུ་བུད་རྗེས་བྱ་བ་བཟང་པོ་རེ་བྱེད་པར་ང་ཚོའི་རེ་བ་ཡིན།

    Reply
  6. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཨ་མཆོག་འཇམ་ཚུལ་ལགས། སྐྲག་དགོས་པ་དང་འདར་དགོས་པའི་རྒྱུ་མཚན་གང་ཡང་མེད། ཡིན་ཡང་མི་ཁ་ཤས་ཀྱི་ཚོར་བ་དེ་རླུང་ལས་མྱུར་བ་ཡོང་གིས་འདུག དེའི་ཕྱིར་དོན་མེད་ཀྱིས་མི་ལ་ཕོག་ཐུག་གཏོང་འདོད་མི་འདུག དགོས་དབང་གལ་ཆེན་ཞིག་ལ་ཐུག་ན་ང་གྲྭ་རྐྱང་ཞིག་གིས་ཡོད་ཚད་བློས་མི་ཐོངས་རྒྱུ་གང་ཡང་མེད།

    དགེ་འདུན་རབ་གསལ་ལགས། ཁྱེད་ཀྱིས་སྤྱི་ཚོགས་ནང་ཤེས་ཡོན་པ་གལ་ཆེ་ཡིན་པ་དང་། ཤེས་ཡོན་པའི་རིན་ཐང་ཤེས་མེད་པ་འདྲ། རྒྱ་ཡི་སྐད་ཆ་ཡིན་ན་རྒྱུ་མཚན་མེད་པའི་ཁྱབ་པ་ཡོད་རྒྱུ་མ་རེད། སོ་སོའི་དགྲ་ལས་ཀྱང་སློབ་སྦྱོང་དང་ཉམས་མྱོང་ལེན་ཐུབ་ན་དགག་བྱ་ཆེན་པོ་མཐོང་གིན་མེད། ལྷག་པར་བཤད་ཚར་བ་ཞིག་བསྐྱར་ཏུ་བཤད་ན་མ་འགྲིག་པའང་མཐོང་གིན་མེད། མཁས་པ་སྔོན་མ་ཚོས་ཀྱང་སྔོན་ཆད་མ་བརྗོད་པ་ཡང་འདིར་བརྗོད་མེད་ཞེས་གསུངས་ཚར་བ་རེད།

    སྐུ་ཞབས་ལུང་རིགས་ཀྱིས་བཤད་པ་བདེན། འོན་ཀྱང་མི་མང་ལ་ཤེས་ཡོན་པས་གསལ་བཤད་ཐེབས་དགོས་པ་དེ་ངའི་བཤད་པའི་དོན་དག་གཙོ་བོ་རེད།

    གཅན་གཟོད་རྒྱམ་ལགས།
    ཁྱེད་ཀྱིས་བཤད་པ་ལ་རྒྱུ་མཚན་འདུག ཟླ་བ་གསུམ་བཞིའི་སྔོན་ལ་ས་གནས་མོན་གྷོ་ནས་རང་བདེན་ཚོགས་ཆུང་གི་འོས་མི་འོས་འདེམས་གནང་འདུག གྲོང་སྡེ་བརྒྱད་པ་ནས་ཨ་མ་ཞིག་གིས་ཡིག་འབྲི་ཞིག་ལ་མོ་རང་གི་འདོད་པའི་མི་དག་འབྲིར་བཅུག་པ་རེད། བྲིས་ཚར་རྗེས་མོ་རང་མི་གཞན་ཞིག་གི་རྩར་བཅར་ཏེ་སུ་སུ་བྲིས་འདུག་མིན་རྩད་གཅོད་བཏང་བ་རེད། ཡིག་འབྲི་བ་དེས་ཁོ་རང་གི་བསམ་མཁན་རྐྱང་རྐྱང་ལས་ཨ་མ་མོ་རང་གིས་བཤད་པ་གཅིག་ཀྱང་བླུགས་མེད་པ་རེད། ཨ་མ་དེས་རྙོག་དྲྭ་བཤད་པ་ལ་བརྟེན་ནས་གཞན་པའང་དོགས་པ་ཟ་སྟེ་འོས་སྒམ་བསྔོག་ཏེ་ཞིབ་འཇུག་བྱས་པ་རེད། ཞིབ་འཇུག་བྱེད་སྐབས་མི་མང་ཡིག་རྨོངས་བས་མ་བཤད་རྒྱུ་རྐྱང་རྐྱང་གི་མིང་ཐོ་འོས་སྒམ་ནང་ཐོན་པ་རེད། དེར་བརྟེན་གྲོང་སྡེ་དེར་རང་བདེན་ཚོགས་ཆུང་གི་འོས་འདེམས་ལམ་འགྲོ་བྱུང་མེད་པ་རེད།
    འདི་ཉེ་ཆར་བྱུང་བའི་གནས་ཚུལ་དང་དཔེ་མཚོན་གསར་ཤོས་ཤིག་རེད།

    Reply
  7. རྐང་གསུམ། says:
    ལོ་ 15 སྔོན།

    དེ་རིང་དྲ་གྲོགས་རྨོག་རུ་བསྟན་པས་སྐད་ཆ་ཡག་པོ་ཞིག་བཤད་འདུག། ངོ་མ་ཁོའི་སྐད་ཆའི་སྒལ་ཚིགས་ལ་ང་ཚོས་བསམ་བློ་ཞིབ་མོ་ཞིག་བཏང་ན། བཙན་བྱོལ་བོད་མིའི་བཀའ་སྤྱིའི་འོས་འཕེན་གྱི་སྐབས་གང་དང་གང་གི་དུས་སུ་རང་གི་མིང་དང་གོ་ཐོབ་ཀྱི་ཆེད་དུ་བཀའ་སྤྱིའི་རྐུབ་སྟེགས་བློས་མི་ཐོངས་མཁན་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། སྤྱི་འཐུས་ར་བའི་ནང་དེ་དང་་དེའི་རིགས་ཀྱི་མི་སྣ་གང་མང་མང་ཞིག་འདས་དང་་ད་ལྟའི་བར་དུ་ཚུད་ཡོད་པ་ནི་ང་ཚོས་ཟླ་དྲུག་རེའི་མཚམས་ཀྱི་ཚོགས་འདུའི་གྲུབ་ཆ་ལ་ལྟོས་དང་གསལ་བོ་རེད། ང་ཚོའི་སྤྱི་འཐུས་ར་བའི་ནང་རྐུབ་སྟེགས་ཀྱི་གྲངས་ཀ་ཅི་ཙམ་ཡོད་མེད་དང་་ཟླ་དྲུག་རེའི་ཚོགས་འདུས་ཐོག་བཀུར་འོས་སྤྱི་འཐུས་ཅི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད།
    ཡང་ན་་སྤྱི་མིང་དང་རྐུབ་སྟེགས་མི་སྒེར་སོ་སོར་ཐོབ་པ་ནས་རང་གི་གང་བྱས་གང་ལས་ཡིན་པའི་སྣང་བ་སྐྱིད་པོ་ཞིག་གི་འོག་བོད་མི་མང་སྤྱི་འཐུས་ལྷང་གིས་ཚོགས་འདུ་ཅི་ཙམ་སྐོང་རུང་དེ་ལ་ནམ་ཡང་ཆ་ཤས་ལེན་མི་འདོད་པའི་སྤྱི་འཐུས་མིང་འཛིན་པ་ཚོའི་རྐུབ་སྟེགས་ནི། ནམ་དུས་གང་དང་གང་་ཞིག་ན་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཚོིགས་འདུའི་ངོ་བ་འདྲ་མིན་གང་ཞིག་སྐོང་རུང་སྟོང་བ་ཡིན་ཡིན་པ་རེད། འདི་དག་ནི་སྤྱི་མང་གིས་རང་གི་སྒེར་དོན་སྒྲུབ་འདོད་དང་གཞུང་དོན་ལས་སྒེར་དོན་གཙོ་གཉེར་བྱེད་མཁན་གྱི་སྤྱི་མི་རུལ་སུངས་པ་དག་ཡིན་པ་མ་ཟད། མི་རིགས་རིག་གནས་ཀྱི་སྲོག་དབུགས་འབར་རྫས་ཀྱི་ཁ་ལ་བཞགས་ནས་སྤྱི་མིང་གིས་རང་དོན་སྒྲུབ་པའི་སྤྱི་མི་རྒྱལ་ཚོང་བ་དག་རེད།
    ད་རུང་ཁོང་ཚོའི་ཁ་ནས་བོད་གཞུང་དང་བོད་མི་མང་༧ གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་བཀའ་དགུངས་འདི་དང་འདི་ཡིན་ཞེས་མི་མང་ཁྲོད་སྤྱི་དོན་ལ་སེམས་ཁུར་ཡོད་འདོག་འདོག་ངང་སྐད་ཆ་ཤོད་བཞིན་ཡོད་པ་མ་ཟད་བོད་མི་མང་སྤྱི་འཐུས་ཚོགས་དུས་གང་དང་གང་གི་སྐབས་སུ་ཕེབས་དང་ཕེབས་བཞིན་པའི་སྤྱི་འཐུས་ཚོགས་བཅར་བ་ཚོའི་མི་གཞི་དང་བྱ་སྤྱོད་ང་ཚོའི་གཞུང་དང་མི་མང་༧ གོང་ས་སྐྱབས་མགོ་རིན་པོ་ཆེའི་དགོངས་གཞི་དང་འགལ་འདུག་ཡོད་ཚུལ་སོགས་ཀྱི་སྐད་ཆ་རང་ཉིད་སྤྱི་འཐུས་མང་འཛིན་པ་ཞིག་ཡིན་པའི་ལས་སྣའི་མང་ཐོག་ནས་མི་མང་ལ་ཁ་མར་འཁོར་ནས་ཤོད་མཁན་གང་མང་ཞིག་ཡོང་དང་ཡོང་པ་དེ་ཚོ་ནི། མི་མང་དང་་གཞུང་བར་འགལ་ཕྱོགས་ཀྱི་ལས་དཀའ་འདྲ་མིན་བྱེད་མཁན་གྱི་རྒྱ་ནག་གི་ལྐོག་གཡོ་བ་ཡིན་པས། ད་ལོ་ནས་བོད་ཀྱི་ཤེས་ཡོད་པ་ཚོས་སྣེ་ཁྲིད་དེ་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སུ་དེ་དང་དེའི་རིགས་ཀྱི་མི་བུ་དག་ཡོང་ས་མེད་པའི་ཁོར་ཡུག་ཅིག་བཟོ་དགོས་པ་ནི་བཙན་བྱོལ་བོད་ཀྱི་ཤེས་ལྡན་པ་ཚོར་རགས་ལས་ཡོད་པ་ཞིག་རེད།

    Reply
  8. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    སྤྱི་འཐུས་སྔོན་མ་དག་མཐོང་ནས་ངའི་སེམས་སུ་མི་དམངས་ལ་སྐད་ཆ་སྙན་མོ་རེ་བཤད་ནས་སྤྱི་འཐུས་ཀྱི་རྐུབ་སྟེགས་རག་ཐབས་བྱས་ཏེ། དེའི་སྒང་ནས་ལོ་འགའ་ལ་ལྷོད་ལྷོད་བྱས་ནས་འདུག་བསམ་བསྡད་ཡོད་མོད། རྨོག་རུས་ཤེས་ཡོན་པའི་སྡེ་ཞིག་བཙུགས་ཏེ་ང་ཅན་པོ་འདིའི་ལམ་ཁ་འགོག་རྩིས་བྱེད་བཞིན་འདུག གལ་ཏེ་ང་ལ་འོས་ཤོག་གཡུག་མཁན་མེད་ན་ཁྱོད་ཀྱི་ཐོང་རྩ་ནས་མི་གཏོང་། ཧ་ཧ་ཧ།

    Reply
  9. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    མི་ནག་ཚང་དང་ཁྱེད་གཉིས་ཀྱིས་གསུངས་པ་དེ་མ་གཞི་བདེན་པ་རེད།
    ཞོར་ལ་ཁྱེད་ཀྱིས་སྐྲག་སྐྲག་འཚེར་འཚེར་གྱིས་བཤད་ཚུལ་འདི་ལས་ཁྱེད་ཀྱི་འདུན་པ་དེ་ཡིག་ཕྲེང་རེ་རེའི་བར་ནས་མངོན་ཡོང་གི་འདུག

    Reply
  10. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    འོ་ཙི། “ཤེས་ཡོན་པ་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དང་། སྤྱི་ཚོགས་ཀྱི་ལམ་སྟོན་ལྟ་བུ་རེད།” ཟེར་བ་འདི་རྒྱ་གུང་ཁྲན་གྱིས་བོད་མི་ཚོའི་ཀླད་པར་བླུགས་པའི་ལོག་རྟོག་ཅིག་ཡིན་པ་འདྲ། ད་འདི་བཀྲུ་བའི་ཐབས་ཤེས་ཤིག་མེད་པ་འདྲ། འདི་ཐད་སྔོན་ནས་སྐད་ཆ་མང་པོ་བཤད་ཚར་སོང་།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཨ་ལགས་ལགས།

    སྤྱི་འཐུས་ཚོར་ཤེས་ཡོན་པ་ཚོས་ཞིབ་འཇུག་བྱས་ནས་ག་རེ་བྱེད་ག སྤྱི་འཐུས་ཚོ་མ་གཞི་ནས་ཡོང་ས་དེ་མང་ཚོགས་རེད། མང་ཚོགས་ཀྱིས་ལྟ་དགོས་པ་རེད། དང་པོ་ཁས་ལེན་ཅི་བྱས་སོང་། དེ་ནས་ལས་ཀ་དེ་བྱས་སོང་ངམ། མི་དམངས་རང་ལ་ཁེ་ཕན་ག་རེ་འདུག མི་དམངས་ལ་ཁས་བླངས་པ་དང་ཁོས་སྒྲུབ་པ་གཉིས་ཏག་ཏག་འདུག་གམ། འདི་ཚོ་ལ་དཔྱད་དགོས་པ་རེད། དཔྱད་ཤེས་ན་མང་ཚོགས་རེད་ལ། དཔྱད་མ་ཤེས་ན་ཡང་མང་ཚོགས་རེད།

    ཤེས་ཡོན་པ་ཚོར་ཡང་འགན་ལོས་ཡོད་ཀྱང་། འགན་གཙོ་བོ་དེ་མང་ཚོགས་རེད། མ་རེད་དམ།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཨ་ཁུ་རྨོག་རུ་ཚང་གི་དགོངས་འཆར་ཡག་པོ་གསུངས་འདུག ང་ད་ཤེས་ཡོན་པ་འདྲ་མ་རེད་དེ། རང་གི་ནང་དུ་འགྲོ་སའི་ལམ་ཁར་ངོ་ཤེས་རྒན་རྒོན་དེ་ཚོར་རྨོངས་ཚོད་ཀྱིས་འོས་ཤོག་ལྡུག་རྒྱུ་མེད་ཚུལ་དང་། སོ་སོས་མི་ཤེས་ན་གཞན་ལ་འབྲི་རུ་འཇུག་པ་ལས་འོས་མ་འཕང་ན་དེས་བཟང་ཚུལ་རྒྱུན་པར་བཤད་ཀྱིན་ཡོད། གང་ལྟར་ངས་ནི་དུས་རྒྱུན་དུ་ང་ཚོའི་དམངས་གཙོ་འདི་ད་དུང་རྨོངས་གཙོ་ཞིག་ན་བསྡད་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese