མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་ཚོགས་ལ་དེབ་སྐྱེལ་བྱེད་པར་དྲན་སྐུལ་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རེས་གཟའ་ཉི་མའི་ཉིན་ན་གཞོན་དང་བླངས་ཚོགས་པ་ཞིག་གིས་ངྷ་སའི་མང་ཚོགས་ཚོར། ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུའི་དེབ་སྐྱེལ་བྱ་རྒྱུར་ད་ནི་ཉིན་ ༡༨ ལས་མེད་སྟབས། དུས་ཡུན་དེའི་ནང་ངེས་པར་དུ་དེབ་སྐྱེལ་བྱ་རྒྱུར་དྲན་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད།

ཟླ་འདིའི་ཕྱི་ཚེས་ ༡ སྟེ། རེས་གཟའ་ཉི་མའི་ཉིན། ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ། ན་གཞོན་དང་བླངས་རུ་ཁག་ཅིག་གིས་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་ཆ་ཤས་ལེན་རྒྱུར། བོད་མི་རྣམས་ཀྱིས་འོས་བསྡུའི་དེབ་སྐྱེལ་བྱེད་རྒྱུར་ཉིན་བཅོ་བརྒྱད་ལས་མེད་པའི་དྲན་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་ལ། ལས་འགུལ་སྤེལ་སྐབས་མང་ཚོགས་དེབ་སྐྱེལ་བྱས་མེད་རིགས་ལ་ངེས་པར་དུ་ཉིན་བཅོ་བརྒྱད་ནང་ཚུན་དུ་དེབ་སྐྱེལ་བྱ་ཐུབ་པ་དགོས་སྐོར་འགྲེལ་བརྗོད་དང་། དེབ་སྐྱེལ་ཟིན་པ་རྣམས་ལ་རང་གི་གྲོགས་པོ་གྲོགས་མོ་གཞན་ལའང་དེབ་སྐྱེལ་བྱ་རྒྱུར་སྐུལ་མ་གནང་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད།

ལས་འགུལ་འདི་བོད་ཀྱི་གཞོན་སྐྱེས་ཁག་ཅིག་གིས་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་སྐོར། མི་དམངས་ལ་གོ་རྟོགས་སྤེལ་ནས་དམངས་གཙོའི་ལྟ་བ་གོང་འཕེལ་གྱི་ཆེད་དུ་ན་གཞོན་ཁག་ཅིག་གིས་དང་བླངས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཡིན་ལ། རུ་ཁག་འདིའི་ནང་དུ་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱང་མཉམ་ཞུགས་གནང་ཡོད།
དང་བླངས་རུ་ཁག་འདིས་བཀའ་སྤྱི་གཉིས་ལ་ཆ་རྐྱེན་འགའ་ལྡན་དགོས་སྐོར་ཡོངས་བསྒྲགས་བྱས་དོན། ང་ཚོས་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་དང་བོད་མིའི་སྤྱི་འཐུས་སུ་ཡིན་རུང་གཤམ་གསལ་གྱི་ཆ་རྐྱེན་ལྡན་པ་བསླེབ་ཐབས་བྱ་རྒྱུ་དེ་ཡིན།

བོད་རྒྱལ་ཁབ་ལ་འགྱུར་བ་མེད་པའི་དགའ་ཞེན། ཆོལ་ཁ་ཆོས་ལུགས་ཀྱི་བསམ་བློའི་འཐེན་འཁྱེར་མི་བྱེད་མཁན། བོད་ཀྱི་རྩ་དོན་གཞི་རྩར་བཟུང་བའི་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པ། རང་འཁྲིའི་ལས་འགན་དྲང་བདེན་ཐོག་བྱེད་རྒྱུར་ཞུམ་པ་མེད་པའི་སྙིང་སྟོབས་བཅངས་མཁན་བཅས་ཡིན་པས། བཙན་བྱོལ་བོད་མི་རྒན་གཞོན་སུ་འདྲ་ཞིག་ཡིན་རུང་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ལ་གོང་གསལ་གྱི་ཆ་རྐྱེན་དེ་དག་ཚང་མིན་ངེས་པར་དུ་གཟིགས་ནས་འོས་འཕེན་རོགས།

དེ་བཞིན་ང་ཚོའི་དམིགས་ཡུལ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཚེ་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོའི་ལམ་ལུགས་གོང་འཕེལ་ཡོང་ཐབས་སུ་མཉམ་ཞུགས་གནང་རོགས་ཟེར།

ཉིན་དེའི་ལས་འགུལ་སྤེལ་སྟངས་ནི་དགོད་བྲོ་ལ་སྐྱིད་སྣང་ལྡན་པ། མང་ཚོགས་ལ་མཚར་སྣང་སློང་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ལས་འགུལ་ཞིག་སྟེ། ན་གཞོན་དང་བླངས་པའི་ཚོགས་མི་གཉིས་ཀྱིས་ལྔ་དང་སྦུབ་ཆ་དཀྲོལ་རྡུང་བྱས་ཏེ་མདུན་དུ་བསྐྱོད་རྗེས། ཚོགས་མི་གཞན་གསུམ་གྱིས་ཤོག་སྒམ་གྱིས་བཟོས་ཏེ། དེའི་སྟེང་དུ་རས་དཀར་བོ་དང་ལྗང་ཁུས་ ༼ རང་བཙན་ལག་དེབ་ ༽ ཀྱི་བཟོ་ལྟ་བཟོས་པའི་འཁྲབ་ཆས་གྱོན་ཏེ། སྲང་ལམ་ནས་བྲོ་འཁྲབ་ཞོར་དང་མང་ཚོགས་རེ་རེ་བཞིན་འོས་བསྡུའི་དེབ་སྐྱེལ་བྱེད་དགོས་པའི་འགྲེལ་བཤད་རྒྱག་ཞོར། ད་དུང་མི་རེ་རེར་འགྲེལ་བཤད་གྲུབ་རྗེས་ལག་ཏུ་ཀ་ར་མངར་མོ་འཇོག་པ་སོགས། རྣམ་པ་ཞི་བ་དང་སྤྲོ་སྣང་འདྲེན་པ་ཡིན་ཐོག འགུག་ཤུགས་ནི་མང་ཚོགས་རྣམས་མཚར་སྣང་གིས་ཁོང་ཚོའི་ཅི་བཤད་གང་འགྲེལ་ལ་གཟབ་ནན་གྱིས་ཉན་དུ་ཡོང་བ་སོགས་རེད།

ན་གཞོན་དང་བླངས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ད་ལྟ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོར་བསླེབ་ལ་ཉེ་བ་དང་། མང་གཙོའི་སྤྱི་ཚོགས་ཤིག་ཏུ་མང་ཚོགས་ཀྱིས་རང་གི་དབུ་ཁྲིད་ལེགས་པོ་ཞིག་གདམ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན།

ཡིན་ནའང་། སྐབས་སྔོན་མ་ཏག་ཏུ་འོས་བསྡུའི་སྐབས་མང་ཚོགས་ཀྱི་འོས་བསྡུའི་དེབ་སྐྱེལ་བྱས་མེད་པར་བརྟེན། འོས་བསྡུ་བྱེད་མ་ཐུབ་པར་དཀའ་ངལ་ཤུགས་ཆེར་འཕྲད་ཡོད། དེར་བརྟེན་འོས་བསྡུ་བྱ་རྒྱུར་ཉིན་བཅོ་བརྒྱད་ལས་མེད་པའི་སྐབས་འདིར། ང་ཚོ་ན་གཞོན་དང་བླངས་པའི་རུ་ཁག་འདིས་ས་གནས་ཁག་ཚང་མའི་བོད་མི་མང་ཚོགས་ཚོར། ཉིན་བཅོ་བརྒྱད་ཀྱི་དུས་ཡུན་འདིའི་ནང་དེབ་སྐྱེལ་ཚར་བ་བྱ་རྒྱུའི་འབོད་སྐུལ་ཞུ་གིན་ཡོད་ཅེས་གསུངས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ལས་འགུལ་དགའ་བསུ་ཡོད་ཀྱང་རྔ་སྦུབ་དཀྲོལ་བརྡུང་ལ་སྒྱབ་སྐྱོར་མེད།

    Reply
  2. གཞིས་ཆགས་བུ། says:
    ལོ་ 16 སྔོན།

    ན་གཞོན་དྭངས་བླངས་ཚོགས་མི་ཡོངས་དང་དེའི་ཐོག་རྒྱབ་སྐྱོར་གནང་མཁན་དྷ་ས་བོད་མི་རྣམས་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། ང་རང་སྐབས་དེར་མེག་ལོར་ལས་དོན་ཞིག་གིས་འགྲོ་དགོས་བྱུང་སོང་བས་ལས་འགུལ་འདི་བཞིན་སྤེལ་བཞིན་པ་མཐོང་བྱུང་བས་དགའ་བ་དཔག་མེད་སྐྱེས། ངས་ཀྱང་དེང་གི་ཆར་གྲགས་ཆེ་བའི་འཛམ་གླིང་མི་མངས་ཀུན་གྱི་འདུ་སའི་དྲ་རྒྱ་༼www.facebook.com༽རྒྱུད་དྲན་བསྐུལ་དང་རེ་བསྐུལ་ཞུ་བཞིན་ཡོད། རང་གི་མི་རིགས་དང་རྒྱལ་ཁབ་ལ་སྙིང་ནས་དགའ་པོ་ཡོད་ན། མི་རིགས་དང་རྒྱལ་ཁབ་ལ་ཡོད་པའི་མང་གཙོའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་དགོས་ལ། དེ་བས་སླེབས་ལ་ཉེ་བའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་ལ་ཆ་ཤས་ངེས་པར་དུ་བླངས་དགོས།

    ཐུགས་རྗེ་ཆེ། བོད་རྒྱལ་ལོ། བོད་ཀྱི་མང་གཙོ་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese