མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ཚོགས་ཆེན་སྐབས་ ༡༤ པ་འཚོགས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་མཛད་སྒོ་འཚོགས་ཡོད་ལ། ཐེངས་འདིའི་ཚོགས་ཆེན་སྟེང་ས་གནས་ཁག་ ༤༧ ནས་ཚོགས་ཞུགས་མི་སྣ་ ༡༧༠ ལྷག་ཕེབས་ཡོད་འདུག

གཞོན་ནུ་ལྷན་ཚོགས་ཀྱི་ཐེངས་ ༡༤ བའི་ཚོགས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱལ་རི་སྒྲོལ་མས་གཙོས་རྒྱུན་ལས་ཁག་ཅིག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ཟུར་བ་ཁག་ཅིག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་ཁག་གི་ཚོགས་ཞུགས་མི་སྣ། གསར་འགོད་པ་སོགས་མི་སྣ་ ༢༠༠ ཙམ་འདུ་འཛོམས་བྱུང་ཡོད།

ཚོགས་ཆེན་གྱི་མཛད་སྒོའི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་གཟེངས་རྟགས་དང་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས། སྤྱི་ཚོགས་ཞབས་ཕྱིའི་གཟེངས་རྟགས། ས་གནས་གཞོན་ནུ་རྩེ་ཕུད་ཀྱི་གཟེངས་རྟགས་བཅས་ཕུལ་ཡོད་ལ། ས་གནས་གཞོན་ནུ་ཁག་གི་གཟེངས་བསྟོད་བྱ་དགའ་ཨང་དང་པོར་སྦེལ་ཀོབ་ས་གནས་བོད་ཀྱི་གཞོན་ནུ་དང་། ཨང་གཉིས་པ་རྡོ་རྗེ་གླིང་ས་གནས་བོད་ཀྱི་གཞོན་ནུ། ཨང་གསུམ་པ་སུམ་ལ་ས་གནས་བོད་ཀྱི་གཞོན་ནུ་བཅས་ལ་གནང་ཡོད།

རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༠༨ ལོའི་བོད་གཞིས་ཀྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་པར་གནང་ཡོད་ལ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་འཐུས་ཚབ་གནང་སྟེ་གཟེངས་བསྟོད་བྱ་དགའ་བཞེས་ཡོད།

བོད་རང་བཙན་གཟེངས་རྟགས་དེ་ ༢༠༠༨ ལོར་ཞི་རྒོལ་ཆེན་མོའི་ནང་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་གནང་ཡོད་ལ། བོད་རང་བཙན་འཐབ་རྩོད་པ་དང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ལྷ་བཟང་ཚེ་རིང་ལགས་ཀྱིས་བོད་གཞིས་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་འཐུས་ཚབ་གནང་སྟེ། གཟེངས་བསྟོད་བྱ་དགའ་བཞེས་ཡོད།

སྤྱི་ཚོགས་ཞབས་ཕྱིའི་བྱ་དགའ་འདི་ལོའི་ལོ་མགོར་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་གནོད་སྐྱོན་བྱུང་སྐབས། གཞིས་ཀྱི་ས་ཁུལ་ཁག་མང་བོའི་གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག ས་ཡོམ་གྱི་གོད་ཆག་བྱུང་བའི་ཡུལ་མི་རྣམས་ལ་མྱུར་སྐྱོབ་དང་སྨན་བཅོས་རོགས་རམ། གཤིན་པོར་འདས་མཆོད་བསྒྲུབས་པ་སོགས་ལ་གནང་ཡོད་ལ། ཡུལ་ཤུལ་གདུང་སེལ་མྱུར་སྐྱོབ་ཚོགས་ཆུང་གི་རྩིས་པ་བློ་བཟང་ཚེ་རིང་ལགས་ཀྱིས་གཟེངས་བསྟོད་བྱ་དགའ་བཞེས་ཡོད།

ཉིན་དེར་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། དེ་རིང་ང་ཚོ་འདིར་ཉིན་བདུན་རིང་ལྷན་འཛོམས་གནང་བ་འདི་བཀའ་དྲིན་རྗེས་དྲན་ཙམ་གྱི་ཆེད་དུ་མིན་པར། ལྷན་ཚོགས་འདི་ཐོག་མར་བཙུགས་པའི་དམིགས་དོན་ཁག་སྐབས་བབ་ལག་བསྟར་རྒྱུན་འཆང་བྱེད་མཁན། ད་ཡོད་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོས་སྒྲིག་འཛུགས་ཀྱི་ལོ་སྔ་མའི་ལས་དོན་ལ་ཞིབ་བཤེར་དང་། མ་འོངས་པའི་ལས་འཆར་བཀོད་སྒྲིག་དང་། ལྷག་པར་དུ་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་ ༡༤ པ་འོས་འདེམས་བྱ་ཆེད་ཡིན་ཞེས་གསུངས།

ཁོང་གིས་གལ་ཆེའི་དོན་ཚན་གཉིས་གསུངས་དོན། དང་པོ། ད་ཡོད་དབུས་སུའི་འགན་འཁུར་བ་དང་ཚོགས་མི་ཡོངས་ནས་སྒྲིག་འཛུགས་འདིའི་ཚོགས་མི་དང་དབུ་ཁྲིད་རྒན་པ་ཚོའི་ལྷག་བསམ་རྣམ་དག་དང་ཐུགས་རེ་བཟང་པོ་རྒྱུན་འཆང་གིས། དཔྱད་ཞིབ་དང་ཁ་ཕྱོགས་མ་ནོར་བའི་སྒོ་ནས་སྒེར་སེམས་མེད་པར། སྒྲིག་འཛུགས་འདི་ལ་ངེས་པར་འགན་འཁུར་ཁ་ཞེ་གཉིས་མེད་གནང་རྒྱུ་དང་། གཉིས། སྒྲིག་འཛུགས་འདི་ཉིད་ལས་འགུལ་རང་བཞིན་གྱི་ལྷན་ཚོགས་ཤིག་ཡིན་པ་ལས། ཆབ་སྲིད་ཚོགས་པ་ཞིག་མིན་པ་དབུ་ཁྲིད་རྒན་གྲས་ཚོའི་གསུང་རྒྱུན་ཡིན་ཐོག ༢༠༠༧ ལོར་གཞོན་ལྷན་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་མཇལ་བཅར་སྐབས། ༧གོང་ས་མཆོག་གིས་ཀྱང་ལྷན་ཚོགས་འདི་ཆབ་སྲིད་ཀྱི་ཚོགས་པ་ཞིག་མིན་པ་དྲན་སྐུལ་ནན་གསུངས་མཛད་ཡོད་ཅིང་། སྒྲིག་འཛུགས་འདི་ཉིད་སྲིད་དོན་གྱི་ཚོགས་པ་ཞིག་མིན་པར་ལས་འགུལ་རང་བཞིན་གྱི་ལྷན་ཚོགས་ཤིག་ཡིན་པ་དེ་ནི་སྒྲིག་འཛུགས་འདིའི་ས་མཚམས་དང་། མ་འོངས་པར་སྒྲིག་འཛུགས་ཡུན་གནས་ཀྱི་ལྕགས་རི་ལྟ་བུ་ཞིག་ཡིན་པ་དེ་དབུས་ས་ཚང་མས་ངེས་ཤེས་ལག་བསྟར་དགོས་པ་བསྐྱར་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས།

ཡང་ཁོང་གིས། སྤྱིར་ང་ཚོ་བོད་མི་ས་ཡ་དྲུག་ཐུན་མོང་གི་ནུས་ཤུགས་དོན་སྨིན་དང་འཐབ་རྩོད་ཀྱི་རྒྱལ་ཁ་ནམ་ཞིག་འཐོབ་མིན་གཙོ་བོ་ནི། གཞན་གྱི་རྒྱབ་སྐྱོར་དང་ངོས་འཛིན་ལ་རག་མི་ལས་པར། ང་ཚོའི་ཆིག་སྒྲིག་དང་འགན་འཁུར་གྱི་ནུས་ཤུགས་ལ་རག་ལས་ཡོད་པས། དེ་རིང་གོ་སྐབས་འདི་བརྒྱུད་ཚང་མས་༧གོང་ས་མཆོག་གི་བཀའ་དགོངས་དང་། བོད་རང་བཙན། སྒྲིག་འཛུགས་ཀྱི་ཆེ་མཐོང་དང་སྒྲིག་གཞི་སོགས་ཁ་འཁྲི་མགོ་སྐོར་དང་ཁ་མཁས་ཚིག་སྟོང་ཙམ་མིན་པར། ༧གོང་ས་མཆོག་གི་བཀའ་དགོངས་དང་བོད་རང་བཙན་སླར་གསོ། དེ་བཞིན་གཞོན་ལྷན་གྱི་མཚན་མཐོང་བཅས་ལ་ལྷག་བསམ་རྣམ་དག་གིས་ཀུན་སློང་དང་བྱ་སྤྱོད་དངོས་ཀྱི་སྒོ་ནས་ཆིག་སྒྲིལ་དང་འགན་འཁུར་གྱི་ནུས་པ་སྤུང་དགོས་པའི་དྲན་སློང་དང་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་དང་།

གཞིས་ལུས་སྤུན་ཟླ་ཚོས་ལུས་སྲོག་ལ་མནར་གཅོད་དང་འཇིགས་ཉེན་ཡོང་བ་ཤེས་བཞིན་དུ། ངོ་ལོ་ལྔ་བཅུའི་རིང་རང་སྲོག་བློས་གཏོང་གིས་གོ་མཚོན་གྱི་སོ་ཁ་ནས་རང་བཙན་གྱི་མངོན་འདོད་ཆེད་ཆོད་སེམས་ལ་འགྱུར་བ་མེད་པར་འཐབ་རྩོད་རྒྱུན་འཆང་དང་། ལྷག་པར་དུ་ ༢༠༠༨ ལོ་ནས་གཞིས་ལུས་ན་གཞོན་མི་རབས་གསར་པ་ཚོས་སྔར་བས་ཀྱང་། རྒྱལ་ཞེན་དང་སྙིང་སྟོབས་ཀྱི་ཆོད་སེམས་ཇེ་གསལ་ཇེ་བརྟན་ངང་ཚེ་སྲོག་ལ་བརྟེན་ནས་བོད་རང་བཙན་སླར་གསོའི་འཐབ་རྩོད་ཚད་མཐོ་རུ་བཏང་བ་ནི། ང་ཚོའི་རྒྱལ་ཁའི་སྒོ་མོ་དང་མདུན་སྐྱོད་ཀྱི་འབོད་སྒྲ་ནུས་ལྡན་ཞིག་ཡིན་སྟབས། ང་ཚོ་རང་དབང་ལུང་པར་འབྱོར་བའི་བཙན་བྱོལ་བོད་མིས་མ་མཐར་ཡང་གཞིས་ལུས་བོད་མིའི་རང་བཙན་གྱི་མངོན་འདོད་དང་འབོད་སྒྲ་དེ་ངེས་པར་རྒྱལ་སྤྱིའི་ཐོག་བསྐྱལ་ཐུབ་པ་དང་། རང་བཙན་གྱི་བདེན་གཏམ་བཤད་ཕོད་པའི་ཆོད་སེམས་བརྟན་པོ་དགོས་པ་ནི། འཐབ་རྩོད་ཀྱི་རྨང་གཞི་གཙོ་བོ་དང་གལ་ཆེའི་འོས་འགན་ཡིན་ཞེས་གསུངས་ཡོད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་སྔར་ནས་བོད་རང་བཙན་གཙང་མ་དགོས་པའི་ལངས་ཕྱོགས་བཟུང་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་མོད། བར་སྐབས་ཤིག་ནས་རྒྱ་གཞུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་རེད་ཅེས་འཁྱོག་བཤད་བྱེད་ཀྱིན་ཡོད། དེའི་ཐད་བཙན་བྱོལ་བོད་གཞུང་དང་ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྔར་ནས་ཞུས་མྱོང་ལ། དེ་རིང་གི་ཚོགས་ཆེན་འདིའི་ཐོག་ནས་ཐག་ཆོད་པའི་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་མིན་པར། བརྒྱ་ཆ་བརྒྱ་ཤེས་ཀྱི་ཡོད་ལ་ཡིད་ཆེས་ཀྱང་ཡོད་ཅེས་གསུངས།

ཁོང་གིས་ད་དུང་། རྒྱ་ནག་གིས་གཞོན་ནུ་ཚོགས་པ་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་བ་ལྟ་བུ། དགྲ་ཕྱོགས་ནས་ཚུར་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོང་དུས་དེ་ནི་གཞོན་ནུའི་ལས་དོན་ལ་ནུས་པ་ཡོང་གི་ཡོད་པའི་རྟགས་རེད་ལ། རྒྱ་གཞུང་གིས་ཤེས་བཞིན་དུ་རྫུན་སྒྲིག་དང་འཁྱོག་བཤད་བྱས་པར་བཤད་རྒྱུ་གང་ཡང་མེད་མོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་སྟེང་ནས་མུ་མཐུད་དེ་ཕྱག་ལས་གནང་དགོས་པ་རེད་ཅེས་གསུངས་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་ཉིན་དེར་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས་གསུངས་དོན། དེ་རིང་གི་ཚོགས་འདུའི་སྟེང་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དང་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས། རང་བཙན་འཐབ་རྩོད་པའི་གཟེངས་རྟགས་སོགས་ཀྱི་བྱ་དགའ་ཕུལ་བ་དེ། ང་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་རིགས་ཞེན། ལ་རྒྱ་སོགས་ལ་གུས་བཀུར་གྱི་ཆེད་དུ་ཕུལ་བ་ཡིན། དེ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་ངོ་ལྔ་བཅུ་ལྷག་གི་ནང་ཏན་ཏན་རྒྱལ་རབས་ལོ་རྒྱུས་ནང་འཁོད་འོས་པ་ཞིག་དང་མ་འོངས་པར་ཡང་། འཐབ་རྩོད་ཀྱི་མདུན་སྐྱོད་དེ་ཚད་མཐོ་རུ་གཏོང་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་གིན་ཡོད།

དེ་རིང་གི་གཟེངས་རྟགས་ཕུལ་བ་དེ་ཡང་གཟེངས་རྟགས་ཀྱི་གནད་དོན་གཅིག་པུ་ཙམ་མིན་པར། བོད་ཕྱི་ནང་གཉིས་ཀྱི་བསམ་འདུན་གཅིག་ཡིན་པ་དང་། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་རེ་བ་ཆེ་ཤོས་དང་འཐབ་རྩོད་ཀྱི་བདག་པོ་བོད་གཞིས་ལུས་རྒྱ་ཆེའི་མི་མང་ཡིན་པར་མ་ཟད། མ་འོངས་པར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་འཐབ་རྩོད་ཀྱི་ཚད་མཐོ་རུ་བཏང་སྟེ། ༧གོང་ས་སྐུ་ཕྲེང་བཅུ་བཞི་བ་ཁོང་ཕྱིར་བོད་དུ་གདན་འདྲེན་ཐུབ་པ་ཡོང་ཆེད་དུ་ཡིན་ཟེར།

ཐེངས་འདིའི་ཚོགས་ཆེན་སྟེང་སྐབས་ ༡༣ པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ་ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་གནང་ཕྱོགས་སྐོར་དང་། ཆབ་སྲིད་དང་འབྲེལ་བའི་གཞོན་ནུའི་ལངས་ཕྱོགས་དང་ལས་དོན་སྤེལ་ཕྱོགས་སྐོར། རིག་གཞུང་ཅེས་འཛིན་སྐོར། ༧གོང་ས་མཆོག་གི་སྐུ་ཕྱཱའི་སྐོར། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ཞབས་ཞུའི་སྐོར་སོགས་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག་ལ། ཉིན་དང་པོར་གཞོན་ནུའི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཕྱིར་འཕུད་དང་འབྲེལ་བའི་གནད་དོན་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 9

  1. ཨ་འཇིགས says:
    ལོ་ 16 སྔོན།

    གཞོན་ནུ་ལྷན་ཚོགས་འདི་ནི་མུ་མཐུད་ནས་བོད་ཀྱི་ལོ་རྒྱུས་ཀྱི་སྲོག་ཤིང་ཞིག་ལ་འཇུས་ནས་ཡོད་རེད། མ་ཟད་མི་ཆེན་འགས་རང་ཉིད་ཀྱི་ལས་དོན་གལ་ཆེན་དུ་བཟུང་སྟེ་གནོད་ཤུགས་ཀྱང་མི་ཆུང་བ་ཞིག་སྤྲད་སོང་ཡིན་ནའང་འདི་ལ་གཞོན་ནུས་བཟོད་སྒོམ་དང་གདོང་ལེན་གནང་ཐུབ་དགོས་པ་ནི་ཆེས་མཐའ་མའི་ལས་ཟུར་དེ་ཡིན། ད་དུང་དཀའ་ངལ་གྱི་རི་བོ་མང་བོ་མདུན་དུ་འཛེངས་ནས་ཡོད། ཧ་ཅང་གསལ་པོ་ཤེས་རྒྱུ་ཞིག་ལ་གཞན་ནུའི་མི་འགས་ཆེན་པོའི་ལས་དོན་མདུན་དུ་མཐོང་བཞིན་དུ་ནང་ཁུལ་གྱི་རྩོད་རྙོག་ཕྲན་བུ་བཟོ་བཞིན་འདུག འདི་ནི་གཞོན་ནུ་ལྷན་ཚོགས་ལ་རྩ་བ་ཉིད་ནས་མི་འོས་ཀི མ་ཟད་རྗེས་ཕྱོགས་ནས་གཟབ་ན་ཡག་པོ་རེད། གཞོན་ནུ་ལྷན་ཚོགས་འདི་གལ་ཆེན་ཡིན་ནའང་མི་གཅིག་དང་གཉིས་་དེ་འདྲ་རྩ་ཆེན་མ་རེད། ཁ་ཕྱི་མི་འཁོར་བར་ནང་དུ་འཁོར་ནས་བཤད་རྒྱུ་མང་ལ་ཡག་པོ་ཡིན་ཀྱང་ཡག་པོ་ཆགས་ངེས་མ་རེད།

    Reply
  2. མི་ཆུང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཁང་གསར་ལགས། ཁོང་ཕོ་ངར་མ་ཡིན་པའི་རྒྱུ་མཚན་རླུང་ལངས་པོ་ཡོད་པས་ཡིན་ནམ། ཡང་ན་གཞན་ཞིག་ཡོད། ངས་བྱས་ན་ཁོང་ད་ལྟ་བགྲེས་མི་འདུག ཁོང་གིས་གོམ་པའི་འགྲོས་དང་མཚམས་རེ་གོས་ཐུང་པུས་མོ་ཙམ་བྱས་པ་ཞིག་བཞེས་ཏེ་རྐང་པའི་ཉྭ་དམར་ཧྲེང་ངེར་ཕེབས་དུས། དམིགས་བསལ་ལུས་སྦྱོང་བ་ཚོའི་རྐང་པའི་ཉྭ་ལྟར་ཤེད་ཤུགས་འདུག

    འོན་ཀྱང་དེང་ཁོང་གིས་ནང་ནས་ཐད་ཀར་དེབ་ཚོང་ཁང་དང་དེ་ནས་ནང་ལ་ཐད་ཀར་མ་གཏོགས་གཡས་ལྟ་གཡོན་ལྟ་བྱེད་ཀྱི་མེད། ཕལ་ཆེར་ཁོང་གཡས་གཡོན་གྱི་ཟོག་ཚོང་ལ་ཞེན་པ་ལོག་པའམ་ཡང་ན། ལམ་ཁ་གཅིག་རང་ལས་མེད་པ་འདྲ།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ལྷ་བཟང་ཚེ་རིང་རྒྱུན་རིང་མཐོང་མ་བྱུང་། ཕོ་ངར་མ་དེ་ཞེ་དྲག་བགྲེས་འདུག
    དངོས་གནས་བྱས་ན། དམངས་གཙོའི་ཁྱད་ཆོས་ཤིག་ནི། མི་བརྗེ་པོ་བརྒྱབ་པ་དང་མཉམ་དུ་རྙོག་དྲ་རྙིང་པ་དེ་ཚོ་ཡང་མེད་པ་ཆགས་ཀི་ཡོད། འོན་ཀྱང་གཞོན་ལྷན་འདིའི་རྒྱུན་ལས་བརྗེ་པོ་བརྒྱབ་ནའང་། རྒྱུན་ལས་ནང་གི་རྙོག་དྲ་རྙིང་པ་དེ་རང་འཇགས་བསྡད་ཀི་འདུག དེ་ཁྱད་མཚར་རེད།

    ངས་ནོར་མེད་ན། རྙོག་དྲ་དེའི་འགོ་ནི། ཀརྨ་ཡེ་ཤེས་དང་ཚེ་བརྟན་ནོར་བུ་ཁོང་ཚོས་བཙུགས་པ་ཞིག་ཡིན་ས་ཡོད། ན་ཚ་རྦད་དེ་རྙིང་པ་རེད། ད་བཅོས་ཁག་པོ་རེད། ཚོགས་གཙོ་གཟི་བརྗིད་ཆེ་ཙམ་ཞིག་བྱུང་ན་མ་གཏོགས་དཔེ་ཁག་པོ་རེད།

    Reply
  4. མི་ཆུང་། says:
    ལོ་ 16 སྔོན།

    གཞོན་ནུའི་ཚོགས་གཞོན་དང་འབྲེལ་བའི་ནང་ཁུལ་རྙོག་དྲ་དེ་ཞི་འཇམ་ངང་གཙང་སེལ་ཕྱིན་ཡོད་པས། ང་ཚོ་ཕྱོགས་གཅིག་ནས་དགའ་འོས་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་འབྱུང་འགྱུར་གྱི་གཞོན་ནུའི་འགོ་ཁྲིད་དེ་གང་འདྲ་ཞིག་སླེབས་ཀྱི་ཡོད་མེད་མི་ཤེས་སྟབས། དེ་སྔོན་དང་ད་ལྟ་བཞིན་ནང་ཁུལ་གྱི་དཀའ་རྙོག་དེ་འདྲ་མུ་མཐུད་སླེབས་སྲིད།

    གང་ལྟར་དེ་རེབ་ཀྱི་དཀའ་རྙོག་དེའི་ཐད་ཚོགས་གཞོན་གྱིས་རང་ཉེས་ངོས་ལེན་གྱིས་ལས་གནས་ནས་རྩ་དགོངས་ཞུས་པ་དང༌། ཚོགས་གཙོ་སོགས་ཀྱིས་རང་དགར་ཚོགས་གཞོན་ལས་ཐོག་ནས་གནས་དབྱུང་བཏང་བ་དེར་ཡང༌། རང་ཉེས་ངོས་ལེན་གྱིས་རྐྱང་ཕྱག་འཚལ་བ་དང་སྐུ་པར་ལ་མཇལ་དར་སྒྲོན་པ་སོགས་ཀྱིས་རྒྱལ་ཁའི་རང་བཞིན་དུ་གྱུར་ཡོད།

    གཞོན་ནུ་ལྷན་ཚོགས་འདི་བཙན་བྱོལ་ནང་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་པ་ཞིག་ཡིན་སྟབས། འདིའི་སྒྲིག་འཛུགས་ས་གཏན་དགོས་ངེས་རེད།

    Reply
  5. རྭ་ལོ། says:
    ལོ་ 16 སྔོན།

    གཞོན་ནུ་ཚོ་འཁྲུག་རྐྱེན་འདི་ནི་ཁག་ཡོད་པ་མ་རེད། འདས་པའི་ལོ་བཅུའི་རིང་གཞོན་ནུ་ལ་དཀའ་ངལ་འཕྲད་འཕྲད་ཅིག་བཙན་བྱོལ་བོད་མིའི་ཚོགས་སྡེ་གང་ལ་ཡང་འཕྲད་མེད། དཀའ་ངལ་འཕྲད་རྐྱེན་ནི་ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ་གཉིས་རེད། རིན་པོ་ཆེ་འདི་གཉིས་ཀྱིས་པེ་ཅིན་གྱི་དཔོན་རིགས་ཚོར་འབྲེལ་བ་བྱས་པ་དང་། རང་བཙན་འཐབ་རྩོད་དེ་༧གོང་ས་མཆོག་གི་དགོངས་གཞི་འཁྲུག་བྱེད་ཉག་གཅིག་ཡིན་པར་བཟོས་པ་དང་། དངོས་ཤུགས་བརྒྱུད་གསུམ་ནས་རང་བཙན་གྱི་ལྟ་བ་ཡོད་མཁན་རྣམས་ལ་མེད་དུ་བཅུག་པ་དང་། མེད་མཁན་རྣམས་རྦད་དེ་རྒྱ་འོག་ལ་འགྲོ་རྒྱུར་རྔམ་དྲགས་ཡོད་མཁན་དུ་བསྒྱུར། རང་བཙན་ལབ་ན་རྣམ་རྟོག་ལངས་པ་དང་། རང་བཙན་ནི་ཁྲིམས་འགལ་ཡིན་པ། རང་བཙན་ནི་སྟོང་བསམ་ཡིན་པ། རང་བཙན་ནི་དངོས་ཡོད་མིན་པ། རང་བཙན་ནི་མངོན་འདོད་མིན་པ། ཐ་ན་རང་བཙན་ནི་དྲག་སྤྱོད་པའི་ལྟ་བ་ཡིན་པ་བར་དུ་སྐྱེལ་ལ་ཁལ་ཅིག་བྱས་པ་རེད།

    བོད་རིགས་མང་ཚོགས་ཀྱིས་ཀྱང་རང་བཙན་གྱི་ལངས་ཕྱོགས་དང་ལས་ཀ་བྱེད་མཁན་ཚོ་ནི་ཉེས་ཅན་པ་དང་། ལྟ་ལོག་པ་ཡིན་པའི་ངོས་འཛིན་བྱེད་མགོ་བཙུགས་ཡོད། གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་གཞོན་ནུ་ཚོས་ལས་ཀ་ཡང་ལས་མ་ཤེས། ཚོགས་པ་སྒོ་ཡང་རྒྱག་མ་ཤེས། དེ་ནས་ནང་ཁུལ་ལ་འཁྲུག་གཞི་ལངས་པ་རེད།

    ད་ནི་བཀའ་བློན་གསར་པ་ཞིག་ཡོང་ན་གཞོན་ནུ་ལ་ཡང་མ་མཐའ་ཡང་ངོས་འཛིན་གྱི་གོ་སྐབས་གསར་པ་ཞིག་ཤར་སྲིད། ད་ནི་ཚོགས་འདུ་དེ་མགོ་རྔ་ཡོད་པ་ཞིག་འཚོགས། ཁ་འགྲིག་གྲོས་འགྲིག་རེ་ཡོང་ནས་སྒུག་སྡོད་དང་། མི་རིགས་ཀྱི་རྩ་དོན་དང་རང་དབང་གི་ཆེད་དུ་ལས་ཀ་མང་པོ་ལྷག་བསྡད་ཡོད་པ་རེད།

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    གང་ལྟར་ཀྱང་ཉོག་དྲ་མེད་པ་ཞིག་ལ་རེ་བ་བཟུང་ཡོད། དགྱ་ནག་གིས་ཉན་ནས་བསྡད་ཡོད་པ་རེད། ཁོང་ཚོའི་སེམས་ཁོང་གི་སྐྲན་ནད་ཀྱང་གཞོན་ནུ་ཚོགས་པ་རེད།

    Reply
  7. ཐོ་རེངས། says:
    ལོ་ 16 སྔོན།

    གོ་སྐབས་འདི་དང་བསྟུན་དེ། ཞོན་ནུའི་ཚོགས་གཞོན་དོན་གྲུབ་རྡོ་རྗེའི་གནད་དོན་སྐོར་བགྲོ་གླེང་གསལ་ཐག་ཆོད་པ་ཞིག་གནང་རྒྱུའི་རེ་བ་ཡོད།
    གལ་སྲིད་གནད་དོན་འདི་གསལ་ཐག་ཆོད་པ་ཞིག་མ་བྱུང་ཚེ། མ་འོངས་པ་ལ་གཞོན་ནུ་ཚོགས་པའི་མདུན་ལམ་ཀྱ་གྱོག་ཅན་དུ་འགྱུར་ངེས་རེད།

    Reply
  8. མ་སུ་རི་བུ་མོ། says:
    ལོ་ 16 སྔོན།

    ཇོ་མོ་གླང་མའི་རྒྱབ་ནས་འཛེགས་ཀྱང་དཔའ་བོ་རེད་ལ། མདུན་ནས་འཛེགས་ཀྱང་དཔའ་བོ་རེད། ཅེས་པ་དེ་རྒྱ་ནག་པས་བཟོས་པའི་གཏམ་དཔེ་ཞིག་རེད། གང་ལྟར་རྒྱ་ནག་པ་ཚོ་སྐྲག་ས་དེ་ཚོགས་པ་འདི་ཡིན་པས་ངེས་པར་དུ་ཧྲ་ཐག་ཐག་ཅིག་དགོས་རྒྱུ་གལ་ཆེན་པོ་རེད

    Reply
  9. Lhamon says:
    ལོ་ 16 སྔོན།

    ད་རེས་ཕལ་ཆེར་སྒོ་དྲུག་པའི་ཕྱོགས་གཏོགས་ཚོས་གཞོན་ནུའི་ནང་རྙོག་གྲ་བཟོ་རྒྱུའི་གྲ་སྒྲིག་འཐུས་ཚང་བྱས་ཡོད་ཚུལ་འདུག གཞོན་ནུ་ལྷན་ཚོགས་ཀྱིས་ཞབས་འདྲེན་ཆེན་པོ་ཞིག་ཞུ་སྲིད་པ་རེད། གལ་སྲིད་དེ་འདྲ་ཞིག་བྱུང་ན། བོད་གཞིས་བྱེས་གཉིས་ནས་རེ་བ་རྒྱག་མཁན་རྣམས་ཀྱི་མིག་ནང་དུ་ཐལ་བ་བཤོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese