མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འུར་ལངས་ཞོགས་ལངས་ཀྱི་ངང་ཚུལ། གཡུ་དྲུག་དཀར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

་་་་་་་ རང་སློབ་གྲྭའི་ཤེས་ཡོན་བྱ་འགུལ་སྐབས་ཤིག་གི་གནས་ཚུལ་རག་བསྡུས།
གཡུ་དྲུག་དཀར། ཤེས་རབ་དགའ་ཚལ་གླིང༌།

སློབ་གྲྭ་ཞིག་ལ་མཚོན་ན་ཉི་མ་རེ་རེའི་འཛིན་ཁང་གི་སློབ་ཁྲིད་དང་མཉམ་དུ་ལོ་རེ་རེའམ། ཡང་ན་སློབ་སྐབས་རེ་རེར་ཤེས་ཡོན་གྱི་བྱ་འགུལ་གཞན་དང་གཞན་ཡང་མི་ཉུང་བ་ཞིགསྤེལ་དགོས་ཤིང༌། ཤེས་ཡོན་བྱ་འགུལ་ཅི་འདྲ་ཞིག་ཡིན་རུང་སློབ་མའི་ཤེས་ཡོན་གྱི་དགོས་མཁོ་ཞིག་དང༌། སློབ་མ་ཚོའི་སེམས་ཁམས་དང་འཚམ་པ་ཞིག་ཡིན་དགོས་པ་ནི་སློབ་གྲྭའི་ཤེས་ཡོན་བྱ་འགུལ་གྱི་སྤྱི་འགྲོས་རེད།

དེ་བས། རང་སློབ་གྲྭ་ལ་མཚོན་ནའང་ལོ་རེ་རེ་དང་སློབ་སྐབས་རེ་རེར་འཛིན་གྲྭ་ནང་ཁུལ་དང་ཁང་ཚན་ནང་ཁུལ་དབར་འགྲན་བསྡུར་གྱི་མིང་བཏགས་འོག་ཤེས་ཡོན་བྱ་འགུལ་གང་མང་སྤེལ་གྱིན་ཡོད་ལ། ཐེངས་འདིར་སྤྱི་ཟླ་༧པའི་ཚེས་༡༦དགོང་མོ།རིག་རྩལ་བྱ་འགུལ་ཆེན་མོ་ཞེས་པའི་བྱ་འགུལ་སྤེལ། བྱ་འགུལ་འདི་ལ་རིགས་དགར་བའི་དབང་དུ་བཏང་ན་རི་མོ་འབྲི་བ་དང༌། གཏམ་བཤད་སྤེལ་བ། སྙན་ངག་གྱེར་བ། གླུ་གཞས་ལེན་པ། མཚར་གཏམ་ཤོད་པ། རྫིག་ཉམས་སྟོན་པ། མཛེས་ཉམས་ངོམ་པ་བཅས་བདུན་ཚན་གཅིག་ཏུ་གྲུབ་ཅིང༌། རེབ་འདིའི་བྱ་འགུལ་ནི་ཁང་ཚན་དབར་ལ་སྤེལ་བས། བྱ་འགུལ་འདིར་སྤྱི་ཡོངས་ནས་སྒྲིག་གཞི་འགྲན་བསྡུར་དང་རྣམ་པ་རྩེད་མོ། ནང་དོན་ཤེས་ཡོན་གྱི་ཆ་དང་ལྡན་པ་ཞིག་ཡིན་ལ། འདི་འདྲའི་ཁྱད་ཆོས་གསུམ་ལྡན་གྱི་བྱ་འགུལ་ཞིག་སྤེལ་སྐབས་སློབ་གྲྭའི་དགེ་སློབ་གཉིས་ཀྱིས་བློ་རིག་པ་བསྒྲིམས་ཏེ་རང་རང་སོ་སོའི་ངོས་ཐད་ནས་ཚ་ཚ་འུར་འུར་བྱེད་དགོས་པ་ཞིག་ཅིས་ཀྱང་རེད་མོད། ཐེངས་འདིར་ཡང་བྱ་འགུལ་འགོ་མ་བརྩམ་གོང་ནས་དགེ་སློབ་གཉིས་ལས་ཀྱང་ཚ་ཚ་འུར་འུར་གྱིས་འདུར་རྒྱུག་བྱེད་ཀྱིན་པ་ནི་ཐག་རིང་མེག་ཀི་ལོ་ཌི་གྷན་ཇི་དང་ཐག་ཉེ་ནོར་གླིང་བཅས་ནས་འུར་ལངས་ཞོགས་ལངས་ཀྱིས་ཡོང་བའི་སྐྱ་སེར་ཕོ་མོ་དེ་དག་རེད། ཁོང་ཚོ་སླེབས་མཚམས་ཀྱི་རྣམ་རིག་ལ་བརྟག་ན་ཁོང་ཚོས་དོ་ནུབ་གཞས་གཏོང་གི་རེད་ཟེར་བ་ཙམ་མ་གཏོགས། དོ་ནུབ་ཀྱི་བྱ་འགུལ་གྱི་སྒྲིག་གཞི་དང་ནང་དོན། རྣམ་པ་བཅས་ཤེས་མེད་པ་མ་ཟད། ཐ་ན་དོ་ནུབ་ཀྱི་བྱ་འགུལ་ལ་ཁག་ག་ཚོད་ཅིག་ཡོད་མེད་ཀྱང་རྒྱུས་ལོན་མི་འདུག་ལ། ཁོང་ཚོ་སློབ་གྲྭའི་སྒོ་རའི་ནང་འབྱོར་མ་ཐག་ནས་གཞས་གཏོང་གི་རེད་དམ་ཞེས་འདྲི་རྩད་བྱེད་སྟངས་ལ་བསམ་ན། ཁོང་ཚོར་གཞས་གཏོང་གི་རེད་ཅེས་པའི་སྐད་ཆ་ཚིག་གཅིག་གིས་འུར་ལངས་ནས་ཞོགས་ལངས་ནས་ཡོང་བ་རྟོགས་ཐུབ།

གློ་བུར་དུ་འུར་ལངས་ཞོགས་ལངས་ཀྱིས་སློབ་གྲྭ་ཞིག་གི་ཤེས་ཡོན་བྱ་འགུལ་ལ་ལྟད་མོར་སླེབས་པའི་ཁོང་ཚོར་འགྲོ་ས་འདུག་ས་དམིགས་བསལ་བ་རེ་མེད་པས། སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་སློབ་གྲྭའི་ཚོགས་ཁང་ཕྱི་ལོག་གི་སྒོ་དང་སྒེའུ་ཁུང་འགྲམ་ལ་འཚང་ཁ་རྒྱག་པ་རེད། སྤྱིར་སློབ་གྲྭ་ཞིག་ལ་མཚོན་ན་བྱ་འགུལ་སྤེལ་ཡུལ་ཚོགས་ཁང་གི་སྒོ་སྒེའུ་ཁུང་གི་ཕྱི་རོལ་ནས་མི་ཚོགས་མང་པོ་ཡར་ལངས་ཏེ་སོ་བ་ལྟ་བུར་འདུག་པ་ནི་རྣམ་པ་ཡག་པོ་ཞིག་གཏན་ནས་མ་རེད་དེ། ཁོང་ཚོ་ཐག་རིང་ནས་འུར་ལངས་ཞོགས་ལངས་ཀྱིས་དཀའ་ཚགས་ཆེན་པོ་ཁྱད་དུ་ཟད་ནས་འདིར་སླེབས་པས། ད་ནི་སློབ་གྲྭའི་སྒྲིག་གཞིའི་ཐད་ཀྱི་སྐད་ཆ་རེ་བཤད་རྒྱུ་ཡང་དཀའ་བའི་གནས་སུ་མཆིས།

སློབ་གྲྭའི་ཚོགས་ཁང་གི་ཕྱི་ན་ལྟད་མོ་བ་འཚང་ཁ་རྒོད་ཅིང་ནང་ན་སློབ་མ་ཚོ་འཚང་ཁ་ཆེ་བས་ཚོགས་ཁང་གི་ཕྱི་ནང་གཉིས་ཀ་འུར་འུར་ཟིང་ཟིང་དུ་གྱུར་མཚམས་རེར་དགེ་གྲོགས་ཤིག་གིས་བརྗོད་པ་ལྟར་ཡོངས་གླིང་ཚོགས་ཁང་ནང་མི་མང་ལ་གློག་བརྙན་སྟོན་པའི་སྐབས་ཀྱི་རྣམ་པ་དེའང་ཡིད་ལ་འཆར་ཞིང༌། ཁོང་ཚོས་བརྙན་ལེན་འཕྲུལ་ཆས་དང་པར་ཆས། ཁ་པར་སོགས་འདྲ་མིན་སྣ་ཚོགས་ཐོགས་ཏེ་བསམ་གཟས་ནས་སློབ་མའི་འཚོ་བ་ལ་འགྲན་སློང་བ་ལྟ་བུ་བྱེད་པ་དང༌། ཚོགས་ཁང་གི་སྒོ་སྒེའུ་ཁུང་གི་ཕྱི་རོལ་ནས་མངོན་སུམ་འཛེམ་མེད་ཀྱིས་ཐ་མ་འཐེན་པའི་དུ་དྲི་སྣ་ལམ་དུ་མཆེད་ཡོང་དུས་དང༌། ཀི་སྒྲ་དང་ཨག་སྒྲ་སྣ་ཚོགས་ཀྱིས་ཐོས་འཛིན་གྱི་སྒོ་གླེགས་རྡུང་དུས། སློབ་གྲྭ་ཞིག་གི་ཚོགས་ཁང་ལས་ལྡོག་ནས་མི་མང་གློག་བརྙན་ཁང་ཞིག་ཏུ་སྡོད་པའི་མྱོང་བ་སྟེར་ལ། སློབ་གྲྭ་ཞིག་གི་ཤེས་ཡོན་བྱ་འགུལ་གྱི་རྣམ་པ་དེའང་རྨང་ནས་བརླག་འགྲོ།

ལྷག་པར་དུ་འུར་ལངས་ཞོགས་ལངས་ཀྱིས་སླེབས་པའི་ཁོང་ཚོའི་ཁྲོད་ཀྱི་སྐྱ་སེར་ཕོ་མོ་རེ་འགའ་རང་སློབ་གྲྭའི་སློབ་མ་ཁ་ཤས་ཀྱི་ངོ་ཤེས་ལྟ་བུར་སོང༌། སློབ་མ་དེ་དག་གིས་ཁ་ཡ་མི་བྱེད་ཐུ་མེད་དུ་གྱུར་ཏེ་སློབ་མ་དེ་དག་གིས་ཁོང་ཚོའི་ཁ་ངོ་ལ་བལྟས་ཏེ་སློབ་གྲྭའི་འགྲོ་སྟངས་འདུག་སྟངས་དང་མི་མཚམས་པའི་བྱ་སྤྱོད་སྤེལ་དགོས་པར་ཐུག་གིན་ཡོད་པས། སྐད་ཆ་སྡུག་ས་ནས་བཤད་ན། མི་འདི་དག་གིས་སློབ་མར་དཔེ་ངན་པ་སྟོན་པ་དང་གོམས་གཤིས་ངན་པ་འཇགས་སུ་འཇུག་ལ། སློབ་གྲྭར་སློབ་མའི་ཤེས་ཡོན་གྱི་དགོས་མཁོ་དང་བསྟུན་པའི་འགྲོ་སྟངས་ཙག་ཙིག་ཅིག་ཡོད་པའང་རྡོག་པས་བརྫིས་ནས་སླད་མར་གནོད་ཆེན་པོ་བསྐྱལ་ངེས།

སྤྱིར་སྲིད་པ་བོད་ཀྱི་ཁ་དཔེར་མི་གོ་བ་ཅན་ལ་ཚིག་གཅིག། རྟ་གོམ་པ་ཅན་ལ་ལྕགས་གཅིག་ཟེར་བ་རེད་དེ། མི་འདི་ཚོ་འུར་ལངས་ཞོགས་ལངས་ཀྱིས་འདུར་རྒྱུག་བྱེད་སྟངས་ལ་བལྟས་ན་གོ་བ་ཅན་གྱི་མི་མིན་པ་ཐག་གིས་ཆོད། ཁོང་ཚོར་ཕར་སྐད་ཆ་ཚིག་གཅིག་བཤད་ན་ཚུར་གཉིས་རེག་ངེས་པའམ། ཕར་སྐད་ཆ་ཡག་པོ་གཅིག་བཤད་ཀྱང་ཚུར་སྡུག་པོ་གཉིས་རེག་དོགས་ཆེ་སྟེ། འུར་ལངས་ཞོགས་ལངས་ཀྱི་བང་ལ་ཞོན་པའི་མིས་དེ་ཙམ་རང་གི་རྒྱལ་ཁ་ཆེན་པོ་རུ་སྙམ་པས་སོ།།

མི་ཞིག་གི་འཇིག་རྟེན་དང་མི་ཚེའི་ལྟ་ཚུལ་ནི་ཐོག་མར་རྒྱུན་ཤེས་ཀྱིས་ཡར་སློང་དགོས་པ་ནི་བཤད་མ་དགོས་ལ། སྤྱི་ཚོགས་ཀྱི་རྒྱུན་ཤེས་འདི་ལྟ་བུ་ཞིག་གི་གོ་རྟོགས་ཀྱང་མ་སེལ་པས་ན། ཁོང་ཚོར་རྩེད་སྤྲོ་དང་རྩེད་འཇོ་ཟེར་བ་ཅི་ཞིག་ཡིན་མིན་གྱི་ལྟ་ཚུལ་ཡང་ཆགས་ཐུབ་ཡོད་རྒྱུ་མ་རེད། དེ་འདྲ་དེ་ཡང་མ་བྱུང་བའི་དབང་གིས་ཁོང་ཚོ་འུར་ལངས་ཞོགས་ལངས་ཀྱིས་རྒྱུག་གིན་པ་མ་གཏོགས། དགའ་དགའ་སྐྱིད་སྐྱིད་བྱེད་ས་གང་ཡིན་མིན་ཡང་མི་ཤེས་པའི་གནད་དོན་འདི་འབྱུང་བཞིན་པ་རེད། གནད་དོན་འདི་ྋགོང་ས་མཆོག་གི་གསུང་ཆོས་ར་བའི་ནང་ནའང་འབྱུང་བཞིན་ཡོད།དེ་བས། ཁོང་ཚོ་སློབ་གྲྭ་ཞིག་གི་ཤེས་ཡོན་བྱ་འགུལ་གྱི་སྡིངས་ཆའི་སྟེང་ལ་འཚང་ཁ་བརྒྱབས་ཡོང་ཞིང༌། མཚན་ཚོགས་དང་སྤྲོ་ཚོགས་ཀྱི་འདུ་ཤེས་འཆང་སྟེ་འུར་རྒྱག་པ་རེད། དོན་ངོ་མར་སློབ་གྲྭ་ཞིག་གི་ཤེས་ཡོན་བྱ་འགུལ་གྱི་སྡིངས་ཆའི་སྟེང་དུ་རྩེད་དགའི་རྣམ་པ་ཅུང་མངོན་དུ་ཆུག་ཀྱང་དེ་ནི་སྤྱི་ཚོགས་ཀྱི་རྩེད་འཇོའི་རྣམ་པ་དང་ཀུན་ནས་ཐ་དད་རེད་ལ། འདི་ལྟ་བུའི་རྒྱུན་ཤེས་ཀྱི་ལྡེ་མིག་འཆང་སྟེ་ཁོར་ཡུག་གམ་སྤྱི་ཚོགས་བྱེ་བྲག་པའི་རྣམ་པ་དང་ངོ་བོ་ལོགས་སུ་དགར་དགོས་པ་རེད་དེ། ཁོང་ཚོ་འུར་ལངས་ཞོགས་ལངས་རྒྱག་སྟངས་ཀྱིས་གཞི་རིམ་གྱི་རྒྱུན་ཤེས་འདི་ཙམ་ཡང་རྒྱུད་ན་མེད་པ་གསལ་བོར་བསྟན་པ་རེད། སྐབས་འདི་ནས་ང་ཚོས་ནང་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་རེད་ཟེར་བ་བཞིན། སྤྱི་ཚོགས་ལ་འཇུག་པའི་སྒོ་ནི་རྒྱུན་ཤེས་རེད་ཅེས་སྨྲ་བ་དེའོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༥ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 3

  1. ཨ་འདུས་མིག་ཆུ། says:
    ལོ་ 16 སྔོན།

    འཚམས་ཞུ། གནས་སྐབས་རིང་བདེ་མོ་བྱོས། ཆུ་ཚོད་ཀྱི་དབང་གིས་ཉིད་ཀྱི་རྩོམ་ཡིག་ལྟ་ཐུབ་མ་སོང་། དགོངས་དག་ཞུ

    Reply
  2. མྱི་ལྟིག says:
    ལོ་ 16 སྔོན།

    ཐོག་མར་སློབ་གྲོགས་གཡུ་དྲུག་དཀར་ལགས་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ།ད་དུང་མུ་མཐུད་དུ་མཚམས་མི་འཇོག་པར་དེ་དང་དེ་ལྟ་བུའི་རིགས་ལ་ཁབ་གཙགས་དང་འབོགས་གཙགས་རེ་བྱེད་རྒྱུ་མི་བརྗེད་པར་དྲ་ཐོག་ཏུ་སྤེལ་དང་དུས་རྒྱུན་བལྟ་རུ་ཡོང་ནི་ཁོ་དག་ཡིན།ཨོ་རེད་ཡ་དངོས་གནས་ཡག་པོ་་བྲིས་འདུག

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ལྷ་ཀླུ་དང་ཆོལ་ཁ་ལས་གང་ལའང་བརྩེ་ཞེན་མེད་པའི་འུ་ཚང་གི་རྒས་ཀོག་ཚོ་དང་། གླུ་དང་རྩེ་མོ་ལས་གང་ལའང་དོ་སྣང་མེད་པའི་འུ་ཚང་གི་གཞོན་སྐྱེས་ཚོར་བཀའ་ཀྱོན་ཚ་བོ་འདི་འབབ་ནས་འདུག་གི
    བདེན་པ་རེད། སློབ་གྲྭ་ལ་ངེས་པར་དུ་དགོས་པ་ཤེས་ཡོན་གྱི་བྱ་འགུལ་རེད། དེ་ལ་གླུ་ལས་གང་ལའང་ཉན་མི་ཤེས་པ་དང་བྲོ་ལས་གང་ལའང་ལྟ་མི་ཤེས་པའི་བླུན་རྨོངས་ལྟད་མོ་བའི་ཁྱུ་ཚོགས་དེ་ཚོ་དགོས་དོན་མེད། དེ་དག་ལ་མིའི་འགྲོ་སྟངས་དང་བསམ་ཤེས་ཀྱི་རིག་པ་མེད་པའི་ཆ་ནས། སློབ་གྲྭའི་ར་བ་ནས་ཚུལ་མེད་བྱ་སྤྱོད་དུད་ཆང་འཐེན་པ་དང་འཆལ་གཏམ་སྨྲ་བ། འུར་རྒྱག་པ་སོགས་ཏན་ཏན་བྱས་ཡོད་ངེས། དེའི་ཕྱིར་དེ་ཚོ་ངེས་པར་འགོག་དགོས་པའི་རིགས་ཡིན། དེ་ལས་ཐག་ཉེ་རིང་གི་ཤེས་ཡོན་མི་སྣ་རེ་ཆེད་དུ་འབོད་པ་དང་ཡང་ན་དྭངས་བླངས་ཀྱིས་ཕེབས་ཏེ་བསམ་ཚུལ་འདོན་པ་དང་དཔྱད་ཞིབ་བྱེད་པ་སོགས་ངེས་པར་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese