མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ནའང་བོད་མིའི་ངོ་གདོང་ལ་གྲིབ་ནག་ཅིག རྡོ་རྗེ་རིན་ཆེན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༩ ཉིན་གྱི་ཧི་མ་ལ་ཡའི་མེ་ལོང་ཞེས་པའི་བལ་སྐད་ཚགས་པར་དང་ Telegraph ཞེས་པའི་དབྱིན་སྐད་ཚགས་པར་གཉིས་ཀྱི་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། རྡོར་གླིང་ས་གནས་བོད་མིའི་གཞོན་ནུ་ཚོགས་གཙོ་ཉི་མ་རྡོ་རྗེ་དང་ཁོང་གི་ཕ་རྒན་གཉིས་ལ་བོད་མི་ཁག་ཅིག་གིས་གྲི་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྐོར་གྱི་གནས་ཚུལ་ཞིག་ཚགས་པར་དེ་གཉིས་ནས་ཕྱི་ལ་ཁྱབ་པའི་ངོ་བཤུས་ཇི་བཞིན་ཟུར་གསལ་དང༌། གནས་ཚུལ་འདི་བཞིན་གོང་གསལ་ཚགས་པར་གཉིས་ནས་ཤེས་རྗེས། ལམ་སང་གནས་ཚུལ་ཞིབ་རྟོགས་སླད་བོད་པའི་བརྒྱུད་ལམ་ཁག་ཅིག་ལ་བལྟས་ཀྱང་བོད་པའི་བརྒྱུད་ལམ་ཁག་ཏུ་དེ་སྐོར་གྱི་གནས་ཚུལ་གང་ཡང་ཐོན་མི་འདུག འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་རྟོགས་ལྟར་ན། གྲིས་རྨས་ཀྱི་དོན་རྐྱེན་འདི་བྱུང་ཡུལ་བོད་མི་ཡིན་པ་ཙམ་དུ་མ་ཟད། རྡོར་གླིང་བོད་མིའི་ས་གནས་གཞོན་ནུ་ནང་ཁུལ་དུ་བྱུང་བ་ཞིག་ཡིན་པ་ཡང་དངོས་འབྲེལ་རེད་འདུག  

ངས་འདིར་ཤོད་འདོད་པའི་སྙིང་བོ་ནི། ད་རེས་ཀྱི་རྩོད་རྙོག་འདི་སུའི་ཕྱོགས་ནས་ལན་པ་དང་ཇི་ལྟར་བྱུང་མིན་སོགས་ཀྱི་རྒྱབ་ལྗོངས་སྔོག་ཅིང་རྩ་བ་འདེད་རྒྱུ་དེ་མིན་པར། གྲི་ཁྱེར་ནས་བོད་མི་ནང་ཁུལ་ལ་འཁོན་པའི་བསམ་བློ་དང༌། གནས་ཚུལ་འདི་ལམ་སང་བོད་མི་ནང་ཁུལ་ནས་མ་བཟླུམས་པར་ཕྱི་ལ་གྱར་ཏེ་བོད་མིའི་སྤྱིའི་གཟུགས་བརྙན་ལ་གྲིབ་ནག་ཕོག་བཅུག་པ་ནི་ཧ་ཅང་གི་རྫབ་ཆེན་ཞིག་རེད་སྙམ་གྱི་ཡོད།

འདས་པའི་ལོ་རབས་བརྒྱད་ཅུའི་ནང་བོད་མིའི་དབུ་ཁྲིད་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རེག་པ་དང་དུས་མཚུངས་སུ། བོད་མིའི་གཟུགས་བརྙན་ཡང་ྋགོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་བསྡོངས་ནས་འཛམ་གླིང་འདིའི་སྟེང་ལ་གོམ་པ་རྒྱག་མགོ་ཚུགས། བོད་མི་རིགས་ལ་མཚོན་ན་རང་ཉིད་ལ་ངོམ་རྒྱུ་ཞིག་ཡོད་པ་ནི་བོད་བརྒྱུད་ནང་བསྟན་དང༌། དེས་བསླད་པའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་རྒྱུད་ཅིག་ཁྱེར་ནས་ད་བར་འཛམ་གླིང་འདིའི་སྟེང་ལ་ངོ་གདོང་སྟོན་ཐབས་བྱེད་ཀྱིན་ཡོད་ཀྱང༌། ད་ཆ་བོད་མིའི་ངོ་གདོང་དེར་ཡང་ཟ་ཟུར་མང་པོ་ཞིག་ནས་འདི་ལྟར་གྲིབ་ནག་འགོས་བཞིན་པ་ནི་ཆེས་ཉེན་ཚབས་ཀྱི་རང་བཞིན་ཞིག་རེད།

ད་རེས་ཀྱི་དོན་རྐྱེན་འདིའི་ཁྲོད་ཡིད་སྐྱོ་གཞི་ཞིག་ནི་གནས་ཚུལ་འདི་ཕྱོགས་གཉིས་ནས་ཛ་དྲག་གི་ངོ་བོར་འཕེལ་མི་འཇུག་རྒྱུར་འབད་བརྩོན་མ་བྱས་པ་དང༌། གནས་ཚུལ་ཧ་ཅང་ཛ་དྲག་ཆགས་རྗེས་ས་གནས་བོད་མིའི་བདེ་དོན་གཙོས་ཚོགས་སྐྱིད་ཁག་ལ་སྙན་གསན་མ་ཞུས་པའམ། ཞུས་ཀྱང་འཕྲལ་དུ་མ་ཕེབས་པ་གང་ལྟར་རྩོད་རྙོག་འདི་བོད་མིའི་ནང་ཁུལ་དུ་ཞི་འཇགས་མ་ཐུབ་པར་ཕྱི་ལ་གྱར་པ་དེ་ནི་སྐབས་འདིའི་འཐུས་ཤོར་དང་ནོར་འཁྲུལ་གྱི་གཞི་རྩ་ཞིག་རེད། 

ཕྱོགས་གཞན་ནས་བཤད་ན་དེ་སྔ་བོད་མིའི་སྤྱི་ཚོགས་ནང་མིང་དོན་མཚུངས་པའི་གཞོན་ནུ་ཚོགས་པ་དེ། བར་སྐབས་ཤིག་ནས་ནང་ཁུལ་གླེང་རྙོག་འདྲ་མིན་ལ་བརྟེན་བོད་མིའི་སྤྱི་ཚོགས་ནང་མཐོང་ཚུལ་ཡོང་གཞིར་ཡང་ཁ་སྣོན་བཏང་པ་ལྟ་བུ་ཞིག་ཡིན་སྟབས། དབུས་གཞོན་ནུ་ཚོགས་པས་ས་གནས་ཁག་སོ་སོར་ཏག་ཏག་རྒྱུས་ལོན་དང་སྟངས་འཛིན་ཐུབ་ཀྱིན་མེད་པའི་མངོན་མཚན་ཞིག་ཀྱང་ཡིན་པར་འདོད། 

བོད་མིའི་ནང་ཁུལ་གྲི་འཛིང་གི་དོན་རྐྱེན་ནི་ད་རེས་ཙམ་ཞིག་མིན་པར་འདས་པའི་ཟླ་ངོ་ཁ་ཤས་གོང་དུ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཐེངས་གཉིས་ལ་བྱུང་ཞིང༌། དེའི་ཁྲོད་བོད་མི་རེ་རེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཡོངས་ཁྱབ་དང༌། བྱུང་རབས་འདི་དག་གིས་བོད་མིའི་ཁྱད་ཆོས་གཅིག་པོ་སྟེ་ཡ་རབས་བཟང་སྤྱོད་ཀྱི་ཚད་གཞི་དེ་དམའ་རུ་འགྲོ་བཞིན་པའི་བརྡ་རྟགས་གསལ་བོ་ཞིག་སྟོན་བཞིན་མེད་དམ།      

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༡ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

མཆན། 6

  1. རྡོ་རྗེ་རིན་ཆེན། says:
    ལོ་ 16 སྔོན།

    བཀུར་འོས་ཁང་གསར་རྡོ་རྗེ་ལགས།
    ཁྱེད་ཀྱིས་ང་ལ་དགག་ལན་མ་བྲིས་པར་འཁང་ར་གང་ཡང་བྱེན་ཀྱིན་མེད། སྐབས་དེར་སེམས་ཁྲལ་ཆེ་ཤོས་དེ་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་དང་ཁྱེད་ཀྱི་ལག་པར་རྨས་སྐྱོན་ཐེབས་པ་གཉིས་ལ་བྱུང༌། བར་ལམ་ནས་ཁྱེད་ཀྱི་རྩོམ་ཡིག་རེ་འགའ་མཇལ་རྒྱུ་བྱུང་བས་ཧ་ཅང་དགའ་ཡོད། དྲང་མོར་ཞུ་ན་ཁྱེད་ཀྱི་རྩོམ་ཡིག་ཁག་མཇལ་དུས་མཆན་རེ་འཇོག་འདོད་ཆེ་མོད། ང་ནི་ས་ཆ་ཁུག་ཀྱོག་ཅིག་ཏུ་ཡོད་སྟབས་དྲ་རྒྱའི་མཐུན་རྐྱེན་དང༌། དེ་བཞིན་གཅིག་གྱུར་གྱི་ཡིག་གཟུགས་གཏགས་རྒྱུར་སྟབས་བདེ་མེད། དེར་བརྟེན་མཆན་འཇོག་གི་མེད་ལ་གལ་སྲིད་འཇོག་དགོས་བྱུང་བ་དང༌། རྩོམ་ཡིག་རེ་བྲིས་ཚེ་གྲོགས་དགེ་བརྩོན་ལ་བསྐུར་ཞིང་ཁོས་བོད་ཀྱི་དུས་བབ་དྲ་བར་ཕུལ་བཞིན་ཡོད།
    ཞོར་ལ་ཞུ་འདོད་པ་ཞིག་ནི་སྤྱི་ལོའི་བརྒྱ་ཕྲག་ཉིས་བརྒྱའི་ནང་རྒྱ་ནག་གི་རྒྱལ་ཁབ་གསུམ་གྱི་དུས་ཧྲིའུ་རྒྱལ་ཁབ་ཏུ་ཇུས་འདོན་བློན་ཆེན་ཀྲུའུ་ཀའོ་ལེང་ཞེས་པ་ཞིག་བྱུང་འདུག དེ་སྐོར་རགས་རིམ་ཞིག་རང་རེའི་སྐད་ཡིག་གི་ཁྲོད་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་དང་དུང་དཀར་ཚིག་མཛོད། དེ་བཞིན་དུང་དཀར་གྱི་དེབ་དམར་མཆན་སོགས་ནའང་ཐོར་རེ་བ་ཞིག་མཆིས། ངའི་སེམས་ངོགས་ཀྱི་ངོས་གཅིག་ཏུ་བློན་ཆེན་དེ་དང༌། ཁྱེད་ཀྱིས་རང་རེའི་མི་རིགས་འདིའི་ལས་དབང་ཐད་བསམ་ཤེས་བྱེད་བཞིན་པ་གཉིས་ལ་གདེང་འཇོག་ཆེན་པོ་ཡོད། མཐར་སྐུ་ལུས་བདེ་ཞིང་བསམ་དོན་འགྲུབ་པར་སྨོན། རྡོར་རིན་གྱིས།

    Reply
  2. རྡོ་རྗེ་རིན་ཆེན། says:
    ལོ་ 16 སྔོན།

    བཀུར་འོས་ཁང་གསར་རྡོ་རྗེ་ལགས།
    ཁྱེད་ཀྱིས་ང་ལ་དགག་ལན་མ་བྲིས་པར་འཁང་ར་གང་ཡང་བྱེན་ཀྱིན་མེད། སྐབས་དེར་སེམས་ཁྲལ་ཆེ་ཤོས་དེ་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་དང་ཁྱེད་ཀྱི་ལག་པར་རྨས་སྐྱོན་ཐེབས་པ་གཉིས་ལ་བྱུང༌། བར་ལམ་ནས་ཁྱེད་ཀྱི་རྩོམ་ཡིག་རེ་འགའ་མཇལ་རྒྱུ་བྱུང་བས་ཧ་ཅང་དགའ་ཡོད། དྲང་མོར་ཞུ་ན་ཁྱེད་ཀྱི་རྩོམ་ཡིག་ཁག་མཇལ་དུས་མཆན་རེ་འཇོག་འདོད་ཆེ་མོད། ང་ནི་ས་ཆ་ཁུག་ཀྱོག་ཅིག་ཏུ་ཡོད་སྟབས་དྲ་རྒྱའི་མཐུན་རྐྱེན་དང༌། དེ་བཞིན་གཅིག་གྱུར་གྱི་ཡིག་གཟུགས་གཏགས་རྒྱུར་སྟབས་བདེ་མེད། དེར་བརྟེན་མཆན་འཇོག་གི་མེད་ལ་གལ་སྲིད་འཇོག་དགོས་བྱུང་བ་དང༌། རྩོམ་ཡིག་རེ་བྲིས་ཚེ་གྲོགས་དགེ་བརྩོན་ལ་བསྐུར་ཞིང་ཁོས་བོད་ཀྱི་དུས་བབ་དྲ་བར་ཕུལ་བཞིན་ཡོད།
    ཞོར་ལ་ཞུ་འདོད་པ་ཞིག་ནི་སྤྱི་ལོའི་བརྒྱ་ཕྲག་ཉིས་བརྒྱའི་ནང་རྒྱ་ནག་གི་རྒྱལ་ཁབ་གསུམ་གྱི་དུས་ཧྲིའུ་རྒྱལ་ཁབ་ཏུ་ཇུས་འདོན་བློན་ཆེན་ཀྲུའུ་ཀའོ་ལེང་ཞེས་པ་ཞིག་བྱུང་འདུག དེ་སྐོར་རགས་རིམ་ཞིག་རང་རེའི་སྐད་ཡིག་གི་ཁྲོད་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་དང་དུང་དཀར་ཚིག་མཛོད། དེ་བཞིན་དུང་དཀར་གྱི་དེབ་དམར་མཆན་སོགས་ནའང་ཐོར་རེ་བ་ཞིག་མཆིས། ངའི་སེམས་ངོགས་ཀྱི་ངོས་གཅིག་ཏུ་བློན་ཆེན་དེ་དང༌། ཁྱེད་ཀྱིས་རང་རེའི་མི་རིགས་འདིའི་ལས་དབང་ཐད་བསམ་ཤེས་བྱེད་བཞིན་པ་གཉིས་ལ་གདེང་འཇོག་ཆེན་པོ་ཡོད། མཐར་སྐུ་ལུས་བདེ་ཞིང་བསམ་དོན་འགྲུབ་པར་སྨོན། རྡོར་རིན་གྱིས།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བཀུར་འོས་རྡོ་རྗེ་རིན་ཆེན་ལགས། ཁྱེད་རང་གི་རྩོམ་འདི་མཐོང་བ་དང་། དེ་སྔོན་ཕྲན་གྱིས་སྐུ་ཉིད་ལ་དགག་ལན་ཞིག་འབྲི་རྒྱུའི་ཁས་ལེན་བྱས་པ་དེ་དྲན་སོས་བྱུང་། སྐབས་དེར་སྐྱེ་དགུ་མདོའི་ས་ཡོམ་གྱི་གནས་ཚུལ་དེ་ཚོ་ཐོན་སྟབས་བྲིས་མེད། ད་ནི་ཡུན་རིང་སོང་སྟབས། བྲིས་ན་ཁྱད་མཚར་ཞིག་ཆགས་ཀི་འདུག ངས་ཁས་བླངས་པ་དེ་མ་སྒྲུབ་པར་དགོངས་སེལ་ཞུ་བ་ཡིན། ཁང་རྡོར་གྱིས།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    དཔའ་དང་བློ་ཁོག་ཡོད་ན་ལ་ཕར་ནང་ལ་དགྲ་བོ་ཡོད་པས་སྙིང་ཚིམས་པ་ཞིག་འཛིངས་དང་། ནང་རྨེ་ལ་བཞོལ་བའི་མི་ངན་དེ་རྣམས་ལག་པ་ལྩགས་སྒྲོགས་བཅིངས་ཏེ་ས་དོང་ནང་གསོན་སྦས་རྒྱག་དགོས། ཁྱི་སྤྱང་ཡིན་ཀྱང་རིགས་མཐུན་མཉམ་རུབ་ཀྱིས་དགྲ་བོར་གདོང་ལེན་ཁ་སྡེབས་བྱ་བ་ལས་ནང་རྨེ་གང་ལ་བྱེད་དེ་དག་ནི་ཁྱི་སྤྱང་ལོད་པའི་མི་ངན་དེ་ཚོའི་རྒྱུན་མྱུར་དུ་ཆད་པར་ཤོག་ཞེས་སྨོན་ལམ་འདེབས་བཞིན་ཡོད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རེག ནི། ཡུལ་གཉིས་ཕན་ཚུན་རེག་པ་སྟེ་འཕྲད་པའི་དོན་ལ་གོ་དགོས།
    རག ནི། རང་ལ་མཁོ་བའི་དངོས་པོ་དེ་རང་ལག་ཐོག་ཏུ་རག་པའམ་ཐོབ་པའི་དོན་འཇུག་པས། དེ་གཉིས་སོ་སོར་དབྱེ་ནས་བྲིས་ན། ཞེས་ཐེངས་གཉིས་པའི་ཚུལ་དུ་འབོད་བསྐུལ་ཞུ།

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    རྡོ་རྗེ་རིན་ཆེན་ལགས་ཀྱིས་དངོས་གནས་མཐོང་ན་ཤ་འདར་བའི་གནས་ཚུལ་ཞིག་མཁོ་སྤྲོད་བྱས་འདུག འདི་འདྲའི་བྱ་སྤྱོད་ངན་པ་ནི་རྡ་སར་ནམ་རྒྱུན་བྱུང་གི་ཡོད། ཉིན་གཉིས་ཀྱི་གོང་ལ་ཡང་རྡ་སར་གྲི་རྩེད་ཅིག་བྱུང་མྱོང་བ་དང་། བོད་པ་གང་དུ་ཡོད་ན་དེར་གྲི་རྩེད་ཀྱི་སྐྱོ་གར་ཞིག་ཡོད་ཡོད་འདྲ་ཞིག་རེད།

    ཁྱེད་ཀྱིས་བཤད་པ་བཞིན་འདི་འདྲའི་ཞབས་འདྲེན་ཁ་ཤས་ཤིག་གིས་བོད་ཀྱི་ངོ་གདོང་ལ་གྲིབ་ནག་བྱུགས་ཀྱི་ཡོད། གཞོན་ནུའི་ནང་ཁུལ་དུ་དེ་འདྲ་བྱུང་བར་བློ་ཕམ་ཚད་མེད་ཡོད། དེ་ལྟར་བྱས་པས་བོད་མི་མང་ལ་ཁ་གསོས་རྒྱུ་དང་ནམ་ལངས་རྒྱུ་མེད་སོང་བ་རེད། འདི་ལ་ཁ་བརྡུང་གཏོང་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese