མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ཚོགས་གཞོན་ལུགས་མཐུན་ཐོག་དགོངས་ཞུ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢ ཉིན་ནི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་ཉིན་དང་པོ་ཡིན་ལ། ཉིན་དེའི་ཚོགས་ཐུན་གཉིས་པ་དང་གསུམ་པ། བཞི་བ་བཅས་ནི་ཉེ་ཆར་ཕྱིར་འཕུད་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ཡི་གནད་དོན་སྐོར་ལ་བགྲོ་གླེང་བྱས་པར་མ་ཟད། ཁ་སང་དགོང་མོའི་ཆུ་ཚོད་ ༩ དང་སྐར་མ་ ༣༠ ཡས་མས་བར་དུ་གནད་དོན་དེ་གླེང་སློང་བྱས་ཏེ། མཇུག་མཐར་གནད་དོན་ཐག་གཅོད་བྱེད་ཐུབ་པ་བྱུང་འདུག

དེ་རིང་ཞོགས་པར་འདི་གའི་གསར་འགོད་པས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་གནད་དོན་དེའི་སྐོར་བཅར་འདྲི་ཞུས་ནའང་། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་མེད་མོད། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དེའི་སྐོར་གསུངས་དོན། ཁ་སང་ང་ཚོས་ཉིན་གང་བོར་གནད་དོན་དེའི་ཐད་སྦྱང་བཤད་དང་ས་གནས་ཁག་ནས་ཡོང་བའི་ཚོགས་ཞུགས་པའི་བསམ་ཚུལ་ལ་ཉན་པ། དབུས་རྒྱུན་ཟུར་པ་རྣམས་དང་ཚོགས་ཞུགས་པ་ཚང་མས་བརྩི་བཀུར་བྱེད་སའི་རྒན་ལྷ་བཟང་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས། བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་དང་ཀརྨ་ཆོས་འཕེལ་ལགས། ཚོགས་གཞོན་ཟུར་བ་སྒོ་དྲུག་སྐལ་བཟང་ལགས་བཅས་ཀྱིས་བཀའ་སློབ་གནང་བ་དང་། ཁོང་ཚོ་ནང་ཁུལ་གྱིས་གྲོས་བསྡུར་གནང་སྟེ་ལམ་སྟོན་གནང་བས། ལམ་སྟོན་གནང་བ་དེ་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས།

ཡང་ཁོང་གིས། ཁ་སང་གནད་དོན་གཙོ་བོ་དབུས་རྒྱུན་གྱིས་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཕྱིར་འཕུད་བྱས་པ་ནོར་མེད་ཅེས་ལབ་པ་དང་། དོན་གྲུབ་རྡོ་རྗེ་ལ་རྒྱབ་སྐྱོར་བྱེད་མཁན་རུ་ཁག་ཅིག་གིས་ཕྱིར་འཕུད་བྱས་པ་འགྲིག་མི་འདུག་ཅེས་ཉིན་གང་བོར་བགྲོ་གླེང་དང་བཤད་རེས་ཤུགས་ཆེར་བྱས་མཐར། མཇུག་སྡོམ་ལྟ་བུར་ང་ཚོ་ཚང་མའི་འདོད་པ་ཁེངས་པ་བྱུང་སོང་། དེ་ནི་ཐེངས་འདིའི་ཚོགས་ཞུགས་པ་སྤྱི་མོས་ ༼ བརྒྱ་ཆ་བརྒྱ་ཡིས་ ༽ ཀྱིས་ཚོགས་གཞོན་ཟུར་པ་དོན་གྲུབ་རྡོ་རྗེ་ཡིས་ལས་ཀ་བྱས་ཐལ་ཤོར་འདུག་ལབ་པ་དང་། ཡང་དབུས་རྒྱུན་ལས་ཀྱིས་ཁོང་ཚོགས་གཞོན་ནས་ཕྱིར་འཕུད་བྱས་པ་འགྲིག་མིན་ཐད། ཚོགས་ཞུགས་པ་མང་མོས་ཀྱི་ངོས་ནས་དབུས་རྒྱུན་ལས་ཀྱིས་སྒྲིག་གཞི་དང་འགལ་ཏེ་ཕྱིར་འཕུད་བྱས་འདུག་ཅེས་ཐག་བཅད་དེ། གཞོན་ནུའི་ཚོགས་གཞོན་དོན་གྲུབ་རྡོ་རྗེས་བྱས་ཐལ་ཤོར་བར་བཟང་སྤྱོད་ཐོག་དགོངས་པ་ཞུ་དགོས་ཞེས་བརྗོད་པ་དང་། དབུས་རྒྱུན་ལས་ཀྱིས་ཀུན་སློང་ལ་སྐྱོན་མེད་ནའང་སྒྲིག་གཞི་དང་མ་མཐུན་སྟབས། ༧གོང་ས་མཆོག་གི་སྐུ་པར་ལ་ཕྱག་གསུམ་འཚལ་ཏེ་མཇལ་དར་ཕུལ་ནས་དགོངས་སེལ་ཞུ་རྒྱུ་བཅས་ཀྱི་ཐག་གཅོད་བྱུང་།

ཡིན་ནའང་། ཚོགས་གཞོན་གྱིས་བཟང་སྤྱོད་ཐོག་དགོངས་པ་མ་ཞུས་པར་མ་ཟད། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་དམིགས་བསལ་ཐོག་ཐེངས་འདིའི་སྤྱི་མོས་ཀྱིས་ཐག་ཆོད་བཞིན། རང་འགུལ་གྱིས་དགོངས་པ་ཞུ་རྒྱུའི་རེ་འདུན་ཞུས་ནའང་དང་ལེན་བྱས་མ་སོང་། དེར་བརྟེན་མཇུག་མཐར་ཁོང་རྩ་དགོངས་ཞུ་དགོས་པའི་ཐད་མང་མོས་ཀྱི་རྒྱབ་སྐྱོར་བྱུང་སྟབས། ཁོང་གིས་གཞི་ནས་དགོངས་པ་ཞུས་པ་རེད་ཅེས་གསུངས།

དེ་ལྟར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། གཞོན་ནུའི་ཚོགས་ཆེན་ཉིན་དང་པོར་ཚོགས་གཞོན་ཁོང་མང་མོས་ཀྱི་ཐག་གཅོད་ལྟར། དབུས་རྒྱུན་གྱིས་ཚོགས་གཞོན་ནས་ཕྱིར་འཕུད་བྱས་པ་ཕྱིར་འཐེན་དང་ཚོགས་གཞོན་གྱིས་བཟང་སྤྱོད་ཐོག་ཚོགས་གཞོན་ནས་དགོངས་པ་ཞུས་སྟབས། ཚང་མ་འདོད་པ་ཁེངས་པ་བྱུང་སོང་ཞེས་གསུངས་ཡོད་ལ། ཨ་རིའི་ནེའུ་རྗར་སི་ནས་ཕེབས་པའི་ས་གནས་ཀྱི་ཚོགས་གཙོ་ཟུར་བ་ཕུར་བུ་ཚེ་རིང་ལགས་ཀྱིས་ཀྱང་། ང་ཨ་རི་ནས་ཚོགས་འདུ་འདིར་བཅར་སྐབས་ནས་མིང་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན། ནང་ཁུལ་དུ་རྩོད་རྙོག་མེད་པ་ཞིག་བྱུང་ན་བསམ་ནས་བཅར་བ་ཡིན་ལ། དེ་གཞིར་བཟུང་མཐའ་མའི་ཐག་གཅོད་དེ་ཧང་སང་དགོས་པའི་ཡག་པོ་བྱུང་སོང་། འདོད་པ་ཁེངས་པ་མ་ཟད་ཁ་སང་དགོང་མོར་གཉིད་ཀྱང་ཧ་ཅང་ཡག་པོ་ཁུག་ཐུབ་པ་བྱུང་སོང་ཞེས་གསུངས།

དེ་ལྟར་ཕྱི་ཚུལ་ནས་བལྟས་ན་གནད་དོན་འདི་ལྟར་མཇུག་སྒྲིལ་ཚར་བའི་རྣམ་པ་འདུག་ཀྱང་། ཝར་ཎ་ས་གནས་ཀྱི་གཞོན་ནུའི་ཚོགས་གཙོ་ཟུར་པ་བཅོ་ལྔ་ཚེ་རིང་ལགས་ཀྱིས། ཐེངས་འདིར་ཚོགས་གཞོན་གྱི་གནད་དོན་ཐག་གཅོད་བྱེད་སྟངས་ཐད་འདོད་པ་ཁེངས་ནའང་། ཚོགས་གཞོན་གྱིས་དགོངས་པ་ཞུ་སྟངས་ཐད་འདོད་བློ་ཁེངས་པ་གཏན་ནས་བྱུང་མེད་སྐོར་གསུངས་དོན། ཁོང་གཞོན་ནུ་ཚོགས་གཞོན་ནས་དགོངས་པ་ཞུ་གི་ཡོད་ཟེར་བ་ཙམ་ལས། རྒྱུན་ལས་དང་ཚོགས་མི་ནས་དགོངས་པ་ཞུ་གི་ཡོད་ཅེས་དགོངས་པ་ཞུ་སྟངས་ཁ་གསལ་བོ་མེད་པ་བཟོས་ཐོག ཁོས་རང་གི་ཕྱོགས་གཏོགས་ཀྱི་མི་དེ་ཚོས་ལས་ཀ་གང་འདྲ་ཞིག་བྱེད་ཀྱིན་འདུག ཁོ་རང་ཉིད་ཀྱིས་ཀྱང་དེ་འདྲ་ཞིག་བྱས་ཏེ་སྤྱི་ཡོངས་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བརྩི་བཀུར་དང་བསམ་བློ་བཏང་མ་སོང་། ཞེས་གསུངས།

ཡང་ཁོང་གིས་མང་མོས་ཐོག་དབུས་རྒྱུན་ལས་ཀྱིས་ཐག་གཅོད་བྱེད་སྟངས་འགྲིག་མེད་པར་ཐག་བཅད་པའི་ཐད། ངས་བསམ་བློ་བཏང་ན་གཞོན་ནུ་ལྷན་ཚོགས་ནང་དུ་ཡོད་པའི་ཚོགས་མི་ཚང་མས་ད་དུང་ཡང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དེ་ཡག་པོ་ཞིག་ཤེས་རྟོགས་བྱུང་མེད་སྟབས། ལྟ་བ་མང་བོ་ཞིག་ལྷག་འདུག་བསམ་པ་ཞིག་འདུག སྒྲིག་གཞིའི་ནང་དུ་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་ཀྱིས་ཐག་གཅོད་ཅིག་བྱས་ན་དེ་ག་རང་ལ་བརྩི་བཀུར་བྱ་དགོས་པ་གསལ་ཡོད། དཔེར་ན། མི་ཞིག་འཆི་གྲབས་ཡོད་སྐབས་དང་ཐོག་མི་རང་ཉིད་གཤག་བཅོས་བྱ་རྒྱུ་ལས། མི་དེས་འགེངས་ཤོག་བརྒྱངས་ཡོད་མེད་ཀྱི་སྐད་ཆ་བཤད་རྒྱུ་ལྷག་མེད་ལ། མ་ཤི་བར་འཇོག་ཐབས་མེད་པ་དེ་ཤེས་དགོས་ཞེས་དཔེ་མཚོན་གྱི་སྒོ་ནས་གསུངས།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༩ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 8

  1. Sangpo says:
    ལོ་ 16 སྔོན།

    སྤྱིར་བཏང་ང་ལ་མཚོན་ན་གཞོན་ནུ་་ལྷན་ཚོགས་ནི་ཡིད་ཆེས་དང་རེ་བ་ཆེ་ཤོས་བྱེད་སའི་ཚོགས་པ་ཞིག་ཡིན་འོན་གྱང་ན་ནངས་དོ་ཚིགས་འདི་ཚོར་་ོབཤད་རྒྱུ་གཏམ་རྒྱུ་ཇེ་མང་ཇེ་མང་རེད།ཡང་་་་་་་་་་་་་་་་་

    Reply
  2. རྐང་གསུམ། says:
    ལོ་ 16 སྔོན།

    ལས་དོན་འདི་རིགས་ལམ་འགྲོ་ཡོང་བ་ལ་བཀྲ་ཤིས་བདེ་ལགས་ཡོད།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    གསར་འགོད་པས་ས་མཚམས་ལས་བརྒལ་འགྲོ་ཀྱིན་འདུག རྒྱལ་ཁབ་ཚང་མར་གསང་བ་ཡོད་པ་རེད། དེ་སྤྱི་འགྲོས་རེད། འོན་ཀྱང་དུས་བབ་ཚང་ལ་ཞུ་རྒྱུར་ཁྱེད་ཚོས་གསར་འགྱུར་ལ་ས་མཚམས་ཏོག་ཙམ་ཡང་མིན་འདུག 
     ཕྱོགས་གཅིག་ནས་བཤད་ནས་ཁྱེད་ཚོས་གསར་འགོད་བརྒྱུད་བསྒྲགས་བྱེད་སྟངས་དེས་སྤྱི་ཚོགས་ཐུག་པ་བཞིན་དཀྲུག་གིན་འདུག
    སྔོན་མ་སྤྱི་འཐུས་ཀྱི་རྙོག་གླེང་སྐབས་གནས་ཚུལ་གསལ་པོ་མ་ཆགས་གོང་ནས་ཁྱེད་ཚོས་གསར་འགྱུར་སྤེས་ཚར་འདུག ཤེས་པར་གྱིས་ཤིག ཁྱེད་ཚོར་གསར་འགོད་ལས་རིགས་ཀྱི་ཟབ་སྦྱོང་མང་ཙམ་བྱ་དགོས་པ་འདུག ཁ་ཞེ་གཉིས་མེད་ཡིན།

    Reply
  4. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    བཟང་སྤྱོད་དང་ལུགས་མཐུན་ཐོག་ཟེར་བ་ནི་ཕྱི་ཚུལ་གྱི་བཤད་སྟངས་ཤིག་ཏུ་གྱུར་འདུག ངས་ཀྱང་བཅར་འདྲིའི་སྐབས་དེ་ལ་དོགས་འདྲི་བྱས་མོད། ཁོང་ཚོས་བཙན་གྱིས་དེ་ལྟར་འགྲེལ་གྱིན་འདུག
    དཔེར་ན། ལུགས་མཐུན་དང་བཟང་སྤྱོད་ཐོག་དགོངས་པ་མ་ཞུས་སྟབས། མཇུག་མཐར་མང་མོས་ལྟ་སྐབས་མང་མོས་བྱུང་འདུག ཡིན་ནའང་། བར་སྐབས་དེར་མང་མོས་ཀྱིས་ཐག་གཅོད་པ་ཡིན་ཞེས་མ་བསྒྲགས་པའི་སྔོན་ཏག་ཏག་དེར། ཚོགས་གཞོན་གྱིས་རང་འགུལ་གྱིས་དགོངས་པ་ཞུས་པའི་བཟོ་ལྟ་བསྟན་འདུག འཁྲབ་སྟོན་ལྟ་བུ་རེད། ངོ་མ་ཡིད་སྐྱོ་གི

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་ཏག་ཏག་རེད། ང་ཚོས་བཀྲ་མི་ཤིས་པའི་དོན་དག་གཏན་ནས་མ་གོ་ཡག

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གོང་ས་མཆོག་གི་སྐུ་པར་ལ་ཕྱག་གསུམ་འཚལ་ཏེ་མཇལ་དར་ཕུལ་ནས་དགོངས་སེལམ་ཞུས་པ་རེད་དམ་
    ཚོགས་གཞོན་གྱིས་བཟང་སྤྱོད་ཐོག་དགོངས་པ་མ་ཞུས་པ་རེད
    ཤེས་མ་སོང་།
    དགོངས་སེལ་ཞུས་ན་ཚོགས་གཞོན་དུ་བཀོད་རྒྱུ་རེད་དམ་
    བཟང་སྤྱོད་ཐོག་དགོངས་པ་ཞུས་ནས་ཚོགས་པ་ནས་ཐོན་འགྲོ་དགོས་པ་རེད
    ཧ་གོ་མ་སོང་།

    Reply
  7. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    ལུགས་དང་མི་མཐུན་པའི་ལས་ཀ་བྱས་ནས། སྐད་ཆ་་བཤད་ཚར་དུས་ད་དུང་ལུགས་མཐུན་ཐོག་དགོངས་ཞུ་ཞེས་པ་ཞིག་ག་ནས་ཡོང་དགོས་པ་རེད།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཀྱི་འགྲིག་མཐུན་གྱི་གསེར་ཟམ་དང་སྟོབས་ཤུགས་གཅིག་སྒྲིལ་ཀྱི་ལྕགས་རིའི་ངོ་གྱུར་ན་རྗེས་སུ་ཡི་རངས་ཞུ་ལ། དེ་མིན། ཉེ་བའི་ལོ་འདི་འགའི་རིང་ལ་བོད་ནང་དུ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་ཁག་ཅིག་བྱུང་བཞིན་པའི་སྐབས་འདིར། གཞིས་སྲུང་སྤུན་ཟླ་དག་གིས་རང་གི་དམར་པོ་སྲོག་ཀྱང་གདའ་མར་བཞག་སྟེ་བཙན་གནོད་ཀྱི་བྲག་རི་གཏོར་བར་མ་གྲོས་གཅིག་མཐུན་གྱི་གདོང་ལེན་བྱེད་བཞིན་པར་ཟུར་བལྟས་དཔེ་ལེན་ཙམ་ཡང་མེད་པར། དབྱེན་དང་ཕྲ་མའི་རྒྱུ་རུ་གྱུར་ན་དེ་ཚོར་བོད་མི་ས་ཡ་དྲུག་གིས་གཏོར་ཟློག་དམོན་པ་དང་དགག་བཞག་མཆིལ་མ་ཕོངས་ཤིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese